རིག་པའི་རྡོ་རྗེ།
ཕྱི་རྒྱལ་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱིས་གསོན་ཅིག ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༢ པའི་ཟླ་ ༡༠ ཚེས་ ༢༦ སྟེ་དེ་རིང་གི་བར། བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་ཅུ་རེ་དྲུག་གིས། འཇིག་རྟེན་ན་གཅེས་པའི་ཚེ་སྲོག་དྲོན་མོ་ང་ཚོའི་ཆེད་དུ་གསོན་བསྲེགས་བཏང་ནས་གཏན་དུ་བཤེགས་ཟིན། འདིའི་ནང་ན་དགོན་བདག་གི་བླ་མ་ཡོད་རེད། དགོན་པའི་མཁན་སྤྲུལ་ཡོད་རེད། གྲྭ་བཙུན་དཀྱུས་མ་ཡོད་རེད། ད་དུང་གཅེས་པའི་བུ་ཕྲུག་གི་ཕ་མ་ཡོད་རེད། བརྩེ་བའི་བཟའ་ཚང་གི་ཁྱོ་ག་དང་ཆུང་མ་ཡོད་རེད། དགུང་ལོ་བདུན་ཅུར་སླེབས་པའི་ལོ་ལོན་ཡོད་རེད། སློབ་རའི་ནང་གི་ན་ཆུང་སློབ་མ་ཡང་ཡོད་རེད།
དེང་སྐབས་བོད་ནང་དུ་མཚོན་ན། དགོན་བདག་མེད་པས་དགོན་པ་བདག་མེད་དུ་ལུས་ཡོད། གྲྭ་བཙུན་མེད་པས་དགོན་པ་སྟོང་པར་ལྷགས་ཡོད། ཕ་མ་མེད་པའི་དྭ་ཕྲུག་གིས་ངུ་འབོད་སྒྲོག་བཞིན་ཡོད། ཁྱོ་ག་མེད་པའི་ཡུགས་མོས་བྲང་ཁོག་རྡུང་བཞིན་ཡོད། ཆུང་མ་མེད་པའི་ཁྱོ་བོས་འོ་དོད་འབོད་བཞིན་ཡོད།
འདི་སུའི་ཆེད་དུ་རེད། བོད་མི་ས་ཡ་དྲུག་གི་མ་འོངས་བདེ་སྐྱིད་ཁོ་ནའི་ཆེད་དུ་རེད། བོད་ཆོལ་གསུམ་ཆོས་རྒྱུད་དང་བཅས་པའི་ཆེད་དུ་རེད། སྲིད་སྐྱོང་བློ་བཟང་སེང་གེའི་ཆེད་དུ་རེད། བཀའ་བློན་རྣམ་པ་བདུན་གྱི་ཆེད་དུ་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་སྤྱི་འཐུས་ཡོངས་ཀྱི་ཆེད་དུ་རེད། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་ཀྱིས་དབུས་ཁྲིམས་ལུགས་འབྲེལ་ཡོད་རྣམས་ཀྱི་ཆེད་དུ་རེད། དེ་བཞིན་གཞུང་འབྲེལ་ལས་ཁུངས་ཡོངས་ཀྱི་ཆེད་དུ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་དབུས་གཞོན་ནུའི་ཚོགས་མི་ཡོངས་ཀྱི་ཆེད་དུ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་མདོར་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཆུང་ཡོད་དོ་ཅོག་གི་ཆེད་དུ་རེད། ཁྱོད་ཀྱི་ཆེད་དུ་རེད། ངའི་ཆེད་དུ་རེད། བཙན་བྱོལ་བོད་མི་ཡོངས་ཀྱི་ཆེད་དུ་རེད།
དེས་ན་ང་ཚོས་ག་རེ་བྱེད་དགོས་སམ་ཟེར་ན། འདི་ལྟར་བྱེད་དགོས། སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམས་ཀྱིས་དབུ་ཁྲིད་པའི་བོད་གཞུང་ལས་བྱེད་ཡོངས་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་རང་དབང་ཅན་གྱི་ཚོགས་སྡེ་ཡོངས་རྫོགས། སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་དབུས་རྙིང་མའི་སེར་སྐྱ་ཡོངས་རྫོགས། ས་སྐྱ་ཁྲི་འཛིན་མཆོག་གི་དབུས་ས་སྐྱའི་སེར་སྐྱ་ཡོངས་རྫོགས། རྒྱལ་དབང་ཀརྨ་པ་མཆོག་གི་དབུས་བཀའ་རྒྱུད་སེར་སྐྱ་ཡོངས་རྫོགས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེས་དབུས་དགེ་ལུགས་གདན་ས་ཁག་གི་དགེ་བཙུན་ཡོངས་རྫོགས། ཇོ་ནང་སིམ་ལ་དགོན་པའི་མཁན་པོ་རིན་ཆེན་ལགས་ཀྱིས་དབུས་ཇོ་ནང་སེར་སྐྱ་ཡོངས་རྫོགས། སྨན་རི་ཁྲི་འཛིན་མཆོག་གིས་དབུས་བོན་གྱི་སེར་སྐྱ་ཡོངས་རྫོགས་དང་། མདོར་ན་རྒྱ་གར་བཙན་བྱོལ་བོད་མི་ཡོད་དོ་ཅོག རྒྱ་གར་རྒྱལ་ས་ལྡི་ལིར་དུས་གཅིག་ལ་འཛོམས་ཤོག
བྱང་ཨ་རིའི་དོན་གཅོད་སྐུ་དྲག་བློ་བཟང་སྙན་གྲགས་ཀྱི་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་སུམ་ཅུ་སོ་གཉིས་ཀྱི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས། ཉི་འོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་མཉམ་དུ་འཛོམས་ཤོག
དེ་བཞིན་ཁེ་ན་ཀྲ་དང་། ཡོ་རོབ་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས་རྒྱལ་ཁབ་དེ་དང་དེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱ་ནག་གཞུང་ཚབ་ཁང་ཁག་ཏུ་མཉམ་དུ་འཛོམས་ཤོག
དེ་ལྟར་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཡོད་དོ་ཅོག ཉིན་བརྒྱ་དུས་གཅིག་ལ་འཛོམས་ཏེ་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས། འཆི་བ་སྲོག་ལ་ཐུག་ཀྱང་། ཇི་སྲིད་རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཡོངས་རྫོགས་མཚམས་འཇོག་བྱས་ཏེ། གཞིས་སྡོད་བོད་མི་རྣམས་ཀྱི་རེ་འདོད་མ་བསྐང་བར་དང་། མཉམ་འབྲེལ་རྒྱལ་འཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ། བོད་ནང་ཁུལ་ལ་ཞི་བདེ་དང་ལྷིང་འཇགས་མ་བྱུང་བར་དང་། ཡང་ན་བོད་རྒྱའི་གྲོས་མོས་འཕྲལ་དུ་མགོ་བཙུགས་ཏེ། དོན་ཕན་ལྡན་པའི་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ཞི་བའི་ལས་འགུལ་མཚམས་འཇོག་མི་བྱེད་པའི་ཆོད་སེམས་བརྟན་པོ་བཟུང་ནས་མཉམ་དུ་འཛོམས་ཤོག
