གནས་ཚུལ་མཁོ་འདོན་པཿ བསོད་ནམས།
༢༠༡༢ལོའི་ཟླ་༡༠ཚེས་༢༠ཉིན་བོད་ནང་གི་ཉིན་གུང་དུས་ཚོད་གཉིས་པ་ཡས་མས་སུ། ཨ་མདོ་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་རྟགས་༢༡༣ཅན་གྱི་སྟེང་དུ་འབོ་ར་སྒྲོག་འགབ་མ་སྡེ་བའི་ཕ་མིང་ལ་སྟོབས་ལྡན་དང་། ཨ་མའི་མིང་ལ། སྙིང་མོ་ཐར་ལོ་ཟེར་བ་གཉིས་ཀྱི་བུ་རང་ལོ་༢༧་ཅན་གྱི་རྒྱལ་གཅེས་དཔའ་བོ་སྟག་ལོ་བ་ལྷ་མོ་སྐྱབས་ཀྱིས། དགོན་པའི་གཡས་ངོས་དང་ཐག་མི་རིང་བའི་འབོ་ར་མདོ་སྡེ་བའི་མདུན་ཕྱོགས་ནས་རང་ལུས་ལ་མེར་སྒྲོན་ཏེ་ཀུ་རིང་ཞིག་དང་བཅས་(༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། ཞེས་སོགས་སྐད་འབོད་ཁ་ཤས་བྱས་འདུག་ཀྱང་གནས་ཚུལ་ཡོང་ཁུངས་ནས་ནང་དོན་གསལ་བོ་ཐོས་མི་འདུག) དགོན་པའི་ཕྱོགས་སུ་རྒྱུགས་པ་ན་ནམ་རྒྱུན་བདེ་འཇགས་ལ་བསྙད་དེ་སྐོར་གཡེང་འགྲོ་བཞིན་པའི་ཉེན་རྟོག་པ་(ཉེན་རྟོག་ཚན་པ་གང་ཡིན་གསལ་ཁ་མ་བྱུང་།)ཁག་ཅིག་ལམ་ཆེན་འགྲམ་དུ་ཡོད་པ་ཚོ་དང་ཐོག་ཁོའི་སྟེང་དུ་རྒྱུགས་ཀྱང་རྒྱལ་གཅེས་དཔའ་བོ་ཁོང་ཚམ་ཚོམ་མེད་པར་ཉེན་རྟོག་པ་ཚོའི་ཕྱོགས་སུ་ཕར་རྒྱུགས་པ་ན་ཉེན་རྟོག་མི་སྣ་ཚོ་བྲོས་འདུག ད་དུང་མུ་མཐུད་དེ་ཁོང་གི་ལུས་སྟེང་གི་མེ་ལྕེ་དམར་ལམ་ལམ་དུ་འབར་བཞིན་པའི་ངང་གོམ་པ་ཁ་ཤས་མདུན་དུ་རྒྱུགས་པ་ན་ཐང་ལ་འགྱེལ་ཏེ་སྐུ་གྲོངས་འདུག གནས་ཚུལ་ཡོང་ཁུངས་ལྟར་ན། ཉེན་རྟོག་པ་དང་དེར་འདུས་སེར་སྐྱ་མི་མང་གི་བར་འཁྲུག་རྩོད་ཅུང་ཙམ་ཤོར་འདུག་ཀྱང་གྲྭ་མང་དང་མི་མང་གིས་འདས་པོའི་སྐུ་ཕུང་འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོར་འབྱོར་དུ་གདན་དྲངས་ཏེ་དགོན་པའི་གྲྭ་མང་ཡོངས་ཀྱིས་སྨོན་ལམ་གསུངས་འདུག
མ་འགྱངས་པར་ཉེ་འཁོར་གྱི་མི་མང་གིས་གནས་ཚུལ་དེ་ཐོས་ནས་དགོན་པར་འབྱོར་འདུག གྲྭ་མང་གིས་སྨོན་ལམ་གསུང་ཚར་བ་དང་དེར་འདུས་འབོ་རའི་ཚོ་བ་བཞིའི་མང་ཚོགས་དང་གྲྭ་མང་གིས་མ་ཎི་རྒྱང་འཐེན་བྱས་ཏེ་སྐུ་ཕུང་སྒྲོག་འགབ་མ་སྡེ་བའི་ཁོང་གི་ཁྱིམ་དུ་གདན་འདྲེན་བྱས་འདུག
