ཤར་ཕྱོགས་ཁུག་རྟ།
རང་སྲེག་ལས་འགུལ་ལ་ནུས་བ་ཐོན་གི་ཡོད་པ་རེད་དམ།
ངར་ནུས་བ་ཐོན་མིན་ཐད་ལྟ་ཕྱོགས་གཉིས་ཡོད། གཅིག་རྩ་དོན་གྲུབ་འབྲས་དང། གཉིས་རང་སྲེག་མ་བྱུང་བའི་གོང་དང་བྱུང་རྗེས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཚད་གཞི་བཤིབ་བསྡུར་བྱ་རྒྱུ་དེ་ཡིན། རྩ་དོན་གྱི་ཆ་ནས་སྔོན་མ་ལས་སྐྱོ་བོ་ཆགས་འདུག འགྲོ་བཞིན་པའི་འབྲེལ་མོལ་ཡང་རྦད་དེ་མཚམས་ཆད་པ་དང། རྒྱབ་སྐྱོར་གྱི་ཆ་ནས་དེ་སྔ་རང་སྲེག་མ་བྱུང་སྔོན་གྲོས་ཚོགས། སྲིད་འཛིན་ལས་ཁུངས། ཡང་ན་ཕྱི་འབྲེལ་ཚན་པ་ཁག་ནས་རྒྱབ་སྐྱོར་བསྒྲགས་གཏམ་སྤེལ་བ་ལྟར་དེང་སང་ཚིག་རྣོན་པོ། ཁ་གསལ་བོ་དེ་འདྲ་སླེབས་ཐུབ་ཀྱི་མི་འདུག མང་ཆེ་བ་སེམས་འཚབ་ཡོད་ཟེར་བ་སོགས་རེད།
རང་སྲེག་གི་གྲུབ་འབྲས་ཐོན་མིན་གྱི་རེ་བ་རྒྱག་ཡུལ་གཙོ་བོ་རྒྱལ་སྤྱིའི་རྒྱབ་སྐྱོར་རེད་དམ།
དེ་འདྲ་གཏན་ནས་མ་རེད། བོད་མི་རང་ངོས་ནས་ཚེ་སྲོག་ཀྱང་གཞོམ་སྲེག་བྱེད་དགོས་པའི་གནས་བབ་ཅིག་ལ་ཅི་ལྟར་སླེབས་མིན་རབ་ཏུ་བྱུང་ན་གང་ཟག་དེ་ག་རང་བརྒྱུད་ནས་གསལ་འགྲེལ་ཡོད་ན་ཕུལ་ཏུ་བྱུང་བ་རེད། དེས་བོད་མི་ཚོར་བརྡ་ལན་ཅིག་སྤྲོད་ཀྱི་རེད། གཙོ་བོ་ཁྱོན་ཡོངས་ནས་བོད་མིའི་འཐབ་རྩོད་ཀྱི་རྟོག་པ་སད་དགོས་པ་རེད་མོད། དེ་ལ་བརྒྱུད་རིམ་ཅིག་དགོས་རྒྱུ་རེད་བསམས། ངས་བསམས་ན་རང་སྲེག་ནི་གདམ་ག་གཞན་མེད་པའི་འགྲོ་བ་མིའི་ཆེས་མཐའ་མཇུག་གི་འཐབ་རྩོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། བོད་མི་ཚོར་ཁ་གཏད་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་གདོང་ལེན་མཐར་ཕྱིན་པའི་མྱོང་གོམས་ཤིག་ཡོད་ན། རང་སྲེག་གིས་ཏན་ཏན་ནུས་བ་ཐོན་གྱི་རེད་བསམས།
འོ་ན། ཁྱེད་ནས་རང་སྲེག་གནང་མཁན་ཚོས་རྒྱ་ནག་གི་སྲིད་བྱུས་ཐེར་འདོན་བྱས་མི་འདུག་ཟེར་གྱི་ཡོད་དམ།
ངས་དེ་འདྲ་བརྗོད་མི་ཐུབ། ངས་འཛེམ་དོགས་མེད་པར་ཞུས་ན། དཔའ་བོ་དཔའ་མོ་དེ་དག་གི་སྐད་འབོད་གཅིག་པུའང་འདི་རེད་གན་རེད་ཅེས་གང་ཟག་གསུམ་པ་བ་ཞིག་གིས་བཤད་དགོས་པའི་གནས་སྟངས་ཆགས་པ་དེ་ང་ལ་རྟག་ཏུ་འཁོར་བའི་དྲི་བ་ཡིན། ངས་དྲི་བ་འདི་སུ་ལ་གཏོང་དགོས་སམ། ཁོང་རྣམ་པ་ཚོས་མི་མེད་རྩ་ཐང་དང། གྲོང་གསེབ་ཁུག་ཀྱོག དགོན་པའི་བསྐོར་མཐའ་བཅས་སུ་རང་སྲེག་གཏོང་གི་འདུག ཁོང་རྣམས་པེ་ཅིན་ལ་འགྲོ་ཐུབ་ཀྱི་རེད་དམ། ཧྲང་ཧའེ། ནན་ཅིན། ཁྲིན་ཏུའུ། ཀོང་ཀྲུག་བཅས་ལ་འགྲོ་ཐུབ་ཀྱི་རེད་དམ། ངས་བསམས་ན་རང་སྲེག་བྱུང་རྗེས་ཁྱབ་བསྒྲགས་བྱ་ས་གཙོ་ཆེ་བ་རྒྱ་ནག་རང་གི་ནང་རེད་བསམས་བསྡད་ཡོད། གང་ཡིན་ཞེ་ན། རྒྱ་ནག་རང་དབང་མ་ཐོབ་པར་བོད་ལ་རང་དབང་ཐོབ་ཐུབ་ཀྱི་མ་རེད། དེས་རྐྱེན། བོད་མི་ཚོས་འཚེ་བ་མེད་པའི་ལམ་ནས་འཐབ་རྩོད་བྱ་ན། རེ་བ་རྒྱག་ས་གཙོ་བོ་རྒྱ་ནག་མི་མང་རེད། རྒྱ་ནག་མི་མང་གིས་ཤེས་ཡོན་དང། མང་གཙོ། ཁྲིམས་ཀྱིས་བསྒྱུར་བའི་རང་དབང་ཞིག་བརྩོན་ལེན་བྱ་དགོས་ཚེ། ངེས་པར་དུ་གྲངས་ཉུང་མི་རིགས་ཐོག་གི་དྲག་སྤྱོད་སྲིད་བྱུས་ཁོང་ཚོར་ཤེས་རྟོགས་བྱེད་བཅུག་ནས་དེས་སྐུལ་མ་ཐེབས་དགོས་པ་རེད།
བོད་མིའི་སྤྱི་ཚོགས་ནང་རང་སྲེག་འཚེ་བ་ཡིན་མིན་ཐད་གླེང་སློང་མང་པོ་བྱས་པ་རེད། ཁྱེད་ལ་བསམ་ཚུལ་ག་རེ་ཡོད།
ངས་དོ་སྣང་བྱས་མྱོང། ཡིན་ནའང་བཤད་སྟངས་དེ་དག་ཆོས་ཕྱོགས་ཁོ་ནའི་གཞན་དབང་དུ་སོང་བ་འདྲ། རང་ཉིད་རང་གིས་བསད་ན་ཆོས་དང་མཐུན་མིན་ལ་དབྱེ་ཞིབ་བྱེད་དགོས་ཚེ་དེ་མགོ་རྙོག་ཚ་བོ་རེད། མཐའ་མ་དེ་ཀུན་སློང་གཅིག་པུའི་སྒང་ལ་འགྲོ་རྒྱུ་དེ་རེད། སྤྱོད་པ་འཚེ་བ་ཡིན་པ་ནི་གསལ་བོ་རེད། འོ་ན། སྐབས་དེའི་ཀུན་སློང་གཞན་ཐོག་སྡང་སེམས་སྐྱེ་ཡོད་མེད་སུས་བཤད་ཐུབ་བམ། དེ་ནི་གང་ཟག་དེ་ག་རང་མ་གཏོགས་སུ་གང་གིས་ཀྱང་བཤད་ཚོད་ཐིག་གི་མ་རེད། འོ། ཐམས་ཅད་མཁྱེན་པ་ཡོད་པར་ཁས་ལེན་མཁན་ཚོས་སྐབས་དེའི་ཀུན་སློང་ཐམས་ཅད་མཁྱེན་པས་གཟིགས་ཐུབ་པར་ཡིད་ཆེས་བྱེད་ཀྱི་རེད། ཡིན་ནའང། དེང་སང་འཇིག་རྟེན་པའམ་སྲིད་དོན་ཚན་རིག་གི་འཚེ་བ་མེད་པའི་ལུགས་སུ་བྱས་ན། རང་སྲེག་ནི་འཚེ་བ་རེད།
བོད་མིའི་རང་སྲེག་གི་འཕེལ་ཕྱོགས་འདི་གང་འདྲ་རེད་དམ།
