གསར་འགོད་པ་སྒྲོལ་དཀར་དང་ང་ཕོད་འཇིགས་མེད་ཀྱི་དཔྱད་གླེང། དུམ་བུ་དང་པོ།
སྒྲོལ་དཀར། རྒྱ་ནག་གི་དཔོན་རིགས་ཞིས་ཆིན་ཕིན་ལ་དབྱེ་ཞིབ་ཀྱི་རྩོམ་ཡིག་མང་པོ་ཐོན་ཡོང་གི་འདུག ཞིས་ཆིན་ཕིན་ལ་རྒྱ་ནག་གི་དམག་དཔུང་ནང་ནས་རྒྱབ་སྐྱོར་ཡོད་པ་ཞིག་ཆགས་འདུག དཔེར་ན། ནུབ་བྱང་གི་དཔུང་སྡེ་ཟེར་དུས་དམག་དཔུང་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད་ལ། ཉེ་འཆར་རང་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་ལ་འཕོ་འགྱུར་ཆེན་པོ་ཞིག་བཏང་ཟིན་པ་རེད། དེ་ཡིན་དུས་གནས་སྟངས་དེ་རྣམས་ཞིས་ཆིན་ཕེན་དང་འབྲེལ་བ་ག་འདྲ་ཞིག་ཡོད་པ་དང། མ་འོངས་པར་ཞིས་ཆིན་ཕེན་ལ་ཁོང་གི་ཕ་ལགས་ཀྱི་ཤུགས་རྐྱེན་ག་འདྲ་ཞིག་ཡོང་གི་ཡོད་ན།
ང་ཕོད་འཇིགས་མེད། ད་ལྟ་རྒྱ་ནག་གི་དཔོན་རིགས་ནང་དུ་དམག་མི་དང་ལྷག་པར་དུ་ནུབ་བྱང་གི་ཤུགས་རྐྱེན་ཏོག་ཙམ་ཡོད་པ་རེད། དེ་བཞིན་ལྷོ་ནུབ་ཀྱི་ཤུགས་རྐྱེན་མེད་པ་མ་རེད། ཁོང་ཚོའི་མ་འོངས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་ལྷག་པར་བོད་དང་འབྲེལ་བ་ཆགས་པའི་ལས་དོན་ཐད་ལ་ག་འདྲ་བྱས་ཡོང་མི་ཡོང་ཟེར་བ་དེ་ཚོད་དཔག་བྱེད་ཁེག་པོ་ཆགས་ཀྱི་འདུག ཁོང་ཚོའི་ནང་དུའང་གསལ་བོ་ཤེས་མཁན་ཡོད་པ་མ་རེད། དཔེར་ན་ཆགས་བཞག་ན་ཞིས་ཆིན་ཕིན་མགྱོགས་པོར་ཏང་གི་མགོ་ཁྲིད་གཙོ་བོ་ཆགས་ལ་ཉེ་བ་ཡོད་པ་རེད་དེ། ཁོས་མ་འོངས་པར་བོད་ཐོག་འཛིན་པའི་སྲིད་བྱུས་ག་འདྲ་ཡིན་མིན་གསལ་བོ་མི་འདུག ང་ཚོས་གསལ་བོ་ག་རེ་མཐོང་སོང་ཟེར་ན། ན་ནིང་ཞིས་ཆིན་ཕེན་བོད་རང་སྐྱོང་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་དེའི་ཐོག་ལ་ཕེབས་ནས་གསུང་བཤད་ཅིག་གནང་སོང། གསུང་བཤད་དེ་མ་གཏོགས་ཁོང་གིས་བོད་ཀྱི་སྐོར་ལ་བཀའ་མོལ་གནང་བ་དེ་འདྲ་གོ་མ་སོང།
སྒྲོལ་དཀར། གསུང་བཤད་དེ་ཡིན་ནའང། ལོ་བཅུའི་གོང་གི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧུའུ་ཅིན་ཐོའི་གཏམ་བཤད་དང་ཧ་ལམ་ཁྱད་པར་མེད་པ་ཞིག་ཆགས་བསྡད་འདུག