འདས་པོ་ཁོང་གི་བཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་དང་། ད་ལོར་རང་ལོ་༢༨ཡས་མས་དང་། ཁོང་གཉིས་ལ་བྱིས་པ་འབྲུག་མོ་མཚོ་དང་། ་པདྨ་མཚོ་ཟེར་བའི་བུ་མོ་གཉིས་ཡོད་པ་ལས་གཅིག་ད་ལོ་རང་ལོ་༡༠་དང་གཅིག་ད་ལོར་རང་ལོ་༧་རེད་འདུག
གཞན་ད་ལོའི་ཟླ་༥པའི་ཚེས་༢༧ཉིན། འབོ་རའི་སྤེལ་ལུང་སྡེ་བའི་རང་ལོ་༡༩ཅན་གྱི་ན་གཞོན་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་བརྟན་དང་གཞན་རྔ་བའི་སོ་རི་མའི་རང་ལོ་༢༥ཅན་གྱིས་དར་རྒྱས་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྡོ་རྗེ་ཚེ་བརྟན་དེ་མ་ཐག་སྐུ་གྲོངས་ཡོད་ལ་རྔ་བའི་དར་རྒྱས་ལགས་རྗེས་ནས་སྐུ་གྲོངས་ཡོད།
འདི་དེ་རིང་གི་གནས་ཚུལ་ལག་སོན་བྱུང་བ་ཙམ་བཀོད་པ་ཡིན། རྗེས་ནས་མུ་མཐུད་དེ་གནས་ཚུལ་ཅི་བྱུང་རིམ་པས་མཁོ་སྤྲོད་བྱ་ངེས་ཡིན།
བསོད་ནམས་ཀྱིས། ཁ་པར་ཨང་གྲངས། ༩༩༠༠༩༧༡༩༣༡
ད་ལྟ་རང་འབྱོར་བའི་གནས་ཚུལ།
དེ་རིང་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ལྔ་བའི་སྟེང་འབོ་ར་དགོན་པའི་བླ་མ་ལས་སྣ་གཙོ་བྱས་པའི་གྲྭ་མང་ཡོངས་རྫོགས་ཉེན་རྟོག་པ་དང་དམག་གིས་བཀག་ཀྱང་འགོག་མ་ཐུབ་པར་རྒྱལ་གཅེ་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱི་ཁྱིམ་དུ་ཕེབས་ཏེ་སྨོན་ལམ་དང་ཁྲུས་ཆོག་སོགས་གསུངས་ཏེ་ཕྱིར་དགོན་པར་འབྱོར་ཡོད་པ་དང་། ད་ལྟ་དགོན་པ་འདས་པོའི་གྲོང་སྡེར་དམག་མི་ཕོན་ཆེན་བསླེབས་ཏེ་དམ་དྲག་ཤུགས་ཆེན་བྱས་འདུག
རྒྱལ་གཅེས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་ཞུ།མདོ་སྨད་འབོ་ར་འདི་གནད་འགག་ཆེ་སའི་ཕ་ས་ཞིག་ཡིན་པ་ས་བྱི་ཞི་རྒོལ་སྐབས་ནས་ཤེས་ཡོད།
ད་ཅི་བྱེད། བོད་པའི་ལས་དབང་ལ་ཨང་།