ཞི་བའི་ལས་འགུལ་སྐབས། གཅིག་གྱུར་གྱི་འབོད་ཚིག་འདི་ལྟར་སྒྲོག་དགོས།
༡༽བོད་ལ་རང་ས་རང་སྐྱོང་གི་རང་དབང་དགོས།
༢༽༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།
༣༽བོད་ནང་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་བྱེད་དགོས།
༤༽བོད་མིའི་ཚད་མཐོའི་ཞི་རྒོལ་མེར་བསྲེག་ལས་འགུལ་གྱི་འགན་རྒྱ་ནག་སྲིད་གཞུང་ལ་ཡོད།
༥༽བཙན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་དཀྲོལ་གཏོང་དགོས།
༦༽བོད་རྒྱའི་གནད་དོན་གྲོས་མོལ་གྱི་ལམ་ནས་མགྱོགས་མྱུར་ཐག་གཅོད་བྱེད་དགོས།
བྱེས་སྡོད་གངས་ཅན་པ་རྣམས་གསོན་དང་། གཞིས་བཞུགས་བོད་མི་རྣམས་ཀྱིས་གཅེས་པའི་ཚེ་སྲོག་ང་ཚོའི་ཆེད་དུ་མེ་རུ་སྒྲོན་ཐུབ་ན། ང་ཚོས་ཁོང་ཚོའི་ཆེད་དུ་ཞི་བའི་ངོ་རྒོལ་ཙམ་ཡང་བྱེད་མི་ཐུབ་པ་ཅི་ཡིན་ནམ། ང་ཚོའི་ཁ་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བཞིན་ཡོད་པ་དེ་ཚིག་ཙམ་དུ་སོང་བ་མ་ཡིན་ནམ། གལ་ཏེ་བོད་མིའི་སྐྱིད་སྡུག་མཉམ་ཟེར་བ་དེ་དོན་ལ་གནས་ན། བྱེས་སྡོད་གངས་ཅན་པ་རྣམས། མཉམ་དུ་འཛོམས་ཤོག བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ན་མཉམ་དུ་འཛོམས་ཤོག ང་ཚོས་མཉམ ་དུ་ཞི་བའི་ལས་འགུལ་སྤེལ། ང་ཚོས་དོན་དམ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད། འཛོམས་ཤོག འཛོམས་ཤོག མཉམ་དུ་འཛོམས་ཤོག
བོད་རྒྱལ་ལོ་ ༢༠༣༩ ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན། ཨ་རི་ནས་རིག་པའི་རྡོ་རྗེས།
འཆར་གཞི་དང་དམིགས་འབེན་བཟང་ཡང་་་་་་་་
བསམ་ཚུལ་ཡག་གི
ད་ང་ཚོ་འདུག་རན་རྩ་བ་མ་རེད། གཞིས་ལུས་བོད་མི་ཚོའི་བློས་གཏོང་དེ་ང་ཚོས་ཆུ་ཟོས་སུ་མི་འགྲོ་བའི་འགན་ལེན་ཐུབ་དགོས་སྙམ།
ཆུ་ཟོས་་་་ཆུད་ཟོས་སུ་བཅོས་རོགས།
དེ་མུར་སྡོད་ཐབས་བྲལ། ལས་འགུལ་སྤེལ་དགོས་ཡ།
སྐྱིད་སྡུག་མཉམ་མྱོང་རྩ་བ་བྲག་ལས་སྲ། །
སྐྱིད་སྡུག་མཉམ་མྱོང་ཡལ་ག་མཁའ་ལས་ཆེ། །
སྐྱིད་སྡུག་མཉམ་མྱོང་གཞུར་ཡུན་རྨ་ཆུ་འདྲ། །
སྐྱིད་སྡུག་མཉམ་མྱོང་སྲིད་ན་རྒྱལ་གྱུར་ཅིག །
རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ།།
ད་ངོ་ནས་བཙན་བྱོལ་བ་ཚོ་ཡང་འདི་ལྟར་ལྟད་མོ་བལྟོས་བསྡད་ན་ངོ་ཚ་དགོས་པ་རེད།
རིག་པའི་རྡོ་རྗེས་འཆར་གཞི་འདི་འདྲ་བསྒྲུབ་ཐུབ་ན་ཡག་པོ་རེད།
ཁོང་གི་འཆར་གཞི་འདི་ཡང་སེམས་ནས་བཟོད་སྲན་མ་ཐུབ་པའི་སྐད་ཆ་རེད།
སྐུ་ལུས་གསོན་པོ་གསོན་བསྲེག་བྱེད་དོན་ང་ཚོའི་ཆེད་དུ་ཡིན་པ་སྨོས་ཅི་དགོས།
དྲ་གྲོགས་ཡོངས་ཀྱིས་ཐུགས་བསམ་རེ་བཞེས་ནས་ཁྱོད་ངན་པ་རེད་ཁོ་བཟང་པོ་རེད་ཟེར་བ་བསྐྱུར་ནས།
ཁ་བརྡ་དྲ་ལམ་བརྒྱུད་ནས་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་གྲོས་བསྡུར་རེ་བྱས་ན་བཟང་།
འགོ་ཁྲིད་གཉིད་ཁུག་གི་ཡོད་ན་མི་མང་གཉིད་ཁུག་ས་མ་རེད། ད་ལངས་ཤོགས།
ཨ་མ་མ། ད་མ་གཉིད་ཡ། མེ་བསྲེག་གཏོང་། ཆུ་ལ་འཆོངས། རང་ཤི་རྒྱོབས་དང་དཔའ་བོ་རེད་འདུག དགྲ་དགའ་གཉེན་སྡུག་གི་རྒྱལ་ཁ་ཐོབ་ས་རེད། རིག་མ་རིག་ཅི་ཤེས་ཐལ། ཨ་རི་དང་ཡོ་རོབ་ན་ཁ་ཤོམས་ཅན་མང་གི་ཡ། དེ་ཚོ་ལ་ཉན་ན་རང་དབང་གི་མེ་བསྲེག་གཏོང་དགོས་ས་རེད། ས་ཡ་དུག་གི་མེ། ཨོ་མ་ནི་པ་མེེེེེ་ཧུྃ མ་མེ་ཧུྃ།
་་་་ ཁ་བརྡ་དྲ་ལམ་བརྒྱུད་ནས་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་གྲོས་བསྡུར་རེ་བྱས་ན་བཟང་། ་་་་ཟེར།
ས་གནས་ས་ཐོག་གི་རྒྱ་གཞུང་རྒྱལ་ཚབ་ཁང་གི་མདུན་ཐང་ནས་ཁ་ཆེད་དུས་བཅད་རེ་བསྒོས་ནས་འཇིག་རྟེན་དང་རྒྱ་ནག་གཉིད་སད་ཐབས་རེ་བྱེད་པར་འདོད་པ་རྩེ་གཅིག་དུ་ཡོད། དེ་ནི་ཉིན་གཅིག་གི་ལས་ཀ་ཞིག་མ་རེད། དེར་བརྟན་ས་གནས་ས་ཐོག་ནས་བཀོད་སྒྲིག་ཡོད་པའི་འཆར་གཞི་སྔ་འདང་ཕྱི་ནུར་མེད་པ་ཞིག་བྱེད་དགོས་བ་རེད། ད་རེ་ཡི་ལས་དོན་འདི་སྒྲིག་འཛུགས་ཁང་དང་ས་ཕྱོགས་གང་གི་དེའི་སྐུ་ཚབ་དོན་གཅོད་ལ་བབ་པའི་ལས་ཞིག་རེད་འདོད།
