༄༅།། རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་སྤྱི་ཚེས༢༦ ཉིན་གྱི་ཉིན་གུང་ཆུ་ཚོད༢ སྐར༣༠ ཡས་མས་ཙམ་དུ་ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་ཐད་ནས་ཨ་མཆོག་སྐེད་སྡེ་བའི་ཕ་རྣམ་ཕྱུག་ཚེ་རིང་ལོ༤༩དང་མ་གཟུངས་འདུས་སྐྱིད་ལོ༥༠གཉིས་ཀྱི་བུ་རང་ལོ༢༤ སོན་པ་ལྷ་མོ་ཚེ་བརྟན་གྱིས་མེ་མཆོད་ཕུལ་འདུག ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་ལོ༢ སོན་པའི་བུ་མོ་སྙིང་མོ་སྐྱིད་བཅས་ཡོད།
གངས་རི་ར་བའི་བསྐོར་བའི་ཞིང་ཁམས་འདི།
ཕན་དང་བདེ་བ་མ་ལུས་སྟེར་བའི་གནས།།
ལྕགས་རི་ར་བའི་བསྐོར་བའི་གཉལ་ཁམས་དེ།
སྡུག་དང་གདུང་བ་མ་ལུས་འབྱུང་བའི་གནས།
ད་ནི་རྒྱ་མགོ་བོད་མགོ་མ་བྱས་ན།
བོད་ལ་སྐྱིད་པའི་སྐལ་བ་ཡོད་མ་ཡིན།
བོད་འདི་དར་བའི་དུས་རབས་ཡོད་མ་ཡིན།
བོད་འདི་གསོན་པའི་ལས་འཕྲོ་ཡོད་མ་ཡིན།
མདོ་དབུས་ཁམས་གསུམ་གྲོས་ཐག་གཅིག་ཐོག་ནས།
གཅིག་རྒྱབ་གཅིག་གིས་སྐྱོར་བའི་དམ་བཅའ་ཞིག།
གོ་ཚོན་མེད་རུང་གོ་སྐབས་དམ་འཛིན་ཞིག།
ད་ལྟ་མྱུར་དུ་བྱོས་ན་མི་བཟང་ངམ།།
ཡ་བྱེས་བཞུགས་ཀྱི་གངས་ཅན་པ་ཚོ། ད་མེར་སྲེག་གི་གྲངས་ཀ་བགྲང་བཞིན་སྨོན་ལམ་རེ་དང་མར་མེ་ཁྲོམ་སྐོར་རེ་བྱས་ནས་གྱི་ནར་འདུག་བཟོད་ཡོད་ཨེ་ཐལ། བདེན་པའི་མེ་ལྕེ་སྐོར་བསྐྱོད་དེས་ཀྱང་འཛམ་གླིང་གི་གཞུང་དང་མི་དམངས་ལ་ཚོར་བ་དྲག་པོ་ཞིག་སྤྲོད་དེ་བོད་སྐྱོབ་ཀྱི་ལས་དོན་ལ་སྐུལ་མ་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་གསལ་པོར་ཆགས་ཟིན་པ་རེད། ད་བྱས་དུས་ངས་བལྟས་ན་ཕྱིར་སྡོད་བོད་མི་ཡོད་དོ་ཅོག་ལོངས་ཤོག ཁ་ཞེ་གཉིས་མེད་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོད་ནའང་ལོངས་ཤོག