ངས་རྒྱ་ནག་གཞུང་གིས་རང་སྲེག་གནང་མཁན་ཚོར་འགྲེལ་བཤད་བྲིས་པ་དེར་རྩ་བ་ནས་ཡིད་ཆེས་བྱེད་ཀྱི་མེད། ཡིན་ནའང། མི་ཚང་མ་ང་ནང་བཞིན་བོད་པའི་གནས་ཚུལ་ཤེས་མཁན་དེ་འདྲ་མ་རེད། བོད་མིའི་ཕྱོགས་ནས་ཀྱང་རང་སྲེག་གཏོང་མཁན་གྱི་གང་ཟག་དེའི་ཞིབ་ཚགས་པོའི་གནས་ཚུལ་ཁྱབ་བསྒྲགས་བྱ་ཐུབ་ཀྱི་མི་འདུག དེ་ནི་རྒྱལ་སྤྱིའི་སྟེང་དགོས་ངེས་ཅན་ཅིག་རེད། འཕྲོས་བཤད་འདིས་མི་ཚང་མར་རང་སྲེག་གི་འཕེལ་རིམ་ལ་ང་ནང་བཞིན་གྱི་ལྟ་ཕྱོགས་ཤིག་ཡོང་གི་མེད་པ་དེ་བཤད་འདོད་བྱུང། མཚམས་རེར་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་པ་དང། ཕྱི་ཕྱོགས་ལ་རེ་བ་བཅོལ་བ། དེ་ལས་ཀྱང་དཀྲོགས་གཏམ་ལ་ཡིད་ཆེས་བྱེད་པ་བཅས་ཀྱང་རང་སྲེག་འཕེལ་རིམ་དང་འབྲེལ་བ་ཡོད་ནའང། རྒྱ་ནག་གཞུང་གི་བྱེད་བབ་ལ་འདོད་པ་མེད་པ་ནི་ཧ་ཅང་གསལ་བོ་རེད།
དཀྲོགས་གཏམ་ཅི་ཞིག་རེད།
བོད་ནང་ཙམ་དུ་མ་ཟད། བཙན་བྱོལ་ནང་དུའང་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་རྒྱག་ས་ཞིག་ཨེ་ཡོད་བསམས་བཞིན་པ་རེད། མི་ལོ་ལྔ་བཅུའི་ནང་འཐབ་རྩོད་བྱས་པའི་བཙན་བྱོལ་བོད་མི་ཚོར་མཚོན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་བར་ཕན་ག་ཚོད་བཏགས་མིན་དང། མ་འོངས་པར་རེ་བ་རྒྱག་ས་ཡོད་མེད་གསལ་བོ་ཤེས་དགོས་ངེས་ཀྱང། ད་དུང་འདི་ལོའི་ལོ་མགོ་ནས་བཟུང་ལས་འགུལ་སྤེལ་བ་ཁག་ཀྱང་མང་ཆེ་བ་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་བཅོལ་བ་དེ་འདྲ་རེད། དེ་ནི་རྦད་དེ་ནོར་བ་རེད། མདོར་བཤད་ན། མཉམ་འབྲེལ་རྒྱལ་ཚོགས་ནི་ཇག་ཚོགས་ཤིག་རེད། བཙན་བྱོལ་བོད་མི་ཚོས་བོད་ནང་དུ་བརྒྱུད་ལམ་བཀག་སྡོམ་ཡོད་པ་ཤེས་བཞིན་དུ་རང་བཙན་ཕུད། རང་སྐྱོང་རྩོད་ཕྱོགས་སྐོར་ད་བར་ལམ་སྟོན་གང་ཡང་བྱས་མེད། ༢༠༠༨ ལོར་༧གོང་ས་མཆོག་གིས་གཞིས་ལུས་བོད་མི་ཚོར་འཚེ་མེད་ཞི་བ་ཕེབས་དགོས་པར་འབོད་སྐུལ་བྱས་པ་དང། དེའི་སྔོན་སྟག་གཟིགས་སྲམ་ལྤགས་མི་གྱོན་རྒྱུ། རྒྱན་འཇོག་ཤོ་རྒྱག་མི་བྱེད་པ་སོགས་ལ་སྐུལ་མ་མང་པོ་བྱས་ཡོད་ཀྱང། འདི་ཙམ་གྱིས་བོད་ཀྱི་རྩ་དོན་འགྲུབ་ཐུབ་བམ། ག་རེ་བྱས་ནས་གཞིས་ལུས་བོད་མི་ཚོར་འབོད་སྐུལ་དང་ལམ་སྟོན་བྱེད་ཀྱི་མེད་པ་རེད། འཕྲོས་ཐལ། ཉེ་འཆར་བོད་མི་བརྒྱ་སྲེག་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅིག་གནང་གི་ཡིན་རབས་ཀྱི་དཀྲོགས་གཏམ་ཁྱབ་འདུག་ཟེར། དེ་ཚོ་ཞེད་སྣང་རེད།
ང་ཚོའི་དབུ་ཁྲིད་ཕྱོགས་ནས་རང་སྲེག་ཐད་འཛིན་པའི་སྲིད་བྱུས་དེ་འགྲིག་འདུག་གམ།
“འུ་ཐུག་ཐབས་ཟད་”དང་”ཉེན་འཚབ་ཆེ་བའི་ལས་འགུལ་”ཟེར་བ་སོགས་ལ་ད་བར་ཚོང་ཡག་པོ་བྱུང་མེད། དེ་ནི་བོད་མི་ཚོའི་ཁྲོད་ཚིག་དེ་རྣམས་ངོས་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང། ཉེ་འཆར་ནས་༧གོང་ས་མཆོག་གི་འགན་འཁུར་གསུམ་དང་སྦྱར་ནས་འགྲེལ་བཤད་ཅིག་རྒྱག་བཞིན་པ་འདི། ལྟ་གྲུབ་དང་གཞུང་ལུགས་འཕྲོ་བརླག་ལ་གཏོང་སྤྱད་མིན་པའི་ངེས་པ་ག་ལ་ཡོད། ངས་ཚུལ་འདི་རྣམས་༧གོང་ས་མཆོག་གིས་གསན་བཞེས་གནང་ཨེ་ཡོད་བསམས་ཀྱི་འདུག གལ་སྲིད་གསན་ཡོད་ན་བསམ་བློ་ཅིག་འཁོར་གི་རེད་འདོད།
༧གོང་ས་མཆོག་ནས་རང་སྲེག་ཐད་ཅི་ཡང་གསུང་གི་མིན་ཅེས་བཀའ་ཕེབས་ཚར་བ་རེད། དེ་ལ་དགོངས་ཚུལ་ག་རེ་ཡོད་དམ།
༧གོང་ས་མཆོག་གིས་ང་ཤི་བ་ནང་བཞིན་འདུག་གི་ཡིན་ཅེས་གསུངས་བ་ངས་ཀྱང་མཇལ་སོང། དེའི་རྒྱུ་མཚན་ལ་བསམ་བློ་ཅི་ལྟར་བཏང་ཡང་དོན་རྟོགས་ཀྱི་མི་འདུག དགོས་པ་རྒྱུ་མཚན་རླབས་ཆེན་ཅིག་ཏན་ཏན་ཡོད་ཀྱི་རེད་ཅེས་ངས་སེམས་གསོ་ལབ་ན་འདྲ། ཡིད་ཆེས་འདི་ལྟར་བྱས་ཡོད། ཡིན་ནའང། གཉིས་སྨན་ཐབས་ལམ་བཏོན་པའི་རྒྱུ་མཚན་ཆེན་པོ་གཅིག་འཐབ་རྩོད་བྱ་ཡུལ་དང་བྱ་མཁན་གཉིས་ཀར་མི་ཤི་གོད་ཆག་མི་ཡོང་ཆེད་ཡིན་པར་བསམས་པས། རང་སྲེག་མ་གཏོང་ཞེས་འབོད་སྐུལ་གནང་བ་ཡིན་ན། དེ་ནི་ཆབ་སྲིད་ཀྱི་འོས་འགན་ཅིག་འཁྱེར་བ་མིན་པར། འགྲོ་བ་མིའམ་མི་རིགས་ཤིག་གི་འཚོ་གནས་འཆའ་ཕྱོགས་ཀྱི་ཐབས་ལམ་ལམ་སྟོན་བྱས་པ་ཞིག་རེད་བསམས་ཀྱི་ཡོད། ངས་ག་དུས་ཡིན་ན། ༧གོང་ས་མཆོག་གིས་རང་སྲེག་གཏན་འགོག་གནང་གི་རེད་བསམས་བསྡད་ཡོད།
