ཚུལ་ཁྲིམས་ཟླ་བ།
དུས་ཚོད་སྐར་ཆའི་ཁུག་སོ་ཞིག་ལ།།
ཉི་མ་ནུབ་རིའི་ཕག་ཏུ་བཞུད་སོང་།།
ལྷོ་སྤྲིན་ནག་པོའི་སྐོར་རྒྱག་རྒོད་པས།།
ཟླ་བ་གཞོན་ནུའི་འོད་མདངས་སྒྲིབ་སོང་།།
ཨ་ཕ་གངས་རི་སྨུག་པས་སྒྲིབ་ཅིང་།།
གཡུ་མཚོ་སྔོན་མོ་འཁྱག་པས་བསྡམས་དུས།།
ལྷག་རླུང་བཙན་པོའི་རྒྱུ་སྟངས་ཤིག་གིས།།
གངས་ལྷ་མེ་ཏོག་འཁྱག་འདར་བསླངས་སོང་།།
དམར་མོ་མེ་ལ་བློ་གཏད་བཅོལ་བས།།
དམར་ཆུང་སེམས་པ་རྨངས་ནས་ཚིག་སོང་།།
ཁོག་པའི་ཚིག་དྲི་ཕྱི་ལ་མངོན་པས།།
སེམས་པ་སྟོང་གི་ཨ་ཐང་ཆད་སོང་།།
ངུས་པའི་མཆི་མ་ས་རུ་ཟག་ཅིང་།།
གདུང་འབོད་དབྱངས་རྟ་དགུང་ལ་གྲགས་ཚེ།།
དྲོད་འཇམ་ལྡན་པའི་མལ་སའི་ནང་གི།
རྨི་ལམ་དེ་ལ་ཡིད་སྨོན་ཤོར་སོང་།།
བདེན་དོན་ཞུ་ཡིག་ལྷ་ལ་ཕུལ་ཡང་།།
ཡི་དམ་ལྷ་ཡི་ཡ་ལན་མ་བྱས།།
སྔོན་མ་སྔོན་མའི་ལས་ངན་ཞིག་གི།
རྣམ་སྨིན་ཐོག་ཏུ་བབ་པ་ཡིན་སྐད།།
དབུས་པའི་ཚིག་དྲི་མ་ཡལ་གོང་ནས།།
ཨ་མདོའི་རུས་རྐང་མེ་ལྕེ་མཆེད་སོང་།།
ཨ་མདོའི་དུ་ཞག་མ་ཡལ་གོང་ནས།།
ཁམས་པའི་ཕོ་རྒོད་ཞུགས་ལ་ཕུལ་སོང་།།
མདོ་དབུས་ཁམས་གསུམ་གཅིག་འཚིག་གཉིས་འཚིག།
སྡུག་བསྔལ་མེ་ལྕེ་གཅིག་འབར་གཉིས་འབར།།
ཁོག་པའི་སྡུག་བསྔལ་མ་ཡལ་བར་དུ།།
མེ་ལྕེ་དམར་པོ་ཡལ་ས་མ་རེད།།
སྤྱི་ལོ 2012 ཟླ་ 2 ཚེས་ 17 ཉིན་བྲེས།
ད་བྱང་ཆུབ་སེམས་པ་སྟག་མོ་ལུས་སྦྱིན་བྱ་མ་ཐུབ་ནའང་སོ་ོསའི་ཕ་ཡུལ་ལ་ལོག་ནས་བུ་ཕྲུག་དམྱལ་བའི་ཐང་དུ་ལུས་པ་སྐྱོབ་རན་འདུག ད་བྱེད་རྒྱུ་ཡོད་ན་བྱེད་ཤོག དེ་མིན་ན་ཉལ་ནས་སྡད་ནས་ཤི་སྒུག་རྒྱབ་ནས་སྡོད་ཨང་་་་་་་་་་་་་་་་་་་་་་་
སྤུན་ཟླ་མིང་སྲིང་འཚིག་གིན་འཚིག་གིན། །
ངུས་པའི་མཆི་མ་གཅིག་ཟགས་གཉིས་ཟགས། །
མཆི་མ་ཟགས་པའི་ས་གཞིའི་ཁོད་ན། །
མཉམ་འགྲེལ་རྒྱལ་ཚོགས་ཁྱི་དང་འདྲ་སོང་། །
ཤར་གྱི་མི་རོའི་ཚིག་དྲི། །
གླིང་ཆེན་བཞི་རུ་ཁྱབ་སོང་། །
སྤུན་པའི་ངུས་པའི་མཆི་མ། །
ཞི་བདེ་རྒྱ་མཚོ་འདྲ་སོང་། །
ད་སྔ་དབུས་གཙང་པ་ཞིག་ཚིག་སོང་བའི་སྐད་ཆ་མ་གོ་ཐ་ཁོ་རེ།
ལ་རྒྱ་རྒྱལ་ལོ།
རང་ལུས་མེར་སྲེག
གཞན་ལུས་གནོད་མེད།
རང་ལུས་འབར་བཞིན།
གཞན་བྱུས་སྲེག་བཞིན།
མདོ་དབུས་ཁམས་གསུམ།
གཅིག་འཚིག་གཉིས་འཚིག
ལ་རྒྱའི་མེ་ལྕེ།
གཅིག་འབར་གཉིས་འབར།
བོད་རིགས་རྒྱལ་ལོ།
༄༅།། ཇ་མ་ལགས། ཁྱེད་ཀྱིས་སྡོན་མ་དབུས་གཙང་པ་ཞིག་ཚིག་སོང་བའི་སྐད་ཆ་ཁྱེད་རང་གི་གོ་མིན་འདུག །