འཕགས་མཆོག་མིག་མི་ཟུམ་པ་མཁྱེན། ད་མཚམས་འཇོག་གནང་རོགས། སྐུ་མཁྱེན།
ནག་པོ་རྒྱ་ཡིས་དྲག་ཤུགས་བཙན་པོས་གཡུལ་གཤོམ་དམག་དཔུང་ཕྱོགས་བཞིར་བཀོད།
ཁེངས་དྲེགས་ང་རྒྱལ་འཁོར་སྒྱུར་འགྲན་ཞིང་གཡོ་སྒྱུ་འུར་སྒྲོག་གླིང་བཞིར་ཁྱབ།
ཉམ་ཆུང་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་བཙན་དབང་ཉིན་མཚན་དུས་བཞིར་བྱེད།
སྟོབས་ཤུགས་ཆེ་ཆུང་བཙན་གནོན་འདི་ལ་རྒྱལ་ཚོགས་ད་དུང་མིག་ལོང་ངམ།
ཁ་བའི་ལྗོངས་སུ་བྱམས་སེམས་ཆེ་བའི་ཉམ་ཐག་མི་རིགས་དམར་གསོད་ཀྱིས།
གོ་ལའི་ཡང་སྟེང་མཐོ་སྒང་བོད་ཀྱི་རྩ་ཆེའི་ཁོར་ཡུག་གཏོར་རླག་དང་།
སྐྱེ་བོ་ཀུན་གྱི་གཅེས་ནོར་དམ་པ་བོད་རྒྱུད་ནང་བསྟན་སྟོང་ཉེ་ནའང་།
འགྲོ་བ་མི་ལ་འགན་ཁུར་མིང་ཁྱེར་རྒྱལ་ཚོགས་ད་དུང་གཉིད་སད་དམ།
ཆབ་སྲིད་ལམ་ལུགས་གཅིག་སྡུད་ཅན་གྱི་དམར་པོའི་ལྟ་བ་མཁྲེག་འཛིན་འོག
མེ་ལྕེ་དྲག་པོའི་ཀློང་ན་འགྱིང་པའི་དཔའ་རྒོད་ལྔ་བཅུ་རྩ་དྲུག་གིས།
གངས་ཅན་མགོན་པོ་བོད་ལ་གདན་ཕྱིར་རང་ལུས་མེ་རུ་སྒྲོན་ན་ཡང་།
ཁ་བ་རི་པས་རྒྱབ་རྟེན་བཅོལ་ས་ཨ་རིར་ད་དུང་གཟའ་རྒྱབ་བམ།
སྤྱན་རས་གཟིགས་ཀྱི་གདུལ་ཞིང་གནས་དེ་མི་ཡུལ་དམྱལ་ཁམས་གསོན་པོར་གྱུར།
སྐྱབས་ཡུལ་བླ་མ་ཁྲིམས་མཐུན་དཔོན་རྣམས་གཞན་ཡུལ་ས་མཐར་རྒྱང་འབུད་བཏང་།
ཁྱོ་བོའི་ཤུལ་ལུས་བུ་མེད་ཡུག་ས་ཕྲུ་གུ་རྣམས་ཀྱང་དྭ་ཕྲུག་གྱུར།
སྨྲེ་སྔགས་ངུ་སྒྲས་བོད་ཁམས་ཁྱབ་ཀྱང་ཡོ་རོབ་ད་དུང་གཉིད་ལོག་གམ།
དཔའ་བོ་ཁོང་ལ་མྱང་ངན་གུས་འདུད་ཡོད། གངས་ཅན་པ་ཚོ་འདི་ལྟར་རྫོགས་དགོས་པ་ཡིན་ནམ། མགོ་སེར་ཚོས་དོམ་དམ་གྱི་རོགས་མགོན་ཞིག་བྱེད་ཀྱི་རེད་དམ། རྒྱ་མི་ཚོ་སྙིང་རྗེ་ག་དུས་སྐྱེ་ཡི་རེད་དམ། ཕྲན་གྱི་བསམ་པར་གླེན་པ་ཨུ་ཚུགས་བྱས་པ་ལས་ཐབས་ཇུས་གང་དགའ་ལ་ཐུགས་བསམ་བཞེས་རན།རེད། ་ནང་མི་བཟའ་ཟླ་བུ་ཕྲུག་རྣམས་ལ་སྡུག་པོ་ཡོང་ངེས་རེད།
གཞིས་ལུས་ནང་མི་ལ་སྡུག་སེམས་མཉམ་བསྐྱེད་དང་། འདས་པོས་རེ་འདུན་ཡོངས་སུ་འགྲུབ་པའི་སྨོན་འདུན་ཞུ།
