སོག་མདའ།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་ཕ་ས་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་གནས་རི་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་ཆུ་བོ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་བདག་པོ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་ཕ་མ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་སྤུན་ཟླ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་བླ་སྲོག་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་ལོ་རྒྱུས་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་དར་ལྕོག་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་རླུང་རྟ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་གསོན་ཤུགས་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་དཔའ་ཉམས་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་རྡོ་རིང་ཡོད།།
རྒྱང་རིང་རི་བོའི་ཕ་རིལ་དེ་ན་ཁ་པ་བོད་པའི་བླ་མཁར་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་མ་ཎི་ཡོད།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་གླེགས་བམ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་རིག་གནས་ཡོད།།
རྒྱང་རིང་རི་བོའོ་ཕ་རོལ་དེ་ན་ཁ་བ་བོད་པའི་ཆབ་སྲིད་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་དཔལ་འབྱོར་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་དམག་དཔུང་ཡོད།
རྒྱང་རིང་རི་བོའི་ཕ་རོལ་དེ་་ན་ཁ་བོད་པའི་་མེ་སྟག་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་རེ་སྒུག་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བའི་བོད་པའི་དྲན་ཤིང་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་གསོལ་འདེབས་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་སྨོན་ལམ་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་རྒྱལ་ས་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་ལས་དབང་ཡོད།།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་བུ་མོ་ང་ཡི་གྲོང་གསེབ་ཡོད། །
དེ་ཡི་ནང་ན་སྐྲ་ལོ་དཀར་བའི་དྲིན་ཅན་ཕ་ལོ་མ་ལོ་ཡོད། །
ལྷད་མེད་བརྩེ་སེམས་སྙིང་ལ་འཁྱིལ་བའི་ཕུ་ནུ་མང་སྲིང་དག་ཀྱང་ཡོད། །