སྐད་ཆ་གསལ་བོ་རེད། རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ། དེ་མིན་སོ་སོས་སོ་སོར་མགོ་སྐོར་གཏོང་སྤྱད་སྒྲག་ཚིག་འདྲ་དོན་ནས་འབྲས་བུ་དག་ཙམ་སྨིན་སོང་འདྲ་བསམ་ནས་ལྷོད་ཡང་དུ་གཏོང་སྤྱད་ཀྱིས་ཅི་ཡང་མི་ཕན་པ་རེད། ཤི་ན་ཡང་རྡོག་རྡོག་ཞིག་གི་དོན་དུ་ཤི་འི་ཡོད་པ་རེད། གསོན་ན་ཡང་རྡོག་རྡོག་ཞིག་གི་དོན་དུ་གསོན་ན་དགའ་ནི་རེད། རྒྱ་བོད་གཉིས་ཀྱི་བར་ན་ལས་སྐལ་མི་འདུག། རྒྱ་ནི་ཁྲེལ་མེད་འདི་རེད།
ང་ཚོ་བོད་རིགས་དྲྭ་འབུ་ཚོས་ཀྱང་། ལས་འགུལ་ཅི་ཞིག་རྩོམ་ཐུབ་བམ། ལགས།
ཨ་ཕྱི་དྲིན་ཆེན་པོ་ཁྱོས་འདི་གཅིག་ཀློག་རོགས་ཞུ།
http://www.tibettimes.net/news.php?showfooter=1&id=6813
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམ། །གྲུབ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བ་མཛོད། །མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །ཐུགས་བསྐྱེད་དམ་བཅའ་མ་ལུས་མཐར་ཕྱིན་ནས། །རང་གཞན་འཚེ་བའི་གནོད་པ་ཀུན་བྲལ་ནས། །འཛམ་གླིང་ཞི་བདེའི་རྒྱལ་ཁ་ཐོབ་པར་ཤོག ། པདྨས
གྲུབ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བ་མཛོད། །
ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་བབས་ལྷིང་དང་བརྟན་གསུམ་དགོས་པ་ལས་སེམས་ཚོར་ཙམ་གྱི་རྗེས་སུ་དུས་ནམ་ཡང་འགྲོ་མི་རུང་། ལྷག་པར་དུ་ད་ལྟའི་དུས་འདིར་ཆིག་སྒྲིལ་གིས་ནུས་པ་ནི་མེད་དུ་མི་རུང་བ་ཡིན་པས་ཆོལ་ཁ་དང་ཆོས་ལུགས། རིགས་རུས་དང་རྒན་གཞོན། སྐྱ་སེར་སོགས་ཀྱི་ཕྱོགས་ཞེན་གྱིས་ལྟ་ངན་མཐའ་དག་རིང་དུ་དོར་ནས་རང་རང་གིས་ཁུར་དུ་བབས་པས་ལས་འགན་གང་ཡིན་ཧུར་ཐག་བཙོན་དགོས་པ་ནི་ཁ་ཚབ་དགོས་ཏུག་གི་དགོས་མཁོ་གལ་ཆེ་ཞིག་ཆགས་ཡོད་པར་གངས་ཅན་པ་ཚོས་ཐུགས་ལ་ངེས་དགོས། ལྷག་པར་དུ་ལས་འགུལ་གང་འདྲ་ཞིག་སྤེལ་རུང་སྒྲིག་འཛུགས་དང་ཆིག་སྒྲིལ་གྱིས་རྣམ་པར་འཛམ་གླིང་མི་མང་གི་མིག་སྔར་ངེས་པར་དུ་མངོན་ཐུབ་པ་བཟོ་དགོས་པ་འདོད། དེ་མིན་ཚོགས་པ་ཡིན་ཟེར་ནས་ལྟ་གྲུབ་ལོག་ཁ་རེད་དང་། སྒྲིག་འཛུག་ཡིན་ཟེར་ནས་ལོ་ཁ་རེ་བྱས་ན་རང་དབང་ཡིན་རུང་། གནད་ལ་ཁེལ་མིན་དང་ལེགས་ཆར་ཡོད་མིན་ཡང་དཔྱད་དགོས་པའི་དུས་སུ་སླེབས་པ་མ་ཡིན་ནམ།
འཇམ་གཅེས་ཁྱོད་རང་གིས་བྲིས་པའི་སློབ་གསོ་དེ་ཁྱོད་རང་ཉིད་ཀྱིས་ལག་བསྟར་བྱས་ན་གང་འདྲ་འདུག། གོང་གི་དྲ་གྲོགས་གནམ་ནས་ཨ་ཕྱི་ལ་འགྲེལ་བརྗོད་བྱས་པའི་དྲ་ཐག་དེ་ཚར་གཅིག་ཀློག་རོགས་མཛོད། ཁྱོད་དེ་དང་ཐག་ཉེ་སེའི་འདུག།
རིག་པའི་རྡོ་རྗེའི་འབོད་ཚིག་གི་ནང་དུའང་། ( སྐད་ཡིག་རང་དབང )
བོད་པ་ཚོར་བོད་པའི་སྐད་ཡིག་སྦྱོང་བའི་རང་དབང་དགོས་པ་བཞག་མི་འདུག
ངེད་བལྟས་ན་བོད་པའི་སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་ལས་གཞན་སློབ་ཚན་ཡོངས་རྫོགས་བོད་ཡིག་ནང་ཁྲིད་དགོས་པའི་འབོད་ཚིག་འདི་འབོད་ཚིག་དང་པོར་འཇོག་དགོས་པར་འདོད།
ང་ཚོར་རང་དབང་རང་བཙན་ཐོབ་རུང་མ་ཐོབ་རུང་ང་ཚོའི་རིག་གཞུང་གི་རྩ་བ་སྐད་ཡིག་སྲུང་སྐྱོབ་བྱ་ཐུབ་ནའང་རྒྱལ་ཁ་ཞིག་རེད་བསམ་གྱིན་འདུག
འདི་ལ་རྒྱལ་སྤྱིའི་རོགས་ཚོགས་ཁག་གིས་ཀྱང་རྒྱ་ནག་ལ་སྐད་ཆ་བཤད་བདེ་བ་ཡོད་པ་ཤེས་དགོས།
བོད་པའི་ས་ཁུལ་ཁ་ཤས་ཀྱི་སློབ་གྲྭའི་ནང་བོད་ཡིག་རྩ་བ་ནས་ཁྲིད་ཀྱིན་མེད་པའང་ཡོད་རེད།
ཨ་རི་དང་ཡོ་རོབ་ནང་ཡོད་པའི་བོད་མི་ལ་དམིགས་གསལ་ལས་འགན་ཆགས་ཡོད། རྒྱ་གར་ནས་ལས་འགུལ་ལོས་སྤེས་དགོས་དེ་ནུས་པ་ཐོན་པ་ལ་ཨ་རི་དང་ཡོ་རོབ་ནས་ལས་འགུལ་སྤེལ་བ་གལ་ཆེ། ཨི་རི་རིག་པའི་རྡོ་རྗེ་ལགས་ནས་འབོད་སྐུལ་ཙམ་མིན་པ་འགོ་ཞིག་བཙུགས་ཤོག་དང་། འབོད་ཚིག་ལ་ཁྱེད་པ་མི་འདུག མི་རེ་ངོས་རེ་ནས་ལས་འགུལ་སྤེལ་ཤོག་དང་འགྲིག་ངེས། དབུ་མ་མཐར་མ་རང་སྐྱོང་རང་བཙན་ཁྱད་པ་གང་ཡང་མེད། ལས་འགུལ་མེད་ན་ཚིག་སྟོང་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དེར་ཡོད་རེད། འཛམ་གླིང་གི་གསར་འགོད་པ་དེར་ཡོད་རེད། ཨ་རི་ནས་མི་ཞིག་རྨས་པ་ཡིན་རུང་འཛམ་གླིང་གི་གསར་འགྱུར་ཆགས་སྲོལ་ཡོད་ལ། རྒྱ་གར་ནས་མི་བཅུ་གྲངས་ཞིག་ཤི་རུང་རྒྱལ་ནང་གི་གསར་འགྱུར་མ་གཏོགས་རྒྱལ་སྤྱི་གསར་འགྱུར་ཆགས་མི་སྲིད། བྱས་ཙམ་ཨ་རི་དང་ཡོ་རོབ་ཡོད་པའི་བོད་མི་ལ་དམིགས་གསལ་གྱི་ལས་དང་འགན་ཞིག་ཆགས་ཡོད།
ང་ཚོས་་ངེས་པར་དུ་ཤེས་དགོས་པ་ཞིག་ནི་དྲ་འབུ་མང་པོ་ཞིག་གིས་བོད་དོན་ལ་སེམས་ཤུགས་ཡོད་མདོག་བསྟོན་ནས་༧གོང་ས་མཆོག་དང་བཙན་བྱོལ་གཞུང། དེ་བཞིན་ཆོལ་ཁ་དང་ཆོས་ལུགས་བར་དུ་དཀྲུགས་ཤིང་བཟོ་བཞིན་ཡོད་པའི་དྲ་འབུ་དག་ངོས་ཟིན་པར་བྱས་ཏེ་ཁོང་ཚོས་དབང་འོག་ཏུ་རང་ཉིད་མ་ཤོར་བ་ངེས་པར་དུ་བཟོ་དགོས། སུ་ལ་ཕོགས་སོང་ན་དེ་དོན་ཤོག །