ང་ཕོད་འཇིགས་མེད། རེད། གསུང་བཤད་དེའི་སྐོར་ལ་ང་ཚོར་ན་ནིང་བཀའ་མོལ་བྱུང་བ་རེད། ངས་དྲན་ཚོད་བྱས་པ་ཡིན་ན། ཞིས་ཆིན་ཕིན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དེའི་སྐབས་ཀྱི་ཏང་ཀྲུང་དབྱང་གི་སྲིད་བྱུས་ཁོ་ན་མ་གཏོགས། ཁོང་གིས་ཅུང་ཙམ་མ་འདྲ་བ་བྱེད་འདོད་ཀྱི་འཆར་གཞི་དང་བསམ་བློ་ཡོད་པའི་རྣམ་འགྱུར་གང་ཡང་མི་འདུག ལམ་ཁ་གསར་པ་དང་བསམ་བློ་གསར་པ་གང་ཡང་ཁོང་གི་སྐབས་དེའི་གསུང་བཤད་ནང་རྙེད་ཀྱི་མི་འདུག དེ་འདྲ་སོང་ཙང། མ་འོངས་པར་ཞིས་ཆིན་ཕིན་གྱིས་བོད་ཐོག་ག་འདྲ་ཞིག་བྱེད་རྩིས་ཡོད་མེད་ང་ཚོར་བཤད་ཁེག་པོ་ཞིག་འདུག
སྒྲོལ་དཀར། ད་ཡིན་ནའང། ཞིས་ཆིན་ཕེན་གྱི་ཕ་ལགས་ཞིས་ཀྲུང་ཞིན་ཁོ་རང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་དོན་ཐད་དུས་ཡུན་རིང་པོར་འགན་འཁུར་མཁན་ཅིག་རེད། འཐབ་ཕྱོགས་གཅིག་གྱུར་དེ་བོད་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚན་པ་ཞིག་དང། ཉེ་འཆར་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་མང་པོའི་གོ་གནས་ལ་འགྱུར་བ་བཏང་བ། དེ་བཞིན་བོད་དང་ཐད་ཀར་འབྲེལ་བ་བྱེད་མཁན་གྱི་དཔོན་རིགས་ལ་འགྱུར་བ་བཏང་ཟིན་པ་རེད། འགྱུར་བ་འདི་རྣམས་རྒྱ་ནག་གི་དཔོན་རིགས་བརྗེ་བསྒྱུར་གྱི་མཚམས་ལ་འཁེལ་སྟབས། བོད་མིའི་ཕྱོགས་ནས་ཡིན་ནའང་རེ་བ་བཅོལ་མཁན་མང་པོ་ཡོང་གི་འདུག ཡིན་ནའང། ཞིས་ཀྲུང་ཞིན་གྱི་སྐོར་ལ་བཀའ་མོལ་ཞུ་སྐབས་ཁོང་དེ་སྔ་༧རྒྱལ་བ་རིན་པོ་ཆེ་རྒྱ་ནག་དུ་ཕེབས་སྐབས་སྣེ་ལེན་གནང་མཁན་དང། ཐུགས་ངོ་མཁྱེན་པས་བསམ་བློ་གུ་ཡངས་ཅན་ལ་ངོས་འཛིན་གནང་གི་འདུག་པས། དེའི་སྐོར་ལ་གནས་ཚུལ་ཞིབ་ཚགས་ངོ་སྤྲོད་གནང་རྒྱུ་ཡོད་དམ།
ང་ཕོད་འཇིགས་མེད། དེའི་སྐོར་ལ་ངས་དམིགས་བསལ་ཤེས་ཀྱི་མེད། ༡༩༥༤ ལོར་ཞིས་ཀྲུང་ཞིན་པེ་ཅིང་ལ་ཕེབས་ཚར་བ་རེད། དེ་ནི་ཀྲུང་དབྱང་ནས་སྐབས་དེར་ས་གནས་ཆེན་པོ་ལྔ་ནས་ཏང་གི་དབུ་ཁྲིད་ལྔ་པེ་ཅིང་དུ་འཐེན་པ་དེའི་ནང་གི་གཅིག་ཞིས་ཀྲུང་ཞིན་རེད། ཁོང་པེ་ཅིང་དུ་འཐེན་མ་ཐག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་དང། ཏང་གི་དྲིལ་བསྒྲགས་འགན་འཛིན་གནང་འདུག ༡༩༥༤ ལོར་༧རྒྱལ་བ་པཎ་ཆེན་རྣམ་གཉིས་དང་བོད་གཞུང་གི་དཔོན་རིགས་ཞབས་ཞུ་བཅས་པ་བརྒྱ་སྐོར་ཞིག་ཡོད་པ་དེར། སྣེ་ལེན་ཞུ་མཁན་གྱི་འགན་གཙོ་བོ་ཞིས་ཀྲུང་ཞིན་གྱིས་འཁུར་ཡོད་པ་རེད། དེ་བཞིན་དེའི་སྐབས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་ཁུངས་ཀྱི་འགན་ཡང་འཁུར་ཡོད་པ་རེད། ཞིས་ཀྲུང་ཞིན་ལ་སྐབས་དེ་དུས་ནས་ཀྲུང་དབྱང་གིས་ཐད་ཀར་ལས་འགན་ཅིག་བསྐོས་འདུག
སྒྲོལ་དཀར། ལས་འགན་ག་རེ་ཡིན་ནམ།
ང་ཕོད་འཇིགས་མེད། ༧པཎ་ཆེན་རིན་པོ་ཆེ་དང་འབྲེལ་བ་བྱེད་མཁན་ཁྱེད་རང་ཡིན་གདའ་ཞེས་ཀྲུང་དབྱང་ནས་གསུངས་འདུག དེ་ནས་བཟུང་༧པཎ་ཆེན་ལ་འབྲེལ་བ་བྱེད་མཁན་ཁོ་རང་རེད། ༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་སྐུ་ཚབ་ཚོར་རྒྱ་ནག་ལ་ཕེབས་དུས་སྣེ་ལེན་ཞུ་མཁན་དང་འབྲེལ་གཏུག་བྱེད་ས་ལིས་ཝེ་ཧན་དང་མི་རིགས་ལས་ཁུངས་ཀྱི་འགན་འཛིན་ལིག་ཁོང་ཚོ་རེད། ཡིན་ནའང། ཞིས་ཀྲུང་ཞིན་གྱིས་ཐད་ཀར་གནང་གི་ཡོད་མེད་མི་ཤེས་ཏེ། ཁོང་ཀྲུང་དབྱང་གི་མགོ་ཁྲིད་གཙོ་བོ་ཤིག་ཡིན་ཙང་འབྲེལ་བ་ཡོད་ཀྱི་རེད།
སྒྲོལ་དཀར། རེད་རེད། ཡིན་ནའང། ཁོང་ལ་ལོ་རབས་དྲུག་ཅུ་དང་རིག་གནས་གསར་བརྗེའི་སྐབས་གཉིས་ལ་རྡུང་རྡེག་ཅིག་ཕོག་པ་རེད། རིག་གསར་མཇུག་སྒྲིལ་བ་དང་རྒྱ་ནག་ནང་གུ་ཡངས་ཕྱིན་མཚམས་ཁོང་བསྐྱར་དུ་པེ་ཅིང་ལ་ལོག་སྟེ་རྒྱ་ནག་གི་དཔོན་རིགས་ཁོངས་སུ་སླེབས་ཐུབ་པ་རེད། ལོ་རབས་བརྒྱད་བཅུའི་ནང་ལ་བོད་ནང་དུའང་གུ་ཡངས་ཅུང་ཙམ་ཕྱིན་པ་དེ་རྣམས་ཧུའུ་ཡའོ་པང་དང་འབྲེལ་བ་ཡོད་པ་རེད། སོང་ཙང། ཞིས་ཀྲུང་ཞིན་ཧུའུ་ཡའོ་པང་དང་འབྲེལ་བ་ཟབ་མོ་ཡོད་མཁན་ཅིག་ཡིན་དུས་སྐབས་དེར་ཞིས་ནས་བོད་ནང་འཛིན་པའི་སྲིད་བྱུས་ལ་ཤུགས་རྐྱེན་ག་ཚོད་ཅིག་ཐེབས་ཡོད་པ་རེད།