བསམ་ཞིང་བསམ་ན་རྒྱང་རིང་རི་བོའི་ཕ་རོལ་དེ་ནི་ལྷག་ཏུ་དྲན། །
རྒྱང་རིང་རི་བོའི་ཕ་རོལ་དེ་ན་གདོད་མིའི་རིག་དལ་སེ་ཡོད་།
མཐའ་ཁོབ་རྔམ་ནག་ཞིག་གི་ཞེ་ནག་མུན་པ་གདེང་ནས་འཁྲུག་།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་དམར་པོ་ཁྲག་གི་ཆུ་མོ་བཞུར་།
དཔའ་ངར་དུ་མས་དམར་ནག་མེ་ལྕེའི་ཁྲོད་ནས་བདེན་དོན་ཚོལ་།
གདོད་མའི་མི་རིག་དལ་སེ་ཞེས་ནོར་བཅོས་།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་དཔའ་བོ་མེ་ལ་འབར་བཞིན་ཡོད། །
རྒྱང་རིང་རི་བོའི་ཚུར་རོལ་དེ་ན་མ་ཎི་མཆོད་འབུལ་གནང་བཞིན་ཡོད། །
རྒྱང་རིང་རི་བོའི་ཕ་རོལ་དེ་ན་སྐད་ཡིག་གཅེས་སྐྱོངས་གནང་བཞིན་ཡོད། །
རྒྱང་རིང་རི་བོའི་ཚུར་རོལ་དེ་ན་སྐད་ཡིག་མཐོང་ཆུང་བྱེད་བཞིན་ཡོད། །
མེ་ཏོག་མཚོའི་བདེན་་པ་གླིང་འདུག་དེ་་དེ་བཞིན་ནོ་།
སྐད་ཡིག་ལ་མཐོང་ཆུང་བྱས་པའི་ཁུངས་དགོས།
ངོམ་ཆོག་ཆོག་གི་སྐྱིད་པའི་ཕ་ཡུལ། །
ཡུལ་ལྷ་ཞི་བདག་གིས་བསྐོར་ནས་ཡོད། །
ངོམ་ཆོག་ཆོག་གི་སྐྱིད་པའི་ཕ་ཡུལ། །
ཁོར་ཡུག་གཙང་ལ་གཏེར་གྱིས་ཕྱུག་ཡོད། །
ངོམ་ཆོག་ཆོག་གི་སྐྱིད་པའི་ཕ་ཡུལ། །
རྒྱང་རིང་ཕྱི་ལོགས་ནས་དྲན་ནས་ཡོད། །
ངོམ་ཆོག་ཆོག་གི་སྐྱིད་པའི་ཕ་ཡུལ། །
རྒྱང་ཐག་མེད་པ་ལ་བརྩོན་ཞིང་ཡོད། །
རྒྱང་རིང་རི་བོའི་ཕ་རོལ་དེ་ན་བདག་མེད་བདག་བརྫུན་བྱེད་བཞིན་ཡོད།
རྒྱང་རིང་རིབོའི་ཕ་རོལ་དེ་ན་ནང་ཆོས་མཇའ་རུ་འགྱུར་བཞིན་ཡོད།
རྒྱང་རིང་རིབོའི་ཕ་རོལ་དེ་ན་རང་ལུས་སྐོང་བུ་བསྒྱུར་བཞིན་ཡོད།
རྒྱང་རིང་རིབོའི་ཕ་རོལ་དེ་ན་ཝ་སྐྱེས་་སེང་པགས་གྱོན་བཞིན་ཡོད།
“རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཁ་བ་བོད་པའི་དམག་དཔུང་ཡོད།”
འདི་བདེན་པ་མ་རེད། འདི་བདེན་པ་རྩ་བ་ཉིད་ནས་མ་རེད། སོག་མདའ་འདིས་བསམ་བློ་མ་བཏང་བར་སྙན་ངག་བཞུར་གི་ཡོད་ས་རེད། བསམ་བློ་ཅིག་གཏང་ཡོད་ན། འདི་འདྲ་ཞིག་ནམ་ཡང་འབྲི་འི་མ་རེད།
དམག་དཔུང་ཞེས་པ་ཁྱེད་ཀྱི་ཡིད་ལ་འཁོར་ཡོད་པའི་དྲག་ཆས་དང་མདའ་མཚོན་ཐོག་པའི་དམག་མི་ལ་གོ་བ་མ་ལེན་རོགས།གནམ་ལགས།གྲོགས་ཚོས་་བསམ་ཚུལ་བརྗོད་པ་ཧ་ཅང་དགའ།
སྙན་ངག་པ་གྲགས་ཅན་ཆབ་བྲག་ལྷ་མོ་སྐྱངས་ལགས་ནས་བྲིས་གནང་བའི་་་་གླུ་བཞས་ཤིག་གི་ནང་ན་་་་བོད་གངས་ཅན་ཡུལ་ལ་དམག་དཔོན་ཡོད་་་་་བན་སེར་མོ་ཞི་བའི་དམག་དཔོན་ཡིན་་ཞེས་པ་ཞིག་ཡོད་དྲན།
ད་དུང་དེའི་ནང་ན་༰གོང་ས་མཆོག་གི་ཕྱག་གི་གླེམས་བམ་དེའི་དཔེར་་་་ཞི་བའི་མཚོན་ཆ་བཀོད་ཡོད་པ་འདྲ་ཞིག་དྲན་གྱིན་འདུག་་་་ཚིག་ཇི་བཞིན་དྲན་མ་སོང་།
