ཨོ་རྒྱན་ཉི་མ།
སྤྱིར་བཏང་གཞིས་བྱེས་གཉིས་ཀྱི་བོད་མིའི་བསམ་བློ་ཁུར་སྟངས་ལ་ཁྱད་པར་ཆེན་པོ་རེད་ལ། དེ་བས་ཀྱང་ཀླད་རྙིང་དང་། ཀླད་གསར་གཉིས་ཀྱི་འཛིན་སྟངས་ཁ་ཁ་སོ་སོ་རེད། ཀླད་གསར་ཚོའི་བློ་ངོ་ན་ཀླད་རྙིང་ཚོ་ནི་སྲིན་པོ་འདྲ་བོ་ཤིན་ཏུ་གདུག་རྩུབ་ཅན་ཞིག་དང་། ཀླད་རྙིང་ཚོའི་བློ་ངོ་ན་ཀླད་གསར་རྣམས་ནི་ཝ་མོ་འདྲ་བའི་གཡོ་སྒྱུ་ཅན་ཞིག་ཏུ་སྣང་བ་ལས། ཕྱོགས་གཉིས་ཀར་མཐོང་སྣང་ཡང་དག་ཅིག་ཡོད་ཚོད་མ་རེད། དེ་ཕྱིར་ཀླད་གསར་ཞེས་པ་དེ་གཞིས་བྱེས་གཉིས་ལ་ཡོད་ན་ཡང་། མིང་འཇུག་ཡུལ་གཙོ་བོ་བྱེས་པའི་གཞོན་སྐྱེས་ཚོ་ལ་ཆགས་པ་རེད། དེང་སང་དོགས་པ་ཞིག་ཡོད་པ་ནི་ཀླད་གསར་ཚོས་གོ་ས་ཤོར་གྱིས་དོགས་པ་དང་། ཀླད་རྙིང་ཚོས་གོ་ས་ཞིག་འཐོབ་པའི་རེ་བ་སྟེ། ཀླད་པ་གསར་རྙིང་གཉིས་ཀ་རེ་དོགས་ཤིག་གིས་འཕྲང་ལ་ཐོགས་ཏེ། དོན་དངོས་ཀྱི་བསྒྲུབ་བྱ་ཆོས་པས་ཆོས་དང་། ཆབ་སྲིད་པས་ཆབ་སྲིད་དེ་སྟོར་ལ་ཉེ་བར་མཐོང་། དེ་ཕྱིར་ཕུང་གསུམ་པ་ཞེས་པ་ཀླད་པ་གསར་རྙིང་གཉིས་ཀའི་ཁྲོད་དུ་ཡོད་ན་ཡང་། ཕུང་གསུམ་པ་ཆེ་འབྲིང་གཉིས་ཀླད་གསར་ཚོའི་ནང་མང་བ་དང་། ཕུང་གསུང་པ་ཐ་མ་ནི་ཀླད་གསར་དང་། ཀླད་རྙིང་གཉིས་ཀའི་ཁྲོད་དུ་འདྲ་མཉམ་ཡིན་པར་འདོད། དེ་དག་ཕུང་གསུམ་པ་ཡིན་པ་གཅིག་མཚུངས་ཡིན་ན་ཡང་། ཀླད་རྙིང་གི་ཕུང་གསུམ་པ་ཚོ་ལས་དང་རྣམ་སྨིན་ལ་འཇིགས་ཤིང་། སེམས་ཁོང་ནས་བློ་མི་བདེ་བ་ཞིག་ཡོད་ཀྱང་། གནས་སྐབས་མི་ཁ་ལ་འཇིགས་ཏེ་ཕུང་གསུམ་པའི་སྤྱོད་པས་བྲེལ་བཞིན་པ་དང་། ཀླད་གསར་ཕུང་གསུམ་པ་དག་ནི་གང་ཐུབ་དང་། གང་ནུས་ཁེ་བཟང་དུ་བརྩིས་ཏེ་ལས་འབྲས་ཞེས་པ་དང་། ཆོས་གོས་རྣམ་གསུམ་ཟེར་བ་ཚང་མ་འགྲོ་སྟངས་ཤིག་ལས། དོན་ལ་མེད་པར་འདོད་མཁན་རྐྱང་རྐྱང་རེད། དེ་ཕྱིར་ཕུང་གསུམ་པ་གསར་རྙིང་གཉིས་ལས་གསར་པ་ཚོ་ཉེན་ཁ་ཆེ་བ་རེད་ཅེས་བཤད་པ་ཡིན། ནམ་རྒྱུན་ཀླད་པ་གསར་རྙིང་གཉིས་ལས་ཅིག་ཤོས་ཀྱིས་མ་སྨིན་པ་དང་། ཅིག་ཤོས་ཀྱིས་རུལ་བ་ཞེས་ནང་ཕན་ཚུན་དོན་དང་། ལྟར་སྣང་གཉིས་ཀའི་ཐད་ནས་འགལ་བ་ཆུང་རྩག་མང་པོ་རེད། དེ་ཕྱིར་དེ་གཉིས་ཀྱི་ཁེ་ཉེན་ལ་བསམ་བློ་བཏང་བ་ཡིན་ན། གཉིས་ཀ་ལ་ནག་ཉེས་ཡོད་པ་གཅིག་མཚུངས་རེད། ཀླད་རྙིང་གི་བློ་ཁོག་དང་། ཀླད་གསར་གྱི་མགོ་བདེ་གཉིས་ཟུང་དུ་ཚོགས་སོང་ན་ཀླད་གསར་བརྒྱ་ཡིས་དོ་ཟླ་མེད་པའི་ཚུལ་བཤད་མཁན་ཡང་ཡོད་པས། ནག་ཉེས་མེད་པར་བཟོ་རྒྱུ་ཡིན་ནམ། ནག་ཉེས་ཇེ་ཆེར་