ང་ཕོད་འཇིགས་མེད། ལོ་རབས་བརྒྱད་བཅུའི་ནང་ཞིས་ཀྲུང་ཞིན་གྱིས་ཡང་བསྐྱར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་འཁུར་འདུག དེ་ཡིན་དུས་བོད་ལ་ཐད་ཀར་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། སྐབས་དེར་ཧུའུ་ཡའོ་པང་གིས་གཙོ་བོ་བྱས་ཏེ་བོད་ནང་སྲིད་བྱུས་གུ་ཡངས་ཕྱིན་པ་དང། སྲིད་བྱུས་གུ་ཡངས་ཕྱིན་པ་དེ་ཞིས་ཀྲུང་ཞིན་ཐད་ཀར་འབྲེལ་བ་ཡོད་པ་རེད། དཔེར་ན་ཆགས་བཞག་ན། “བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་”ཐེངས་དང་པོ་དང་གཉིས་པ་གཉིས་ཀར་ཞིས་ཀྲུང་ཞིན་ཡོད་པ་རེད། དེ་བཞིན་བོད་ལ་གུ་ཡངས་དང་བཅོས་བསྒྱུར། ཕྱི་ཕྱོགས་སྒོ་འབྱེད་བྱེད་རྒྱུ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་འདུག ༡༩༨༠ མ་ཟིན་ཙམ་ལ་༧པཎ་ཆེན་རིན་པོ་ཆེར་རྒྱབ་སྐྱོར་ཤུགས་ཆེར་གནང་བ་རེད།
སྒྲོལ་དཀར། ༧པཎ་ཆེན་རིན་པོ་ཆེ་ཡིག་འབྲུ་ཁྲི་བདུན་གྱི་རྐྱེན་པས་བཙོན་ལ་ཚུད་དེ་སྐུ་ངལ་ཆེན་པོ་ཞིག་བྱུང་བ་རེད། དེ་བཞིན་ཞིས་ཀྲུང་ཞིན་ཁོང་ལའང་དཀའ་ངལ་འཕྲད་པའི་དུས་ཚོད་གཅིག་ལ་འཁེལ་གྱི་ཡོད་སྟབས་ཐད་ཀར་རོགས་རམ་གནང་ཐུབ་ཡོད་པ་རེད་དམ།
ང་ཕོད་འཇིགས་མེད། དེའི་རྗེས་ལ་༧པཎ་ཆེན་རིན་པོ་ཆེ་བོད་ལ་ཕེབས་ཀྱི་ཡིན་ཅེས་མང་པོ་གསུངས་བ་རེད་དེ་ཀྲུང་དབྱང་ནས་ངོས་ལེན་མ་གནང་ཙང། ༧པཎ་ཆེན་རིན་པོ་ཆེས་ཀྲུང་དབྱང་གི་མགོ་ཁྲིད་ཚོར་རྩོད་པ་དང་རྒྱག་རེས་ཞེ་དྲག་བརྒྱབས་པ་རེད། ཡིན་ནའང། ཞིས་ཀྲུང་ཞིན་ནས་༧པཎ་ཆེན་རིན་པོ་ཆེ་བོད་དུ་ཕེབས་རྒྱུ་དང་དེའི་གྲ་སྒྲིག་སོགས་གང་ཅིར་རྒྱབ་སྐྱོར་གནང་བ་རེད། ཏང་གི་དཔོན་རིགས་ཚོའི་ནང་དུ་མི་ཁག་ཅིག་༧པཎ་ཆེན་རིན་པོ་ཆེར་དགའ་བོ་མེད་ཁར་བོད་དུ་ཕེབས་རྒྱུར་བཀག་འགོག་ཞེ་དྲག་བྱས་པ་རེད། ཁོང་ཚོས་བཀག་འགོག་ཅི་ལྟར་བྱས་ཀྱང། ཞིས་ཀྲུང་ཞིན། ཨུའུ་ལན་ཕུའུ་སོགས་ཀྱིས་རྒྱབ་སྐྱོར་བྱས་པ་རེད། ཞིས་ཀྲུང་ཞིན་ཧུའུ་ཡའོ་པང་གི་ལམ་སྟོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་གྱི་གྲས་རེད།
སྒྲོལ་དཀར། དེ་ཡིན་དུས་ལོ་རབས་བརྒྱད་བཅུའི་ནང་བོད་ཐོག་འཛིན་པའི་སྲིད་བྱུས་དང་ཞིས་ཀྲུང་ཞིན་བར་ལ་འབྲེལ་བ་ཐད་ཀར་ཆགས་འདུག དེའི་རྗེས་ལ་ཁོང་གི་ནུས་བ་དེ་ག་འདྲ་ཡིན་ན། ཁོང ༢༠༠༢ ལོར་གྲོངས་འདུག་གཱ།