༧གོང་ས་མཆོག་གིས་ད་ལྟ་མ་གནང་ན་མ་འོངས་པར་གནང་གི་རེད་བསམ་གྱི་མི་འདུག
ང་དོགས་གཞི་ཆེན་པོ་གཅིག་ག་རེ་ཡོད་ལབ་ན། རང་སྲེག་དང་པོ་བྱུང་དུས་ནས་བཙན་བྱོལ་བོད་མིའི་ཕྱོགས་ལ་གྲ་སྒྲིག་ཡོད་པ་མ་རེད་འདོད། སྲིད་སྐྱོང་གསར་པ་འདིས་དམིགས་བསལ་ ༣།༡༦ གི་རང་སྲེག་གཏོང་མཁན་ཕུན་ཚོགས་གཙོ་འདོན་བྱེད་དགོས་པ་དེའི་རྒྱུ་མཚན་གཅིག་ཀྱང་སོ་སོ་སྲིད་འཛིན་འོས་འདེམས་སྐབས་བྱུང་བའི་གནད་དོན་ཡིན་པའི་ཆ་ནས་རེད་འདོད། ༢༠༠༩ ལོར་བཀྲ་བྷེས་རང་སྲེག་གཏོང་སྐབས་རིམ་བསྟུད་དུ་ཨེ་འབྱུང་བསམས་ནས་ལྷགས་པ་རེད། ལྷགས་ཀྱང་སྐྱོན་མེད་པ་ལྟར་ ༢༠༡༡ བར་དུས་བདེ་ལྷིང་འཇགས་བྱུང་བ་རེད། ༢༠༡༡ ནང་སྲིད་དབང་རྩིས་སྤྲོད་ཀྱི་ཛ་དྲག་དང་བཀའ་ཁྲི་གསར་འདེམས་ཀྱི་བྲེལ་འཚུབ་དེས་རང་སྲེག་ཐད་སྔ་མོ་ནས་གྲ་སྒྲིག་ཡག་པོ་ཞིག་བྱེད་ཐུབ་མེད་པ་དེ། དེ་ནས་བསྟུད་མར་བྱུང་བ་རེད། བྱུང་བ་དེར་ཚང་མར་རྨི་ལམ་ཆགས་པ་རེད་ལ། རེ་བའང་སླེབས་པ་རེད། མཇུག་མཐར་ཞེད་སྣང་ཀྱང་སླེབས་བཞིན་པ་འདི་རེད། བྱས་ཙང། ༧གོང་ས་མཆོག་གིས་གཏན་འགོག་མ་གནང་བའི་རྐྱེན་གཅིག་འདི་ཡིན་སྲིད་པ་རེད།
རང་སྲེག་གི་ལས་འགུལ་འདི་འདྲ་བྱུང་བ་དེས་བོད་མི་རིགས་ཀྱི་སྙིང་སྟོབས་མཚོན་གྱི་ཡོད་དམ།
འཛམ་གླིང་གི་གཟུར་གནས་ཚང་མས་ལས་འགུལ་འདི་དང་འབྲེལ་ནས་བོད་མིའི་སྙིང་སྟོབས་ལ་གདེང་འཇོག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང། གདེང་འཇོག་དེ་ཉི་ཧོང་ནང་བརྩེ་བའི་ཆེད་དུ་རང་ཤི་བརྒྱབས་པ་དང་གཅིག་མཚུངས་ཆགས་ན་གྱོང་གུད་རེད། ལོ་མང་པོའི་རིང་ཉི་ཧོང་གི་ན་གཞོན་མང་པོ་བརྩེ་བའི་ཆེད་དུ་རང་ཤི་བརྒྱབས་པའི་གྲངས་ཚད་མཐོན་པོར་སླེབས་ཡོད་པ་རེད། དེ་ལ་དང་པོ་ཉེ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཁ་ཤས་ནས་ཡིད་སྨོན་གྱི་རྣམ་འགྱུར་བསྟན་པ་རེད། དེའང་ཕོ་མོའི་བརྩེ་དུངས་དང་དེའི་རང་དབང་གི་སྐད་ཆ་བཤད་ཀྱི་ཡོད་ཤག་བྱས་པ་རེད། འོན་ཀྱང། བར་སྐབས་ཤིག་ནས་རྒྱུས་ལོན་བྱེད་སྐབས། ཁ་ཤས་ར་བཟི་ནས་ཁ་རྩོད་ཅུང་ཙམ་ཤོར་བ་དེ་འདྲའང་ཟམ་པའི་སྟེང་ཆུ་ལ་ལྕེབས་པ་དེ་འདྲ་བྱུང་སྐད་འདུག གནས་ཚུལ་ཕྱི་མས་གནས་ཚུལ་སྔ་མ་བྱབ་ཆུང་བཟོ་གྲབས་བྱས་པ་རེད། དེ་འདྲ་མི་ཡོང་བར་ང་ཚོས་འགན་འཁུར་དགོས་པ་རེད།
འགན་ག་རེ་འཁུར་དགོས་པ་རེད་དམ།
བོད་ནང་ཐད་ཀར་འབོད་སྐུལ་བྱེད་དགོས་པ་རེད།
རྒྱལ་བ་ཀརྨ་པས་འབོད་སྐུལ་གནང་བ་དེར་བསམ་ཚུལ་ག་རེ་ཡོད་དམ།
༧གོང་ས་མཆོག་དང་ཀརྨ་པ་གཉིས་ཀྱི་འབོད་སྐུལ་དེ་བོད་ནང་གསན་ཡོད་མེད་ང་ཚོར་དོགས་པ་རེད།
༧གོང་ས་མཆོག་གི་འབོད་སྐུལ་གང།
འདི་ལོའི་གསུམ་བཅུའི་དྲུས་དྲན་ཉིན་གྱི་ཉིན་རྒྱབ་རྒྱ་རིགས་ཤེས་ཡོན་ཅན་ཁ་ཤས་དང་མཇལ་འཕྲད་སྐབས་གསུང་བ་དེ་ལབ་ཀྱི་ཡོད།
རྒྱལ་སྤྱིའི་ཚད་རིམ་ཅན་གྱི་འཐབ་རྩོད་སྟེང་རང་སྲེག་འདི་ཅི་ལྟར་གླེང་དགོས་པ་རེད།
གྲོགས་པོ་ལགས། ད་ང་ལས་ཀ་ཐོན་སོང། སྐབས་རྗེས་མར་གླེང། ང་ཆུ་ཚོད་ཡོད་དུས་ཁྱེད་ལ་ལན་ཕུལ་ཆོག
མཉམ་འབྲེལ་རྒྱལ་ཚོགས་ཡིད་སྲུབས་འདུས་ར་རེད།
ཙི་ནའི་མི་དག་དེ་ཡི་ཟས་འདྲེན་རེད།
བོད་མི་སྟོང་གི་བེམ་རོས་ཁོ་མི་འགྲང་།
བོད་མི་ཁྲི་ཡི་ཁྲག་གིས་ཁོ་མི་ངོམས།
མཉམ་འབྲེལ་རྒྱལ་ཚོགས་མིག་མེད་ལོང་བ་རེད།
དེ་ཡིས་སྟེང་ལ་ཙི་ན་མིག་ལྕིབས་རེད།
བསྐལ་བའི་མེ་ཆེན་འབར་ཡང་ཁོས་མི་མཐོང་།
ལག་པས་རག་ཀྱང་ཁོ་ལ་ཚ་སྣང་མེད།
མཉམ་འབྲེལ་རྒྱལ་ཚོགས་ཡི་དྭགས་ལྟོ་ཆེ་རེད།
ཙི་ནས་འདོད་ཡོན་ཁོ་ནས་ཚིམས་པར་བྱེད།
གྲོད་ཁོག་འགྲང་རྗེས་གཉིད་ཀྱི་བདེ་བ་མྱངས།
བོད་དོན་རླུང་གིས་འཁུར་ཀྱང་ཤོར་བྱ་ཅི།
མཉམ་འབྲེལ་རྒྱལ་ཚོགས་གྲང་དམྱལ་སེམས་ཅན་རེད།
ཤ་རུས་ཅི་ཙམ་སྲེག་ཀྱང་ཁོ་མི་དྲོས།
དཔའ་བའི་རྒྱུགས་ལམ་སྟེང་གི་མེ་ལྕེ་དེས།
གྲང་དམྱལ་རྒྱལ་ཚོགས་སེམས་པ་ཇི་ལྟར་དྲོས།
བོད་ཞེན་བོད་ལ་ཆེ་བའི་བོད་མི་ཚོ།
རང་གི་ལྷམ་སྒྲོགས་རང་གིས་ལེགས་པར་ཆོངས།
འཁུར་བོ་ཐེག་ཚད་རང་གི་ཕྲག་ལ་ལོངས།
རང་གི་རྡོག་ལམ་རང་གི་བློ་ཡིས་འཇལ།
རྒྱལ་བ་རིན་པོ་ཆེས་བོད་ནང་རང་ལུས་མེར་བསྲེག་མཚམས་འཇོག་འབོད་སྐུལ་མ་གནང་རེད་། ཀརྨ་པས་སྤུན་ཟླ་རྣམས་ཀྱིས་ཚེ་སྲོག་གཅེས་སྤྲས་འབོད་སྐུལ་བསྩལ་བཞིན་ཡོད་།