གཏོང་རྒྱུ་ཡིན། དེ་ནི་ཀླད་པ་གསར་རྙིང་གཉིས་ཀའི་ཕྱོགས་ནས་བསམ་བློ་ལེགས་པར་གཏོང་རན་པའི་དུས་ཚོད་རེད། ད་དུང་བསམ་བློ་མ་བཏང་བར་རྙིང་པ་ཚོས་གླེན་རྟགས་དང་། གསར་པ་ཚོས་མགོ་བདེ་བྱེད་བསྡད་ནས་གཞུག་ནས་གང་ལྟར་བྱ་རྒྱུ་ཡིན། ཡུལ་སྲོལ་གོམས་གཤིས་ཟེར་བ་དང་། ཡ་རབས་སྤྱོད་བཟང་ཟེར་བ། སྡོམ་དང་དམ་ཚིག་ཟེར་བ། རིག་གཞུང་ཟེར་བ་འདི་དག་ནི་ངེས་པར་དུ་ཁྲིམས་ཀྱི་ར་བ་ལས་མ་འདས་པའི་ཡང་དག་པའི་ངག་དང་། ཡང་དག་པའི་ལས། ཡང་དག་པའི་འཚོ་བ་ལ་བརྟེན་པ་ཤ་སྟག་ཡིན་པས། ཁྲིམས་མེད་ལུང་མེད་ཀྱི་ཕུང་གསུམ་པ་སྐྱ་སེར་ཚོས་འགྲོ་བ་མིའི་རིགས་གཙོར་བྱས་པའི་རང་ཉིད་གང་དུ་སྲིད་པ་བཟུང་བའི་མི་རིགས་དེ་རྩ་རྫོགས་བྱ་འདོད་དམ།
བསམ་ཚུལ་འདོན་གི་ཡིན།
རེད། ཀླད་གསར་རྙིང་གཉིས་ཀ་ལ་རབས་རིམ་མང་དུ་ཡོད་པ་ལས་ཆེས་ཐ་ཤལ་ནི། ཀླད་རྙིང་སྤྲུལ་སྐུ་དང་། ཀླད་གསར་སྤྲུལ་སྐུ་མིན་ནམ། འདི་གཉིས་ཀ་ལ་ལས་རྒྱུ་འབྲས་ཟེར་བ་འདྲ་པོ། སྡོམ་པ་དམ་ཚིག་ཟེར་བ་འདྲ་པོ། ཆོས་དང་རིག་གཞུང་ཟེར་བ་འདྲ་པོ། ཤེས་བྱ་ཡོན་ཏན་ཟེར་བ་འདྲ་པོ། ངོ་ཚ་ཁྲེལ་ཡོད་ཟེར་བ་འདྲ་པོ་དྲི་མ་ཙམ་མེད་ལ་ཡོད་པ་ནི། ཧམ་པ་ཚ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རློམ་སེམས་ཆེ་བ། གཤིས་རྒྱུད་གྱོང་བ། དཀོར་ལ་བགམ་པ། ཤེས་ཡོན་ཅན་ལ་སྡང་བ། ལས་འབྲས་ཁྱད་དུ་སོད་པ། དེ་འདྲ་མ་རེད་དམ། དེ་གཉིས་ཀྱི་དམིགས་གསལ་ཁྱད་པར་ནི་ཀླད་རྙིང་སྤྲུལ་སྐུ་ཨོ་ཟོབ་ཤིན་ཏུ་ཆེ། གོས་ཀྱང་སེར་ཨལ་ཨལ་འདྲ་གྱོན། གུག་གུག་བྱེད་མི་ཤེས། ཀླད་གསར་སྤྲུལ་སྐུ་ལ་གུ་ཐུང་སྟོད་ཐུང་བརྒྱ་ཐམ་པ་ཡོད། གྲྭ་ཆས་གཉིས་ཙམ་ཡོད། དེས་ན་ཀླད་རྙིང་སྤྲུལ་སྐུ་རང་ངོས་ནས་ཨུ་ཚུགས་བྱས་ཏེ་མིང་དེ་ཨེ་ཐོབ་ལྟ་བ་ཡིན་ལ། ཀླད་གསར་སྤྲུལ་སྐུ་ནི་བླ་རྒན་དང་ཕ་རྒན་གཞན་ཚོས་མིང་བཏགས་པ་དེ་འདྲ་རེད།
ལས་འབྲས་དང་། སྐྱེ་བ་སྔ་ཕྱི། འབྲས་བུ་རྣམ་མཁྱེན་བཅས་ལ་ཡིད་ཆེས་བྱས་ཏེ་སྡོམ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་ཤིང་། བླ་མ་ཡིན་ན་དཔེ་ཆ་ནང་བཞིན་བླ་ཁྲིམས་དང་། སྤྲུལ་སྐུ་ཡིན་ན་སྡོམ་གསུམ་གང་རུང་ཚུལ་བཞིན་བསྲུངས་ནས་ལོག་གཡེམ་དང་། ངག་འཁྱལ། ཟོག་རྫུན་སོགས་མི་དགེ་བའི་རིགས་ལ་འཛེམ་མཁན་ཞིག་ཡིན་ན་ཀླད་པ་གསར་རྙིང་གང་གི་གྲལ་དུ་བགྲངས་ཀྱང་བསྟན་པ་འཛིན་པའི་བླ་སྤྲུལ་ཚད་ལྡན་དུ་བརྩི་འོས་ལ། དེ་མིན་ཁ་རྐྱང་པས་བསྟན་པ་དང་། ལྷག་བསམ་བཤད་ཀྱང་དོན་ངོ་མ་རང་ཉིད་ཕུང་གསུམ་པའི་གྲལ་ལས་འདས་མ་མྱོང་བའི་བླ་སྤྲུལ་དགེ་གསུམ་གང་ཡིན་ཡང་བསྟན་བཤིགས་རང་ཡིན་པར་ཤེས་པར་གྱིས་ཤིག