ཚང་མས་ཁས་ལེན་བྱས་ནས་ཐོན་ཤོགས། ང་ཚོས་བལ་ཡུལ་དུ་སྒུག་ནས་ཡོད། ཤོགས་དང་ང་ཚོ་མི་འབུམ་གཅིག་ལྷག་ཙམ་བོད་དུ་ལོག་པའི་ལས་འགུལ་ཛ་དྲག་ཞིག་བརྩམས་ནས་མགྱོགས་པོར་བོད་ལ་འགྲོ་མགོ་ཞིག་ཚུགས། ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་པ་ཡུལ་དེའི་མི་སེར་བཟོས་ཟིན་པ་རྣམས་དང་འབྱོར་པ་ཅན་ཚོས་ཀྱང་རང་མི་རིགས་ཀྱི་བདེ་སྡུག་དང་རིག་གནས་སྲུང་སྐྱོབ་ལ་རྒྱ་བཅས་ཀྱི་ཆེད་ཡོད་ཚད་ད་རེས་བློས་གཏོང་བྱས་ནས་ཡོང་རོགས་གྱིས། བལ་ཡུལ་མཆོད་རྟེན་བར་ཚང་མས་མི་མངོན་པ་རེ་རེ་ནས་ཐོན་ཤོགས། དེ་ནས་ང་ཚོས་གསང་སྟབས་ཀྱིས་བོད་བསྐྱོད་ལས་འགུལ་འདི་མགོ་འཛུགས་ས་བལ་ཡུལ་མཆོད་རྟེན་དང་འཇུག་བསྡུ་ས་ཨམ་མདོ་རྔ་བའི་དཔའ་བོའི་ཐང་ཆེན་དུ་ཡིན། མི་རེ་ཟུང་གིས་རང་སྲོག་བློས་གཏོང་དང་ཧར་ལོང་ཐད་རྒྱུག་བྱས་ཀྱང་དེ་ཙམ་གྱིས་ཤུགས་རྐྱེན་ཆེན་པོ་དང་གཡོ་འགུལ་ཆེན་པོ་བྱེད་མི་ཐུབ། བོད་མི་ཚང་མ་ལོངས་ནས་ཤོགས་དང་མཉམ་དུ་འགྲོ ང་དང་མཉམ་དུ་འགྲོ བོད་ལ་འགྲོ སང་ཉིན་ནས་འགྲོྲ ཆེས་རླབས་ཆེན་གྱི་ལས་འགུལ་ཆེན་པོ་དེ་འདྲ་ཞིག་སྤེལ་ཐུབ་ཚེ་བལ་དམག་དང་རྒྱ་དམག་གཉིས་ཀྱིས་བཀག་འགོག་བྱ་ཐབས་དཀའ་བས་སྐྲག་མི་དགོས། མཇུག་འབྲས་ནི་དེ་ནས་བཟུང་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་ས་སྒང་འདིར་ཆར་བབས་ན་བབས་ཐག་ཆོད་པ་ཞིག་དང་དྭངས་ན་དངས་ཐག་ཆོད་པ་ཞིག་ཡོང་རྒྱུ་ངེས་པ་ཡིན་ལ་ལོ་རྒྱུས་ཀྱི་རི་མོ་ཡང་གསར་པ་ཞིག་མགོ་འཛུགས་བྱེད་ཐུབ། བོད་པ་ཚོ་སྙིང་ལ་རུས་པ་བཅུགས་ནས་ངར་ནས་ལོངས་ཤོགས། སྐྲག་མི་དགོས། སྒུག་ནས་ཡོད། གོང་དུ་བཤད་པ་བཞིན་ལས་འགུལ་འདི་ཡི་མིང་ལ་(མི་མང་སྡེབས་ལང་གི་བོད་བསྐྱོད་ལས་འགུལ་ཆེན་མོ།) ཡིན། མགོ་ཁྲིད་ཅིག་དམིགས་བསལ་དགོས་ཀྱི་མ་རེད། ཚང་མ་ཐོག་མར་མགོ་འཁྲིད་མཁན་ཡིན་ལ་བར་དུ་ལས་འགུལ་སྤེལ་མཁན་ཡིན་པ་དང་ཐ་མར་མཇུག་སྐྱོང་མཁན་ཡང་ཡིན། མགོ་ཁྲིད་དང་གྲ་