རྒྱ་གར་གཙོས་བྱས་པའི་འཛམ་གླིང་གང་སར་གནས་སྡོད་བོད་མི་ཡོངས་ཟླ་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གཞུང་ཚབ་ཁང་སོགས་ཀྱི་མདུན་མཉམ་འཛོམས་ཐོག་སྐད་འབོད་བྱེད་འཆར་བཏོན་པ་དེ་འཆར་གཞི་ཧ་ཅང་ཡག་པོ་ཞིག་རེད། འོན་ཀྱང་བོད་མི་ཁྲི་ཕྲག་མང་པོ་ས་གནས་གང་སར་འཛོམས་ནས་སྐད་འབོད་དུས་ཚོད་འགའི་རིང་བྱས་རྗེས་འགོ་འཛིན་ལས་བྱེད་འགས་གཏམ་བཤད་རེ་སྤེལ་མཐར་ཚང་མ་ཕྱིར་ལོགས་འགྲི་བ་མ་གཏོགས་དེ་ལ་དོན་མཐུན་གྱི་ནུས་པ་འདྲ་འདོན་པའི་རེ་བ་ཨེ་ཡོད། རང་གི་བསམ་ཚུལ་ནི། གལ་སྲིད་དེ་འདྲའི་ལས་འགུལ་ཞིག་སྤེལ་བ་ཡིན་ན། རྒྱལ་ཚོགས་དབུས་ལས་ཁུངས་དང་འབྲེལ་ཡོད་ཡན་ལག་ལས་ཁུངས། དེ་བཞིན་རྒྱ་ནག་གི་གཞུང་ཚབ་ཁང་ཁག་གི་སྒོར་ཚེས་བཅད་གཅིག་ཉིན་ཕྱིར་སྡོད་འཛམ་གླིང་གང་སའི་བོད་མི་མཉམ་འཛོམས་ཀྱིས་དུས་ཚོད་འགར་སྐད་འབོད་བྱེད་རྒྱུ་གཅིག་བུ་མ་ཡིན་པར་། དེ་འབྲེལ་གྱི་ལས་འགུལ་སྣ་མང་སྤེལ་དགོས་རེད། ལས་འགུལ་སྣ་མང་དང་ནུས་པ་ཐོན་པ་ཡོང་བ་ལ་དུས་ཚོད་འགའི་ལས་འགུལ་དེ་ཙམ་གྱི་མི་འགྲིག་པར་ཉིན་གྲངས་བརྒྱུད་མར་སྤེལ་དགོས་རེད།
དེ་ལ་མི་མང་པོས་ལུས་གཅེར་བུར་དམར་པོ་ཁྲག་མཚོན་གྱི་ཡི་གེ་བོད་མིར་རང་དབང་དགོས་སོགས་ཀྱི་འབྲི་བ།
མི་མང་གང་ཐུབ་མཉམ་ཞུགས་ཀྱིས་མི་གྲགས་སྟོང་ཕྲག་བརྒལ་བས་མཉམ་དུ་ཟས་བཅད་ངོ་རྒོལ་བྱེད་པ།
བོད་མིའི་མངོན་འདོན་གྱི་འབོད་ཚིག་དང་རང་སྲོག་མཆོད་མེར་ཕུལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་པར་དང་ཡིག་ཆ་གང་མང་ཁྱབ་སྤེལ་བྱེད་པ་སོགས་ལས་འགུལ་གྱི་རྣམ་གྲངས་མང་པོ་ཡོང་རེད།
རེད་༧བཙན་བྱོལ་བ་ཚོ་༧གོང་ས་མཆོག་དབུ་བཞུགས་ཀྱིས་ལས་འགུལ་རིག་རྡོར་གྱི་བསམ་ཚུལ་དང་འདྲ་བོ་ཞིག་སྤེལ་དགོས་པར་མཐོང་། བབ་བརླིང་གཏན་གསུམ་གྱིས་ད་བར་དུས་ཚོད་སྐྱལ་བ་རེད། ཚ་ཚ་འུར་འུར་དང་ཞི་དྲག་འདྲེས་མ་དགོས་འདུག
་་་་་ ཚ་ཚ་འུར་འུར་དང་ཞི་དྲག་འདྲེས་མ་དགོས་འདུག ཟེར།
ད་ངོ་མ་ཐབས་ལམ་འདྲ་ཡོད་ན་བསྟན་རན་འདུག བསམ་ཚུལ་འདྲ་ཡོད་ན་གསུང་རན་འདུག ད་མ་འདུག་གདོང་དམར་བོད་པ་ཚོ། བོད་རང་ཆེད་དུ་ད་ལོངས་ཤོག
ངས་གོང་དུཞུས་པ་བཞིན་བབས་བརླིང་བརྟན་གསུམ་མེད་ན་༢༠༠༧ལོའི་མི་མང་ལྡི་ལི་ལ་འཛོམས་ནས་ཆུ་ཚོད་སྐར་མ་ཁ་ཤས་རིང་སྐད་འབོད་མི་གཅིག་པ་ཁ་ཤས་བྱས་ནས་མཐར་རང་མགོ་གང་ཐོན་གྱི་འགྲོ་དགོས་བྱུང་བ་མིག་མཐོང་ལག་ཟིན་རེད། མི་མང་འཛོམས་ནས་ཆུ་ཚོད་ཁ་ཤས་རིང་དུ་འབོད་སྒྲ་དང་། གནད་ཡོད་མི་སྣ་རེ་ཟུང་གིས་འདྲ་ཆག་ཆག་ཡིས་གཏམ་བཤད་རེ་ཙམ་གྱིས་གང་མི་ཡོང་ལ་ཅི་ཡང་མི་འགྲུབ་པ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་མཐོང་ཞེས་པ་ལས་མ་འདས། དེ་ལས་སོ་སོའི་འོས་འགན་གང་ཡིན་མཐུས་ཤོར་མེད་པར་སྒྲུབ་དགོས་པ་གལ་ཆེ་ཡིན་པ་ལས། དེ་མིན་ཁྱི་འདྲོག་སྤྱང་འདྲོག་རྒོར་བ་འདྲོག །དེ་ལ་བལྟ་བཞིན་ལྡ་མ་འདྲོག་ཟེར་བ་བཞིན་བྱས་ན་ཕྱོགས་གང་ཐད་ནས་གྱོང་ཁ་ལས་རྒྱལ་ཁ་དང་གྲུབ་འབྲས་ནི་ཉིན་མོའི་སྐར་མ་བཞིན་ལས་གང་མི་ཡོང་། སྐབས་འཚོལ་བ་གསེར་འབྲུག་དང་མངའ་རིས་འཕྲིན་ལས་སོགས་ཀྱིས་སྐྱག་ཁ་ལས་ནི་སྐྱག་དྲི་མ་གཏོགས་གང་ཡང་མེད་པ་ཡང་ཤེས་དགོས་སོ། །
ནོར་བཅོས་་་་་ལྡ་མ་་་་སྡར་མ་ལ་བཅོསསདགོས།
ཡ་འཇམ་གཅེས་ཟེར་བའི་དྲྭ་འབུ་དེ་ཡང་སླེབ་ཚར་འདུག དྲྭ་འབུ་མ་རེད་རྒྱ་འབུ་ཁོ་ནི་རྒྱ་མིའི་སྲིན་འབུ་རེད།
ངའི་ཆེད་དུ་ཁྱོད་གྱི་ཆེད་དུ་ཁོང་གི་ཆེད་དུ་མོ་ཡི་ཆེད་དུ་ཚང་མ་ཚང་མའི་ཆེད་དུ། བཙན་བྱོལ་བ་རྣམས་རང་གི་ཆེད་དུ་རང་གི་བུ་ཕྲུག་གི་ཆེད་དུ་རང་གི་གཟའ་ཟླའི་ཆེད་དུ་རང་དཔལ་འབྱོར་ཡར་རྒྱས་གྱི་ཆེད་དུ། སྐུ་ངོ་རྣམས་པ་རང་གི་མིང་གི་ཆེད་དུ་རང་གིརང་གི་ཆེད་དུ་བཤད་མཚམས་འདི་འཇོག་མང་པོ་མང་པོ་བསླབ་ན་ཡག་པོ་རང་མེད། གོང་གི་བསམས་ཚུལ་ལ་རྒྱབ་སྐྱོར་ཡོད། ལས་འགལ་སྤེལ་དུས་རྒྱ་ཆའི་རྒྱ་ཐམ་པ་མཉམ་ཤིག་བྱེད་ངེས་ཡིན།
༧མགོན་གོང་ས་མཆོག་གཙོས་པའི་བཙན་བྱོལ་ནང་གི་བོད་མི་ཚང་མ་སྡེ་ལངས་ཤིག་མ་བྱས་པར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡག་ཐག་ཆོད་ཅིག་ཡོང་ནི་མ་རེད་་་དཀོན་མཆོག་གསུམ།