ཕེབས་རྐྱང་གྱིས། སྤྲུལ་སྐུ་དཀོར་གྱི་བདག་པོ་རེད་ཟེར་ནས་སྨད་ན་ཕྲག་དོགས་རེད། དཀོར་ཟ་བ་ལ་ཁྱད་ཆོས་ཚང་དགོས་ཚུལ་བཤད་ན་བསམ་འཆར་རེད།
རང་སྐྱོན་སྤྱི་ལ་གཡོགས་པ་ཁྱོད་ངོ་ཡང་མི་ཚའམ།
ཨ་མ་མ། མི་འདིའི་སྙིང་ཁམས་ལ། ཁྲེལ་མེད་ལ། ཨ་ཙི་ངེད་ཚོས་སྤྲུལ་གོག་གི་རང་བཞིན་བརྗོད་ལ་ལ་ཕྲག་དོགས་རེད་ཟེར། ཁོས་བླ་མ་རྒན་གྲས་ཚོར་ཕུང་གསུམ་པ་དང་ལས་འབྲས་མེད་པར་སྨྲ་བ་ནི་ཡང་དག་པའོ་ཟེར། གཅིག་ལྟོས་དང་།
མཚན་ཉིད་ཡིན་ན་ཞིག་ཟེར། མཚན་ཉིད་འདི་ཡིན་རྒྱུ་རེད། ཧམ་པ་ཚ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རློམ་སེམས་ཆེ་བ། གཤིས་རྒྱུད་གྱོང་བ། ཤེས་ཡོན་ཅན་ལ་སྡང་བ། ལས་འབྲས་ཁྱད་དུ་སོད་པ། འདོད་སྲེད་ཆེ་བ། སྙིང་རྗེ་ཆུང་བ། ད་དུང་ཚང་མེད་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་གསལ་པོ་བྲིས་དང་།
ཨ ་མ་མ། ལྟོས་དང་། མེ་དཀར་འདི་ང་ལ་སྙིང་ན་དགོས་དོན་གང་ཡིན་ན།ཧཧཧཧ
རྒན་པར་ཀླད་རྙིང་ཡོད་པ་དང་། །
གཞོན་པར་ཀླད་གསར་ཡོད་པ་གཉིས། །
ཀུན་གྱིས་ཤེས་པས་བརྗོད་མི་དགོས། །
དེས་ན་རུལ་དང་མ་སྨིན་གང་། །
ངས་ཁྱེད་ལ་སྙིང་ནད་ཅི་བཟུང་འདུག
ཨོ་ཉི་ལགས། ཁྱེད་ཀྱིས་ཟེར་བ་ལྟར་ཁྱོད་ཀྱིས་འདོད་པའི་ཕུང་གསུམ་པར་གྲགས་པ་ཚོས་ཟེར་ལན་ཅི་འདོན་ས་རེད། ལག་པ་བྲང་ལ་ཞོགས་ལ་བསམ་བློ་གཏོང་།
ཨོ་རྒྱན་ཉི་མ་ལགས་་་་་་་་་་་་་་་་ཁྱེད་སྔོན་བཞིན་རྣམ་གླིང་དགོན་དུ་སྡོམ་གསུམ་དང་མ་འགལ་བ་བཞུགས་ཏེ་་་་་་་་་་་བསམ་འཆར་འདི་བཏོན་ཚེ་ངེས་པར་དུ་དཔྱད་པ་ཞིག་བྱ་ཆོག་ཀྱང་།་་་་་་་་་་་་་་་ད་ནི་ཁྱོད་རང་ཁ་དང་ལག་པ་ན་རོག་ལས་སུས་ཀྱང་ཁ་ཡ་བྱེད་ས་མ་རེད།་་་་་་་་་་་་་་་་་་་་་་་་་་་་་་་་་མ་གཞི་ནས་ཁྱོད་ཀྱིས་དྲྭ་བ་དང་དེབ་ཐོག་བཀོད་པ་ལས་ཕུང་གསུམ་པ་ཐུག་ཕྲད་འདྲ་བྱས་སམ་མ་བྱས་
མཚན་ཉིད་ཡིན་ན་ཞིག་ཟེར། མཚན་ཉིད་འདི་ཡིན་རྒྱུ་རེད། ཧམ་པ་ཚ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རློམ་སེམས་ཆེ་བ། གཤིས་
རྒྱུད་གྱོང་བ། ཤེས་ཡོན་ཅན་ལ་སྡང་བ། དགེ་འདུན་གྱི་སྡེ་ལ་སྨ་འབེབས་པ། ལས་འབྲས་ཁྱད་དུ་སོད་པ། འདོད་སྲེད་ཆེ་བ།