རྩོམ་པ་བོ་ཁོང་གི་ཚིག་རྐང་གོང་འོག་གཉིས་ལ་བལྟས་ན་སྐབས་འདིའི་དམག་དཔོན་དེ་་་བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་དང་བཅས་པ་བློ་བཏང་གནང་བའི་དཔའ་བོ་དཔའ་མོ་དེ་ཚོགས་དང་་་་ཕྱི་ན་ལུས་པའི་དཔའ་པོ་ཚོར་གོ་ན་མི་འགྲིག་པ་འེ་ཡོད་ན་འདོད་བྱུང་།
ཚིག་གི་ངོ་གདོང་ན་མེད་པའི་གོ་བ་ལྐོག་དཀྱོག་དེ་འདྲ་བྲིས་ན། དགེ་བ་རྒྱུ་མཚན་འདྲ་ཡོད་དམ། མི་ལོ་ལྔ་བརྒྱའི་རྗེས་ནས་འདི་ཡང་ལོ་རྒྱུས་བ་ཞིག་གི་གཏམ་ཁུངས་མེད་པའི་རྫུན་ཡིག་ཕྱོགས་བསྒྲིགས་ལ་སོང་ན། ཁྱོད་ནི་ནག་ཆེན་པ་རེད། ཤེས་སོང་ངམ།
གྱོད་ཁ་བདག་མེད་འདྲེ་འི་ཆོམ་འཕྲུལ་རེད་ཟེར་བ་ཪེད། ཕོ་རབ་ཁ་ཚིག་དོན་ན་ཡོད་ཟེར་བ་སོགས་བསམ་བློ་གཏོང་ས་མང་པོ་རེད།
ཉིན་ཤས་རིང་འདྲེ་ང་འདིར་ཡོང་ལམ་བཀག་སོང་བས་བློ་ཕམ་བྱུང་ལ་་་་་ཅིའི་ཕྱིར་དུ་འདྲེ་ང་འདིར་ཡོང་མ་བཅུགས་པ་རེད་དམ་་་་ཚིག་བཙོག་རེ་ཟུང་ཤོར་ཡོད་སྟབས་ཡིན་ན་་་འདིར་ཡོང་མཁན་ཚང་མ་བྱམས་ཆུབ་སེམས་དཔའ་རྐྱང་རེད་པས་ཡིན་དགོས་སམ།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་བདེན་པའི་མེ་ལྕེ་དམར་པོ་ཡོད་།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་སྐྱབས་མགོན་རྒུག་པའི་མིག་ཆུ་ཡོད་།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ཉེས་མེད་བཙོན་གྱི་མནར་བ་མང་་།
རྒྱང་རིང་རི་བོའི་ཕ་རོལ་དེ་ན་ལེ་ལན་རྩོད་པའི་བུ་ཆུང་མང་།
རྒྱང་རིང་རི་བོའི་ཕ་རོལ་དེ་ནས་དཔའ་བོ་འབར་བའི་མེ་སྟག་གཅིག །
རྒྱང་རིང་རི་བོའི་ཚུར་རོལ་འདི་ཡི་བློ་སེང་རྐུབ་ལ་མ་རེག་པར། །
རྒྱང་རིང་རི་བོའི་ཕ་རོལ་དེ་ནས་ཅི་ཙམ་འབར་ཡང་མི་མཐོང་བས། །
རྒྱང་རིང་རི་བོའི་ཚུར་རོལ་འདི་ནས་འདྲེ་ངས་ཁྱེད་ཚོར་དགོངས་དག་ཞུ། །
རྒྱང་རིང་རི་བོ་ཇོ་གླང་རྒྱབ་ན་ཆོལ་གསུམ་ཕུ་ནུའི་ཁྱིམ་གཞིས་ཡོད། རྒྱང་རིང་རི་བོ་ཇོ་གླང་རྒྱབ་ན་བཙན་པོའི་མཛད་རྗེས་རྡོ་རིང་ཡོད། རྒྱང་རིང་རིབོ་ཇོ་གླང་རྒྱབ་ན་གངས་ཅན་རྒུད་པའི་རྨ་ཁ་ཡོད། རྒྱང་རིང་རི་བོ་ཇོ་གླང་རྒྱབ་ན་རྒྱ་དམར་ཇག་པའི་དམག་ཚོགས་ཡོད། རྒྱང་རིང་རི་བོ་ཇོ་གླང་རྒྱབ་ན་སྤུན་ཟླ་སྟོང་གི་ཟུངས་ཁྲག་བཞུར། རྒྱང་རིང་རི་བོ་ཇོ་གླང་རྒྱབ་ན་ཤ་ཉེའི་ཚེ་སྲོག་མེ་ལ་ཕུལ། རྒྱང་རིང་རོ་བོ་ཇོ་གླང་རྒྱབ་ན་མཉམ་འབྲེལ་རྒྱལ་ཚོགས་བྱུས་གཏོགས་མེད། རྒྱལ་རིང་རི་བོ་ཇོ་གླང་རྒྱབ་དེར་ཡིད་སེམས་སྐྱོ་བའི་མཆི་མ་ཤོར།