གངས་དཀར་རྒྱལ་སྲས།
ཕྱི་རོལ་ན་ཆར་བ་ཤག་ཤག་འབབ་པས་སྒེའུ་ཁུང་གི་ངོས་སུ་ཆུ་ཐིགས་རིལ་མོ་ཐུར་དུ་འགྲིལ་བཞིན་འདུག དེ་ནི། ང་དང་མཛའ་མོ་འབྲལ་ཁའི། མོའི་བཞིན་རས་ཀྱི་མིག་ཆུ་དག་དང་ཀུན་ནས་མཚུངས། ཡིན་ནའང་མོའི་མིག་ཆུ་ནི་ཚོར་བ་གསོན་པོ་ཞིག་གི་གྱེས་གདུང་ཡིན་ལ་བརྩེ་བ་ངོ་མ་ཞིག་གི་ངོ་གདོང་ཡང་ཡིན་པས་རང་བྱུང་གི་ཆུ་ཐིགས་དེ་དག་ཇི་ལྟར་གཙང་ནའང་མོའི་མིག་ཆུ་དེ་དག་གི་བརྒྱ་སྟོང་དང་ཁྲི་འབུམ་གང་གི་ཆར་ཡང་མི་ལོན་ནོ། ནངས་མོ་དེར། མོ་རྟ་ཕོའི་རྨིག་སྒྲ་དང་བསང་གསོལ་གྱི་ཀི་སྒྲའི་ཁྲོད་ནས་ཁོ་མོ་གནས་ལ་ཆས། དེ་ནི་མོས་ཆེས་མི་འདོད་པ་ཞིག་ལ་ཨུ་ཚུགས་བྱེད་བཞིན་པ་ངས་ཤེས་ཡོད། དེ་ནི། མོས་ཀྱང་རང་གི་ཕའི་ཞལ་ཆེམས་དང་མའི་རེ་བ་ལ་ངོ་རྒོལ་མ་བྱས་པ་ཡིན་ལ། ཕ་མའི་དྲིན་ལན་གྱི་ཆེད་དུའང་ཡིན། མོས་ལན་བུའི་གསེབ་ནས་ཕྱིར་བལྟས་ཡང་ཡང་བྱེད་བཞིན་མིག་ཆུ་བཞུར་བའི་གདོང་གི་རྣམ་འགྱུར་དེ། དེར་འདུས་ཀྱི་མི་ཚོགས་ཀྱིས་མོའི་བག་ངུ་ཡིན་པར་མཐའ་གཅིག་ཏུ་འགྲེལ་ནའང་ང་གཅིག་པུས་མོའི་མིག་ཆུའི་གསང་བ་ཤེས་ལ་དེའི་ཚོར་བའི་མངར་སྐྱུར་ཀྱང་ཤེས། ཆར་བ་འབབ་ཐེངས་རེར། ང་ཅི་ཡིན་འདི་ཡིན་མེད་པར་སྒེའུ་ཁུང་གི་འཁྲིས་ལ་ཡང་ཡང་ཡོང་གིན་འདུག་ལ་སྒེའུ་ཁུང་དེ་མཛའ་མོའི་ཞལ་ལ་འཁྲུལ་ནས་ལག་བསྐྱངས་ནས་རེག་པའང་ཐེངས་གཅིག་མིན། དེ་ནས་བཟུང་། ངས་ཆར་བ་འབབ་ཐེངས་རེར་སྒེའུ་ཁུང་གི་ཤེལ་ངོས་སུ་བལྟས་ཏེ་འདས་སོང་གི་ཚོར་བ་ཞིག་བཙལ་ནས་དེ་ལ་རོལ་མྱོང་བྱས་པ་ཡིན། དེ་ནི་ངའི་གོམས་གཤིས་སུ་གྱུར་བའི་བརྩེ་དུང་གི་རོལ་མྱོང་ཤིག་ཡིན་ལ། མི་ཚེ་འདིར་རོལ་མྱོང་དེ་ཁོ་ན་ལ་བརྟེན་ནས་འདུག་རྒྱུའི་སེམས་ཁམས་ཀྱི་དམ་བཅའ་ཞིག་ཀྱང་ཡིན།
དེང་སང་གི་དུས་འདིར་ང་ཚོའི་ཕོ་མོའི་
བརྩེ་དུང་གླེང་བས་དུས་མ་ཡིན།
གོང་གི་དགེ་བསམ་ལོ་ལོ།།