ཉེ་ཆར་བོད་ནང་མདོ་སྨད་གཙོས་དང་བསང་ཆུ་རྫོང་དུ་བོད་མི་སྤུན་ཟླ་གཅིག་མཇུག་གཉིས་འཐུད་དུ་རང་ལུས་མེར་བསྲེགས་བློས་བཏང་ནི་རེད་། ལྷག་པར་དུ་གུང་ཐང་བདུན་པའི་སྤོ་པོ་རང་ལུས་མེར་བསྲེགས་ཏེ་སྐུ་གཤིགས་ཟིན་། བཙན་བྱོལ་སྒྲིག་འཛུགས་ཀྱིས་མར་མེ་ཁྲོམ་སྐོར་ལས་འགུལ་སྤེལ་བ་མ་གཏོགས་། གང་ཡང་བྱ་བ་བྱེད་པ་མེད་། རྒྱལ་བ་རིན་པོ་ཆེ་དང་། ཀརྨ་པ་། སློབ་དཔོན་བློ་བསང་སེང་གེ་སོགས་ཀྱིས་རང་ལུས་མེ་འབར་ཀྱི་ལས་འགུལ་མཚམས་འཇོག་འབོད་སྐུལ་མ་གནང་མ་ཟད། ངས་བསམ་པས་རང་ལུས་མེར་བསྲེག་གི་ལས་འགུལ་དེའི་སྲིད་འཛིན་རྣམས་ཀྱིས་གཡོ་ཇུས་ཡིན་རྒྱུ་རེད་།གལ་ཏེ་བོད་མི་གཅིག་ཡིན་ན་སེམས་སྐྱོ་བོ་ཆེ་ཡིན། འོན་ཀྱང་ང་མིག་ཆུ་མི་འདུག་། ངས་སེམས་ཕམ་པ་འདུག་།
རྩོམ་འདི་བཀླགས་ཡིན། རང་གིས་རང་ལ་འདྲི་བ་དྲིས་ལན་ནམ་ཤེས་མ་སོང་། འདྲི་ཡུལ་གསལ་བོ་མི་འདུག
༡༽གོང་ས་མཆོག་གིས་རང་སྲེག་འགོག་མིན་གྱི་སྐད་ཆ་ཡོང་སྟངས་མེད། བོད་མི་ཚོ་རྒྱ་གཞུང་གི་ལག་ཏུ་ཡོད་པ་ལས་༧གོང་ས་མཆོག་གི་ལག་ཏུ་མེད། ཉིད་ཀྱིས་བཤད་སྟངས་དང་རྒྱ་གཞུང་གིས་རང་སྲེག་གི་རྒྱབ་ན་༧གོང་ས་མཆོག་ཡོད་ཟེར་བ་དང་འབབ་ས་གཅིག་པ་རེད་འདུག ཆེས་གནད་འགག་གི་གནད་དོན་འདི་རིགས་ལ་འགན་མང་ཙམ་འཁུར་ཏེ་གནས་བབ་ཤེས་པའི་ཐོག་ནས་གླེང་མ་ཤེས་ན་ཁ་བདག་རྒྱབ་ན་མཛེས་སོ།།
༢༽གོང་ས་མཆོག་གིས་NBC གསར་ཁང་ལ་ང་བོད་ནང་བོད་མི་ཚོའི་དཔོན་པོ་མིན་ལ། བོད་དུ་ཡོད་པའི་བོད་མི་ཚོ་ངའི་དཔོན་པོ་ཡིན་ལ། ང་ཁོང་ཚོའི་རྗེས་འབྲང་བ་ཡིན་ཞེས་པའི་ལན་དེས་རང་སྲེག་དང་བྱེས་ཀྱི་བོད་མི་ཚོའི་ལས་ཀ་བྱེང་སྟངས་གསལ་བོ་བཟོས་བ་མ་ཟད།་ཁོང་གི་ཕྱག་ལས་ཀྱི་ཁ་ཕྱོགས་ཀྱང་གསལ་བོ་བསྟན་པ་རེད།
༣༽༧གོང་ས་མཆོག་གཙོས་་བོད་མི་སུ་ཞིག་གིས་རང་སྲེག་བྱེད་དགོས་པ་རེད། དེ་ཡག་པོ་རེད་ཟེར་མཁན་ཧ་ལམ་ཡོད་རྒྱུ་མ་རེད། བོད་ནས་རང་སྲེག་བྱེད་ཡོང་དུས་ཁོང་ཚོའི་ཆེད་དུ་ལས་འགུལ་སྤེལ་དགོས་པ་རེད་ལ། རབ་བྱུང་ན་ཁོང་ཚོའི་མངོན་འདོད་སྒྲུབ་ཐུབ་པ་དགོས་པ་རེད།
༤༽བོད་ནས་མི་མང་པོས་རང་བསྲེགས་བྱས་དང་བྱེད་མུས་རེད། དེ་འདྲ་བྱེད་དགོས་པ་དེ་རྒྱ་གཞུང་ལ་ཐུག་པ་རེད། ང་ཚོས་ཕྱི་ལོག་ནས་ཅིག་གིས་བཀག་མ་སོང་ཉིག་གིས་བཀག་མ་སོང་ཞེས་ནང་ཁུལ་འཚིང་བའི་དུས་མ་རེད། དེ་ལས་ཐབས་ལམ་གསར་བ་རེད་རེའི་སྐོར་གླེང་སློང་བྱེད་ཐུབ་ན་བཟང་གི་འདོད། ད་དེ་ཙམ་བཤད་རྒྱུ་མང་གི་ར།
ནུས་བ་ཞེས་པ་དེ་ཡོངས་གྲགས་སུ་ནུས་པ་ཞེས་འབྲི་གི་ཡོད་པས་དེ་རང་བྲིས་ན་གོ་བདེ་བ་དང་གནད་ཆེ་བར་སེམས།
ཡིན་ཡང་གནད་དེའི་འདིའི་སྐོར་ལ་གླེང་སློང་བྱེད་པར་ཡི་རངས་དང་བསྔགས་བརྗོད་ཡོད།
བཀྲ་ཤིས་བདེ་ལེགས
རང་ལུས་མེར་བསྲེགས་ལས་འགུལ་འདིའི་རང་ཉིད་རང་ལ་གསོད་པས་འཚེ་བ་ཡིན་མིན་གསལ་བོ་ཤེས་གི་།ངས་བསམ་ན་མར་མེ་ཁྲོམ་སྐོར་ནི་འཚེ་བ་མེད་པའི་ལས་འགུལ་རེད་།ཧཧཧཧཧ སྤུན་ཟླ་ཚང་མས་གཟིགས་ན་、、、、、、
ཐན་བྱ་ཁུག་རྟ་འདི་ཚོར་ལས་རྒྱུ་མང་གི་རེད། ཁོས་ཅི་ལྟར་གཤོག་པ་བརྡབ་ཡང་འཕུར་ལམ་ཇེ་དོག་རེད། ད་གོ་ཡ་ལ་ཟླ་བ་ཚེ་རིང་དང་ཁོ་ཡབ་སྲས་གཉིས་དམ་ཚིག་ཤོར་ཉེན་འདུག་ཟེར།
ནུས་བ་ཐོན་ན་མ་ཐོན་ན་ཡང་། འདི་ནི་བོད་མི་རིགས་འདི་ལ། རྒྱ་བོད་བར་གྱི་ཞེ་འཁོན་ནི་ཁ་ཙམ་དང་ལོ་རྒྱུས་ཙམ་ལ་གཏུག་པ་མ་ཡིན་པར། མི་རབས་ཚ་རྒྱུད་ཀྱི་ཚེ་སྲོག་ལ་མཐུད་ཡོད་ནིའི་གནད་དོན་ཡོལ་དུ་མེད་པ་ཞིག་ཡིན་པའི་ར་སྤྲོད་ཆེ་རླབས་ཆེན་ཞིག་ཡིན་པས། སྙིང་ལ་རུས་པ་ཡོད་ནིའི་བོད་མི་ཞིག་ཡིན་ན། སེམས་ཤུགས་དང་འཐབ་བརྩོད་ལ་ཆེ་ཕན་ཐོག་པ་ཞིག་ཡིན་པ་བཤད་མ་དགོས་བ་རེད།
བོད་པས་བོད་པ་དགྲ་ལག་ནས་སྐྱོབས་ཐུབ་པ་ཞིག་བྱེད་དགོས་པ་ལས།
བོད་པས་བོད་པ་བོད་ལག་ནས་སྐྱོབས་དགོས་ཟེར་ན་ལྐུག་པ་རང་རེད། དྲ་གྲོགས་ཚོ། ཡག་པོ་བྱས་ནས་ཉོན།
ཁ་མ་གྲགས་པར་བསྡད་ན་བོད་མིའི་ཚེ་སྲོག་ལ་སེམས་ཁུར་མེད་པ་མཚོན་ནམ།
“རྒྱལ་བ་ཀརྨ་པས་འབོད་སྐུལ་གནང་བ་དེར་བསམ་ཚུལ་ག་རེ་ཡོད་དམ།” འདི་ལ་གོ་རྒྱུ་ག་རེ་འདུག
དེ་ལས་”མི་ཚང་མ་ང་ནང་བཞིན་བོད་པའི་གནས་ཚུལ་ཤེས་མཁན་དེ་འདྲ་མ་རེད” འདི་རྫིག་ག་འདུག
གྲ་གྲོགས་ཚོ།