གཙུག་ལག་ཁང་དུ་ཆང་ས་རྒྱག་པ། རང་ཉིད་ལ་དམ་སྡོམ་མེད་ཀྱང་གཞན་ལ་སྒྲོ་བཀུར་འདེབས་པ། སྙིང་རྗེ་ཆུང་བ། ད་དུང་
ཚང་མེད་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་གསལ་པོ་བྲིས་དང་།
ཁྱེད་ཚོས་སེམས་ཁྲལ་མ་བྱས་ངས་གང་ལ་གང་མཚམས་གཏུག་ཚར་བ་ཡིན། གལ་སྲིད་གདོང་ལ་ཁྲག་ཡོད་ན་མི་རིང་བར་སྐད་འཆོར་ངེས་ཡིན། ཁྲག་མེད་ན་གང་ཤེས།
སངས་རྒྱས་ཀྱི་བསྟན་པའི་བྱ་ར་བྱེད་པ་ལ་སྐྱ་སེར་གཉིས་ཀ་ལས་འགན་གཅིག་པ་ཡོད་ངེས་ཤིག་རེད།
དམ་ཉམས་ཁྱོད།
ད་ཨོ་ཉི་ལགས། ཁྱོད་ཁྱོད་རང་སྤྲུལ་སྐུ་མིན་པའི་ངེས་ཤེས་ནི་ཡོད་ཤག ད་ཕུང་གསུམ་པའི་མིང་ནས་ཡིན་ནའང་འདྲ། སྤྲུལ་སྐུའི་མིང་ནས་ཡིན་ནའང་འདྲ། དོན་ལ་གཉིས་ཀ་ཡི་དྭགས་སུ་སྐྱེ་བའི་རྒྱུ་ལགས་ན། ཉིད་ཀྱིས་ནམ་སྤྲུལ་སྐུའི་མིང་དོར་བའམ། སྤྲུལ་སྐུ་མིན་པའི་ཁྱབ་བསྒྲགས་བྱེད། དུས་དེ་ནས་ང་ཡང་ཁྱེད་དང་མཉམ་དུ་ཕུང་གསུམ་པ་ཟེར་བར་དགག་པ་རྒྱག་དགོས་མིན་བསམ་བློ་གཏོང་གི་ཡིན། ང་ཚོའི་སྤྱི་ཚོགས་སྤྲུལ་སྐུའི་གད་སྙིགས་ཀྱིས་ཁེངས་སྡད་པ་ལས་ཁྱེད་ཀྱིས་སྤྲུལ་སྐུའི་མིང་ཡོངས་གྲགས་དོར་ན་གད་སྙིགས་གཅིག་གཙང་མ་ཆགས་གི་རེད། གཉའ་མནོན་ཤུ་ཞོག་གཅིག་ཉུང་དུ་འགྲོ་གི་རེད། གཅིག་སྡུད་རིང་ལུགས་གཅིག་སྒྱེལ་འགྲོ་གི་རེད། སངས་རྒྱས་བསྟན་པ་ཉིན་མ་གཅིག་ནུབ་ཕྱི་གི་རེད། སངས་རྒྱས་བསྟན་པའི་དགྲ་བོ་གཅིག་ཞིག་འགྲོ་གི་རེད། དེ་བས་སངས་རྒྱས་བསྟན་པའི་ལས་འགན་ཁུར་དུ་ཁྱེར་བ་ཁྱེད་ཀྱིས་ངེས་པར་ཐུགས་ལ་འདོགས།
ནོར་བཅོས།
ད་ཨོ་ཉི་ལགས། ཁྱོད་ཁྱོད་རང་སྤྲུལ་སྐུ་མིན་པའི་ངེས་ཤེས་ནི་ཡོད་ཤག ད་ཕུང་གསུམ་པའི་མིང་ནས་ཡིན་ནའང་འདྲ། སྤྲུལ་སྐུའི་མིང་ནས་ཡིན་ནའང་འདྲ། དེ་འདྲའི་མིང་ཐོག་ནས་འཇིག་རྟེན་འདིར་འཚོ་སྡད་པའམ་འཚོ་ཐབས་བསྟེན་པ་ནི་ཤིན་ཏུ་ལས་ངན་ཞིང་། ་་་དོན་ལ་གཉིས་ཀ་ཡི་དྭགས་སུ་སྐྱེ་བའི་རྒྱུ་ལགས་ན། ཉིད་ཀྱིས་ནམ་སྤྲུལ་སྐུའི་མིང་དོར་བའམ། སྤྲུལ་སྐུ་མིན་པའི་ཁྱབ་བསྒྲགས་བྱེད། དུས་དེ་ནས་ང་ཡང་ཁྱེད་དང་མཉམ་དུ་ཕུང་གསུམ་པ་ཟེར་བར་དགག་པ་རྒྱག་དགོས་མིན་བསམ་བློ་གཏོང་གི་ཡིན། ང་ཚོའི་སྤྱི་ཚོགས་སྤྲུལ་སྐུའི་གད་སྙིགས་ཀྱིས་ཁེངས་སྡད་པ་ལས་ཁྱེད་ཀྱིས་སྤྲུལ་སྐུའི་མིང་ཡོངས་གྲགས་དོར་ན་གད་སྙིགས་གཅིག་གཙང་མ་ཆགས་གི་རེད། གཉའ་མནོན་ཤུ་ཞོག་གཅིག་ཉུང་དུ་འགྲོ་གི་རེད། གཅིག་སྡུད་རིང་ལུགས་གཅིག་སྒྱེལ་འགྲོ་གི་རེད། སངས་རྒྱས་བསྟན་པ་ཉིན་མ་གཅིག་ནུབ་ཕྱི་གི་རེད། སངས་རྒྱས་བསྟན་པའི་དགྲ་བོ་གཅིག་ཞིག་འགྲོ་གི་རེད། དེ་བས་སངས་རྒྱས་བསྟན་པའི་ལས་འགན་ཁུར་དུ་ཁྱེར་བ་ཁྱེད་ཀྱིས་ངེས་པར་ཐུགས་ལ་འདོགས།