མུ་འགོད།
དཔྱད་གླེང་ལ་གསན་འདོད་ཡོད་མཁན་ཚོས་ཐད་ཀར་དྲ་འབྲེལ་འདི་ནས་གསན་རོགས།
http://www.rfa.org/tibetan/tamlenggiletsen/tamlengzhalpar/xi-jinpings-father-and-tibet-10172012121221.html
ཞི། ཕ་བུ་གཉིས་ལ་རེ་བ་བཅོལ་བ་ནི་ཁྲོན་པའི་ནང་གི་ཟླ་བ་དང་གཅིག་པ་རེད། རྒྱ་ནག་ཕྱོགས་ཡོངས་ནས་འགྱུར་བ་མ་ཕྱིན་བར་དུ་བོད་ཀྱི་གནས་བབ་ལ་འགྱུར་བ་གཏོང་གི་མ་རེད་བསམ། ང་ཚོ་ནི་རེ་སྒུག་གི་མི་རིགས་ཤིག་ཡིན་སྟབས་དེ་སྔ་ཕ་ཡིས་བོད་དང་འབྲེལ་བའི་ལས་ཀ་བྱས་པ་རེད། ཧུ་ཡའོ་པང་དང་འབྲེལ་བ་ཡོད་པ་རེད་ཟེར་བ་དང་། པཎ་ཆེན་རིན་པོ་ཆེར་རྒྱབ་སྐྱོར་གནང་བ་རེད་ཟེར་བ་དེ་དག་གིས་བུའི་ཆབ་སྲིད་ཀྱི་ལྟ་བར་འགྱུར་ལྡོག་ཐེབས་མི་སྲིད། རྒྱ་དཔོན་སུ་ཞིག་ཡིན་ཡང་བོད་དུ་འཛིན་པའི་སྲིད་ཇུས་གཅིག་པ་རེད། གཉེན་ཉེ་དུ། ཕ་ཡུལ་གཅིག་པ། སློབ་གྲོགས་གཅིག་པ། གྲོགས་པོ། གྲོགས་མོ། རྩ་གྲོགས་བཅས་པ་དཔུང་གདང་སྦྲེལ་བ་ཡིན་སྟབས་སྤྱིའི་ཐོབ་ཐང་ལ་བསམ་ཤེས་བྱ་མི་སྲིད་པ་རེད། དཔེ་ཆུང་ཞིག་བཞག་ན་ཨེ་ཤེ་ཡ་རླུང་འཕྲིན་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་བཅས་པར་ལྕགས་ཐག་གི་འབྲེལ་བ་གཏིང་ཟབ་མེད་ན་དེར་མི་ཚུད། ལྕགས་ཐག་རླུང་འཕྲིན་ཁང་དེ་གཉིས་ལའང་འགྱུར་ལྡོག་གང་ཡང་འགྲོ་གི་མི་འདུག་པས་ཆེན་པོ་རྒྱ་ཡི་སྲིད་ཇུས་ཀྱིས་བོད་པའི་རྩ་དོན་ལ་འགྱུར་བ་གཏོང་སྲིད་དམ༽ བོད་པའི་རྩ་དོན་བོད་པ་རང་གི་སྒྲུབ་དགོས་པ་ལས་རེ་བས་ད་བར་ཕུང་བ་རེད། ད་དུང་རེ་བ་དང་སྟོང་པ་རྐྱང་བཤད་ནས་གསན་མཁན་རྣམས་མགོ་སྐོར་མ་གཏོང་རོགས།
བོད་རེ་བ་ཞེས་པ་འདི་མི་རིགས་འདིའི་སྒང་ནས་འདག་མི་ཐུབ་རྒྱུ་མིན་པ་འདྲ།
རྒྱ་ནག་གི་སྲིད་འཛིན་ལ་བོད་པ་ཞིག་མ་བསྡད་བར་དུ་བོད་ལ་རེ་བ་སྤུ་ཙམ་ཡང་མེད། ཡོད་པར་འདོད་པ་ཚོས་ང་རང་འཛམ་གླིང་གི་ཆབ་སྲིད་ལ་རྒྱུས་མངའ་ཕྲ་མོ་ཙམ་ཡང་ཡོད་ན་ཇོ་བོ་རིན་པོ་ཆེ་ཚད་བཙུགས་ཟེར་ནས་མནའ་སྐྱེལ་གི་ཡོད་པ་དང་གཅིག་པ་རེད།
