གནས་ཚུལ་མཁོ་འདོན་པཿ བསོད་ནམས།
འབྲེལ་ཡོད་མི་སྣ་བརྒྱུད་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར། ༢༠༡༢ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༦ ཉིན་བོད་ནང་གི་ཆུ་ཚོད་ ༧ པ་མ་ཟིན་ཙམ་ལ་རང་ཁྱིམ་ནས་སྦག་སྦག་གམ་འཕྲུལ་རྟ་ཞོན་ཏེ་ལམ་ལ་ཆས་ནས་བླ་བྲང་བསང་ཁོག་ཞང་གི་སྲང་ལམ་དུ་དཔའ་བོ་ཚེ་དཔག་སྐྱབས་སམ་གཅེས་མིང་ལ་༼ཚེ་བྷ༽ལགས་ཀྱིས་༼༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གི་གཙོས་ཆབ་སྲིད་བཙོན་མ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས།༽ ཞེས་སོགས་ཀྱི་སྐད་འབོད་བྱེད་བཞིན་རྒྱ་ནག་གི་སྲིད་ཇུས་ལ་མི་འདོད་པའི་ཞི་བའི་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག
སྐབས་དེར་ས་གནས་མང་ཚོགས་ཀྱིས་སྐུ་ཕུང་རྒྱ་དམག་ལ་ཁྱེར་དུ་མ་བཅུག་པར་བསང་ཁོག་གསེར་ཁྲིའི་རུ་ཁག་བཞི་བའི་དཔའ་བོ་ཁོང་གི་རང་ཁྱིམ་དུ་གདན་འདྲེན་བྱས་ཐུབ་ཡོད་པ་དང་། མི་མང་མང་བོ་འཛོམས་ཏེ་ད་ལྟ་སྐུ་ཕུང་སྲུང་ཡོད་འདུག ད་ལྟ་ས་གནས་དེར་དམག་མི་དང་ཉེན་རྟོག་པ་མང་བོ་འབྱོར་ནས་མི་མང་ལ་འཇིགས་སྐུལ་དང་དམ་དྲག་བྱེད་བཞིན་ཡོད་པས་འདིའི་རྗེས་ཀྱི་གནས་ཚུལ་གསལ་བོ་ལེན་ཐུབ་མ་སོང་། ད་དུང་མུ་མཐུད་ནས་གནས་ཚུལ་ཞིབ་ཕྲ་ཐབས་ཤེས་བྱེད་བཞིན་ཡོད།
སྐུ་གཤེགས་དཔའ་བོ་ཚེ་དཔག་སྐྱབས་ཁོང་གི་སྐྱེས་ཡུལ་ནི། བླ་བྲང་བསང་ཁོག་རུ་མང་རུ་ཁག་གཉིས་པ་ནས་ཡིན་པ་དང་ད་ལོར་རང་ལོ་ ༢༡ ཡིན་པ་དང་། ཨ་མའི་མིང་ལ་ཀླུ་མོ་བྱམས། མོ་ལ་བུ་གཉིས་ཡོད་པ་ལས་ཆེ་བའི་མིང་ལ་བཀྲ་ཤིས་དོན་འགྲུབ་ཟེར། ཆུང་བ་འདས་པོ་ཁོང་ད་ལྟ་བསང་ཁོག་གསེར་ཁྲིའི་རུ་ཁག་བཞི་བར་མག་པར་སོང་ནས་ལོ་གཅིག་མ་ཟིན་ཙམ་དང་། བཟའ་ཟླའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར་ཞིང་། ད་ལོར་རང་ལོ་ ༡༨ རེད་ཟེར། འདིའི་རྗེས་ཀྱི་གནས་ཚུལ་ཇི་འབྱུང་ལག་སོན་ནམ་བྱུང་ན་དུས་ལྟར་བརྒྱུད་ལམ་ཁག་ཏུ་གཏོང་ངེས་ཡིན། འདིའི་སྐོར་ལ་ད་དུང་དྲི་བ་ཡོད་ན་འོག་གི་ཁ་བྱང་འདི་གཉིས་གང་རུང་ལ་འབྲེལ་བ་གནང་རོགས་ཞུ།