དུས་གཅིག་ཏུ་ཚང་མ་ལྡི་ལིར་འཛོམས་རྒྱུ་ན་གོ་རྒྱུ་ཉན་རྒྱུ་ཏན་ཏན་ཡོད་ནི་རེད་་་་་ལྷག་པར་དུ་གོང་ས་མཆོག་ཕེབས་ཡོད་ཙང་་རྒྱལ་སྤྱིས་རང་གར་འཇོག་དཀའ་མོ་ཡིན་རྒྱུ་རེད་འདོད་ཀི
ཡང་བསྐྱར་ཚིག་ཁ་ཤས་མ་བཤད་ན་མི་འགྲིག་ངོ་མ་རེད། ཉོན་ཨ་གྲོགས་པོ་ཚོ། ང་ཚོས་ཉམས་མྱོང་དང་། རྒྱ་ནག་དང་རྒྱལ་སྤྱིའི་གནསས་བབས་སོགས་ཕྱོགས་གང་ལ་བལྟས་རུང་། རྒྱ་ནག་ནང་ཁུལ་དུ་འགྱུར་བ་ཆེན་པོ་ཞིག་མ་བྱུང་བར་དུ་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་། གནད་ལ་སྨིན་པའི་གྲུབ་འབྲས་ཞིག་ཐོབ་པར་ངོ་མ་དཀའ་བས་གནས་སུ་མཐོང་། ལྷག་པར་དུ་ང་ཚོ་ལྡི་ལིའི་གཙོས་ས་གནས་གང་སར་མི་མང་འདུ་འཛོམས་ལེན་གཅིག་ཙམ་གྱིས་ས་ཆོད་གང་ཡང་མི་ཡོང་བ་མིག་མཐོང་ལག་ཟིན་ཡིན་པར་ནི་ང་ཡི་འདོད་ཚུལ་ངོ་མ་དེ་ཡིན། ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་གཞིས་ལུས་དཔའ་བོ་དཔའ་མོ་དག་གིས་སྤེལ་བས་ལས་འགུལ་ལས་རྒྱ་ཆེ་བ་དང་ཚད་མཐོབ་ཞིག་སྤེལ་ཡ་མེད་པ་དང་སྤེལ་མི་ཐུབ་པ་ཡང་ཁྱོད་ཚོས་ཤེས་དགོས། ད་དུང་༧གོང་ས་མཆོག་ལས་སྤེལ་སར་ཕེབས་ཤོག་ཟེར་བ་ནི་ངོ་སྨྱོས་ཆུ་མཐུང་མཁན་གྱི་མི་ཞིག་གིས་བསམ་ཚུལ་ལྟ་བུར་ལས་གང་མི་འདུག །རྣམ་དཔྱོད་དང་མཁྱེན་རྒྱལ་ཡངས་པའི་བོད་རིགས་སྤུན་ཟླ་ཚོར། ནམ་རིང་སྒྲུང་གིས་མི་ཆོད་པར་ངེས་པར་དུ་མཁྱེན་དགོས། མདོར་བསྡུས་ནས་བཤད་ན་ང་ཚོའི་གཞུང་དང་དབུ་ཁྲིད་དག་གིས་ལམ་སྟོན་དང་། ལྷག་པར་༧གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞིར་རྟོགས་པར་བྱས་ནས་བྱ་བར་བཙོན་དགོས་གལ་ཆེ། དེ་མིན་དྲྭ་འབུ་དག་ལ་ཡིད་ཆེས་དུས་ནམ་ཡང་གནང་མི་རུང་། རིགས་ཞེན་དང་། རྒྱལ་ཞེན། ལྟ་གྲུབ་སོགས་ཁ་ལ་འཁྱེར་ཏེ་འུར་སྒྲོག་བཟོ་མཁན་དག་ནི་དུས་ནམ་ཡང་ཡོད་ཡོད་པ་རེད། །
་་་་་ ད་དུང་༧གོང་ས་མཆོག་ལས་སྤེལ་སར་ཕེབས་ཤོག་ཟེར་བ་ནི་ངོ་སྨྱོས་ཆུ་མཐུང་མཁན་གྱི་མི་ཞིག་གིས་བསམ་ཚུལ་ལྟ་བུར་ལས་གང་མི་འདུག ་་་ཟེར་བ་འདི་ལ་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཐམ་པ་ཡོད་དོ། །
ཡང་བསྐྱར་ཚིག་ཁ་ཤས་མ་བཤད་ན་མི་འགྲིག་ངོ་མ་རེད། ཉོན་ཨ་གྲོགས་པོ་ཚོ། ང་ཚོས་ཉམས་མྱོང་དང་། རྒྱ་ནག་དང་རྒྱལ་སྤྱིའི་གནསས་བབས་སོགས་ཕྱོགས་གང་ལ་བལྟས་རུང་། རྒྱ་ནག་ནང་ཁུལ་དུ་འགྱུར་བ་ཆེན་པོ་ཞིག་མ་བྱུང་བར་དུ་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་། གནད་ལ་སྨིན་པའི་གྲུབ་འབྲས་ཞིག་ཐོབ་པར་ངོ་མ་དཀའ་བས་གནས་སུ་མཐོང་། ལྷག་པར་དུ་ང་ཚོ་ལྡི་ལིའི་གཙོས་ས་གནས་གང་སར་མི་མང་འདུ་འཛོམས་ལེན་གཅིག་ཙམ་གྱིས་ས་ཆོད་གང་ཡང་མི་ཡོང་བ་མིག་མཐོང་ལག་ཟིན་ཡིན་པར་ནི་ང་ཡི་འདོད་ཚུལ་ངོ་མ་དེ་ཡིན། ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་གཞིས་ལུས་དཔའ་བོ་དཔའ་མོ་དག་གིས་སྤེལ་བས་ལས་འགུལ་ལས་རྒྱ་ཆེ་བ་དང་ཚད་མཐོབ་ཞིག་སྤེལ་ཡ་མེད་པ་དང་སྤེལ་མི་ཐུབ་པ་ཡང་ཁྱོད་ཚོས་ཤེས་དགོས། ད་དུང་༧གོང་ས་མཆོག་ལས་འགུལ་སྤེལ་སར་ཕེབས་ཤོག་ཟེར་བ་ནི་ངོ་མ་སྨྱོས་ཆུ་མཐུང་མཁན་གྱི་མི་ཞིག་གིས་བསམ་ཚུལ་ལྟ་བུར་ལས་གང་མི་འདུག །རྣམ་དཔྱོད་དང་མཁྱེན་རྒྱལ་ཡངས་པའི་བོད་རིགས་སྤུན་ཟླ་ཚོར། ནམ་རིང་སྒྲུང་གིས་མི་ཆོད་པར་ངེས་པར་དུ་མཁྱེན་དགོས། མདོར་བསྡུས་ནས་བཤད་ན་ང་ཚོའི་གཞུང་དང་དབུ་ཁྲིད་དག་གིས་ལམ་སྟོན་དང་། ལྷག་པར་༧གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞིར་རྟོགས་པར་བྱས་ནས་བྱ་བར་བཙོན་དགོས་གལ་ཆེ། དེ་མིན་དྲྭ་འབུ་དག་ལ་ཡིད་ཆེས་དུས་ནམ་ཡང་གནང་མི་རུང་། རིགས་ཞེན་དང་། རྒྱལ་ཞེན། ལྟ་གྲུབ་སོགས་ཁ་ལ་འཁྱེར་ཏེ་འུར་སྒྲོག་བཟོ་མཁན་དག་ནི་དུས་ནམ་ཡང་ཡོད་ཡོད་པ་རེད། །
འཇམ་གཅེས་ཟེར་བའི་རྒྱ་ཁྱི་དེས་བཤད་པ་ལྟར་ན། ང་ཚོ་བོད་ཀྱི་དཔའ་བོ་དཔའ་མོ་ཚང་མ་རྫོགས་མ་ཚར་བར་དུ་ཁ་གདང་ནས་འདི་ན་འདུག་དགོས་ཟེར་གྱི་ཡོད་ས་རེད། དེ་དངོས་གནས་རྒྱ་དམར་གྱི་ལྟ་བ་ངོ་མ་དེ་མ་ཡིན་ནམ། ད་ང་ཚོ་གོང་ས་མཆོག་དང་བཅས་པ་ལྡི་ལི་ལ་ག་དུས་འཛོམས་རྒྱུ་ཡིན་དེ་གཏན་ཁེལ་བྱ་རོགས་གྲོགས་པོ་ཚོ། ང་ཚོ་ལ་འཚམས་ཚོད་དང་ཕན་འབྲས་ཏན་ཏན་ཡོང་ངེས་དེ་རང་རེད།