མཉམ་གནས་དགོས།
རྒྱ་གར་ཕྱི་ནང་མཉམ་གནས་ཡོད། །
བོད་ནང་བན་བོན་མཉམ་གནས་དགོས། །
དད་ལྡན་དད་མེད་མཉམ་གནས་ཡོད། །
སྤྲུལ་སྐུ་སྤྲུལ་རྫུན་མཉམ་གནས་དགོས། །
ཀླད་རྙིང་ཀླད་གསར་མཉམ་གནས་ཡོད། །
རུལ་སུངས་མ་སྨིན་མཉམ་གནས་དགོས། །
ཡ་རབས་མ་རབས་མཉམ་གནས་ཡོད། །
མི་བཟང་མི་ངན་མཉམ་གནས་དགོས། །
༨༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༣༡ གི་ཆུ་ཚོད་ ༥ སྐར་མ་ ༢༢
ཨ ་མ་མ། ལྟོས་དང་། མེ་དཀར་འདི་ང་ལ་སྙིང་ན་དགོས་དོན་གང་ཡིན་ན།ཧཧཧཧ
ཨ ་མ་མ། ལྟོས་དང་། ཨོ་ཉི་འདི་ང་ལ་༼ཨོ་ཉིའི་ཕུང་གསུམ་པ༽སྙིང་ན་དགོས་དོན་གང་ཡིན་ན།ཧཧཧཧ
ཨོ་རྒྱན་ཉི་མ་ལགས་ཀྱིས་བསྟན་པ་བྱི་དོར་བྱེད་དགོས་ཚུལ་དང་། ཕུང་གསུམ་པ་བསྐྲད་དགོས་ཚུལ་མང་པོ་བཤད་ཀྱང་། སྤྲུལ་གོག་བསྟན་བཤིགས་ཚོའི་སྐོར་ཟུར་ཙམ་ཡང་གླེང་མ་སོང་། ཨོ་ཉི་ལགས་སྤྲུལ་སྐུ་ལ་ཡག་སྡུག་གཉིས་མེད་དམ། ཡོད་ན་སྤྲུལ་གོག་ཚོ་ཕུང་གསུམ་པའི་གྲལ་དུ་ཚུད་བཞིན་དུ་ཟུར་ཙམ་ཡང་མི་གླེང་བ་ག་རེ་ཡིན་ནམ། འདི་ཚོ་བླ་མ་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་བསྟན་འགྲོར་་ཕན་པའི་རེ་བ་མཛད་ནས་ཡར་བཞག་ཀྱང་རང་འགུལ་ངང་མར་རིལ་ཏེ། རྩ་བའི་བླ་མའི་རེ་བ་ཆུ་ལ་བསྐྱུར། དད་ལྡན་མང་ཚོགས་ཀྱི་དཀོར་རྫས་ཁྲོགས་སུ་བརླགས། མི་སྐྱ་སུ་ལས་ཀྱང་སྡུག་པའི་བསྟན་པར་རྨ་བཟོ་བཞིན་པ་འདི་ཚོར་དག་ཐེར་གནང་ཚུལ་སྐོར་ཞིག་བྲིས་ན་ཕ་བཟང་གི་བུ་རེད། ངས་སྤྲུལ་སྐུར་མ་དད་པ་མིན་ཡང་། སྤྲུལ་གོག་ཚོའི་བྱ་སྤྱོད་མཐོང་དུས་སྙིང་ན་གི། ཨ་རོ། ཨོ་རྒྱན་ཉི་མ་ལགས་མ་གཡེལ་ཞིག
རིགས་ཞེན་དཀར་པོ།
ཕུག་རོན་དཀར་པོ།
མྱི་དཀར་པོ།
མེ་ཏོག་དཀར་པོ།
དཀར་པོ་བཞིས་དྲིས་པའི་ལན་གནང་རོགས། ཨོ་ཉི་ལགས།
དེ་རིང་ནས་བཟུང་ཨོ་རྫུན་ཡིན་གདའ། རྒྱུ་མཚན་བྱ་ཉེས་རང་གིས་སྒྲུབ་ནས་དེ་དག་ཨོ་རྒྱན་པདྨའི་རྒྱལ་ཚབ་དག་གི་དབུལ་ལ་གཡོགས་མཁན་གྱི་ལྟས་ངན་དམ་ཉམས་འདྲེ་མགོ་ཁྱོད་ངོ་མྱིག་གི་མ་རིག ཞེ་རྫོགས་སོགས་སྔ་འགྱུར་བ་ལ་སྨད་ནས་ཨ་ཀོང་ཡུག་མོའི་རྐུབ་ལྡག་ཁྱོད། ཁྱི་ཁ་ཚུམས། ཁྱི་ལག་བཟུང་། ཡང་ན་གྲུབ་དབང་རིན་པོ་ཆེ་དང་འཇིགས་མེད་ཕུན་ཚོགས་དག་གི་ཞབས་འདྲེན་མ་མང་ན་མི་དགའ་འམ།