སྒྲིག་བྱེད་མཁན་ཞིག་བཟོས་བསྡད་ན་ཟ་སྒོ་ལ་བསམ་པ་དང་བལ་དམག་དང་རྒྱ་དམག་གིས་འཇུ་བཟུང་བདེ་མོར་ཆགས་ཀྱི་ཡིན་པ་དང་མི་ཚང་མ་རྫོགས་བར་འགྲོ་དགོས་བྱུང་ཡང་མགོ་ཁྲིད་ལ་རྫོགས་ཡ་མེད་པ་འགྲོ་ཐུབ་པའི་དོན་དུ་ཡིན། ཚང་མ་རང་དོན་རང་བྱེད་ཡིན་སྟབས་རང་གི་མགོ་རང་གིས་འཁྲིད་དགོས་པ་དང་ས་འོག་གྲོག་མ་བཞིན་དུ་མགོ་ཁྲིད་དང་བཀོད་སྒྲིག་བྱེད་མཁན་ལ་མི་ལྟོས་པ་སྡེབས་ལང་བྱེད་དགོས། ཚང་མར་ཆོད་སེམས་ལྡན་པ། རྒྱལ་ཞེན་དང་ཆོས་ཞེན་གཉིས་ཀ་ཆེ་བ། བློས་གཏོང་ནུས་པ། ཕྱིར་བལྟ་མི་བྱེད་མཁན། ཤི་རྒྱུར་མི་སྐྲག་པ། འགྲོ་ཟེར་དུས་ཚིག་གཅིག་གི་ཆོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་བྱེད་དགོས། ཞལ་འདེབས་བསྡུ་མཁན་དང་ལེན་མཁན་སུ་ཡང་མེད་པས་རང་གིས་རང་ལ་ཞལ་འདེབས་རྒྱོབས། ལས་འགུལ་བ་ཚང་མས་རང་གི་ཟླ་བ་གསུམ་གྱི་འཚོ་རྟེན་འགྲོ་སོང་གཏོང་བྱེད་ཏག་ཏག་ཅིག་ཁྱེར་ནས་ཤོགས། བལ་ཡུལ་དུ་འབྱོར་སྐབས་རང་རང་གི་གནས་ཚང་ངམ་འགྲོན་ཁང་དུ་སོ་སོར་བསྡད་ནས་ཚང་འཛོམས་ཀྱི་ཚོགས་འདུ་དང་བརྡ་ལན་ཆ་ཚང་དྲ་ཐོག་ནས་ཡིན། དེ་མིན་འདིར་མངོན་གསལ་དོད་པོར་བྱེད་མི་ཐུབ་པ་ཤེས་དགོས། འགྲོ་ཉིན་མོར་མི་འབུམ་གཅིག་ལྷག་གིས་སྡེབས་ལང་ཡིན་པས་བལ་དམག་ཇི་ཙམ་ཡོད་ཀྱང་ང་ཚོར་འགོག་མི་ཐུབ་ལ་ཁོ་པ་ཚོས་བཙན་དུ་འཇུག་གོ་བསམ་ཡང་ལྟོ་དང་ཁང་པ་དེ་འདྲ་མེད་པས་ང་ཚོས་ས་ཆོད་ཅིག་དང་དེ་སྔོན་བྱུང་མྱོང་མེད་པའི་གྲུབ་འབྲས་རླབས་ཆེན་ཞིག་ཐོན་འདུག་ཟེར་བ་ཞིག་གམ་ཡང་མིན་ན་བྱེས་ཀྱི་བོད་པ་ཚང་མ་ཤི་འདུག་ཟེར་བ་ཞིག་ཏུ་ཁ་མཚོན་ཆོད་ངེས་ཡིན།
ཐུགས་རྗེ་ཆེ། ལོག་སྨྲ་ཚར་གཅོད་ལགས། དེ་དེ་བཞིན་དུ་མངོན་པར་བསྟོད་དོ།