༧གོང་ས་ཡིད་བཞིན་ནོར་བུ་ལས་འགུལ་སྤེལ་སར་ཕེབས་ཤོག་ཟེར་བ་ནི་ངོ་མ་སྨྱོས་ཆུ་ཡི་གཟི་བས་སྐད་འམ་བསམས་ཚུལ་རང་ལས་མ་འདས། ཁྱོད་ཚོས་ཤེས་དགོས་པ་ཞིག་ནི་༧གོང་ས་མཆོག་ནི་དེང་གིས་དུས་འདིར་འཇིག་རྟེན་སྤྱིར་ཡངས་ཀྱིས་མགོན་སྐྱབས་དང་བླང་དོར་ལམ་བསྟོན་གྱི་སྒྲོན་མེ་ཡིན་པ་ལས་མི་རིགས་བྱེ་དྲག་པ་ཞིག་དང་རྒྱལ་ཁབ་རེ་ཟུང་གིས་བེད་སྤྱོད་གཏང་ཆོག་ཆོག་མེད་པར་ཤེས་དགོས །དེ་ལྟར་ཤེས་བཞིན་དུ་བཤད་པ་ཡིན་ན་ནི་གནས་ཚུལ་ཁ་ཁར་རེད། མ་ཤེས་ན་གཞན་ལ་དྲིས། ཡང་ན་ཁ་ཙུམ་ནས་བསྡོད་དང་མཛེས་ཤོས་རེད། སྙིང་རྗེ་ཁྱོད་ཚོ་ད་དུང་མི་ལ་ངན་སྨས་འདྲ་བཟོ་ཁུལ་་ཧ་ཧ་ཧ
རང་གི་འདོད་པ་དང་མ་མཐུན་ན་དྲྭ་འབུ་ཡིན་པའི་ངེས་པ་མེད། འོན་ཀྱང་༧གོང་ས་མཆོག་ཀྱང་སྐུ་གཟན་རྐེད་པར་དཀྲིས་ཤིང་ཕྱག་ཁུ་ཚུར་མགྲེང་སྟཉ་ལས་འགུལ་དང་སྐད་འབོད་ལ་ཕེབས་ཤོག་ཟེར་ངར་ངར་བྱེད་པ་ལ་གད་མོ་རྐུབ་ནས་ཤོར་སོང་། སྙིང་ཡང་རྗེ་ནས་མིག་ཆུ་ཤོར་གྲབས་བྱས་སོང་།
༧གོང་ས་མཆོག་ནི་ཆབ་སྲིད་ཐུགས་འགན་བགྲེ་ཡོལ་ཆ་ཚང་ཕེབས་ཟིན་པ་རེད་ལ་ད་ཆ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བདག་གིར་བཞེས་དང་བཞེས་བཞིན་པ་རེད། བྱས་ཙང་གུང་ཁྲན་གྱིས་ཁོང་ལ་མཚན་སྨོད་ཞུ་གཞི་མེད་པ་རེད་ལ་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་ཟེར་བ་དེ་བརྡ་ལན་གསལ་པོ་ཞིག་འཕྲོད་དགོས་ངེས་རེད། འོན་ཀྱང་བཙན་བྱོལ་གཞུང་འཛིན་པ་ཚོས་ཆབ་སྲིད་ལས་འགུལ་སྤེལ་སྟངས་ནི་དྲི་གཙང་སྤོས་ཀྱི་ལྡིང་ཁང་ནང་ལྷ་སྐུའི་ཁྲོད་དུ་བཞུགས་ནས་ཞལ་འདོན་དགུ་བསྐྱོར་དང་བྱང་ཆུབ་སེམས་མཆོག་འདོན་པའི་ལམ་ལུགས་མ་གཏོག། ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་དུ་ཐོན་པའི་ལམ་ལུགས་མེད་པ་དེ་རེད་ལ་གཞུང་གིས་ལས་འགུལ་སྣེ་འཁྲིད་པའི་ལམ་ལུགས་མེད་པ་དེ་རེད།
རེད་རེད་མི་ངན་གསེར་འབྲུག་ཅན་ཁྱོད་ལ་འདི་འདྲ་མ་གཏོགས་བཤད་ཡ་མེད་པ་ཤེས་ཀྱི་ཡོད། བཙན་བྱོལགཞུང་འཛིན་གྱི་དབུ་ཁྲིད་དག་རྒྱལ་ཁབ་དུ་མའི་ནང་དུ་བོད་དོན་དྲིལ་སྒྲགས་གནང་གནས་ནས་ཉིན་མཚན་དབྱེར་མེད་དུ་ངལ་བ་བཙོན་བཞིན་པ་འདི་ཁྱོད་ཀྱིས་མ་མཐོང་བ་མགོ་བོ་དོང་ནང་དུ་བཅུག་ནས་བསྡད་ཡོད་དམ། བོད་དོན་ལས་འགུལ་སྣེ་འཁྲིད་ན་ཡིན་གཅིག་རྒྱལ་འདའ་རྨ་འདའ་ལ་ཡོང་ནས་བོད་རང་བཙན་ཡིན་ཟེར་ནས་སྐད་འབོད་རྒྱག་དགོས་པ་ཡིན་ནམ། རྒྱལ་དར་མེ་བསྲེག་དགོས་སམ་་ཧ་ཧ་ཧ་ཧ་ཧ་ཧཧ
རེད་འཇམ་གཅེས་ཏང་ཡོན་གླང་རྒན་ཁྱོད་ཀྱིས་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡ་རྒྱུས་མེད་བདེན་པ་རེད། དཔེར་ན་རྒྱ་གར་རང་བཙན་འཐབ་རྩོད་པ་གཎ་དྷི་ཇིས་ཆབ་སྲིད་ཀྱི་འཚོར་ཤུགས་ཆེ་བའི་གཞུང་ལམ་དུ་ཐོན་ནས་མི་དམངས་ཀྱི་སྣེ་འཁྲིད་པ་རེད་ལ། སྐབས་རེ་བཙོན་དུ་བཞུགས་ནས་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་བ་མ་ཟད་དབང་འཛིན་པས་འགྲམ་ལྕག་གཞུས་ཀྱང་འགྲམ་པ་གཞན་དེ་གཟེད་ནུས་པའི་སྙིང་སྟོབས་ལྡན་ཡོད་པ་རེད། མ་ཟད་ཁོང་དམངས་དཀྱུས་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བར་རོལ་བ་མ་གཏོག་འབྱོར་ལྡན་གྲལ་རིམ་གྱི་འཚོ་བར་རོལ་གྱི་མེད་པ་དེ་རེད། ད་དུང་འབར་མའི་དམངས་གཙོའི་འཐབ་རྩོད་ཀྱི་སྣེ་འཁྲིད་པ་ལྕམ་ཨང་སན་སུའུ་ཡང་དེ་དེ་བཞིན་གཞུང་ལམ་དུ་ཐོན་ནས་མི་དམངས་ཀྱི་འཐབ་རྩོད་སྣེ་འཁྲིད་ཀྱི་ཡོད་པ་རེད། དེ་གཅིག་ཡིན། བོད་དོན་དྲིལ་སྒྲགས་བྱེད་མཁན་དྲིལ་སྒྲགས་ལས་ཁུངས་བཙུགས་ཡོད་པ་རེད། འོ་ན་ཁོ་ཚོ་དོན་མཁོ་མ་ཆོད་པ་རེད་པས། ལར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དོན་གཅོད་ལས་ཁུངས་བཙུགས་ཡོད་པ་རེད། འོ་ན་དེ་ཚོ་ག་རེ་བྱེད་མཁན་རེད། ད་དུང་ཕྱི་འབྲེལ་ལས་ཁུངས་ག་པར་ཕྱིན་པ་རེད། མ་གཞི་ནས་ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ག་གེ་མོ་ཞིག་གི་གཤམ་འོག་གི་དཔོན་རིགས་ཁ་ཤས་དང་མཇལ་འཕྲད་བྱས་པ་ཙམ་གྱིས་བོད་དོན་དྲིལ་སྒྲགས་དང་དཀའ་གནད་སེལ་ཐུབ་ཀྱི་ཡོད་ན་དེ་སྔོན་ནས་བོད་རྒྱའི་གནད་དོན་ཐམས་ཅད་མཇུག་སྒྲིལ་ཚོད་ཡིན། བྱས་ཙང་ཨ་རིས་གཙོས་པའི་ནུབ་ཕྱོགས་པ་དེ་ཚོའི་དཔོན་རིགས་ཕལ་ཆེ་བ་རྒྱ་ནག་དང་ཁྱི་སྤྱང་རྐུབ་འབྲེལ་གཏོང་མཁན་གྱི་སྲིད་དོན་ཚོང་པ་རྐྱང་རྐྱང་རེད་མ་གཏོག་ལྷག་བསམ་རྣམ་དག་གིས་བོད་དོན་ལ་སེམས་འཕྲལ་བྱེད་མཁན་གཅིག་ཀྱང་མེད་པ་དེ་རེད། དེས་ན་བོད་ནང་གི་རང་ལུས་མེར་སྲེགས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་རྒྱལ་སྤྱིས་མི་ཤེས་པ་རྩ་བ་ནས་མ་རེད། འོན་ཀྱང་ཁོ་ཚོས་དོ་སྣང་དང་ཡིད་འཇོགས་བྱེད་ཀྱི་མེད་པ་དེ་རེད། མ་ཟད་ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཐམས་ཅད་ད་ཆ་རང་རང་སོ་སོའི་རྒྱལ་ཁབ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་རྙོག་འོག་བོད་དོན་ལ་དོ་སྣང་བྱེད་ལོང་མེད་པ་རེད། བྱས་ཙང་གནད་དོན་གླེང་སློངས་ཀྱི་ཁ་ཕྱོགས་ཚང་མ་དཔལ་འབྱོར་ཉམས་རྒུད་ཐད་རེད་ལ་དོ་སྣང་ཡང་འདིའི་ཐད་རེད། འོ་ན་ང་ཚོས་ག་རེ་ལས་དགོས་པ་རེད་ཟེར་ན་མགོ་ནས་མཇུག་བར་ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་ཁག་དང་། གནད་ཡོད་ཀྱི་ལས་ཁུངས་ཁག། རྒྱ་ནག་གི་གཞུང་ཚབ་ཁག། རྒྱ་ནག་དང་ཁྱི་སྤྱང་རྐུབ་འབྲེལ་བྱེད་མཁན་གྱི་བཟོ་ཚོང་མ་ལག་ཁག་ཏུ་གཞི་རྒྱ་ཆེ་བའི་མཉམ་རུབ་ཀྱི་ལས་འགུལ་སྤེལ་དགོས་པ་རེད་ལ་རྒྱལ་སྤྱིའི་གསར་འགོོད་པ་གང་མང་མང་གདན་དྲངས་ནས་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བཤམས་དགོས་པ་རེད། སྐབས་དེ་དུས་འཛམ་གླིང་མི་དམངས་ཀྱིས་རང་བཞིན་གྱི་དོ་སྣང་སླེབས་ཀྱི་རེད་ལ་ག་ལེར་རྒྱལ་སྤྱི་ཁ་སྐྱེངས་པོ་དང་དོ་སྣང་མ་བྱེད་རང་བྱེད་ཆགས་དགོས་པ་བཟོ་དགོས་པ་རེད་ལ་རྒྱ་ནག་ངོ་ཚ་དང་ཁ་སྐྱེངས་བསུན་བཙེར་བཟོ་དགོས་པ་རེད། ལས་འགུལ་འདིར་མགོ་མཇུག་ཚང་མ་མཉམ་བཞུགས་གནང་དགོས་པ་རེད་མ་གཏོག་གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས་གཅིག་པུས་ནུས་པ་ཐོན་གྱི་མེད་པ་ས་རིས་ཐང་གསལ་རེད། དེ་ནས་འཇམ་གཅེས་ཏང་ཡོན་གླང་རྒན་ཁྱོད་ཀྱི་དར་དམར་བསྲེགས་མི་ཆོག་པ་ཅི་རེད། ཏང་མི་ཁྱོད་ཚོས་བོད་མི་རིགས་བཅུ་ཕྲག་དྲུག་ལ་ཉེ་བ་གསོན་བསྲེགས་བཏང་བ་དེ་ཁྱོད་གླང་རྒན་གྱིས་མི་མཐོང་བ་ཨེ་རེད། དོན་དངོས་བྱས་ན་ཏང་ཡོན་གླང་རྒན་ཁྱོད་ཚོ་དར་དམར་དང་མཉམ་དུ་གསོན་བསྲེགས་གཏོང་དགོས་ཚོད་ཡིན།
རིག་པའི་རྡོ་རྗེ་ཟེར་བ་དེ་སུ་རེད་དམ། མི་འདི་རིགས་ལ་ངེས་པར་དུ་གཟབ་དགོས་རེད། འདི་རིགས་ནང་ན་རྒྱ་མིའི་སོ་བ་མང་པོ་ཡོད་་རེད། དཔེར་ན། ད་ལྟ་སྐུ་སྒེར་ཡིག་ཚང་ན་ཡོད་པའི་ཚུལ་ཁྲིམས་རྡོ་རྗེ་འདྲ་བོ་རེད། ཚུལ་ཁྲིམས་རྡོ་རྗེ་དང་སྒོ་དྲུག་སྐལ་བཟང་ཕུན་ཚོགས་བཙོས་པའི་བོད་མི་ཁ་ཤས་ཀྱིས་བལ་ཡུལ་དུ་ལས་འགུལ་སྤེལ་གྱི་ཡིན་ལབ་ནས། བལ་ཡུལ་བོད་རིགས་དང་བལ་ཡུལ་གཞུང་གི་དབར་འགལ་བ་མང་པོ་བཟོས་ཏེ་མཐར་བལ་ཡུལ་བོད་པ་འདུག་ཆོག་མི་ཆོག་གི་སྐད་ཆ་བྱུང་བ་རེད།
ད་རུང་འདི་ཚོས་འདྲ་མིན་བཟོ་བཞིན་ཡོདརེད། ཚུལ་ཁྲིམས་རྡོ་རྗེ་རྗེས་མ་སྐུ་སྒེར་ཡིག་ཚང་ནང་ལ་འཛུལ་ཞུགས་བྱས་ཡོད། སྒོ་དྲུག་འཁྱམས་ནས་བསྡད་ཡོད་རེད། ཁོང་༸གོང་ས་མཆོག་གི་བཀའ་ལ་མི་བརྩི་བ་ལྡི་ལི་ལ་མི་མང་འཛོམས་ནས་རྒྱ་གར་དང་བོད་པ་གཞིས་ཆགས་དབར་འགལ་བ་བཟོས། རྗེས་མ་རྒྱ་གར་གཞུང་གིས་བཀའ་བཏང་དུས་ཁ་ལ་མི་ཉན། དེ་དུས་་འཁྲུག་པ་བརྒྱབ། དེ་ནས་རྒྱ་གར་གཞུང་དང་བོད་པའི་དབར་ལ་དགལ་བ་བཟོ་ཐུབ་ན་བཟོས་ཏེ། བོད་པ་ཚོ་འདུག་མི་བདེ་བ་བཟོ་བསམ་གི་ཡོད་རེད་། གཞན་ཅི་ཡང་མ་རེད།
ལས་འགུལ་སྤེལ་སྟངས་ཙམ་ཡང་ཤེས་པའི་བོད་གཞུང་ཞིག་མ་རེད།
འདི་ནང་བཤད་སྟངས་ལ་གཞིག་ན་ཚང་མ་དོགས་པ་ཟ་དགོས་ཡ། ཚང་མ་དྲྭ་འབུ། འོ་དེ་འདྲ་རེད་འདུག ད་ཅི་བྱེད་ན་དྲག་ཡོང་། ཤུ་་་་
ངས་སྔོན་མ་ནས་ལན་མང་བཤད་ཟིན་པ་ཞིག་ནི། མི་ངན་གསེར་འབྲུག་འདི་ནི་མི་རིགས་ལ་རྒྱལ་དང་ལྟ་གྲུབ་ཁ་རུ་འཁྱེར་ནས་དོན་ངོ་མ༧གོང་ས་མཆོག་ལ་མཚན་སྨས་བཟོ་མཁན་ཡིན་པ་ནི་ས་རིས་ཐང་གསལ་རེད་བཅས་བཤད་ཡོད། གཟིགས་དང་ཁོས་ག་རེ་བཤད་འདུག གཎ་དྷི་དང་ཨང་སིམ་སུ་བཅས་སོགས་ཀྱིས་ལས་འགུལ་སྤེལ་བ་རེད་༧གོང་ས་མཆོག་གི་དེ་བཞིན་སྐུ་ལས་རྒྱབ་གི་མི་འདུག་ཟེར་བ་མ་ཡིན་ནམ། ད་དུང་གོང་གསལ་ཡིག་ཉོག་འདི་ཡི་ནང་དུ་དགོད་མོ་རྐུབ་ནས་ཤོར་དགོས་པ་མང་པོ་ཞིག་བཤད་མི་འདུག་གམ། བོད་དོན་དྲིལ་སྒྲགས་བྱེད་མཁན་དྲིལ་སྒྲགས་ལས་ཁུངས་བཙུགས་ཡོད་པ་རེད། འོ་ན་ཁོ་ཚོ་དོན་མཁོ་མ་ཆོད་པ་རེད་པས། ལར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དོན་གཅོད་ལས་ཁུངས་བཙུགས་ཡོད་པ་རེད། འོ་ན་དེ་ཚོ་ག་རེ་བྱེད་མཁན་རེད། ད་དུང་ཕྱི་འབྲེལ་ལས་ཁུངས་ག་པར་ཕྱིན་པ་རེད་ཟེར་རྒྱུ་མཚན་འདུག་གམ། ཁོས་བཤད་སྟངས་ལ་ལྟོས་དང་། ཕུང་རྒན་འདི་ཡིས་ག་དུས་ཡིན་རུང་ནང་ཁུལ་དཀྲུགས་ཤིང་བརྒྱག་གང་ཐུབ་བཟོ་དགོས་པ་དེ་ཁོས་ལས་འགན་ཡིན་པ་འདྲ། ཡིག་ཉོག་འདེ་ཚོར་རེ་རེ་བཞིན་ལེན་བྲིས་ན་དུས་འཕྲོས་རླག་ལས་གང་ཡང་མི་འདུག །རིན་ཐོང་ཡང་མིལྡན་པས་དེ་ཙམ་ཡིན། སྐྱག་ཁ་མངོག་ན་སྐྱག་དྲི་མ་གཏོག་གང་ཡང་མི་འདུག །