ཤར་ཕྱོགས་བའི་ཨེ་ཤ་རླུང་འཕྲིན་ཁང་གི་གསར་འགྱུར་དྲ་ཐོག་དུ་བཞག་པ་ལ་ཐུགས་རྗེས་ཆེ། འོན་ཀྱང་ས་གནས་རང་གི་གནས་ཚུལ་དང་ལས་བྱེད་པའི་ལས་ཀ་བྱེད་སྟེང་ལ་བལྟ་དུས་གློག་འདོད་དང་ཉན་འདོད་ཅི་ཡང་མེད། ཚང་མ་རང་རང་གི་ཆེད་དུ་རེད། ཁ་ནས་ག་དུས་ཡིན་ན་གཞན་དོན་རེད་ཡིན་ནའང་དོན་ངོ་མ་རང་དོན་རང་རེད། ཨེ་ཤ་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་གྱི་ཡོང་ཁུངས་ལ་བལྟས་དང་ཚང་མ་རང་རང་གི་ཤ་ཉེ་དང་ནང་མི་རང་རེད།
ཀླུ་སྨོན་གི་གསུང་དེ་མངོན་པར་བསྟོད།
ཁེག་པོ་ཆགས་ཀྱི་འདུག ལ། དཀའ་བོ་ཆགས་བགྱིད་འདུག འབྲི་འདོད་བྱུང་།
སྲིད་བྱུས་ག་འདྲ་ཡིན་མིན་གསལ་བོ་མི་འདུག ལ། སྲིད་བྱུས་ག་འདྲ་ཡིན་མིན་གསལ་པོ་མི་འདུག
ངས་མ་འོ་ནས་བཟུང་རྒྱ་ནག་དམར་པོའི་དཔོན་རིགས་ཡོད་ཚད་སྨོན་ལོག་ཆོས་མེད་ཀླ་ཀློར་རྩི་བགྱིན་ཡོད་ཀྱང་། ད་བྱས་ན། ཧུའུ་ཡའོ་པང་དང་། ཞིས་ཀྲུང་ཞིན་གཉིས་ལ་དགའ་དད་ཞུ་དགོས་སའི་མི་སྣ་ཡིན་པ་ཅིག་བློ་ལ་འཆར་བཞིན་འདུག་པ་འདི། ང་ནོར་བ་ཡིན་ནམ།
གོང་གི་རྒྱ་གཏེ་དེ་ཚོ།
བོད་མི་ས་ཡ་དྲུག་གི་སྲོག་གི་གཤེད་མ་རེད། དེའི་ནང་ན་རེ་བ་ཅན་གི་མྱི་བཟང་གཅིག་ལ་ཡོད་པ་མ་རེད། ཁོང་ཚོ་ཚང་མ་རྒྱ་རྒྱ་རྐྱང་རེད། ཉི་མ་གཅིག་ལ། ཨ་ཤི་རེ་ཁོ།
གྱོད་ལོ་དགུར་འགོར་ཡང་གསར་བ། གོས་ཟླ་དགུར་གོན་ན་རྙིང་བ་ཟེར་བ་རེད།
དཔྱད་གླེང་དོན་སྙིང་ལྡན་པ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ། མུ་མཐུད་རྒྱུན་སྐྱོང་རོགས།
ང་ལ་མཐོང་ཚུན་ལྡོག་ཕྱོགས་གཅིག་ཡོད། རྒྱ་ནག་གི་རྒྱལ་པོ་དང་དབང་འཛིན་པ་ཚོས་ཆེས་འཇིགས་སྣང་བྱེད་པའི་ཀུན་སྤྱོད་ཞིག་ནི། རང་གི་ཕ་དང་འཁོན་ཐོག་གམ་འབྲེལ་བ་བཙུགས་པ་དེ་རེད། དཔེར་ན། མའོ་ཙེ་ཏུང་གིས་ཁོ་པའི་ཕའི་ཀུན་སྤྱོད་དང་ལྟ་བ་ལ་ནམ་ཡང་ཁས་ལེན་བྱེད་མྱོང་མེད། ཏིང་ཞའོ་མིང་ལ་ཕའི་སྐོར་ལ་སྐད་ཆ་དྲིས་ཆོག་གི་མེད། ཅང་ཙེ་མིང་གིས་ལོ་རྒྱུས་ནང་ལ་ཕའི་སྐོར་འབྲི་བཅུག་མེད། ད་དུང་། ཧུའུ་