ད་ཡིན་ན་དྲ་ཐོག་པ་དང་རྩོམ་འབྲི་བ་ཚོས་སྤུན་ཟླའི་ཚེ་སྲོག་ལ་འགན་ལེན་བྱ་དགོས། དམིགས་གསལ་གིས་ཚེ་སྲོག་མེ་རུ་བསྲེགས་མི་ཉེན་པའི་གནས་ལུགས་དང་བསླབ་སྟོན་བྱ་དགོས། དྲང་མོ་བཤད་ན་ཚེ་སྲོག་བུད་ཤིང་བཞིན་བསྲེགས་པའི་སྙིང་སྟོབས་ཀྱི་གོ་ཆ་བརྟན་པའི་མི་བུ་ཚོའང་གྲྭ་བཙུན་གཙོའི་རོང་འབྲོག་གི་སྐྱེས་པ་རྒན་གཞོན་ལས་ཕོར་ཁ་སྤྱི་གཞུང་ལ་བརྟེན་པའི་ལས་བྱེད་རིགས་དང་བསམ་བློའི་དཔངས་གདེང་མཐོ་བའི་རྩོམ་འབྲི་བ་དང་སློབ་ཆེན་པའི་སྡེ་རིགས་ཀྱིས་མིག་གིས་མཐོང་སྟེ་རྣ་བས་གོ་བཞིན་དུ་གཡོལ་འགྲོ་དང་ཁུ་སིམ་གྱི་བརྟུལ་ཞུགས་དང་བླངས་བྱེད་དུས་ངའི་གྲྭ་བཙུན་དང་སློབ་ཆེན་གྱི་སྒོ་ཐེམ་འགྲིམ་མ་མྱོང་བའི་རོང་འབྲོག་གི་སྐྱེས་ཕོ་མོ་རྒན་གཞོན་རྣམས་ཚེ་སྲོག་ཤལ་ལ་གཡུགས་ནས་འདི་ལྟར་མདུན་དུ་རྒྱུགས་དགོས་པ་ག་རེ་ཡིན་ནམ། དོན་ངོ་མས་ང་ཚོས་རང་དབང་ཅིག་རྩོད་བསམ་ན་འུ་ཅག་གི་ཤེས་ཡོན་པ་དང་རྩོམ་པ་པོའི་དཔུང་སྡེས་སྣེ་མ་འཁྲིད་བར་དུ་རང་དབང་གི་ཁོར་ཡུག་གུ་ཡངས་མོ་ཞིག་འཐོབ་ཐབས་མེད་པས་རང་གི་ཚེ་སྲོག་རང་གིས་རྩེད་སྤྱད་མི་བྱེད་པའི་རེ་བསྐུལ་སེམས་ནས་ཤོར་སོང་། སོང་ཙང་། ཁྱེད་ཚོའི་མིག་དང་རྣ་བས་འུ་ཚང་གི་བསམ་བློའི་སྣེ་འཁྲིད་མཁན་པོ་དག་དང་སྤྱི་ཚོགས་ཀྱི་ག་བ་ལྟ་བུའི་སློབ་ཆེན་པ་ཚོ་མདུན་དུ་ཐོན་མིན་བལྟས་ཏེ་ནམ་ཞིག་གི་ཚེ་ན་ཁོང་ཚོས་ང་ཚོའི་སྐྱིད་སྡུག་གླེང་ནས་ལྷག་བསམ་ཟོལ་མེད་ཀྱིས་རང་དབང་རྩོད་ལེན་གྱི་དབུ་བརྩམ་དུས་ད་བཟོད་འུ་ཅག་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་ཐུབ་ན་དོན་ཕན་ལྡན་པའི་གྲུབ་འབྲས་ངེས་ཅན་ཞིག་འབྱུང་ཐུབ།
ཨ་ཁ་ཡང་བོད་ཀྱི་དཔའ་བོ་ཞིག་གིས་རང་ཉིད་གསོན་སྲེག་གནང་འདུག འདི་ལྟར་སོང་ན་་་་་་་
ད་ལྟ་རང་འབྱོར་བའི་གནས་ཚུལ།