ངས་འདིར་བཤད་ཆོག་ཕྱི་ལོ་༡༩༨༧ལོར་ལྷ་ས་གཙུག་ལག་ཁང་གི་སྐུ་ཞབས་བྱམས་པ་བསྟན་འཛིན་བར་སྐོར་གྱི་ནང་མེར་བསྲེགས་བཏང་བ་དང་དུས་དེ་ནས་བཟུང་རང་དབང་འཐབ་རྩོད་ཀྱི་སྒོ་དེ་ནས་བཙུགས་ཤིང་རིམ་པས་མདོ་སྟོད་རྨད་གཉིས་སུ་རིམ་པས་ཁྱབ་སྤེལ་བྱུང་བ་རེད། དེའི་ཕྱིས་ད་ལོ་ཕྱི་ཟླ་༦ པའི་ནང་སྟོད་གཉའ་ལམ་ནས་ཡིན་པའི་སྐྱེས་པ་ངག་དབང་ནོར་འཕེལ་སྟོད་པ་རེད། སྐབས་དེར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོང་ཨ་མདོ་རྔ་བ་ནས་ཡིན་པ་བཤད་ཀྱང་ཕྱིས་སུ་རིམ་པས་ཁོང་རང་གི་ཨ་ཁུ་དང་ཨ་ཅག་གཉིས་རྒྱ་གར་དུ་གནས་སྡོད་བྱེད་མཁན་ཁོང་གཉིས་ནས་གསལ་དཀྲོལ་བྱས་པར་བརྟེན་ཁོ་རང་སྟོད་པ་ཡིན་པ་ར་ཕྲོས་པ་རེད།
དེ་བཞིན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱང་དབུས་གཙང་རེད། དེ་ནི་དྲང་གནས་ཡིན། མ་གཞི་བོད་སྤྱི་པའི་རྩ་དོན་འཐབ་རྩོད་བྱེད་པར་མདོ་དབུས། ཁམ་གསུམ་སུས་བྱས་ཀྱང་ཁྱད་པར་མེད་པ་མ་ཟད། དེའི་འབྲས་བུ་ལའང་ཁྱད་པར་མེད་པར་འདོད། དོན་དུ་ཐན་འཁྱེར་གྱི་སྐད་ཆ་དེ་སྤྱི་ཚོགས་ནང་མི་དགོས་པ་ཞིག་རེད།
དེ་མཁྱེན་དགོས་པ་རེད། མ་ཟད་མ་མཐོང་ཕྱིར་ན་མེད་མ་ཡིན། ཅེས་པའི་གོ་དོན་ཤེས་དགོས་རྒྱུ་གལ་ཆེན་དུ་མཐོང་།། །།
ནག་ཆུ་ཁ་པ་དེང་སང་མདོ་དབུས་ཁམས་གསུམ་ནང་ནས་དབུས་པའི་ཁོངས་ཡར་གཏོགས་ཀྱི་འདུག་ལ།
དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་ཀྱང་དེའི་ཁོང་གི་རེད།
ད་ནས་བཟུང་བོད་རིགས་སུ་གང་གིས་ཀྱང་མེར་བསྲེག་མ་གཏོང་བའི་རེ་འདུན་དང་སྨོན་ལམ་རྒྱག་བཞིན་ཡོད་ལགས།
སྙིང་སྟོབས་དང་ལྷག་བསམ་ནི་ཕུལ་དུ་བྱུང་བས། བོད་གངས་ཅན་པའི་བུ་རབ་ཙ་རྒྱུད་དང་བཅས་པས་དུས་ནམ་ཡང་བརྗེད་མི་སྲིད་ཅིང་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་པའི་གཟི་འོད་ལྡན་པའི་ཁོང་རྣམ་པའི་མཚན་བྱང་ཞིག་དགོད་དགོས་ངེས་རེད།
ཇ་མ་ནི་ཆོལ་གསུམ་གཅིག་ཏུ་མི་འཛིན་མཁན་ ཐན་འཁྱེར་ཅན་གྱི་མི་སྣ་ཞིག་ཡིན་པའི་ཕྱིར།
ཇ་མ་ཁྱེད་རང་ཇ་དྲང་མཁན་རེད་མི་འདུག་
དུག་དྲངས་མཁན་རེད།
དེས་ན་ཁྱེད་རང་གི་མིང་ལ་དུག་མ་རེད།
ཚུལ་ཁྲིམས་ཟླ་བ་ལགས། དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙང་པ་ཡིན་པ་དེ་སྔ་ངའི་་གོ་ཐོས་བྱུང་། ཁོ་རང་ཕྱིས་སུ་རྡ་ས་ཚེ་མཆོག་གླིང་གི་མ་བྱན་རེད། དྭང་ཟུར་ཡང་རེད།
གང་ལྟར་ལུང་ཚན་གཙོ་བོ་མ་རེད། བོད་སྤྱིར་བསམ་བློ་གཏོང་མཁན་དང་འགྲོ་བ་མི་ཡིན་པ་བསམ་བློ་གཏོང་མཁན་ཞིག་ངེས་པར་དུ་དགོས། ༧ གོང་ས་མཆོག་ནས། ་དང་པོ་འཛམ་བུ་གླིང་འདིར་ང་མཚོ་ཚང་མ་འགྲོ་བ་མི་ཡིན་བསམ་བློ་གཏོང་དགོས་རྒྱུ་གཙོ་བོ་ཡིན་པ་བཀའ་སློབ་མང་པོ་གནང་ཚར་བ་རེད།
ལགས་སོ་ནུབ་ཕྱོགས་གངས་ཕྲུག་ལགས།