ཅིན་ཐའོ་ཡིས་ཁོ་པའི་ཕས་ཆེས་དགའ་ས་དང་ཡིད་སྨོན་བྱེད་པའི་རྒྱ་མིའི་ཁྲང་ཤི་འམ། ལྷ་མོ་ཚོགས་པ་དེར་ཁོ་པའི་སྐྱེས་དམན་འབྲེལ་བ་བྱེད་ཆོག་གི་མེད། ཤི་ཅིང་ཕིན་གྱིས་རང་གི་ཕ་དང་འབྲེལ་བ་ཡོད་པའི་དམག་དཔོན་དང་ཁོང་ཚོའི་བུ་ཕྲུག་ལ་འབྲེལ་བ་ཉར་མེད་པ་མ་ཟད། ཁོང་ཚོ་དང་ཁ་གཏད་ལྟ་བུར་འགྱུར།
གཉིས་པ་ཕ་ལ་བལྟོས་ནས་བུའི་སྤྱོད་པ་ལ་ཚོད་དཔག་བྱེད་པ་ནི་ཤིན་དུ་མ་རུང་ངོ། དཔེར་ན། ང་ཕོད་འཇིགས་མེད་ཀྱིས། ཁོང་གིས་ཨ་ཕས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་བསྐྱུར་ནས་རྒྱ་དམར་ལ་མགོ་བོ་བཏགས། ཏང་གི་ནང་ལ་ཞུགས་པ་རེད། ཁོང་ནས་དེ་ལས་ལྡོག་ནས། རྒྱ་དམར་གཞུང་དང་རྒྱ་དམར་ཚོགས་པ་བསྐྱུར་ནས་རྒྱལ་བ་རིན་པོ་ཆེར་བློ་གཏད་ནས་ཕྱི་རྒྱལ་ལ་ཕེབས་པ་རེད། ཁོ་པ་རྒྱ་ནག་ལ་བསྡད་ཡོད་ན། རྒྱའི་ལས་ཁུངས་ག་གེ་མོ་ཞིག་གི་དཔོན་པོ་ཞིག་ཏུ་འགྱུར་ནས། ད་ལྟ་རྒྱུ་དང་ལོངས་སྤྱོད་ལ་ཐོགས་པ་མེད་པར་གནས་ཡོད། འདི་ལ་གསར་འགོད་པ་ཚོས་ག་རེ་གསུངས།
་་་་ མའོ་ཙེ་ཏུང་གིས་ཁོ་པའི་ཕའི་ཀུན་སྤྱོད་དང་ལྟ་བ་ལ་ནམ་ཡང་ཁས་ལེན་བྱེད་མྱོང་མེད། ཏིང་ཞའོ་མིང་ལ་ཕའི་སྐོར་ལ་སྐད་ཆ་དྲིས་ཆོག་གི་མེད། ཅང་ཙེ་མིང་གིས་ལོ་རྒྱུས་ནང་ལ་ཕའི་སྐོར་འབྲི་བཅུག་མེད། ད་དུང་། ཧུའུ་ཅིན་ཐའོ་ཡིས་ཁོ་པའི་ཕས་ཆེས་དགའ་ས་དང་ཡིད་སྨོན་བྱེད་པའི་རྒྱ་མིའི་ཁྲང་ཤི་འམ། ལྷ་མོ་ཚོགས་པ་དེར་ཁོ་པའི་སྐྱེས་དམན་འབྲེལ་བ་བྱེད་ཆོག་གི་མེད། ཤི་ཅིང་ཕིན་གྱིས་རང་གི་ཕ་དང་འབྲེལ་བ་ཡོད་པའི་དམག་དཔོན་དང་ཁོང་ཚོའི་བུ་ཕྲུག་ལ་འབྲེལ་བ་ཉར་མེད་པ་མ་ཟད། ཁོང་ཚོ་དང་ཁ་གཏད་ལྟ་བུར་འགྱུར། ་་་་ཟེར།
ཞེས་སོགས་ཟུར་གནས་ལགས་ཀྱི་རྒྱ་ནག་དཔོན་རིགས་ཚོས་ལོ་རྒྱུས་གསུངས་པར་བཀའ་དྲིན་ཤིནད་ཏུ་ཆེ་ལགས། ང་རང་ཚོའི་ཁ་མདོག་ལ་ཡང་ལྟ་དགོས་འདུག དཔེར་ན། ལྷ་སའི་བྱམས་པ་འཕྲིན་ལས་སོགས་རང་རྐུབ་བཀྱག་ཆེད་དུ་༸གོང་ས་མཆོག་ལ་ཐད་ཀར་སྐྱོན་བརྗོད་བྱེད་ཕོད་མཁན་ཁོང་ཚོ་ཡང་། ཞིས་ཅི་ཕིན་ཆེ་དུ་ཁ་བཏགས་ཅིག་ད་ལྟ་ནས་སྒྲ་འགྲིགས་བྱས་ནས་བསྡད་ཡོད་པ་མ་རེད་དམ།