དགེ་སེམས་ཡོད་ནི་གྱིས་དང་།།
བརྩེ་དུང་གླེང་ན་མི་སྐྱོན།།
རྩ་དོན་སྒྲུབ་པར་མི་གནོད།།
ཁ་ཡ་གྱགས་ལ་ཆབ་སྲིད་དང་།།
ཁ་མ་གྱགས་ལ་ཆབ་སྲིད་ཅེས།།
གླེང་གི་མཐའ་མ་སྟོང་བ་ཅན།།
སྟོང་པ་ཁུར་ནས་བསྡད་ན་ཨེ་རེད།།
ད་རུང་སྣེ་ནས་ཕྲིས་་་་ཡག་པོ་ཞེ་དྲག་འདུག་་་་ཀོ་རི་ཡའི་སྟོན་མོ་འདྲ་བའི་བརྩེ་དུང་གི་བསྐོར་ནས་ཕྲིས།
ཁ་ཡར་ལ་གྱགས་ན་དང་ཁ་མར་ལ་གྱགས་ཡིན་རྒྱུ་རེད། ཐུང་ཐུང་བྱེད་ན་ཁ་ཡར་གྱགས་དང་ཁ་མར་གྱགས་རེད། དེ་མིན་ཁ་ཡ་གི་གྱགས་ན་དང་ཁ་མ་གི་གྱགས་ན་ཡིན་དགོས་པ་ལས། ཁ་ཡ་གྱགས་དང་ཁ་མ་གྱགས་ལ་ཁྱོད་ཀྱི་གོ་དོན་མ་ཡིན་པས་གོ་བ་གཞན་པ་ཞིག་འདུག། དེ་ནི་འདི་འདྲ་ཞིག་གོ་འི། ཁ་ཁ་ཡས་གྱགས་དང་ཁ་མ་གྱགས་ཁ་རོག་ལ་སྡོད་ལྟ་བུ་གོ་བ་ནི་ཁྱོད་ཀྱི་རྩོམ་ལུས་དང་མི་མཐུན་ནོ། པད་བཀྲ་རིན་པོ་ཆེ་ཚང་། ཤེས་སོང་ངམ། འདི་ཨམ་སྐད་འབྲི་ན་བྲིས་གོ་ཆོད་ནི་བྱོས།
དོན་ལག་ལེན་བྱས་མིན་བཤད་དཀའ་ཡང།། འདིའི་ཚོར་བ་ང་ལ་ཡང་ཡང་ཡོད།། ཡིད་ཆེས་ན་ཡིད་ལ་དེ་བཟུང།། ཡིད་མི་ཆེས་ན་མར་ར་སྒོ་བུད།། དེང་སྐབས་བརྩེ་དུང་གླེང་དུས་ཡིན།། ཆབ་སྲིད་མ་སྲིད་ཅི་ཟེར་ཡང།། བརྩེ་དུང་གི་གསོན་ཤུགས་མེད་ན།། ཆབ་སྲིད་ལ་སྟོབས་ཤུགས་ཡོད་མི་སྲིད།། སྤྱི་དོན་མ་དོན་གང་ལྟར་ཡང། བརྩེ་དུང་དང་བྲལ་བའི་ལྷག་བསམ་ཡོད་མི་སྲིད།། ཧ་གོ་བ་ཨེ་བྱུང་དྲ་གྲོགས་ཚོ།
སྒྲུང་ཐུང་རེ་བྲིས་པ་དགའ་ཡོད། ལྷག་པར་སྔོན་མ་ཁྱེད་ཀྱི་སྒྲུང་ནང་དུ་སྐྱག་པ་ཞིག་བཏང་དཔང་རྟགས་སུ་བཀོད་པ་དེ་འདྲའི་དགོད་སྤྲོ་བའི་རིགས་གང་མང་སྤེལ་རོགས་ཞུ། ཁམས་འདྲི་ཞོར་ནས་ཞུ།
གངས་སྲས་ལགས ཅུང་ཙམ་ཁོག་རྒྱ་བསྐྱེད་དང་།
ཁོང་ཁྲོ་ཐུང་ཐུང་གི་མི་རྫོབ་ལ་ཟེར་བ་མ་གོ་ནས།
ལམ་སང་མར་ར་སྒོ་བུད་ཟེར་བ་འདི་ལ་བལྟས་ན་
བརྩེ་དུང་སོགས་རྒྱུན་བསྲིངས་ལ་དཀའ་མོ་ཡིན་རྒྱུ་རེད་ད