དེ་རིང་ཕྱི་དྲོ་ཆུ་ཚོད་ལྔ་བའི་སྟེང་། འབོ་ར་དགོན་པའི་བླ་མ་ལས་སྣ་གཙོ་བྱས་པའི་གྲྭ་བ་རྣམས་ཉེན་རྟོག་པ་དང་དམག་མིས་བཀག་ཀྱང་འགོག་མ་ཐུབ་པར། རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱི་ཁྱིམ་དུ་ཕེབས་ཏེ་སྨོན་ལམ་དང་ཁྲུས་ཆོག་སོགས་གསུངས་ཏེ་ཕྱིར་ཕེབས་ཡོད།
ད་དུང་བོད་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་རྒྱུར། དེ་རིང་དགོང་དྲོའི་ཆུ་ཚོད་བདུན་པ་ནས་ས་གནས་འབོ་རའི་ཁ་པར་སྐུ་ལམ་ཡོངས་བེད་མེད་དུ་འགྱུར་འདུག་ཟེར།
བཙན་བྱོལ་བ་ཚང་གི་ད་ངོ་ནས་
གཞི་ལུས་བོད་མི་ཚོར་མེ་བསྲེག་ལས་འགུལ་འདི་
མཚམས་འཇོག་རོགས་ཞེས་གསུང་རན་སོང་།
དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་ཞུ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཁོ་ཨ་པའི་རོ། བོད་ནང་བོད་མིའི་རང་འགུལ་གྱིས་བོད་དོན་སྲོག་གཏོང་བ་དེ་ཧ་ལམ་༧གོང་ས་མཆོག་གིས་ངན་བསྐུལ་རེད་མདོག་མདོག
ཁ་དེ་སྐྱག་པས་ཆོད་རྒྱུ། ད་དུང་སྙིང་རྗེ་ནས་བྲིས་ཡིན་ལོ།
བོད་གངས་ཅན་གྱི་དཔའ་བོ་ཁོང་ལ་མྱ་ངན་ཞུ།
ཀྱི་ཧུད་ཀྱི་ཧུད་བོད་ཀྱི་དཔའ་པོ་དཔའ་མོ་རྣམས་དེ་ལྟར་བྱས་ནས་རྫོགས་འགྲོ་ས་རེད། ཤ་རུས་གཅིག་ལས་ཆད་པའི་སྤུན་ཟླ་རྣམས་ང་ཚོ་བོད་མི་རིགས་འདི་ཇི་ལྟར་བྱས་ནས་གནས་དགོས་པ་རེད། ང་ཚོ་ཐམས་ཅད་བོད་མི་ཡིན་པ་དང་ནང་མི་ཡོད་པ་་་བདེ་བར་འདོད་པ༷་གཅིག་པ་ཤ་སྟག་ཡིན་དུས་གཞིས་ལུས་སྤུན་ཟླ་རྣམས་ལ་བོད་ཀྱི་རྩ་དོན་རྩོད་ལེན་བྱེད་ཚུལ་ཐབས་ལམ་གཞན་ཞིག་གི་ཐོག་ནས་བཙལ་ན་ཞེས་རང་རང་སོ་སོས་གྲོགས་པོ་རྣམས་ལ་གསུངས་ན་རན་མི་འདུག་གམ། འདས་པོ་དཔའ་པོ་དཔའ་མོ་ཚོ་བོད་ཀྱི་ཆེད་དུ་སྐུ་གཤེགས་ཟིན་ཚར་ཡང་། ཁོང་ཚོའི་ཕ་མ་དང་བཟའ་ཟླ་བུ་ཕྲུག