༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
གཟའ་ཕུར་བའི་ཉིན་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། བོད་མི་གཅིག་སྐུ་གྲོངས་འདུག
སྦྲ་སོག་འབྲི་གསུམ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་རང་ལོ་ ༢༠ ཡིན་པའི་ཚེ་སྤོ་དང་། རང་ལོ་ ༢༥ ཡིན་པའི་བསྟན་འཛིན་གཉིས་ཀྱིས། ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་བསྲེཊ་ཀྱིས་ “ བོད་རང་བཙན་ཡིན།༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས” ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། ཚེ་སྤོ་ལགས་སྐབས་དེར་སྐུ་གྲོངས་ཡོད་འདུག
ཁོང་གཉིས་ནི། བོད་རང་སྐྱོང་ལྗོངས་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་ནག་རོག་ཕམ་པ་གྲོང་སྡེ་ནས་ཡིན་པ་དང་། ནག་རོག་ནི་ནག་བུག་སེར་གསུམ་ནང་ཚན་ནགས་ཤོད་ཚོ་དགུའི་ཚོ་ཆུང་གསུམ་ཟེར་བ་དེའི་ཡ་གྱལ་ཞིག་ཡིན་འདུག
རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་ཀྱི་ཕ་མིང་ལ་བུ་ཆུང་དང་མ་མིང་ལ་དགའ་དགའ་འབོད་ཀྱི་ཡོད་པ་དང་། བསྟན་འཛིན་ལགས་ཀྱི་ཕ་མིང་ལ་ཉི་མ་དང་མ་མིང་ལ་ལུགས་དགེ་འབོད་ཀྱི་ཡོད་འདུག ཁོང་ ༢༠༠༨ ལོར་བཙན་བྱོལ་དུ་ཡོང་རྗེས་སུ་ཇཱ་བོད་ཁྱིམ་དུ་ཟླ་ ༦ ཙམ་རིང་སྡོད་མྱོང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ ༢༠༠༨ ལོ་ནས་བཟུང་འབྲི་རུ་རྫོང་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱིན་པ་མ་ཟད། ཉེ་ལམ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་ནག་རོག་ས་ཁུལ་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་། ས་གནས་ཀྱི་ཁ་པར་དང་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ། ས་གནས་བོད་མིའི་ལག་ནས་གང་བྱུང་ཁ་པར་སོགས་བཙན་འཕྲོག་དང་འཛིན་བཟུང་བྱེད་ཀྱི་ཡོད་འདུག
རྒྱལ་གཅེས་དཔའ་བོ་རྣམས་གཉིས་དེ་མདོ་ཁམས་རྒྱ་སྟོན་ལྡིང་དགུའི་ཡ་གྱལ་རྒྱྒྱྒྱང་ནས་རེཙ་འདུག་པས་ནོར་ཅོས་ཡོང་བ་ཞུ
