མི་མང་པོ་ནས་རེ་སྐུལ་བྱུང་བ་ལྟར། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་ལགས་ནས་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་སློབ་མས་བསྐྲུན་པའི་གློག་བརྙན་དྲག་འདེམས་གྱིས་ངོ་སྤྲོད་གནང་རྒྱུ་དང་། དྲི་བ་དྲི་ལན་གྱི་ལམ་ནས་དཔྱད་གླེང་གནང་རྒྱུ་རེད།
ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་ཟླ་༡༠ བའི་ཚེས་ ༢༤ ཉིན་དགོང་མོ་དུས་ཚོད་༦ པ་ དང་སྐར་མ་ ༣༠ ནས་དུས་ཚོད་ ༨ པ་སྐར་མ་ ༣༠ བར།
རེ་སྐུལ་ཞལ་འདེབས་ཨ་སྒོར་ ༡༠ རེ།
པདྨ་འབུམ་ཀོ་ཕི་འཐུང་ཡག་སྒོར་བཅུ་རེ་ཞལ་འདེབས་རྒྱག་དགོས།
དཔྱད་གླེང་འཁྲུག་ཆ་དོད་པོ་ཞིག་ཡོང་རེ་འདུག་པས་རྗེས་ལུས་མ་ཐེབས་པ་བྱ།
གོ་ཐོས་ལ་མཛེས་མ་ཚེ་རིང་སྐྱིད་ལགས་དེའི་ནང་ལ་ཞུགས་ཀྱི་རེད་ཟེར།
འདི་ནི་གནད་དོན་གལ་ཆེན་ཞིག་གཏན་ནས་མ་རེད། གཡུག་ཤོག
ང་ལ་དྲི་བ་ཞིག་ཏན་ཏན་ཡོད། ཡིན་ན་ཡང་། ང་དེ་ལ་ཡོང་མི་ཐུབ་པས། ཅིག་གིས་དྲི་བ་འདི་ལ་དྲིས་ལན་ཞིག་རེག་ན་བཀའ་དྲིན་ཆེ། ཤེས་འདོད་ཆེན་པོ་ཡོད། བཀྲ་ཤིས་བདེ་ལགས་ཞུ།
“བན་མ་ཚེ་བརྟན། ངས་ཁྱོད་ཀྱིས་བཀོད་འདོམ་བྱས་བའི་གློག་བརྙན་འགའ་རིག་སོང་ཡང་། ཁྱོད་ཀྱི་ཁ་ཕྱོགས་འདི་དང་ཀན་ཟེར་ནིའི་སྒྱུ་བསྩལ་ཞིག་མ་རེག་པས། ཁྱོས་ང་ལ། གནའ་གཏམ་དང་ད་གཏམ། གནའ་སྲོལ་དང་ད་སྲོལ། མིག་སྐྱིད་དང་སེམས་སྐྱིད། དོན་མེད་དང་ཆོད་མེད་སོགས་རྣམ་པ་གང་ཞིག་གི་སྒོ་ནས་ཁྱོད་ཀྱི་གློག་བརྙན་གྱི་རོ་བྲོ་ལེན་དགོས་བའི་གསལ་བཤད་ཞིག་བྱས་ན་འགྲིག་གམ།”
དཔེ་མཛོད་ཁང་དུ་དགོངས་མོ་བོད་མོ་མང་ཙམ་ཡོད་ན། ཨ་སྒོར་༡༠ད་ཁུག་མའི་ནང་ལ་བཅུགས་ནས་ཡོང་རྐྱང་ཡིན་ནོ། །