གཞོན་ནུ་ཚོ་ད་ལོངས་ཤོག རྒྱལ་སྤྱིའི་སྟེང་རྒྱ་དམར་ངོ་གདོང་ཚ་བོ་བཟོས་ཤོག ད་ང་ཚོ་ཡང་ཤི་དགོས་མཐོ་དམན་ཚང་མ་མཉམ་ཤི་བྱེད་དགོས། ལྟ་ནས་མ་སྡད། མཐོ་དམན་ཚང་མ་ཁ་གཅིག་པོས་རང་རིགས་ལ་ཤ་ཚ་ཡོད་མདོག་བཤད་མ་སྡད། བླ་ཆེན་དང་དཔོན་ཆེན་ཟེར་ས་མེད། ད་ལོངས་ཤོག་ཆོལ་ཁ་མེད། ཆོས་ལུགས་མེད། སྐྱ་སེར་མེད། ཕོ་མོ་མེད། གཞིས་བྱེས་མེད། ད་རྒྱའི་ལས་ཁུངས་དང་དཔོན་པོ་གར་ཡོད་རྒྱུགས་ལ་གཏོར་ཞིག སྦོར་ཞིག མཉམ་ཤི་བྱ་དགོས། ལྷག་བསམ་ཅན་རྫོགས་རན་སོང་། ཁ་བདེ་དང་མགོ་བདེ་རྣམས་ལྷག་ཡོང་། ད་མཉམ་ཤི་བྱེད་པའི་དུས་མ་རེད་དམ།
ད་ངོ་མ་ག་རེ་བྱེད་དགོས་བྱུང་ནའང་གཅིག་བྱེད་རན་རེད། རེན་པ་ཙམ་མ་ཚད་ཕྱི་སོང་། དེ་རིང་གཅིག་པུ་ཡང་མི་བཞི་ཐམས་པ་གཤེགས་སོང་། ཨ་ཧོ་་་ཧོ་་་་
ད་དངོས་གནས་ང་ཚོ་འདི་ནས་ལྟད་མོ་ལྟ་ཡུན་རིང་སོང་། ད་ལོངས་ཤོག་ མགྱོགས་པོ་ལངས་ཤོག བདེན་མེ་ལྕེའི་མི་ཁ་བཀག་བྱེད་དེ་གཡུག་ནས་དོན་དངོས་ཀྱི་ལས་འགུལ་ལ་ཞུགས་ཤོགས། ང་ཚོ་སྒུག་སྡད་ཡོད། ཟམ་གདོང་བླ་མ་ནས་བཟུང་ཡོང་དགོས་ཀྱི་རེད། ཁོ་གཅིག་ཡིན་ང་གཉིས་ཡིན་ཟེར་ནས་འདུག་ས་མེད་ད་ཤོགས།
དགོངས་དག བདེན་པའི་མེ་ལྕེ་ཞེས་བཅོས་རོགས།
ལེགས་སོ་དེ་དེ་བཞིན་ནོ། ཆེས་གལ་ཆེ་བ་ནི་ཆིག་སྒྲིལ་ཡིན། ང་ཚོའི་ཆོལ་ཁ་དང་ཆོས་ལུགས་གསར་འབྱོར་དང་གཞིས་ཆགས་སོགས་ཀྱི་འཐེན་ཁྱེར་རྣམས་རིང་དུ་དོར་ནས་། ད་ནས་བཟུང་མཐུན་སྒྲིལ་གྱི་ལག་གདང་མཉམ་དུ་སྒྲེལ་ནས་རྣོ་ངར་ཅན་གྱི་ལས་འགུལ་ཞིག་སྤེལ་ཡ། ངའི་ཆོལ་གསུམ་ཕུ་ནུ་མིང་སྲིང་ཚོ་། ང་ཚོ་སྐྱིད་སྡུག་མཉམ་མྱོང་གཅིག་ཡིན།
བཙན་བྱོལ་པ་དག་་་ཅི་ཞིག་སྒུག་བཞིན་ཡོད་དམ་་་་་་་ཨ་རིའི་གྲོས་ཚོགས་ལ་སྒུག་ཡོད་དམ་་་་་་་ཡོ་རབས་མནའ་འབྲེལ་ལ་སྒུག་བཞིན་ཡོད་་་་་་་་་་་་་མི་བུ་དྲུག་ཅུ་་་་་་་་ཚེ་སྲོག་དྲུག་ཅུ་་་་་་་་་མིག་ཆུ་དྲུག་ཆུ་་་་་་་་་སྡུག་བསྔལ་དྲུག་ཅུ་་་་་་་་ཨ་མ་དེ་་་་་་བུ་ཕྲུག་དེ་་་་་་་སྙིང་མི་རྗེ་གམ་་་་་་་སུ་ཡིས་ཆེད་དུ་མེ་སྒྲོན་པ་ད་དུང་ཡང་ཧ་གོ་གི་མེད་པ་འདྲ་་་་་་་་་་་་་་་བྱས་ཀྱིས་མི་ཡ།