མ་འོ་དམེ་བོ་ལག་དམར་སྡིག་སྒྲིབ་ཆེ། །
མའོ་ཙེ་ཏུང་ཐ་མག་བཙོག་སྒྲིབ་ཆེ། །
ཏིང་ཞི་འོ་ཕིང་ཕ་མེད་ཉ་ལུ་རེད། །
ཙའང་ཙེ་མིན་ཕ་ཡི་གཤེད་མ་རེད། །
ཧུ་ཆིན་ཐོ་འོ་ཕ་ཡི་དགྲ་ངན་རེད། །
ཞི་འིས་ཅི་ཕིན་ཕ་དང་འདྲ་སྲིད་དམ། །
ཕ་དང་འདྲ་སྲིད་དམ།
མའོའི་ཕ་བཟང་མ་འོ་བུ་ངན་སྐྱེས། །
ཏིང་ཞིའོ་ཕིང་ནི་ཕ་མེད་ཉ་ལུ་རེད། །
ཛ་འང་ཙེ་མིན་ཕ་ཡི་གཤེད་མ་རེད། །
ཧུ་ཆིན་ཐ་འོ་ཕ་ཡི་དགྲ་ངན་རེད། །
ཞི་འིས་ཅི་ཕིན་ཕ་དང་འདྲ་སྲིད་དམ། །
ཕ་ཤུལ་བུས་འཛིན་པའི་དུས་རབས་ཕལ་ཆེར་འཛམ་གླིང་འདིར་ཡོལ་ཟིན་ཡང་ད་དུང་བོད་པ་ཚང་གིས་དེ་ལ་རེ་བ་འདྲ་བྱེད་པ་ནི། བོད་རེ་བས་ཕུང་།རྒྱ་དྭོགས་པས་ཕུང་ཟེར་བའི་གནམ་གཏམ་དེ་དེང་སྐབས་བོད་པ་ཚང་གི་བྱེད་སྟང་ལ་ལྟ་དུས་ཏག་ཏག་རེད་འདུག་གོ་ཧ་ཧ་ཧ་
ཕ་དང་མ་འོ་འཆལ་པོའི་ལོ་རྒྱུས་ནི། !!!!
མ་འོ་མ་རབས་རང་གི་ཕ་དང་དམ་ཚིག་ཤོར། །
མ་འོས་རང་གི་མ་དེ་ཆོས་ལ་དད་པར་བཤད། །
མ་འོས་བུད་མེད་བཞི་དང་ཚུལ་མཐུན་གཉེན་སྒྲིག་བྱས། །
མ་འོས་ཉིན་རེར་སྨན་ཞབས་བུད་མེད་ཉེར་བཞི་ཉར། །
མ་འོའི་རོ་གོག་ག་དུས་ཕྱིར་རུ་འདོན། ????
ང་ཕོད་དུས་རྒྱུན་དུ་རྒྱ་ནག་དང་ཧོང་གོང་དུ་ལས་ཀིའི་ཆེད་དུ་འགྲོ་གི་ཡོད་འདུག། འོན་ཀྱང་ལས་བྱེད་ཚང་མའི་ཤེས་ཀི་ཡོད་ནའང་སུ་གཅིག་གི་དྲི་བ་དང་སྐད་ཆ་བཤད་ཐུབ་གྱི་མེད་འདུག། རྒྱུ་མཚན་ནི་་་་་་
ང་ཕོད་དུས་རྒྱུན་དུ་རྒྱ་ནག་དང་ཧོང་གོང་དུ་ལས་ཀིའི་ཆེད་དུ་འགྲོ་གི་ཡོད་འདུག། འོན་ཀྱང་ལས་བྱེད་ཚང་མའི་ཤེས་ཀི་ཡོད་ནའང་སུ་གཅིག་གི་དྲི་བ་དང་སྐད་ཆ་བཤད་ཐུབ་གྱི་མེད་འདུག། རྒྱུ་མཚན་ནི
དེ་རིང་གི་ངའི་བོད་གཞས།
ཞིས་ཅི་ཕིན།
སོ་འོ་ཡ་ལ།
ཞིབ་འཕྱིས་ཕིན།
ཁ་འཕྱིས་ཕིན།
སྣབ་འཕྱིས་ཕིན།
རྐུབ་འཕྱིས་ཕིན།
ཡ་ད་ག་རེ་བཤད་ན་འགྲིགས་པ་རེད།
རྒྱ་ནག་ལ་མེད་མི་རུང་པ་དེ་བོད་ཡིན་པ་གསལ་པོ་རེད། བོད་མི་མེ་བསྲེགས་གཏོང་མཁན་ཚོ་ཡ་བྱེད་འདྲ་བོ་རེད། མང་པོ་བརྩད་དང་མ་བརྩད་མི་འདུག ལས་འགུལ་འདྲ་བོ་གཞན་པ་སྤེལ་ན་་ཡག་པོ་འདུག