དགེ་འདུན་དང་ཐུབ་བསྟན་གཉིས་ཀྱིས།
9845382669
8892977426
རྒྱལ་སྲས་དཔའ་བོའི་ལག་ལེན་ཇི་བཞིན་དུ། རང་ཉིད་སྲེག་པའི་བློ་སྟོབས་མེད་ན་ཡང་། སྙིང་རྗེའི་གདུང་བ་དྲག་པོའི་ཚོར་ཤུགས་ཀྱིས། གཞན་གྱིས་སྲེག་པར་མིག་ནས་མཆི་མ་འབྲུལ། ཆུང་མ་ཕྲུག་གུའི་བརྩེ་བ་རྒྱབ་ཏུ་བཞག གཅེས་པའི་ཚེ་སྲོག་དམར་པོ་མེ་ལ་བཞུས། འདི་ལྟར་རང་གཅེས་དོར་བའི་མཛད་རྗེས་ལ། ས་ཐོབ་སེམས་དཔའི་ཚོགས་ཀྱང་ཧད་དེ་ལུས།
མྱི་རེ་རེ་ཡིས་འཐབ་ན་བལ་རྒྱུ་ཞིག་ཡིན་ནི་མ་རེད། ལྔ་བཅུ་ང་བརྒྱད་ལོ་ལ་ལྟོས་དང།
ཚང་མ་མཉམ་དུ་འཐབ་པའི་ཁ་བཀོད་པ་རེ་འཐེན་ནི་མེད་ན། ད་དུང་གནས་ཚུལ་འདི་འདྲ་ཡོད་ཡོད་པ་རེད། བློ་བཀོད་པ་ཅན། རྒྱུ་འབྱོར་བ་ཅན། ཐོབ་གོ་ས་ཅན། འདྲ་ཡོད་ན་ནུས་ཤུགས་རྩལ་དགུ་འདོན་པའི་དུས་ཤར་ཚར་འདུག།
དྲ་ལམ་ཡོད་ཚད་ན་དྲ་གྲོགས་ཚོས་སྨོན་ལམ་རེ་བརྒྱ་མ་ནི་རེ་བཏོན་
ཁ་ནས་སྙན་པོ་རེ་བཤད ཤ་ཚ་མདོག་གི་མྱ་ངན་གུས་འདུ་རེ་ཞུས་བཞིན་འདུག
དེ་ལས་བཙན་བྱོལ་བ་ཚོ་གཞི་རྒྱ་ཆེ་བའི་ལས་འགུལ་རེ་ཉིན་བརྒྱ་དུས་གཅིག་ལ་
སྤེལ་ཐུབ་པས་ཐབས་ཤེས་བཙལ་ན་ཅི་མ་རུང་།
དྲ་གྲོགས་རིག་པའི་རྡོ་རྗེ་ལྟ་བུ་དྲ་ལམ་ན་མང་པོ་ཡོད་ན་ཅི་མ་རུང་།
རླབས་ཆེ་བས་འཆི་སྟངས་འདིར་ཧང་སངས་ནས་ཡོད། རེ་སྒུག་ཁྲོད་ཀྱི་གསོན་སྟངས་ལ་ཡིད་ཚིམས་པ་མི་འདུག་ནའང་།
སྐྱེ་བ་ཕྱི་མ་ཡོད་མེད་གང་ལྟར་ཡང་ཐམས་ཅད་ལ་སྐྱེ་བ་གཅིག་དང་འཆི་བ་གཅིག་ལས་མེད་པས་ཁོང་རྣམས་པ་གཟི་བརྗིད་ངང་འཆི་སོང་བ་རེད། ང་ཚོ་ནི་སེམས་སྡུག་ཞིག་དང་ཞུམ་པ་ཞིག་གི་ངང་ནས་གསོན་ཡོད།
བོད་ནང་གི་དཔའ་བོའི་སྙིང་སྟོབས་འདི་མཐོང་དུས། ང་རང་གསོན་རྒྱུ་ངེས་པ་ཤེས།