མྱི་དཀར་ཁྱོད་རང་གིས་དང་པོ་ངས་བྲིས་པའི་ཆོག་ཤེས་ཀྱི་དེབ་ལ་ལྟོས་དང་ཤེས་ངེས་ཡིན།
ངས་ད་ལྟ་བྲིས་ཚད་བསྟན་པ་འཛིན་པའི་སྐྱེས་བུ་ཚད་ལྡན་སུ་གཅིག་ལ་བསྐུར་འདེབས་ཞུས་མེད། བསྟོད་པ་བྱས་ཡོད། ངས་ཕུང་གསུམ་པའི་གྲལ་དུ་བཞག་པ་རྣམས་ལ་རྒྱུ་འབྲས་མེད་པའི་ཕུང་གསུམ་པ་ཞེས་བཏགས་ན་འདོད། ངའི་ཆོག་ཤེས་དེབ་ནང་ལ་ལྟོས་དང་། ཆོག་ཤེས་ཀྱི་དེབ་ཀྱི་མིང་སྨོས་པ་དང་། མ་སྨོས་པ་གཉིས་ལས། མ་སྨོས་པའི་གྲལ་ན་ཕུང་གསུམ་པ་ཡོད་པ་ཤེས་པར་གྱིས་ཤིག ཕུང་གསུམ་པ་མ་ཡིན་པ་ཡང་ངའི་དེབ་ཀྱི་ནང་དུ་མ་ཚུད་པ་མང་པོ་རེད། དེ་ཕྱིར་ཡང་དག་པར་ཤེས་པར་གྱིས་ལ་བསམ་བློ་ཐོངས། ངས་སྐད་ཆ་བཤད་ཚད་ལོ་མང་རིང་ཞིབ་འཇུག་བྱས་པ་ལ་བརྟེན་ནས་བྲིས་པ་ལས། གཞན་ཟེར་རྗེས་བརྗོད་ཙམ་བྱས་པ་རྩ་བ་ནས་མིན། པདྨ་ཟེར་བ་ཁྱོད་ལ་མི་འདོད་པའི་ཟུག་རྔུ་ཆེན་པོ་ཞིག་བསླེབ་ཡོད་ས་རེད། རྡུགས་གྱོང་རེད། ཕུང་གསུམ་པའི་རྐུབ་ལ་རྒྱུགས་ན་གྱོང་རག་ངེས་སོ། །
ཁྱེད་ཀྱིས་བྲིས་པའི་ཆོག་ཤེས་ཀྱི་དེབ་ཟེར་བ་རག་ན་བལྟ་ངེས་ཡིན། ཐོབ་ཐང་གང་ཡང་མེད་པའི་ཐ་མལ་བའི་དམར་ཙུག་ཙུག་དང་། སེར་ཙུག་ཙུག་རྣམས་ཀྱིས་འཆལ་སྤྱོད་བྱས་པ་དང་། སྤྲུལ་སྐུ་དང་། བླ་མ། དགེ་བཤེས། མཁན་པོའི་མིང་ཡོད་མཁན་རྣམས་ཀྱིས་འཆལ་སྤྱོད་བྱས་པ་གཉིས་ཉེས་ཚབས་ཆེ་ཆུང་གཏན་ནས་མི་འདྲ་བས་དག་ཐེར་གནང་ན་འདི་ཚོར་དག་ཐེར་གནང་དགོས་ལ། ལས་འབྲས་མེད་པའི་ཕུང་གསུམ་པ་ཡང་འདིའི་རིགས་བརྩི་དགོས། ལས་འབྲས་ཀྱི་རྣམ་བཞག་ཤེས་བཞིན་དུ་སྡོམ་གསུམ་རྒྱབ་ཏུ་དོར་ཡང་ངོ་ཚ་མེད་པ་ད་དུང་འཇོན་འདོག་དང་ཡིན་འདོག་བྱེད་པ། རྩ་བའི་བླ་མའི་རེ་བ་ཡོད་ཚད་ཆུ་ལ་བསྐྱུར་ཡང་ངོ་ཚ་མེད་པ། སྐུ་གོང་མར་སྒྲོ་བཏགས་པའི་བླ་མ་ག་གེ་མོར་མིང་ཤས་བཟོ་བ། དད་ལྡན་མང་ཚོགས་ཀྱི་སེམས་ལ་བླ་སྤྲུལ་དགེ་བའི་བཤེས་གཉེན་ལ་དད་པ་དང་། ཡིད་ཆེས་ལོག་པའི་རྒྱུ་བསྐྲུན་པ་སོགས་ཉེས་སྐྱོན་བགྲང་ལས་འདས་པས་ཡང་བསྐྱར་ཆོག་ཤེས་དང་། ཕུང་གསུམ་པའི་སྐོར་གྱི་དེབ་འདྲ་བྲིས་ན་འདི་ཚོར་ཁ་གསལ་ཐོན་པ་གྱིས་དང་ཕན་འདྲ་ཐོགས་སྲིད།
ངས་ཡོད་ཚད་བྲིས་ཡོད། དེབ་དེ་རྒྱ་གར་རྒྱལ་ཡོངས་ཀྱི་དགོན་སྡེ་ཆེ་བ་ཚང་མའི་ནང་ལ་ཡོད་ངེས་པས་ལྟ་རོགས་ཀྱིས། ང་ཕུང་གསུམ་པའི་སྤྱོད་པ་ཞེན་པ་ལོག་པ་དང་། བསྟན་པ་ཅུང་ཟད་ཕན་ནམ་བསྙམ་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྐུལ་དེ་བྲིས་པ་ཡིན།