རྒྱ་ཤོད་བན་དཀར་ནག་རོག་ཕམ་པ་གྲོང་ནས་རེད། ནོར་བཅོས།
ངས་བལྟས་ན་དུས་སྐབས་འདིར་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བརྗེ་ལེན་གིྱ་ཛ་དྲག་ཆེ་བ་དང་གཅིག སི་རི་ཡ་ཡི་དུས་བབས་ཟང་ཟིང་ཆེ་བ་དང་གཉིས། རང་ལུས་མེར་སྲེག་གནང་སར་དེར་རང་དབང་གི་གསར་འགོད་པ་འགྲོ་དབང་མེད་པ་བཅས་གསུམ་ལ་བརྟེན་ནས་ང་ཚོའི་དཔའ་རྒོད་མང་པོ་ཞིག་གི་རང་སྲོག་དོར་བ་དེ་རྒྱལ་སྤྱིའི་ནང་མངོན་གསལ་ཆེ་བའི་དོ་སྣང་ཤུགས་ཆེན་བྱེད་ཡུལ་ཞིག་བྱུང་མ་ཐུབ་པ་དེ་ནི་ངའི་བློ་ཕམ་ཆེ་ཤོས་དེ་ཡིན། ང་ཚོ་བོད་པ་ཚང་ལ་འཆི་རྒྱུ་ལ་མི་སྐྲག་མཁན་དཔའ་རྒོད་འདི་འདྲ་མང་པོ་ཡོད་དུས་ཚོགས་པ་ཞིག་གིས་གོ་བསྒྲིག་འོག་རེ་རེ་བཞིན་ཕྱི་ཕྱོགས་སུ་ལེན་ནས་རེ་རེ་བཞིན་ནེའུ་ཡོག་དང་སི་སུར་རྒྱལ་ཚོགས་ཀྱི་སྒོ་ཁར་རང་སྲེག་གིས་སྐད་འབོད་བྱས་ཐུབ་ཡོད་ན་ཡག་པོ་ག་འདྲ། རྒྱལ་སྤྱིའི་རྒྱུད་ལམ་གྲགས་ཅན་BBC. CNN་སོགས་ཚང་མ་རྒྱ་ནག་གིིས་དངུལ་དངོས་ཀྱིས་ཉོས་ཟིན་པ་ཡིན་པས་རྒྱུད་ལམ་དེ་དག་ནང་དེང་གི་ཆར་བོད་ཀྱི་གཟུགས་བརྙན་ནི་ཕལ་ཆེར་ཡལ་ཟིན་ལ་འབྱུང་འགྱུར་ཡང་བོད་པའི་ཆབ་སྲིད་ཀྱི་གནས་ཚུལ་ཛ་དྲག་ཇི་ཙམ་འབྱུང་ཡང་རྒྱུད་ལམ་དེ་དག་གིས་མ་མཐོང་མདོག་མདོག་བྱེད་ཀྱང་ཡིན།
རྒྱལ་གཅེས་པ་ཁོང་རྣམ་པས་འབོད་སྐད་ནི་བོད་རང་བཙན་ཡིན་གསུང་གི་ཡོད་པ་རེད་འདུག བཙན་བྱོལ་སྤྱི་ཚོགས་འདིའི་ནང་ནས་ནི་བོད་རང་བཙན་ཟེར་མཁན་ཞིག་ཡོད་ན་བཀའ་འགལ་དང་དམ་ལོག་རེད་ཟེར་ནས་མི་གྲལ་ནས་ཕུད་ཀྱིན་འདུག་པ་འདི་གཉིས་ཀྱི་ལང་ཕྱོགས་གང་གི་རྗེས་སུ་འབྲངས་དགོས་ཤེས་མ་སོང་ངོ་།
འབྲི་རུ་རྫོང་དུ་རང་མེ་སྲེགས་དོན་ཅན་བྱུང་མེད། ཁམསས་འབྲི་རུ་རྫོང་ཁཽངས་རྒྱ་ཤོད་༼བ་དཀར་་༽ནག་རོག་ཐམ་པགྲོང་ནས་རད། གནས་ཚུལ་ཡང་དག་སྤེེལ་རོག་གནང།
རྒྱ་ཤོད་བན་དཀར་ནས་རེད་དྭ། ནོར་བཅོས་དགོས།
ཡང་རྒྱལ་གཅེས་དཔའ་བོ་གཉིས་དོན་ཤག་ངོ་མ་ཁྱེད་རྣམས་ཀྱི་བློ་སྟོབས་ལ་ཡིད་རངས་ཞུ་ད་ཞུ།