ཁ་སང་དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་གིས་རླངས་རྫས་བསྐོར་ཀྱི་གནས་ཚུལ་གསལ་ལ་མ་གསལ་ཞིག་ས་གནས་གང་ས་གང་དུ་གོ་ཐོས་འདུག།
དྲ་གྲོགས་ཚོའི་གནས་ཚུལ་འདི་རིགས་ཐོས་པ་ཡོད་ན་དྲ་ཐོགས་དུ་བཀོད་རོགས་གནང་།
གང་མགྱོགས་མགྱོགས།
ང་ཚོ་ཕྱི་ལ་སྡོད་མཁན་ཚོར་བོད་ནང་གི་མི་ལ་ལམ་སྟོན་བྱེད་པའི་ཐོབ་ཐང་ཡོད་བསམ་པའི་འཁྲུལ་སྣང་དེ་འདོར་ཤེས་དགོས་པ་གལ་ཆེན་རེད། ང་ཚོར་ལས་འགན་ཞིག་ཡོད་པ་དེ་དཔའ་བོ་དེ་ཚོ་ལོ་རྒྱུས་ཀྱི་ནང་ནས་མ་བོར་བ་བྱས་ནས་མི་རབས་ཕྱི་མ་ལ་ངོ་སྤྲོད་བྱ་ནུས་ན་དེ་ང་ཚོ་ཚང་མའི་འགན་ངོ་མ་དེ་རེད།
བོད་མི་ཆོས་དང་བླ་མར་དད་པ་ཆེ། བླ་མ་རྣམ་པ་ཚོས་ཆོས་དང་མཐུན་པར་བཀའ་སློབ་ཕེབས་པར་བརྟེན་ཕ་མེས་ཡང་མེས་ནས་དར་བའི་གཟབ་འཕྱོར་རྒྱན་གོས་རིན་ཐང་ཆེ་ཚད་སྦྱིན་སྲེག་ཕུལ་ཞིང་། ཕྱི་དགྲ་ནང་དགྲ་སུ་བྱུང་ཡང་རང་ནུས་ལ་དཔག་པའི་ཁ་གཏད་བྱེད་རྒྱུ་མེ་མདའ་དང་། མཐའ་ན་གློ་གྲི་དང་ཟ་གྲི་ཡར་རྒྱབ་སྦྱིན་སྲེག་གི་རྫས་བྱས་སོང་། ད་ནི་དགྲ་དང་གྲོགས། ཤ་དང་ཤིང་གང་ཐུག་ཀྱང་བོད་པ་ལ་ཡོད་པ་ཁོ་མཛུབ་མོ་དང་ལག་མགོ་རེད། རང་སྲེག་མི་བྱེད་ན་གཞན་གང་བྱེད། ད་དུང་བཀའ་སློབ་གང་ཡོད་ཕོར་བ་དང་། ཞྭ་མོ། ལྷམ་སོགས་མེད་པ་བྱས་ན་མ་གཏོགས་གཞན་བཀའ་སློབ་གནང་ཡས་ལྷག་མེད།
བོད་མི་རིགས་མཆི་ལམ་ལས་སྐྱོབ་དགོས་པ་ནི་བོད་མི་ཡོད་དོ་ཅོག་ལ་འགན་ཡོད།
དྲ་འབུ་སྤོབས་པ་མཐའ་ཡས་ལགས། ཐོབ་ཐང་མེད་པའི་རྒྱུ་མཚན་ཅི་རེད། བཤད་ཡ་ཡོད་ན་ཤོད་དང།
༡། རང་ལུས་དམར་མཆོད་ཀྱི་འཐབ་རྩོད་བྱེད་སྟངས་འདི་ལ་རྒྱབ་སྐྱོར་མེད། རང་གིས་རང་ལ་ཕམ་ཁ་བཟོ་གི་ཡོད་པ་རེད། ང་ཚོས་བོད་མི་རིགས་གསོན་པོར་གནས་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། དམིགས་ཡུལ་རང་ཤི་བརྒྱག་རྒྱུ་དེ་ཡིན་ན་ང་ཚོས་རང་ཉིད་ལ་མར་སྒྲོན་དགོས་མ་རེད། ཁུ་སིམ་པོ་བསྡད་བསྡད་ན་རྒྱ་དམར་གྱི་སྲིད་ཇུས་ཀྱིས་བོད་མི་རིགས་རང་བཞིན་གྱིས་རྩ་མེད་བཟོ་གི་ཡོད་པ་རེད།
༢། ཕྱོགས་གཅིག་ནས་བོད་གཞུང་ངམ་བོད་པའི་སྒྲིག་འཛུགས་ལ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད། རང་གི་མི་མང་ལ་ལམ་སྟོན་དང་སྲིད་ཇུས་གཏིང་ཟབ་པ་གང་ཡང་མེད་པའི་རྟགས་རེད། དེའི་ཕྱིར་མི་མང་གི་ངོས་ནས་གང་བྱེད་དགོས་མིན་ཧ་མ་གོ་བར། མི་སྒེར་སོ་སོའི་ག་རེ་དྲན་དྲན་བྱེད་བཅུག་གི་ཡོད་པ་རེད། འདི་ནི་བོད་རིགས་མི་མང་ལ་ལམ་སྟོན་དང་བསླབ་བྱ་བརྒྱག་མཁན་དང་། ཁ་ཕྱོགས་ཡོད་པའི་ཐོག་ནས་སྣེ་ཁྲིད་མཁན་མེད་པའི་དྭ་ཕྲུག་ཏུ་གྱུར་ཡོད་པའི་རྟགས་རེད། བཀའ་ཤག་གིས་བོད་མི་རྣམས་ཁ་ཕྱོགས་དང་ཕུགས་བསམ་ལྡན་པའི་ཐོག་ནས་སྣེ་ཁྲིད་ཐུབ་ཀྱི་མེད་པའི་དཔང་རྟགས་རེད། བཀའ་ཁྲི་ནི་ནུབ་ཕྱོགས་ཚོང་དཔོན་ཚོའི་མདུན་དུ་སྤྲང་ཁྱི་ནང་བཞིན། ངོ་མི་སྟོན་ན་མདུན་དུ་རྒྱུགས་ནས་རྩ་ཆེ་བའི་བཀའ་ཤག་གི་དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད་པ་རེད།
༣། ཁོང་ཚོའི་སྙིང་སྟོབས་ལ་དད་གུས་ཚད་མེད་ཡོད།
བོད་མི་རིགས་ཀྱི་མཐར་ཐུག་གི་དམིགས་ཡུལ་བསྒྲུབ་པར་ཁ་བཤད་ཙམ་གྱི་ཅི་ལ་ཕན་དགོངས་ནས་དཔའ་རྒོད་རྣམས་ཀྱི་རང་ལུས་མཆོད་མེར་ཕུལ་བ་རེད།
བཀའ་ཁྲིས་རང་གི་ངོ་དེབ་ནང་འཇོག་རྒྱུའི་པར་ཡག་པོ་བརྒྱག་ཆེད་ཕྱི་རྒྱལ་གྱི་རྒྱལ་ས་ཆེ་ས་དང་མི་སྣ་གྲགས་ཅན་ཚོ་ལ་བོད་མིའི་བཀའ་ཁྲིས་མིང་ཁུར་ནས་ཐུག་འཕྲད་བྱས་ནས་བསྡད་ཡོད་པ་རེད། གཙོ་བོ་ཁོ་རང་ལ་རང་གི་ངོ་དེབ་ནང་འཇོག་རྒྱུའི་པར་མང་པོ་དགོས་ཡོད་པ་རེད།
བཀའ་ཁྲིས་རང་གི་ངོ་དེབ་ནང་འཇོག་རྒྱུའི་པར་ཡག་པོ་བརྒྱག་ཆེད་ཕྱི་རྒྱལ་གྱི་རྒྱལ་ས་ཆེ་ས་དང་མི་སྣ་གྲགས་ཅན་ཚོ་ལ་བོད་མིའི་བཀའ་ཁྲིས་མིང་ཁུར་ནས་ཐུག་འཕྲད་བྱས་ནས་བསྡད་ཡོད་པ་རེད། གཙོ་བོ་ཁོ་རང་ལ་རང་གི་ངོ་དེབ་ནང་འཇོག་རྒྱུའི་པར་མང་པོ་དགོས་ཡོད་པ་རེད།
དེ་རིང་གི་གནད་དོན་ལ་དེ་རིང་ཐག་གཅོད་མ་བྱས་ན་ཉིན་གཅིག་རྒྱ་ནག་གི་རྒྱལ་ཁབ་ཆེན་པོ་དེ་མེ་འབར་བའི་ཉེན་ཁ་ཡོད།