གཅེན་པོ་གཅེན་མོ་རྣམས་ཀྱིས་ཇི་ལྟར་བྱེད་དགོས་པ་རེད། ཨ་སྤུན་ཟླ་རྣམས། ཨ་སྤུན་ཟླ་རྣམས་གསུང་རོགས་གནང་།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ངས་བསམ་ན་བོད་ནང་གིས་རང་ལུས་མེ་བསྲེགས་གཏོང་མི་དེ་ཚོའི་བཙན་བྱོལ་གཞུང་དང་ཚོགས་པ་ཁག་ང་ཚོ་ཕྱི་རྒྱལ་ལ་ཡོད་པའི་བོད་མི་དེ་ཚོ་ལ་རེ་བ་བྱས་ནས་རང་ལུས་མེ་བསྲེགས་གཏང་གིས་འདུག་བསམ། གལ་སྲིད་ཁོ་ཚོའི་རེ་བ་ནང་བཞིན་ང་ཚོའི་ལས་འགུལ་སྤེལ་མི་ཐུབ་ན་བོད་ནང་གིས་བོད་མི་ཚོ་ལ་བརྡ་ལན་གསལ་བོ་ཞིག་སྤྲད་རྒྱུ་ང་ཚོ་ལས་འགན་རེད། དེ་མིན་ནམ་ཞིག་གཞི་ལུས་བོད་མི་ཚོའི་བཙན་བྱོལ་ནང་གིས་ལས་སྟངས་དང་སེམས་ཤུགས་སོགས་ལ་སྔ་ཞུགས་རེད་མ་རྟོགས་ཧ་གོ་ཡོང་གི་རེད། དེ་དུས་གཞི་ལུས་བོད་མི་ཚོའི་ང་ཚོ་ལ་ཁོང་ཁྲོ་ཟ་བ་མ་ཟད་ང་ཚོ་ཡང་ནག་ཉེས་ཅན་གྱུར་བ་རེད། གལ་སྲིད་གཞི་བྱེས་གཉིས་ཀྱིས་བར་ལ་འགལ་བ་འདྲ་ཤོར་ན་དེ་དུས་ད་ངོ་གནས་བོད་དོན་མཇུག་སྒྲིལ་པ་རེད། དེའི་འགན་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོ་ལ་ཡོད། གལ་སྲིད་གཞི་ལུས་བོད་མི་ཚོའི་བཙན་བྱོལ་ནང་གིས་བྱེད་སྟངས་དང་སེམས་ཤུགས་སོགས་ཧ་གོ་ན་མེ་བསྲེགས་གཏང་གི་མ་རེད་བསམ། བཙན་བྱོལ་ནས་བརྡ་ལན་སྤྲད་ཚར་ཕྱིན་རང་ལུས་མེ་བསྲེགས་བཏང་ན་དེ་རྒྱུ་མཚན་ཁ་ཁ་རེད།
གཞི་ལུས་བོད་མི་ཚོ་དང་དཔའ་རྒོད་དེ་ཚོ་སྙིང་རེ་རྗེ།
གྲུབ་འབྲས་ངེས་ཅན་ཞིག་མ་ཐོན་བར་དུ་སུས་རེ་སྐུལ་ཞུས་ཀྱང་མཚམས་ཆད་ཀྱི་མ་རེད། གལ་ལེ་རྒྱ་མི་ཁ་ཤས་རྟགས་མར་ཉར་ནས་ཆབ་སྲིད་གཙོན་མ་ཚོ་དང་བརྗེ་སྤོ་རྒྱག་རྒྱུའི་ལས་འགུལ་བརྩམས་དགོས། དེ་ལྟར་བྱ་ཐུབ་ན་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མི་འགྲོ་རང་འགྲོ་རེད།
མཁར་རྔ་ཡིས་རྨོངས་གཏམ་ག་རེ་བྱེད་ཀྱི་ཡོད་པ་རེད། རང་ལུས་མེ་སྲེགས་བཏང་དགོས་བ་རྒྱ་ནག་གི་མ་དྲང་བའི་སྲིད་ཇུས་ཀྱིས་ཡིན་པ་ལས་བཙན་བྱོལ་ནས་རྒྱུད་སྐུལ་བྱེད་མི་ཐུབ་ལ། བྱེད་པའི་ནུས་བ་དང་བྱེད་ཐུབ་མཁན་གཅིག་ཀྱང་ཡོད་མ་རེད། ཁྱེད་ཀྱིས་དཔའ་རྒོད་ཚོས་རྣམ་དཔྱོད་དང་བྱས་རྗེས་ལ་ཡམས་རྒྱུགས་མཁན་སོགས་ཀྱི་འགྲེལ་ལོ་མ་སྐྱོན་རོགས།