བྱེས་ཀྱི་བོད་མི་གཞིས་ཆགས་འདི་ཚོ་མཐོང་དུས། ང་རང་ཤི་རྒྱུ་ཡིན་པ་ཤེས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །གཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། ཨ་བླ་མ་མཁྱེན་ནོ། ༧རྒྱལ་བ་ཡིད་བཞིན་ནོར་བུས་མཁྱེན་ནོ།།
གང་ན་དྲགས་གནོན་ཡོད། དེ་ན་ངོ་རྒོལ་ཡོད། བོད་མིའི་ངོ་རྒོལ་ལ་མཚམས་མ་བཞག་ན་རྒྱ་ནག་གི་བདེ་བསྲུང་ལ་སྐད་ངན་ཤོར་སྲིད་པ་རེད། འཛམ་གླིང་མི་མང་ང་ཚོའི་རྒྱབ་རྩ་ན་ཡོད་བོད་མི་ཚོ་དཔའ་མ་ཞིམ་མཛོད་བོད་རྒྱལ་ལོ།
བོད་པ་མགོ་ནག་རང་གིས་མ་འཇོན་ན་ འཛམ་གླིང་མི་མང་ང་ཚོའི་རྒྱབ་རྩར་ལངས་རྒྱུའི་རེ་ངན་ཁོ་ཐག་ཆོད་སོང། ཆབ་སྲིད་ཀྱི་མགོས་མཁོ་རེ་དང་ དཔལ་འབྱོར་གྱི་མགོས་མཁོ་རེ་རེས་བོད་དོན་ལ་ཁ་ཙམ་གྱི་སྐད་ཆ་ཚིག་སྐམ་རེ་རེའི་མཇུག་བསྡུས་ན་དགའ། བོད་དོན་བོད་པས་བསྒྲུབ། བོད་སྲིད་བོད་པས་སྐྱོང། བོད་ཟས་བོད་པས་མཆོད། བོད་ཆས་བོད་པས་གྱོན། བོད་རྒྱལ་ལོ།།
བདེན་པ་རེད།ང་ཚོ་ནི་དཔའ་སྐད་རྒྱང་ནས་འཐེན་གྱི་སྡར་མ་རྐྱང་རེད།
ངས་བལྟས་ན་དུས་སྐབས་འདིར་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བརྗེ་ལེན་གིྱ་ཛ་དྲག་ཆེ་བ་དང་གཅིག སི་རི་ཡ་ཡི་དུས་བབས་ཟང་ཟིང་ཆེ་བ་དང་གཉིས། རང་ལུས་མེར་སྲེག་གནང་སར་དེར་རང་དབང་གི་གསར་འགོད་པ་འགྲོ་དབང་མེད་པ་བཅས་གསུམ་ལ་བརྟེན་ནས་ང་ཚོའི་དཔའ་རྒོད་མང་པོ་ཞིག་གི་རང་སྲོག་དོར་བ་དེ་རྒྱལ་སྤྱིའི་ནང་མངོན་གསལ་ཆེ་བའི་དོ་སྣང་ཤུགས་ཆེན་བྱེད་ཡུལ་ཞིག་བྱུང་མ་ཐུབ་པ་དེ་ནི་ངའི་བློ་ཕམ་ཆེ་ཤོས་དེ་ཡིན། ང་ཚོ་བོད་པ་ཚང་ལ་འཆི་རྒྱུ་ལ་མི་སྐྲག་མཁན་དཔའ་རྒོད་འདི་འདྲ་མང་པོ་ཡོད་དུས་ཚོགས་པ་ཞིག་གིས་གོ་བསྒྲིག་འོག་རེ་རེ་བཞིན་ཕྱི་ཕྱོགས་སུ་ལེན་ནས་རེ་རེ་བཞིན་ནེའུ་ཡོག་དང་སི་སུར་རྒྱལ་ཚོགས་ཀྱི་སྒོ་ཁར་རང་སྲེག་གིས་སྐད་བྱས་ཐུབ་ཡོད་ན་ཡག་པོ་ག་འདྲ།