ཡིན་ཡང་ད་བར་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་གྲངས་ལ་བསམ་བློ་ཞིག་འཁོར་དུས་མཚམས་རེ་ཡིད་
ཕམ་ཉེན་འདྲ་ཡང་མཚམས་རེར་རང་ཉིད་ཀྱང་བློ་སྟོབས་སྐྱེ་ཡོང་མཁན་འདྲ་རེད། གང་ལྟར་དེ་རིང་
བོད་མི་དམངས་ཀྱི་ཆེད་རང་ལུས་སྲེག་ཟའི་ཞལ་དུ་འབུལ་མཁན་རྣམ་པ་གཉིས་ནི་ཁམས་འབྲི་རུ་
རྫོང་པད་དཀར་ཤང་ནག་རོག་གྲོང་ནས་ཡིན་པ་རེད་རྒྱལ་ཤོད་བན་དཀར་ནི་འབྲི་རུ་རྫོང་གི་མངའ་
ཁོངས་རེད་འདུག་གང་ཡིན་ཞེ་ན་ང་ཕྲུ་གའི་སྐབས་ཨ་ཞང་གི་སར་བྱང་ནག་ཆུ་ཁ་ལ་འགྲོ་དུས་ཉིན་
ཞིག་ཁོང་མཉམ་དུ་འབྲི་རུ་ནས་རྒྱལ་ཤོད་བན་དཀར་ལ་ཕྱིན་པ་ཡིན་སྐབས་དེར་རྒྱལ་ཤོད་བན་དཀར་
ནག་རོག་སོགས་ས་གནས་གང་གི་མངའ་འོག་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད་ནག་རོག་ནི་བན་དཀར་
ཤང་ངམ་སན་ཙ་ཤང་གང་རུང་གི་འོག་རེད་འདུག།
ཡང་ངས་བཤད་རྒྱུ་ལ་རྒྱ་ཤོད་བན་དཀར་ནི་ཁོ་ཚོའི་ལུང་པའི་ཁ་སྐད་ཙམ་རེད་འདུག་མི་རྒན་
རབས་དག་གིས་རྒྱ་ཤོད་ལ་རྒྱལ་ཤོད་དང་བན་དཀར་ལ་པད་དཀར་ཤང་ལབ་རབས་སོགས་
འགྲེལ་བཤད་ཡང་གང་མང་རྒྱབ་རྒྱུ་འདུག
རེབ་སྐྱེད་ཁྱེད་བདེན་པ་རེད། ངས་ཀྱང་དེ་ཟེར་གི་ཡོད། དེས་སང་གསར་འགོད་པ་ཚོས་ལོག་འགྲེལ་ནས་འགན་ལེན་གི་མུན་འངུག གོང་གི་གསར་འགྱུར་ནོར་བ་རེད་ལོག་འགྲེལ་རེད། དཔེར་ན་རྡ་ས་ལ་གནས་ཚུལ་ཞིག་བྱང་ན། ཀང་ར་རྫོད་དུ་གནས་ཚུལ་བྱུང་འདུག་ཟེར་འགྲིགས་དམ།། ཁ་བརྡ་དྲ་བ་ལ་འགན་ཁྲི་བས་ཕྲལ་ནོར་བཅོས་དགོས།
གསེར་ལྡན་གཡང་གི་ར་བ་ནག་ཆུའི་ཡུལ། །རིགས་ཀྱི་ལ་རྒྱ་ཆེ་བའི་འབྲི་རུ་རྫོང། །ཁྲ་བོའི་སྟག་གི་བུ་རྒྱུད་འབྲི་རུ་རྫོང༌། །བཙན་པོའི་སྙིང་སྟོབས་མ་ཡལ་འབྲི་རུ་རྫོང༌། །གངས་སེང་ངར་སྒྲ་ལྡིར་བའི་འབྲི་རུ་རྫོང༌། །ང་དགུའི་ལོ་ནས་དེ་རིང་བར་དག་ཏུ། །ཁྱེད་ཀྱིེ་ཡབ་མེས་ཚེ་སྲོག་རྒྱ་ལ་ཤོར། །ང་ཡི་ཨ་ཁུའི་སྙིང་ཁྲག་རྒྱ་མིས་འཐུང། །ཁོང་གི་གཅེས་ཕྲུག་དམ་པ་རྒྱ་ལག་ཤོར། །མདོར་ན་ཆོལ་གསུམ་མི་ཚང་རེ་རེ་ནས། །ལུས་སྲོག་རྒྱ་ལ་མ་ཤོར་གྲངས་ཀ་ཙམ། །དེ་རིང་འབྱུང་པོ་རྒྱ་དམར་རྐན་སྒྲ་སྒྲོག །སྲིན་པོ་ཁྲག་ལ་བཟི་བའི་ཁུག་པ་ན། །སུས་ཀྱང་གཏོང་བར་དཀའི་བའི་རིན་ཆེན་ལུས། །ཁྱེད་གཉིས་ཚེ་སྲོག་མེ་ལ་ཕུལ་བའི་སྐད། །ཐོས་སྐབས་མིག་ཆུ་བྲང་གཞུང་འབབ་དང་ལྷན། །སྐྱོ་སེམས་སྨུག་སྤྲིན་མཐའ་ནས་སངས་ཐབས་བྲལ། །ཨམ་གཙིགས་བསྡམས་ནས་སླར་ཡང་ཞུ་བ་ལ། །ཁྱེད་ཀྱི་ཚེ་སྲོག་དོན་མེད་གཏན་ནས་མིན། །ཁྱེད་ཀྱིས་སྤུན་ཟླའི་རེ་བ་གསར་པ་སྤྲད། །ཁྱེད་ཀྱིས་ན་གཞོན་ཚོགས་ལ་བརྡ་ཞིག་སྤྲད། །ཁྱེད་ཀྱིས་བརྗེད་ཐབས་བྲལ་བའི་རྡོ་རིང་བཞག། །ཁྱེད་ཀྱི་ངར་སྐད་མཐོ་སྒང་རྩེ་ནས་གྲགས། །གོ་ལའི་ཁྱེོན་ལ་དོ་སྣང་མུ་མཐུད་སླེབས། །དམར་པོའི་རྐུབ་སྟེགས་ཚག་སྒྲ་མུ་མཐུད་སླེབས། །ཧུ་ཅིང་ཐོ་ལ་སྙིང་རྩ་མུ་མཐུད་འདར། །ཝུན་ཅ་པོ་ལ་གཅིན་པ་མུ་མཐུད་ཤོར། །ཞིན་ཅིང་ཕེང་ལ་མུ་མཐུད་ཕྱི་ནུད་ཤོར། །རྒྱ་དམར་ཇག་ཚོགས་ཁྲག་མདོག་གྲུ་ཟིངས་དེ། །ཤར་ཕྱེོགས་རྒྱ་མཚོའི་ཀློང་དུ་ཐིམ་ལ་ཉེ། །དཔའ་བོ་དམ་པ་ཚེ་སྤོ་བསྟན་འཛིན་གཉིས། །འདི་ནས་འཇིག་རྟེན་ཕྱི་མའི་ལམ་ཆས་ཀྱང༌། །བར་དོའི་འཇིགས་སྐྲག་ངན་འགྲོའི་གཡང་ས་སོགས། །བྲལ་ནས་མཐོ་་རིས་ཡོན་ཏན་ཕུན་ཚོགས་པའི། །མངོན་མཐོའི་རྟེན་བཟང་དམ་པ་རབ་བརྙེད་ནས། །མཐར་ཐུག་ཀུན་ནས་བདེ་བའི་གོ་འཕང་མཆོག །ཐོབ་པའི་སྨོན་ལམ་སྙིང་ཁུང་གཏིང་ནས་འདེབས། །
སེམས་ཤུགས་དང་ལ་རྒྱ་ཞུམ་པ་མེད་པའི་རང་རེའི་སྤུན་ཟླ་མོོ་པོས། བསམ་བཞིན་ལུས་སྲོག་བློས་བྱས་པ་དང་། ཁོང་རྣམས་ད་ལྟ་འཇིག་རྟེན་འདིར་་འཚོ་གནས་གནང་བ་གཉིས། གང་དགའ་གཅིག་དེ་བདམ་རྒྱུ་བྱུང་ན། ངས་ནི་ཅིས་ཀྱང་འཚོ་གནས་་དགོས་པར་མོས།
ང་ཡང་བྱི་ལའི་འདོད་པ་བཞིན་ཡིན།
གཞིས་ལུས་བོད་མའི་བློ་སྟོབས་ལ་རྗེས་སུ་ཡིད་རང་ཡོད་ཀྱང༌། རང་ཅག་ཁ་བ་རི་པའི་མི་རིགས་བགྲང་འབོར་ལ་བསམ་ཞིབ་དང༌། ན་གཞོན་ཤེས་ཡོན་པའི་དཔུང་སྡེ་ལ་རམ་འདེགས་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་དུས་བབས་དང་བསྟུན་པའི་འགྲོ་སྟངས་ཕྱུག་མེད་ཅིག་བྱེད་དགོས་པ་ནི། གལ་གནད་ཆེ་བར་བསམ་མོ།།