མཐུན་འབྲེལ་གྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད།
སྤུན་ཟླ་རྣམས་ལ་ཞུ་རྒྱུར། བཙན་བྱོལ་ན་ཡོད་པའི་བོད་མི་རྣམས་ཀྱིས་བཙན་བྱོལ་གྱི་གནས་སྟངས་དང་རྒྱལ་ཁབ་གཞན། གཞན་རྒྱ་ནག་གཞུང་གི་གནས་ཚུལ་རྣམས་སྤེལ་རེས་བྱས་ནས་མ་འོངས་པ་ན་ང་ཚོ་བོད་གཞིས་བྱེས་གཉིས་ཀྱིས་མཉམ་ལས་བྱས་ནས་བྱ་བ་གང་ཞིག་གི་ལམ་ལ་ཞུགས་ན་བཟང་ཚུལ་གྲོས་བྱེད་རྒྱུ་གལ་ཆེན་པོ་འདུག
འདི་ནི་རྒྱ་དམར་དགྲ་བོ་ཚང་གི་བཙན་གནོན་དང་ཡ་ང་བའི་གདུག་རྩུབ་འོག་མུ་མཐུད་དུ་མྱང་མི་ཐུབ་པ་བསྟན་པའི་ངོ་རྒོལ་ཞིག་ཡིན་པ་ལས། བཙན་བྱོལ་བ་ཚོས་མགོ་ལ་བཞག་པའི་སྡུག་ཞིག་རེད་ཟེར་ན། མཁར་རྔ་ཁྱོད་སྨྱོས་མེད་དམ།
བཙན་བྱོལ་བ་ཚོས་རང་ངོ་ནས་གང་ཐུབ་ཐུབ་དང་འཇོན་འཇོན་གྱིས་དགྲ་བོ་རྒྱ་དམར་ཚང་འདི་དགྲ་ཞིག་གི་འདུ་ཤེས་བཟོང་ནས་ལས་འགུལ་རེ་སྤལ་ཐུབ་ན་ཡག་པོ་ཡོད་པ་ལས། གྲོགས་པོ་ཡིན་མདོག་མདོག། ཨ་ཞང་ཡིན་མདོག་མདོག། དྲིན་ཆེན་ཡིན་མདོག་མདོག་བསྡད་ན་རང་གྱོང་ཞིག་ལས་མེད་པ་རེད་འདུག་པ་འདི་མཐོང་བཞིན་པས་ན། ལམ་ཁ་གསར་བ་ཞིག་གི་ཐོག་ལ་གོམ་པ་སྤོས་ན་མི་འགྲིག་གམ།
ཁྲག་ཐུགས་དང་ཚེ་སྲོག་གི་འགྲོ་སོང་ནི་ནམ་ཡང་བརྗེད་པ་མེད་པའི་མི་རིགས་ཞིག་གི་ལོ་རྒྱུས་ཡིན་པས་བོད་ཕྱི་ནང་གཉིས་ཀྱིས་ཁྱོད་ལ་གུས་དུད་ཡོད་ཡོད་པ་རེད། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ངའི་བཙན་བྱོལ་ན་ཡོད་པའི་གཞུང་དང་མི་མང་ལ་རེ་བ་རྒྱབ་ནས་མེ་བསྲེགས་གཏོང་གིས་འདུག་བསམ་ཟེར་ཡོད་མ་རྟོགས། ནམ་ཡང་བཙན་བྱོལ་ནས་རྒྱུད་སྐུལ་བྱེད་གི་ཟེར་མྱོང་མེད། མེ་བསྲེགས་རྒྱུ་དེ་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་གི་ཡོད་པ་འཛམ་གླིང་གིས་ཤེས་གི་ཡོད་པ་རེད་དེ་སྨོས་མེད་རེད། ཡིན་ཡང་བཙན་བྱོལ་ནས་དེ་ཙམ་ཀྱིས་ལས་འགུལ་སྤེལ་མི་ཐུབ་གི་ཟེར་གི་ཡོད། མ་ཐུབ་ན་ནམ་ཞིག་གཞི་ལུས་བོད་ཚོ་སེམས་ཤུགས་མཉམ་རྒུད་དུ་སོང་ནས་བོད་དོན་བཞག་ན་དེ་དུས་བོད་དོན་འཇུག་སྒྲིལ་བ་རེད་ཟེར་གི་ཡོད། དེ་ནོར་ཡོད་ན་ད་བཙན་བྱོལ་ལྷོད་ལྷོད་བྱོས་བ་བཞུགས། སེམས་སྐྱིད་པོའི་ངང་ནས་བཞུགས།
