གངས་དཀར་རྒྱལ་སྲས།
བརྩེ་དུང་། བརྩེ་དུང་ཤོར་བ་ནས། ངས་སྒེར་གཞུང་གང་གི་དོན་དག་ཀྱང་ལས་འདོད་མེད་པར། ཁྱེད་ཀྱི་དྲོད་ཁོལ་ཅིག་ལ་སླར་ཡང་རེ་ཞིང་བསྒུག ལོ་ངོ་དུ་མ་ཞིག་འགོར་རྗེས། ཁྱེད་ཀྱི་སྙིང་གཏམ་ཞིག་དང་ཁྱེད་ཀྱི་དྲོད་ཁོལ་ཅིག་ལ་བསྒུག་པ་ནི་ངས་རང་ཉིད་ལ་མགོ་སྐོར་གཏོང་བཞིན་པ་ཡིན་པ་གསལ་བོར་ཤེས། ཡིན་ནའང། ངས་འཚོ་ལམ་གཞན་ཞིག་བདམས་ན་མི་འདོད་པར་མུ་མཐུད་དུ་རང་ཉིད་ལ་མགོ་སྐོར་གཏོང་འདོད་པ་ནི་ཇི་འདྲའི་བློ་ངོར་མི་ཤོང་བའི་གླེན་འདང་ཞིག་རེད་ཨང། ཁྱེད་དྲན་ཐེངས་རེ་དང་ཁྱེད་ཀྱིས་བདག་སེམས་ལ་རྨ་ཁ་བཞག་ཐེངས་རེར། ངོ་ཤེས་དང་གྲོགས་པོ་གཅིག་ཀྱང་མེད་པའི་ཡུལ་ཞིག་ལ་བུད་འགྲོ་ན་འདོད་པས་ལམ་ལ་ཆས་པའང་ཐེངས་ཁ་ཤས་ཡིན། བཤད་ཚུལ་ལ། ཕྱི་མའི་འཕྲང་ལམ་ནས། སུ་ཞིག་ལ་ཞེན་ཆགས་ཡོད་ན་དེ་ལ་བསྒུག་ནས་འདུག་ཐུབ་རབས་ཟེར། ཡང་གཅིག་བཤད་ན་སུ་ཞིག་ལ་ཞེན་ཆགས་ཆེ་ན་རྣམ་ཤེས་འདྲེ་རུ་སྐྱེས་ནས་རང་ཉིད་ཀྱིས་བློས་མི་ཐོངས་པ་དེར་ཅི་འདོད་དུ་ཐུག་ཐུབ་རབས་ཟེར། དེ་གཉིས་ཀྱི་གང་ཡིན་ཡང་ད་ལྟའི་ཟོལ་བཅོས་ཀྱི་འཚོ་བ་འདི་ལས། ད་ལྟའི་སྡུག་བསྔལ་འདི་ལས། ད་ལྟའི་མཐོང་མི་འདོད་པ་དག་དང་ཐོས་མི་འདོད་པ་དག་ལས་ལྡབ་འགྱུར་གྱིས་ཡག ཡིན་ནའང་ངའི་ཨ་མ་ད་དུང་འཇིག་རྟེན་ན་ཡོད་པས་དེ་ནི་ངའི་གསོན་ཐག་ཉག་ཅིག་ཏུ་གྱུར། ངས་ཨུ་ཚུགས་མཐར་སྐྱེལ་གྱིས་རང་ཉིད་ལ་ལེ་འདེད་ཀྱིས་བརྗེད་ཟས་བརྗེད་ཆུ་ཞིག་འཐུང་ན་འདོད་པས་ཆང་རག་གི་བཟི་ཁའི་གཡོ་འོག་ལ་ཤོར་བའང་ཉུང་ཉུང་མིན། འདི་དག་ནི་རང་ཉིད་ཀྱིས་ནོར་འཁྲུལ་ཞིག་ཡིན་ནམ་དོན་དངོས་ཀྱི་བརྡབ་གསིག་ཅིག་ཡིན། འདི་དག་ནི་བརྩེ་དུང་གི་མནར་གཅོད་ཅིག་ཡིན་ནམ། ཕྲག་དོག་གི་མངག་བཀོད་ཅིག་ཡིན། ངས་ངོ་མ་མི་ཤེས་ཀི། ང་བྲག་རི་ཞིག་ཡིན་ན། ང་ནམ་ཡང་ང་རྒྱལ་གྱིས་འགྱིངས་ཆོག རང་ཚུགས་དང་བཅས་ཏེ། ང་གཙང་བོ་ཞིག་ཡིན་ན། ང་ནམ་ཡང་རང་དབང་གིས་བཞུར་ཆོག ཞེན་ཆགས་མེད་པར། མདོར་ན་ང་མི་ཞིག་མིན་ན་ཅི་མ་རུང།
ཁྱོད་སྡུག་ཐ་ངོ་མ་ཁྱོད་སྡུག་ཐ་ཕྱི་མའི་འཕྲང་ལམ་ནས་ཐུག་རྒྱུ་ཡོད་པའི་གྲོགས་པོ་འམ་འདྲེ་རུ་སྐྱེ་སྲིད་
པའི་ཞེན་སེམས་ཀྱི་གོང་རྡོ་ཇི་འདྲའི་འཇིགས་སུ་རུང་བ་ཞིག་མེད་དམ་གཅིག་བྱས་ན་ཁྱོད་དེའི་འོག་
ནས་འགུལ་མི་ཐུབ་པའི་སྣང་བ་ཞིག་གིས་མནན་སྲིད་ཡང་གཅིག་བྱས་ན་ཁྱོད་ལ་རེ་བའི་ཁ་ཕྱོགས་
གཞན་དག་ཞིག་བསྟན་སྲིད་དོ།
གངས་སྲས་ཟེར་བ་འདི་རིག་ན་སུན་སོང་། བོད་ཀྱི་གནས་བབ་འདི་འདྲ་ཞིག་གི་སྐབས་ལ་བརྩེ་དུང་བརྩེ་དུང་ཞེས་སྨྲེ་ངག་རྒྱུན་མུ་ཆད་པ་འདི་སྙིང་རྗེ་བ་རང་རེད།
གངས་དཀར་རྒྱལ་སྲས་ཡ་མཚན་རེད།
ཤུ་རེ་བྱོས་མ་ཁ་སོ་སྡོམ་ཐེངས་གཅིག་ཀློག་ནས་བུད་སོང།
གངས་ལྗོངས་ཡུལ་ན་མི་རིགས་ཀྱི་ཆེད་དུ་
རང་ཉིད་ཀྱིས་རང་ཉིད་གསོན་བསྲེག་གནང་ནས་
ཡོད་ཚད་བློས་གཏོང་བཞིན་ཡོད།
འུ་བཙན་བྱོལ་བ་ཚོས་
ད་དུང་བརྩེ་དུང་གླེང་བཞིན་
འདི་ལྟར་འཚོ་བཞིན་པ་སུས་ཤེས་ཐུབ