བདེན་པ་ལ་རྒྱབ་སྐྱོར་ཡོད།
ངས་ཀྱང་སྔ་མོ་ནས་མང་མང་བཤད་ཟིན་པ་ལྟར་ཏང་ཕྲུག་སྐྱག་ཟན་ཁྱོད་༧གོང་ས་མཆོག་ལ་དད་པ་ཡོད་མདོག་གིས་ཁོང་ཁ་རྩེར་འཁྱེར་ནས་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་བསྒྲུབ་མཁན་ཡིན་པ་སྔ་ས་ནས་ཤེས་ཡོད། རྒྱུ་མཚན་ཁྱོད་ཀྱི་བྲིས་པའི་མཆན་ཡོད་ཚད་ནང་གཅིག་བལྟོས་དང་དར་དམར་བསྲེགས་པའི་སྙིང་ནད་རྩོད་པ་དང་རང་བཙན་གྱི་འབོད་སྒྲ་བསྒྲགས་རྐྱེན་ན་ཟུག་ཁོ་ན་ཕྱིར་མངོན་ཡོང་གི་འདུག། བྱས་ཙང་དུས་བབས་ནང་བོད་བསྒྱུར་བྱས་པའི་(གུང་ཁྲན་ཏང་གི་”དྲ་འབུ་”ཞིག་གིས་འདི་ལྟར་བཤད། ཞེས་པ་ཞིག་རྒྱ་ནག་གི་སྒྱུ་རྩལ་གྲགས་ཅན་ཨེའེ་ཝེ་ཝེ་ཡིས་(ipad)ཞིག་རྔན་པ་དང་བདེ་འཇགས་ལ་འགན་ལེན་བྱས་ནས་རྒྱ་ནག་གཞུང་གིས་དྲ་ཐོག་གི་གསར་འགྱུར་དང་གླེང་གཞི་ཁག་ཁ་བསྒྱུར་དང་ནག་བསུབ་གཏོང་བར་ཆེད་མངགས་མི་སྣ་བཀོལ་སྤྱོད་ཀྱིས་དྲ་ངོས་སུ་དཔྱད་མཆན་འདེབས་འཇུག་གི་ཡོད་པའི་ནང་ནས་དྲ་འབུ་ཞིག་ལ་བཅར་འདྲི་བྱས་པའི་ནང་དྲི་བ་དྲིས་ལན་ལྔ་པ་དང་དྲུག་པའི་ནང་དོན་དྲ་འབུ་དེའི་བྱ་བྱེད་ལས་གསུམ་ཚང་མ་ཏང་ཕྲུག་ཁྱོད་ཀྱིས་མཆན་འདེབས་དང་སྒོ་ཀུན་ནས་གཅིག་མཚུངས་རེད་འདུག་ན་ངས་ངོས་འཛིན་གསལ་པོ་ཐོབ་སོང་། དེ་ལྟ་བས་ན་གླང་རྒན་ཁྱོད་ཀྱིས་ནམ་རྒྱུན་༧གོང་ས་མཆོག་ལ་དད་པ་ཡོད་མདོག་བྱེད་པ་ནི་ཁྱོད་ལ་རྒྱབ་སྐྱོར་འཐོབ་ཆེད་རེད་ལ། རྒྱབ་སྐྱོར་ཐོབ་ཚེ་དབུས་འཐབ་ཕྱོགས་གཅིག་གྱུར་པུས་བཀོད་མངགས་ལས་དོན་བདེ་བླགས་ངང་འགྲུབ་རྒྱུའི་དམིགས་ཡུལ་བཟུངས་ཡོད་པ་རེད། བྱས་ཙང་ངའི་མཆན་ཁ་བསྒྱུར་ཐབས་བྱེད་རྒྱུ་དེ་ཁྱོད་ཀྱི་ལས་དོན་གལ་ཆེན་ཞིག་ཆགས་ཡོད་པ་རེད་ལ་ངན་སྨྲས་དང་སྨོད་ངན་ཡོད་དགུ་འདོན་པ་དེ་ནི་དཔྱད་མཆན་པ་ཡོང་རྫོགས་ཁྱོད་ལ་འཐབ་འཛིང་བྱེད་རེ་ཡིས་གླེང་གཞི་ཁ་ལོ་བསྒྱུར་ནས་ཁ་ཕྱོགས་གཞན་དུ་འཁྲིད་རྒྱུའི་རེ་ངན་བཅངས་ཡོད་པ་རེད།
དེས་ན་ངས་གོང་གི་མཆན་ནང་གཎ་དྷི་དང་ལྕམ་ཨང་སན་སུའུ་དཔེ་མཚོན་བཞག་པ་དེ་༧གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ་གང་འདྲ་སེ་ཆགས་པ་རེད། ༧གོང་ས་མཆོག་ཆབ་སྲིད་བགྲེས་ཡོལ་ཆ་ཚང་ཕེབས་ཟིན་ནས་ཆབ་སྲིད་ཐུགས་འགན་བཞེས་ཀྱི་མེད་པར་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་བསྐྱངས་དང་སྐྱོངས་བཞིན་པ་ས་བསྒྲགས་གནམ་བསྒྲགས་རེད་ན་ཁྱོད་ཞར་ལོང་འོན་གསུམ་ཆགས་ཚར་བ་ཨེ་རེད། ད་དུང་ངའི་མཆན་རེ་རེ་བཞིན་ལན་བསྟེར་རྒྱུར་དུས་ཚོད་འཕྲོ་བརླགས་ཡིན་ན་ཅིག། ཁྱོད་ཚོ་གཅིག་བསྡུས་རིང་ལུགས་པར་དམངས་གཙོའི་ལྟ་གྲུབ་ཀྱིས་ཆབ་སྲིད་ལས་འགུལ་སྤེལ་རྒྱུ་ཟེར་བ་ཞིག་མིང་ཙམ་ཡང་མེད་པ་མ་ཟད་དམངས་གཙོའི་ལྟ་གྲུབ་རང་བཞིན་ལྡན་པའི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད་ཙང་རེ་རེ་བཞིན་ལན་བསྟེར་རྒྱུ་ཞིག་རི་བོང་གི་རྭ་དང་མོ་ཤམ་གྱི་བུ་མ་རེད་པས། བྱས་ཙང་དགད་མོ་ཁ་ནས་དགོད་མི་ནུས་པར་གཉའ་ཞུམས་ནས་རང་བཞིན་གྱི་རྐུབ་ནས་ཤོར་འགྲོ་བ་དེ་སྟུག་དྲི་རེད། དེས་ན་ངའི་གནས་ལུགས་རྒྱུ་མཚན་ལྡན་པའི་མཆན་ལ་ཁྱོད་རང་གིས་ལྡོག་ཕྱོགས་ཀྱིས་ལན་ཞིག་བཏབས་ན་མི་གཞན་གྱིས་ལན་ལ་རིན་མཐོང་མི་བསྟེར་བ་དེ་དངོས་ཡོད་ཡིན་ཙང་ཁྱོད་རང་གིས་ཤེས་པ་དེ་ཡག་པོ་རེད། མ་གཞི་ནས་ཏང་ཕྲུག་ཁྱོད་ཀྱི་ཁ་ནས་སྐྱག་པ་རྐྱང་རྐྱང་མ་གཏོག་གནས་ལུགས་ལྡན་པའི་ལན་ཞིག་ཐོན་རྒྱུ་མེད་པ་ནི་ངས་སྔ་ས་ནས་ཤེས་ཡོད། ད་དུང་དམངས་གཙོ་དང་སྨྲ་བརྗོད་རང་དབང་བསྐོར་བཤད་པ་ཙམ་གྱིས་སྙིང་རླུང་སྟོད་ལ་འཚངས་ནས་ངན་སྨྲས་དང་སྨོད་ཚིག་ཡོད་དགུ་བོར་རྒྱུ་ནི་ཁྱོད་ཀྱི་རང་གཤིས་སུ་བསྒྲུབས་ཡོད་པ་རེད། དེ་ནི་ཁྱོད་ལ་ཁག་མེད་པ་རེད། གཅིག་བསྡུས་རིང་ལུགས་ཀྱིས་གསོ་སྐྱོང་འོག་ཚར་ལོངས་བྱུང་ཙང་གཅིག་བསྡུས་ལམ་ལུགས་མ་གཏོག་དམངས་གཙོའི་ལམ་ལུགས་དང་སྨྲ་བརྗོད་རང་དབང་གི་ལམ་ལུགས་ཟེར་བའི་མིང་ཙམ་ཡང་གོ་མྱོང་མེད་ཙང་བྱས་པ་རེད། དེས་ན་ཁྱོད་ལ་ལས་འགན་ཞིག་ཡོད་པ་ནི་དམངས་གཙོའི་སྤྱི་ཚོགས་ནང་སིམ་གྱིས་འཛུལ་ནས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྒོལ་གྱིན་རྒོལ་གྱིན་གཅིག་བསྡུས་རིང་ལུགས་ཀྱི་སྲིད་དབང་སྒེར་འཛིན་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ་དེ་ཁྱོད་ཀྱི་ལས་འགན་གཙོ་བོ་རེད་ལ་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་མངགས་ཡང་དེ་རང་རེད།