བོད་མི་རྣམས་ཀྱི་ལས་མགུར་ལམ་ཁ་གཞན་ཞིག་བཙལ་རོགས་གནང་།
བོད་མི་རྣམས་ཀྱི་ལས་མགུར་ལམ་ཁ་གཞན་ཞིག་བཙལ་རོགས་གནང་།
བོད་མི་རྣམས་ཀྱི་ལས་མགུར་ལམ་ཁ་གཞན་ཞིག་བཙལ་རོགས་གནང་།
བོད་མི་རྣམས་ཀྱི་ལས་མགུར་ལམ་ཁ་གཞན་ཞིག་བཙལ་རོགས་གནང་།ཞེས་འབོད་སྐུར་བྱེད་རྒྱུ་དེ་ཡིན་ལགས།།
གངས་ཅན་བོད་པའི་དཔའ་བོ་རྒྱལ་ལོ། ཡོད་ཚད་བོད་རྒྱལ་ཁབ་ཀྱི་དོན་དུ་བཏང་བའི་བདེན་པའི་མེ་ལྕེ་དམར་པོ་རྒྱལ། ད་དུང་མུ་འཐུད་དུ་ང་ཚོ་ཆིག་སྒྲིལ་དགོས
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
མདོ་སྨད་ཡུལ་གྱི་འབོ་ར་ཨ་མཆོག་ས་ཆ་ནི་བོད་ཀྱི་ལོ་རྒྱུས་སྟེང་གནད་འགག་ཆེ་བའི་ས་ཁུལ་ཞིག་ཡིན། ༡༩༥༩ལོའི་དུས་ལོག་གསང་འཁྲུག་དང་༢༠༠༨ལོའི་ཞི་རྒོད་ཆེན་མོ་སོགས་བྱུང་ཡོད།
སྔོན་མ་སྔོན་མ་ཞིག་ལ།
བོད་འདི་རྒྱལ་ཁབ་རང་བཙན་ཞིག་ཡིན་པ་རེད། ད་སྐབས་རྒྱ་འདྲེ་ཡིས་རང་དབང་དང་རང་བཙན་འཕྲོག་ཡོད་པའི་སྒང་རེད། ཡིན་ན་ཡང་། དུས་རབས་འདིའི་དཔའ་རྒོད་ཚོས་ཡང་སྐྱར་བོད་འདི་རྒྱལ་ཁབ་རང་བཙན་པ་ཞིག་ལ་ཆགས་པའི་སྲིད་ཇུས་སྣ་མང་གི་ངོ་རྒོལ་བྱེད་བཞིན་པ་རེད། བྱས་ཙང་། བོད་ནང་གི་བོད་མིས་བོད་རང་བཙན་དགོས་ཟེར་གྱིན་ཡོད་པ་རེད། བཙན་བྱོལ་གྱི་བོད་མིས་བོད་རང་བཙན་ནམ་རང་སྐྱོང་དགོས་ཟེར་གྱིན་ཡོད་པ་རེད།
རང་དཔང་དང་རང་བཙན་དགོས་མཁན་ཞིག་ལ་རང་བཙན་དང་རང་དཔང་གི་ཆེད་དུ་འདི་བྱོས་དང་འདི་མ་བྱེད་ཀྱི་སྐད་ཆ་ཡོད་པ་མ་རེད། འགྲོ་ཐུབ་ནོ་བཙན་བྱོལ་བ་ནང་བཞིག་འགྲོ་དགོས་བ་རེད། འཆི་ཐུབ་ནོ་འཆི་དགོས་པ་རེད། གཏོར་ཐུབ་ནིས་གཏོར་དགོས་པ་རེད། ཚང་མས་ཤུགས་རྒྱག་དགོས་པ་རེད།
མཐར་སྔ་ཡང་བོད་འདི་་་་་་་་་་་་་་་།