ཁྱེད་ཀྱིས་ཕུང་གསུམ་པ་ཟེར་བ་དེ་དག་སྤྲུལ་སྐུའི་མིང་ཁུར་མཁན་རེད་དམ་མ་རེད། མིན་ན་དེར་ཟད། གཞན་སྤྲུལ་སྐུའི་སྐོར་ཁྱེད་ཀྱི་ཁ་ནས་ཚིགས་གཅིག་མ་བཤད་བ་ཅི་ཡིན།
ལར་ནས་སྤྲུལ་སྐུའི་མིང་གིས་འཚོ་སྡད་མཁན་དག་སྤྲུལ་སྐུའི་མིང་ཤོར་ན་གང་འདྲ་ཞིག་ཆགས་ཡོངས་ཟུར་བལྟས་ལེབ་མཐོང་རེད། དེའི་ཕྱིར་སངས་རྒྱས་བསྟན་པའི་འགན་ཁུར་ཅན། བླ་མ་རྒན་པ་ཚོར་ཕུང་གསུམ་པའི་ཚིག་མཚོན་འཕེན་མཁན་དཔའ་བོ་འདི་ཡང་ཉྭ་འདར་གི་ཡོད་ཡོད་པ་རེད། སྙིང་རྗེ།
སངས་རྒྱས་བསྟན་པའི་གཞི་མ་འདུལ་བ་རེད། དེ་ལ་དགེ་འདུན་གྱི་ལས་ཟེར་བ་འདུག དེ་ནི་ཚོགས་པས་འཛིན་སྐྱོང་བྱེད་རྒྱུའི་སྐད་ཆ་རེད་འདུག
ཁྱེད་སྤྲུལ་སྐུ་དེ་ཚོས་དགོན་པར་བསྙད་པའི་ཁང་པ་རྫིག་པོ་ཞིག་རྒྱག གྲྭ་པར་བསྙད་དེ་བུ་ཚ་ཆུང་ཆུང་སློབ་གྲྭ་འགྲོ་བཞིན་པ་དེ་དག་ཚུར་བསྡུས། དེ་ཚོ་ལ་ཕྱི་མར་དགོས་པའི་ཆོས་ཁྱེད་ཅག་ལ་སྦྱིན་རྒྱུ་མེད། འདི་ལ་དགོས་པའི་ཤེས་ཡོན། དཔལ་འབྱོར། སྙན་གྲགས་སོགས་སྤྲོད་རྒྱུའི་འཆར་གཞི་མེད་ལ་དངོས་སུ་ཨོམ་ཨ་ཧུང་། ཚེ་གཡོག་བསྐུལ། མི་ཚེ་འཕྲོ་བརླག་བཏང་། ཕྲུག་གུ་འགའ་ཤས་བསམ་བློ་འཐོང་ནས་ཤེས་ཡོན་འཚོལ་དུ་གཞན་དུ་རྒྱུགས་པ་ན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་གནོད་སྐྱེལ། སྤྲུལ་སྐུ་ཁྱིམ་པ་ཡིན་མཁན་ཚོས་རང་གི་བཟའ་ཟླའི་སྟུ་རས་ཡན་ཆད་འཕྲུ་རུ་བཅུག བྱིས་པ་བུ་སྐྱེས་ན་དེ་སྤྲུལ་སྐུ་རེད། གྲྭ་པ་ཁ་ཤས་ཤིག་ཕྲུ་གུའི་སྐྱག་གཅིན་ཕྱི་མཁན་བཟོས། རང་ཉིད་ལ་ཡོད་ཚད། མཐོང་ཚད། བཟང ཚད་དགོས་ལ་སྒྲུབ། གཞན་ལ་ཆོག་ཤེས་ཀྱི་གང་རྒྱངས་སྒྲོགས། རང་ལ་ལྟོས་པའི་གྲྭ་པའི་རྐང་པར་ཧིན་སྒོར་ ༥༠ ཅ་པ་ལི་ལེགས་པོ་ཞིག་མེད་ཀྱང་། སྤྲུལ་གོག་གི་སྒོ་འགྲམ་ན་ཧིན་སྒོར་འབུམ་ ༥༠ མོ་ཀྲ་གཅིག་གཉིས་རེ་ཡོད། དེས་་ན་སྤྲུལ་གོད་རྩ་མེད་བཟོས་ཏེ་བོད་པ་གཙོས་ཧི་མ་ལ་ཡའི་ནང་པ་རྣམས་ལ་ཆོས་ཀྱི་རང་བཙན་དགོས་ལ། གཉའ་མནོན་བཤུ་ཞོག་ལས་ཐར་དགོས།
སྤྲུལ་སྐུས་མོ་དྲ་རྫིག་པོ་བཏང་བ་དང་། གྲྭ་བ་མི་འདུག་ཟེར་བ་དེ་ཕྱོགས་གཅིག་ནས་བཤད་ན་སྤྲུལ་སྐུས་རྫིག་པོ་བྱས་པ་དེ་མ་འགྲིགས་པ་རེད། ཕྱོགས་གཅིག་ནས་བཤད་ན་ཚེ་སྔོན་བསོད་ནམས་བསགས་མ་བསག་རེད། གྲྭ་བ་ཚོས་སྤྲུལ་སྐུ་དང་འདྲ་བར་བྱ་དགོས་བསམ་པ་དང་། དམང་ཕལ་བ་ཚོས་རྒྱལ་པོ་བྱ་དྲན་མཁན་ཡོད་ཀྱང་ཁག་པོ་རེད། ང་རང་ཉིད་ལ་མཚོན་ན་དེ་འདྲའི་སྟོབས་འབྱོར་ཡོད་མཁན་ཞིག་གང་ཡང་མིན། སྔོན་ནས