མར་མེ་ཁྲོམ་སྐོར་་་་་་་་ལྷག་དཀར་མཆོད་འབུལ་་་་་་་་་་་་་་་་་་་་་དེ་དག་ལས་ང་ཚོ་ཅི་ཡང་བྱེད་ཐུབ་ཀྱིན་མེད་པ་ག་རེ་ཡིན་ན། ་་སྤུན་ཟླ་ཚོ་བསམ་བློ་རེ་ཐོངས་དང་།
སྐྱིད་སྡུག་མཉམ་མྱོང་སྲིད་ན་རྒྱལ་གྱུར་ཅིག
བཙན་བྱོལ་རྣམས་ད་ལྟ་ཉིལ་སྐྱིད་པོ་ཉལ་སྡད་པའི་སྒང་རེད། ཨ་རི་དང་ཡོ་རབ་སོགས་རྨི་ལམ་ལ་གཏོང་བཞིན་པའི་སྒང་རེད། ཨ་སྒོར་དང་ཡོ་སྒོར་སོགས་རྨི་ལམ་ལ་གཏོང་བཞིན་པའི་སྒང་རེད། མི་རིགས་གཞན་པའི་གཡོག་པོ་ལ་རྒྱུགས་སྡད་པའི་སྒང་རེད། རང་གི་སྤུན་ཟླ་སེམས་ནང་དུ་བོར་བཞིན་པའི་སྒང་རེད། ན་གཞོན་པོ་མོ་ཚོ་མཚན་ཚོགས་ལ་ཚོགས་བཞིན་པའི་སྒང་རེད། བོད་ནང་དུ་ཨ་ཁ་་
རང་གི་སྤུན་ཟླ་སེམས་ནང་དུ་བོར་བཞིན་པའི་སྒང་རེད། རེད་དམ།
རང་གི་སྤུན་ཟླ་སེམས་ནང་༼དུ་༽ནས་བོར་བཞིན་པའི་སྒང་རེད།
ལོག་སྨྲ་ཚར་གཅོད་ཀྱི་སྐད་ཆའམ་བསམ་ཚུལ་དེ་ངོ་མས་བདེན་པ་རེད།
བོད་མི་རྣམས་ལྷན་དུ་བོད་དུ་ལོག་འགྲོ།
གཞན་ལས་འགུལ་ཆུང་ཙག་ཉེན་ཁ་རྩ་ནས་མེད་པ་དེ་འདྲ་ཞེ་གཅིག་སྤེལ་ནས་བསྡད་ན་རེ་བ་ཞིག་ཡོད་ཚོད་མི་འདུག་གོ།
ད་བཙན་བྱོལ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གྱི་ཕ་ཡུལ་ལ་ལོག་འགོ་རྩོམ་དགོས་རེད། ངོ་མ་འཇིག་རྟེན་འདི་ནས་སྡོད་འདོད་མེད་སོང་། རྒྱ་དམར་ཚང་གི་མེ་འདིའི་དུ་བ་རྔབ་ནས་སྡོད་དང་དུས་ཀྱིས་འགྱུར་ལྡོག་ལྡོག་ཐབས་བྲལ་བ་ཞིག་ཡོང་ངེས་ཡིན།
་་་་ མཇུག་འབྲས་ནི་དེ་ནས་བཟུང་བོད་ཀྱི་གནད་དོན་དེ་འཛམ་གླིང་གི་ས་སྒང་འདིར་ཆར་བབས་ན་བབས་ཐག་ཆོད་པ་ཞིག་དང་དྭངས་ན་དངས་ཐག་ཆོད་པ་ཞིག་ཡོང་རྒྱུ་ངེས་པ་ཡིན་ལ་ལོ་རྒྱུས་ཀྱི་རི་མོ་ཡང་གསར་པ་ཞིག་མགོ་འཛུགས་བྱེད་ཐུབ། བོད་པ་ཚོ་སྙིང་ལ་རུས་པ་བཅུགས་ནས་ངར་ནས་ལོངས་ཤོགས། ་་་་ཟེར།