་སྤྲང་པོ་ཞིག་ཡིན་ལ། ད་དུང་ཆུང་མ་དང་ཆུང་མའི་གཉེན་ཉེ་བ་བརྟེན་ནས་འདུག་པ་ལས། རང་སྟོབས་ཀྱིས་རྐང་པ་གང་ལ་ལང་ནུས་མཁན་གྱི་འཇོན་པོ་དང་། གཡོ་སྒྱུ་ཅན། མཁས་པ་དེ་འདྲ་གང་ཡང་མིན། དེ་ཕྱིར་མོ་གྲ་རྫིག་པོ་ཡང་མེད། ཡིན་ན་ཡང་སྤྲུལ་སྐུའི་སྐོར་བཤད་ཡོད་མེད་ངའི་དེབ་ལ་ལྟོས། ངས་འདི་གཟའ་བཤད་མང་པོ་མི་བཤད། མེ་དཀར་ཁྱོད་མི་སྐད་གོ་མཁན་མ་རེད། ངས་བཤད་ཀྱང་གོ་བ་ཁག་པོ་རེད།
རེད། ཁྱོད་ཀྱིས་གང་བཤད་ལ་ལེགས་སོ་ཟེར་ན་མི་སྐད་གོ དེ་མིན་མི་གོ་ཟེར་ན་ཧམ་པ་ཚ་བ་རེད། ད་ལྟོས་དང་། སྔོན་མ་བསོད་ནམས་བསགས་མ་བསགས་ཀྱི་སྐད་ཆ་ལ་ལྟོས་དང་། དེ་ཙམ་ངས་ཀྱང་ཁས་ལེན། ཁྱེད་ཀྱིས་མི་སྐད་གོ་ན་ངས་བཤད་པ་ནི་སྤྲུལ་གོག་ཚོར་ཐ་ན་རང་ལ་ལྟོས་པའི་གྲྭ་པ་ཚོར་ཚེ་འདི་དང་ཕྱི་མ་གཉིས་གང་ལའང་ཕན་འདོག་འདོད་ཀྱི་བསམ་པ་མིན་འདུག་ཟེར་བ་དེ་རེད། དེ་མིན་སྤྲང་པོ་རྒྱལ་པོ་ཆགས་དགོས་ཟེར་བ་མ་རེད། གྲྭ་པ་སྤྲུལ་སྐུ་གཉིས་སྤྲང་པོ་དང་རྒྱལ་པོའི་དཔེ་བཞག་པ་འདིས་ཀྱང་སྤྲུལ་གོག་ཚོའི་ནང་ཁྲོལ་གསལ་པོར་སྟོན་པ་ལ་ངོས་འཛིན གི་ཡིན།
དོན་རྡོག་རྡོག་ངས་ཁྱེད་སྒེར་དང་འཁོན་འཛིང་ཅི་ཡང་མེད་ལ་ཁྱེད་སྒེར་གྱི་གནད་དོན་ལ་བྱུས་གཏོགས་ཀྱང་མེད།
ཡིན་ནའང་ཁྱེད་ཕུང་གསུམ་རྒོལ་མཁན་ཡིན་པ་བཞིན་ང་ཡང་སྤྲུལ་གོག་རིང་ལུགས་ལ་གཏིང་ནས་ཞེ་མེར་བ་ཞིག་ཡིན་པས་ནམ་ནམ་གཞར་གཞར་ལ་སྤྲུལ་གོག་བསུན་འབྱིན་རྒྱུ་ཡིན། སངས་རྒྱས་ཀྱི་བསྟན་པ་སྲུང་གི་ཡིན། གཅིག་སྡུད་རིང་ལུགས་རྐང་པ་བཅག་གི་ཡིན།
སྤྲུལ་སྐུ་ཚོས་ཚོགས་བསགས་པའི་འབྲས་བུ་མ་རེད། གྲྭ་ཆུང་འགའ་བསྡུས་དགོན་པ་བྱ་སྐྱག་འདྲ་བོ་ཞིག་རྒྱབ་ཕྱི་རྒྱལ་ནས་གྲྭ་བ་དེ་ཚོ་བཙོང་ནས་རྒྱུ་ཆེན་ཆགས་པ་རེད།
མདོར་ན་དགོན་པ་དང་གྲྭ་བ་དེ་ཚོ་ཚོང་རྫས་རེད།
ཧ་ཧ། ཧོ་ཧོ།
དྲྭ་གྲོགས་ཚོ། རྒྱ་མི་སྤྲུལ་རྫུན་ཡོད་དམ། མེད། ལགས་ཅིག་གསུངས་དང་།
དགོན་པ་ཟེར་བ་ཚོང་ཁང་དང་། །
གྲྭ་པ་གཡོག་པོ་ཚོང་གི་རྫས། །
བླ་སྤྲུལ་ཚོང་དཔོན་གྱུར་པ་ཡི། །
དུས་རབས་ཉེར་གཅིག་ངོ་མཚར་འབར། །
ཉིད་ད་ལྟ་བར་དུ་སྤྲུལ་གོག་གི་མིང་གིས་འཚོ་སྡོད་ཡོད་དམ་མེད། གསལ་བཤད་ཞུ།
སྤྲུལ་སྐུས་དཀོར་མ་བསྡུས་ན། གྲྭ་རྐྱང་ཞིག་གིས་བསྡུ་དགོས་ན་ཁག་པོ་རེད། དཀོར་སྤྲུལ་སྐུས་བེད་ཆོད་རྩ་བ་ནས་གཏོང་མི་ཆོག་ཅེས་བཤད་ན་མི་འགྲིགས་ཀྱང་། ཡོད་ཚད་བེད་ཆོད་གཏོང་སོང་ན་བསམ་འཆར་བཤད་ན་འགྲིགས་པར་འདོད།