རྩེ་བློ་བཟང་བཀྲ་ཤིས་མིང་འཛིན་ཅན་གྱི་ཤར་ཁུག་གིས་ནམ་ཞར་སོ་སོ་ཐམས་ཅད་ཀྱི་གོང་ན་ཡོད་སྙམ་གྱི་འཁྲུལ་སྣང་ཆེ་སྟབས། འདིར་དྲ་གྲོགས་སྤོབས་པ་མཐའ་ཡས་ལ་འཛིང་མོ་ལྟ་བུ་བོད་ནང་དུ་ལམ་སྟོན་བྱེད་དབང་མེད་པའི་གནད་དེ་ཧ་གོ་མི་འདུག ཁ་སྔ་བའི་ཁོའི་རང་གཤིས་དེས་ཁོ་རང་ཉིད་བསླུས་པ་ཉུང་ཉུང་མིན་མོད། དེར་ངེས་ཤེས་མི་སྐྱེས་པ་ཡ་མཚན་རེད་ཡ་་་་་་་་་་་
ཧཧཧཧཧཧཧཧཧཧ་།ངོ་མ་ཡིན་།
http://www.tibetexpress.net/bo/blog/2012-07-23-11-25-33/9190-2012-09-09-13-38-47
སྤོབས་པ་མཐའ་ཡས་ཀྱིས་ངེད་ཚོར་འདི་བྱོས། འདིའི་ཐོབ་ཐང་མེད་ཅེས་པའི་ཐོབ་དབང་མེད་པར་ཤེས་པར་གྱིས།
ཤར་ཕྱོགས་ཁུག་རྟ་ནི་སུ་རེད་དྲ་།
སྤྱིར་གཏང་ཀརྨ་པ་ཟེར་བ་དེ་བྱང་ཆུབ་སེམས་པ་སྤྲུལ་བ་རེད་།་ དེ་བྱེད་ནས་་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གིས་འབོད་སྐུར་གནང་ཡིན་ས་རེད། མ་ཚད་བོད་དུ་རང་ལུས་མེ་བསེད་རྣམས་ཀྱིས་ག་དུས་ཡིན་ཡང་ཀརྨ་པ་བོད་ཕེབས་དགོས་ཟེར་གི་ཡོད་མ་རེད་།
ཤར་ཕྱོགས་ཁུག་ལྟར་གསུང་པ་དེ་ཡག་པོ་དང་བདེན་པ་འདུག་དེ་ནང་ནས་ གནས་ཚུལ་འདི་འདྲ་བདེན་པ་གསུང་མཁན་ད་ལྟར་བར་དུ་ཐོས་མ་སོང་་ ༼ཁོང་རྣམ་པ་ཚོས་མི་མེད་རྩ་ཐང་དང། གྲོང་གསེབ་ཁུག་ཀྱོག དགོན་པའི་བསྐོར་མཐའ་བཅས་སུ་རང་སྲེག་གཏོང་གི་འདུག ཁོང་རྣམས་པེ་ཅིན་ལ་འགྲོ་ཐུབ་ཀྱི་རེད་དམ། ཧྲང་ཧའེ། ནན་ཅིན། ཁྲིན་ཏུའུ། ཀོང་ཀྲུག་བཅས་ལ་འགྲོ་ཐུབ་ཀྱི་རེད་དམ། ངས་བསམས་ན་རང་སྲེག་བྱུང་རྗེས་ཁྱབ་བསྒྲགས་བྱ་ས་གཙོ་ཆེ་བ་རྒྱ་ནག་རང་གི་ནང་རེད་བསམས་བསྡད་ཡོད། གང་ཡིན་ཞེ་ན། རྒྱ་ནག་རང་དབང་མ་ཐོབ་པར་བོད་ལ་རང་དབང་ཐོབ་ཐུབ་ཀྱི་མ་རེད། དེས་རྐྱེན། བོད་མི་ཚོས་འཚེ་བ་མེད་པའི་ལམ་ནས་འཐབ་རྩོད་བྱ་ན། རེ་བ་རྒྱག་ས་གཙོ་བོ་རྒྱ་ནག་མི་མང་རེད། རྒྱ་ནག་མི་མང་གིས་ཤེས་ཡོན་ཅན་རེད་།༽ བདེན་པ་འདུག་
རང་སྲེག་གིས་ཕན་འབྲས་རླབས་ཆེན་བྱུང་ཡོད་པ་རྣམས་འགོད་ན།
༡ མེར་སྲེག་གིས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་རྣམས་ལ་བསམ་བློ་ཆིག་སྒྲིལ་དང་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེར་སོང་ཡོད། ༢ བྱེས་ཀྱི་བོད་རིགས་རྣམས་ལ་སེམས་ཤུགས་འཕར་མ་ཞིག་དང་ཆིག་སྒྲིལ་གྱི་གོང་བུའི་ནུས་པ་བླ་མེད་ཅིག་སྤྲོད་ཡོད། ༣ རྒྱ་གུང་ཁྲན་ལ་བོད་མིའི་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ་ཆེ་ལོད་ཇི་ཙམ་ཡོད་མེད་འགྲེལ་བཤད་ངོ་མ་དེ་རྒྱབ་ཐུབ་ཡོད། ༤ རྒྱ་ཡི་མགོ་ཁྲིད་ཚོ་ལ་བོད་ཀྱི་དཀའ་རྙོག་འདི་ལས་སླ་པོ་ཞིག་མིན་པ་དང་འདིའི་ཐོག་ཐབས་ལམ་ཏན་ཏན་ཞིག་མ་འཚོལ་ན་བོད་རིགས་འདི་ལ་རྒྱ་མིས་དངུལ་དངོས་དང་བློ་གསོས་བསླུ་ཐུབ་ཀྱི་མེད་པ་ཤེས་སུ་བཅུགས་ཡོད། ༥ དེ་བཞིན་རྒྱལ་སྤྱིའི་ཐོག་ལའང་སེམས་ཁུར་བྱེད་མཁན་མང་དུ་སོང་བ་མ་ཟད་སེམས་ཚོར་ཆེན་པོས་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེར་སོང་ཡོད། ༦ བོད་མི་རྣམས་བདེ་སྐྱིད་ཀྱིས་འཚོ་བ་རོལ་བཞིན་ཡིན་སྐོར་དང་ཏང་དང་རྒྱ་ནག་ལ་དགའ་མོས་ཡོད་ཚུལ་རྒྱ་ནག་གིས་ཁ་ན་ན་བར་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་པ་རྣམས་སྐད་ཅིག་གིས་ཆུ་ནང་དུ་གཡུག་ཐུབ་ཡོད།
ད་བྱས་དུས་མེ་སྲེག་མ་གནང་རོགས་ཞེས་རེ་བསྐུལ་ལས་ལྡོག་སྟེ་རྒྱའི་གྲོང་འཁྱེར་མང་ཤི་དགོས་རེད་ཟེར་རྒྱུ་རེད་པ།
༡༽ ད་བྱས་དུས་མེ་སྲེག་མ་གནང་རོགས་ཞེས་རེ་བསྐུལ་ལས་ལྡོག་སྟེ་རྒྱའི་གྲོང་འཁྱེར་མང་ཤི་དགོས་རེད་ཟེར་རྒྱུ་རེད་པ།
༢༽ ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་བྱང་ཆུབ་སེམས་དཔའ་ཡིན་ན་མིན་ན་གོང་མའི་སྤྲུལ་སྐུ་འཕྲུལ་བྲལ་རེད་འདོད།
ཡང་ཅོལ་ཆུང་འགའ་འདིར་ཚོགས་འདུག
རང་བསྲེག་ལས་འགུལ་འདིས་ཕན་འབྲས་ལས་གནོད་པ་ཆེ་བ་དགུ་ཡོད།
༡ ༧གོང་ས་མཆོག་ལ་གཞི་མེད་སྒྲོ་བསྐུར་ཇེ་མང་དང་མི་སྨྲ་བའི་གནས་སུ་བཀོད་ཡོད།
༢ བོད་མིས་ཆོས་ཀྱི་ལག་ལེན་མི་ཤེས་པར་འུར་སྒྲོག་ཁོ་ན་ལ་སོང་བ་གསལ་བོ་བསྟན་ཡོད།
༣བོད་གཞི་བྱེས་དང་མདོ་དབུས་ཁམས་སུ་ཆིག་སྒྲིལ་ལ་རྨ་སྲོལ་ཆེན་པོ་བཟོས་ཡོད།
༤ རྒྱ་བོད་མཛའ་མཐུན་ལ་དབྱེན་དཀྲུགས་གསོ་མི་ཐུབ་པ་བྱས་ཡོད།
༥ བོད་མིས་རང་མྱིའི་ཚེ་སྲོག་གི་རིན་ཐང་དང་རིག་གཞུང་དང་རྒྱབ་འགལ་བྱས་ཡོད།
༦ དོན་སྙིང་མེད་པས་དབང་རྩ་མི་ཚང་བའི་རིགས་ལ་ངོ་སོ་བསྟོད་ཡོད།
༧ འཛམ་གླིང་མི་དམངས་ལ་བོད་མི་རིགས་འདི་ཞེ་སྡང་ཅན་རང་ཕུང་གཞན་གནོད་བྱ་བ་ཞིག་ཡིན་པ་མངོན་སུམ་བསྟན་ཡོད།
༨ བོད་ཀྱི་རིག་གཞུང་ལ་མེད་པའི་གྲྭ་གཟུགས་དེ་ཚོ་ཁྱབ་སྲིད་ཀྱི་ལག་ཆ་ཡིན་པ་མངོན་སུམ་དོད་པོ་བྱས་ཡོད།
༩ རྒྱ་ནག་གཞུང་གིས་མི་རིགས་དྲུག་ཅུའི་ནང་གི་བོད་མི་རིགས་ལ་རོགས་དན་ག་ཚོད་བྱས་ཡོད་པ་ཐམས་ཅད་སྐད་ཅིག་གི་མེ་ནང་དུ་བསྲེག་པས་མཐར་བོད་དོན་ཀྱང་འགྲུབ་མི་སྲིད་པའི་ངན་བསྐུལ་གྱི་མེ་དཔུང་དམར་པོ་ཞིག་རེད།
རྒྱ་མཚན་དེས་ན་བཟང་ངན་གང་བརྗོད་ཀྱང་དོན་ལ་ཅོལ་ཆུང་དེ་ཚོའི་ཚེ་སྲོག་ལ་བདག་པོ་མ་བྱས་པ་རེད།
ཡུན་རིང་མ་མཇལ་བར་འཚམས་འདྲི་ཞུ་རྒྱུ་དང་། རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ།།
གོང་དུ་ཚང་མས་བྲིས་པའི་མཆན་ར་བལྟས་ན་བཙན་བྱོལ་སྤྱི་ཚོགས་བོད་རང་བཙན་དང་དབུ་མའི་ལམ་གཉིས་བར་དུ་ནང་རྩོད་ཡིན་། ཤར་ཕྱོགས་ཁུག་རྟའི་རྩོལ་རིག་མཐོང་ན་དབུ་མའི་ལམ་ཀྱི་མི་ཞིག་རེད་། ཁོང་གིས་རང་ལུས་མེར་བསྲེགས་ལས་འགུལ་བཀག་འགོག་གམ་ངོ་རྒོལ་བྱེད་བཞིན་ཡོད་། རྩོས་རིག་འདིར་ངོ་རྒོལ་ཀྱི་ཚང་མ་ནི་བོད་རང་བཙན་རྒྱབ་སྐྱོར་ཚགས་པ་ཡིན་། ཧཧཧཧཧ་། དགོད་བྲོ་བ་ཡིན་ནི་རེད་།
མེ་ཏོག་དཀར་པོ་བྱབ་ཆུང་ཁྱོད་འདིར་རང་རིགས་རྣམས་མེར་སྲེག་་གཏོང་བཞིན་པའི་སྐོར་བསམ་ཚུལ་སྤེལ་བ་ལས། ཀརྨ་པའི་ཡང་སྤྲུལ་སུ་ཡིན་བཤད་དགོས་དོན་གང་ཡིན། ༧གོང་ས་མཆོག་གི་དབུས་རིས་མེད་བླ་ཆེན་བསྟན་འགྲོའི་དོན་དུ་ཐུགས་བློ་གཟུ་བོར་གནས་པ་རྣམས་དང་། བོད་གཞིས་བྱེས་མི་མང་གི་སུ་ལ་ཡིད་མཆིས་དང་དད་པ་བྱེད་བཞིན་པ་དེ་ལས་ལྷག་སྡུག་ཁྱོད་དང་ཁྱོད་འདྲ་བའི་རྨོངས་ཞེན་ཅན་ལ་སུའི་ཡིད་བརྟོན་བྱེད། ཁྱོད་ལྐུགས་པ་རེད།
རང་ལུས་བསྲེག་པའི་ལས་འགུལ་དེ་མགྱོགས་པོ་མཚམས་འཇོག་ཡོང་བའི་རེ་སྐུལ་བྱས་ན་ལེགས་ཆ་ཆེ། མི་རིགས་ཤིག་གི་དཀའ་ངལ་འདི་མི་རབས་མི་རབས་བྱས་ནས་སེལ་དགོས་པ་ལས་ལམ་སེང་མི་གཅིག་གཉིས་ཀྱི་སྲོག་འབུལ་ནས་སེལ་ཐུབ་པའི་འདུ་ཤེས་དེ་དོར་དགོས། སླ་ཆོས་ཀྱི་བསམ་བློ་འདི་སྤྱི་སྒེར་གཉིས་ཕུང་པའི་མདོ་རེད།
ངོ་མ་བོད་མི་རིགས་ཀྱི་ལས་དོན་རྣལ་མ་ཞིག་བསྒྲུབ་འདོད་ན་ཉིན་རེ་ཉིན་རེའི་འཚོ་བའི་ནང་ནས་བོད་ཀྱི་རིག་གཞུང་དར་སྤེལ་དང་མི་རབས་རྗེས་མ་རྣམས་ལ་མིག་དཔེ་དང་སློབ་གསོ་བསྟན་དགོས།
ཁྱོད་ཀྱི་ངོར་ང་བྱབ་ཆུང་། ངའི་ངོར་་་་
རྟ་མགྲིན་དབང་ཆེན་ནས་མི་སྐད་ངོ་མ་ཞིག་བཤད་འདུག དེ་མིན་ཕལ་ཆེ་བ་ཁྱི་བཤད་ལས་མ་འདས།
ཤར་ཕྱོགས་རྒྱ་ནག་གི་ཁུག་རྟ། །ནུབ་ཕྱོགས་རྒྱ་གར་ལ་འབྱོར་ནས། །གཞིས་ལུས་བོད་མི་ཡི་ངོ་ཚབ། །བཙན་བྱོལ་སྤྱི་ཚོགས་འདི་དཀྲུགས་སོང་། །
ལོག་སྨྲ་ཚར་གཅོད་གྱིས་གསུངས་ལ་མངོན་པར་བསྟོད།
ཤར་ཕྱོགས་ཁུག་རྟའི་མིང་ཅན་ནས་གསུངས་པའི་མཆན་བུ་དེ་ཚོར། ལོང་བ་ཐང་སྟོང་ནས་འགྲོ་བ་དང་གཅིག་འཚུངས། གནས་ལུགས་དང་རྒྱང་ཐག་ཧ་ཅང་རིང། བློ་ངོར་དོན་སྤྱི་འཆར་བ་ཙམ་གྱིས་གནས་ལུགས་གཏན་ལ་འབེབས་མི་ཐུབ།
དེ་ལས་གདུང་སེམས་མཉམ་བསྐྱེད་ཀྱིས་ནུས་པ་ཙམ་ལས། མེ་བསྲེག་གིས་ཐད་ལེགས་ཉེས་འཆར་འགོད་གནང་བ་ནི། མིའི་ཀུན་སྤྱོད་དང་བྲལ་བའི་རྟགས་ལས། གཞན་གནས་ལུགས་དང་འཆར་ཅན་གྱིས་སློབ་སྟོན་པ་ཞིག་ལ་ངོས་འཛིན་གནང་ན་ཧ་ཅང་མི་འོས། ད་དུང་མེར་བསྲེག་གིས་ལས་འགུལ་སྤྱོད་པ་འཚེ་བ་ཅན་ལ་ངོས་འཛིན་གནང་ན། གཞན་སེམས་ཤེས་པའི་མངོན་ཤེས་ཡོད་མཁན་ཞིག་གིས་མཁྱེན་ཐུབ་ན་མ་གཏོགས། སོ་སོའི་སྐྱེ་བོས་བློ་ཡུལ་ལས་འདས། འཚེ་བ་ཞེས་པའི་གོ་དོན་དེ་གཞན་གྱིས་ལུས་ཐོག་གནོད་སྐྱེལ་བ་དེར་ངོས་འཛིན་བྱེད་དགོས་པ་ལས། གཞན་ངོས་ཟིན་ཐབས་དབེན། རང་བསྲེག་གིས་བྱ་སྤྱོད་དེས་རྒྱ་གཞུང་ལ་ཕོག་ཐུག་འགྲོ་བའི་རྐྱེན་གྱིས་འཚེ་བ་ངོས་འཛིན་གནང་ན་དེ་ང་ཚོར་དགོས་པའི་རང་བསྲེག་གི་གྲུབ་འབྲས་ཞིག་ཡིན་པ་ལས། དེར་ངོ་རྒོལ་བྱེད་ཕོད་པའི་དྲན་ཤེས་ཞིག་བརྙེད་པར་ནི་ཧ་ཅང་ཡ་མཚན་གིས་གནས། རང་བསྲེག་གིས་བྱིན་མཐུས་ཆོལ་གསུམ་གོང་བུ་གཅིག་དུ་གྱུར་ནས་མདུན་བསྐྱོད་གྱིས་གོམ་ཁ་མཉམ་དུ་ཕྱོགས་པ་དེས། སྔར་ན་མེད་པའི་བོད་ཀྱི་རྒྱལ་ཁབ་ཉམས་པ་སླར་གསོ་དང་ཆེས་ངོམ་འོས་པའི་གཟི་བརྗིད་ཞིག་མིན་ན་འོ་ན་ག་རེ་རེད། རྩ་ས་བརྩོད་གླེང། ཆོལ་ཁའི་འཐེན་ཁྱེར། ཆོས་ལུགས་གིས་འཐེན་ཁྱེར་ཚང་མ་དོར་ནས་རྡོག་རྩ་གཅིག་ཏུ་གྱུར་པ་འདི། རང་བསྲེག་གིས་བྱས་རྗེས་ལས་གཞན་སུས་བྱེད་ཐུབ་སོང། རང་སྲེག་གིས་སྙན་གྲགས་དེས་རྒྱལ་སྤྱིར་ཀུན་སློང་བྱེད་རུང་མ་ཐུབ་རུང་རང་ས་རང་བདག་བརྩོད་མཁན་དེ་ཆོལ་གསུམ་ལས་རྒྱ་སྤྱིའི་ཐག་གཅོད་བྱེད་མི་སྲིད། རང་སྲེག་གི་བྱས་རྗེས་ཆེ་ཤོས་གཉིས་པ་དེ་ཆོལ་གསུམ་བོད་རིགས་སྤུན་ཟླའི་འཐབ་བརྩོད་བྱ་ཡུལ་དེ་རྒྱ་གཞུང་ཡིན་པར་དང། རྒྱ་བོད་གྱིས་དབྱེ་མཚམས་གསལ་པོ་བཟོས་ཡོད། མ་ཚད་ཆོལ་གསུམ་རྩ་མེད་མ་གྱུར་བར་དུ་རང་རྒྱལ་གྱིས་འཐབ་བརྩོད་ཉམས་མི་སྲིད། ངས་དཔྱད་ན་དེ་ནི་དེ་སྔོན་རྒྱལ་པོ་སྲོང་བཙན་གིས་སྐབས་སུ་གནས་པའི་ཆོལ་གསུམ་གོང་བུར་གཅིག་བསྡུད་དེ་དང་བསྡུར་ན་། ད་དུང་འདིས་གཟི་བརྗིད་ཆེ་སྙམ། རྒྱུ་མཚན་ནི་མ་གྲོས་བསམ་པ་གཅིག་མཐུན་གིས་གོང་བུ་གཅིག་ཏུ་གྱུར་པ་འདི་བོད་གངས་ཅན་པར་ངོམ་ཆོག་པ་ཞིག་དང་སྨོན་ཆོག་པ་ཞིག་རེད་འདོད། འདི་ཡང་རང་སྲེག་གི་ནུས་པ་ལས་གཞན་སུས་བྱེད་ནུས་སོང།
ཤར་ཁུག་དང་ཁོ་པའི་རྗེས་འབྲངས་བར་བརྗོད་རྒྱུར། གཞིས་ལུས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་ལེགས་ཉེས་འབྱེད་པའི་ཐོབ་ཐང་སུས་སྤྲད་པ་རེད། དེ་འདྲའི་ཐོབ་ཐང་ཞིག་ཡོད་དགོས་ན་གཞིས་ལུས་མི་དམངས་ཀྱི་དཀའ་སྡུག་སེལ་ཐུབ་པའི་ནུས་པ་དགོས་པ་རེད་ལ་ཁོ་ཚོའི་མངོན་འདོད་ངེས་པར་དུ་བསྒྲུབ་ཐུབ་དགོས་པ་རེད། དེ་ལྟར་འུ་འཐུག་ཐབས་ཟད་ཀྱི་ལས་འགུལ་ཡ་ང་བ་དེ་མི་སྤེལ་རྒྱུའི་འགན་ལེན་ཐུབ་པ་བྱ་དགོས་པ་རེད། སོ་སོ་སྐྱིད་ས་དང་དཀའ་ངལ་མེད་སའི་མལ་ས་དྲོན་མོའི་ནང་ནས་གཅིག་གཅིག་མེག་མེག་ཟེར་ན་སུས་དང་ལེན་ཞུ་གི་རེད། ངོ་རྒོལ་མཐའ་གཅིག་ཏུ་ཡོད།
མཆན་པ་༣༣་པ་ཨ་ཕྱི་ཟེར་བ་ཁྱོད་ཉོན་ཅིག།
ཁྱོད་དོན་ལྔ་སྣོད་དྲུག་མ་ཚང་བའི་གང་ཟག་ཞིག་མིན་ན་ཅི་རེད། གཞིས་ལུས་དཔའ་བོ་དཔའ་མོའི་མཛད་རྗེས་ལ་ལོག་འགྲེལ་དགུ་རྒྱགས་དགོས་པའི་རྒྱུ་མཚན་ཅི་རེད། ཁྱོད་ལ་གཞན་གྱིས་མངགས་པ་ནི་ཡིན་རྒྱུ་མ་རེད་པ། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་རྣམ་འགྱུར་ཡ་མ་བརླ་ཅན་དང་འདུ་ཤེས་ཡ་མ་བརླ་ཅན་གྱི་མི་འདི་འདྲ་ཡོད་རྒྱུ་ལ།
རང་སྲེག་གི་དོན་ཅན་བསྐོར་ལ་རྒྱ་གུང་ཁྲན་དང་ཤར་ཁུག་རྟ་གཉིས་ཀྱི་འབྲེལ་བཤད་གཅིག་པ་རེད་འདུག། ཚང་མ་་་་་་་་་
ཤར་ཕྱོགས་རྒྱ་ཡི་ཁུག་རྟ་དེ།
ལྷོ་ཕྱོགས་ཡུལ་གྱལ་ཉུལ་མ་ཡིན།
བོད་རིགས་སྤུན་ཟླའི་ཚེ་སྲོག་ལ།
རིན་ཐང་གཞལ་བས་གྲི་སོ་ཡིན།
རང་ལུས་མེར་སྲེགས་ཟེར་བ་ནི་གཞན་དོན་འབའ་ཞིག་གི་ཆེད་དུ་ཡིན་པ་མཁྱེན་དགོས་ལ། ཁོང་རྣམས་པའི་འདུན་པ་དང་རང་མི་རིག་བཅང་བའི་འདུ་ཤེས་ཟབ་མོ་དང་ཆབ་སྲིད་ཀྱི་གོ་རྟོགས་མཁྱེན་པ་རྒྱལ་ཁབ་དང་བོད་མི་རིག་གི་ཆེད་དུ་བཅེས་པའི་ལུས་སྲོག་སློད་བཏོང་འཕོད་པ་ནི་དཔའ་བོ་ངོ་མ་ཡིན་པ་མཁྱེན་དགོས་སོ། བྱ་བ་འདིར་མཐོ་དམན་སུ་འདྲ་ཞིག་གི་ཡང་དེར་བཀོད་པ་བྱ་ཐབས་བྲལ་བ་རེད། དེ་ནི་རང་རང་སོས་མ་བསྐུལ་དངས་སླང་གི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པས་སོ།།
ཀརྨ་པའི་སྐོར་ལ་འདི་ཐོག་གནས་ཚུལ་ཡོད་མ་རེད་་ཀརྨ་པའི་ཡང་སྲིད་དངོས་གནས་དེ་ཀརྨ་པ་མཐའ་ཡས་རྡོ་རྗེས
ཡིན་པ་ང་ཚོས་ཀྱང་ཧ་གོ་གི་ཡོད་། ཀརྨ་ཨོ་རྒྱན་འཕྲིན་ལས་ངོས་འཛིན་གནང་མཁན་དེ་ཡང་ཀརྨ་བཀའ་རྒྱུད་པའི་
བླ་མ་བླ་ཆེན་ཞིག་ཡིན་པའི་ཆ་ནས་ཨོ་རྒྱན་འཕྲིན་ལས་ལ་ཡིད་ཆོས་བྱེད་ན་མི་འགྲིགས་པ་ཡོད་མ་རེད་།
ཀརྨ་པའི་ཡང་སྲིད་བསྐོར་མ་ཤོད། ཁོང་གཉིས་ཆ་ཡང་སྲིད་ཡིན་སྲིད། ད་ལྟ་གལ་ཆེ་ཤོས་ནི་རང་ལུས་མེར་སྲེག་མང་དུ་འགྲོ་གི་འདུག
དེའི་བསྐོར་ལ་ཐུགས་བསམ་བཞེས་རོགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་གཞན་སྲི་ཞུ་བ་ཚོར་འདིའི་བསྐོར་ལ་ཐབས་ཤེས་གནང་རོགསཞེས་རེ་བསྐུལ་ཞུ་རྒྱུ་ཡིན།
འཐབ་རྩོད་ནི་འགྲོ་བཞིན་ཡོད་པས་འཇུག་མ་སྒྲིལ་སྔོན་དུ་ནུས་བ་མ་ཐོན་ཟེར་བ་ནི་ཆབ་སྲིད་ཀྱི་འགྲོ་ཕྱོགས་ཙམ་རྟོགས་མ་ཐུབ་པའི་སྐྱོན་དུ་ངེས་ཏེ། མེ་སྲེགས་ཀྱི་ལས་འགུལ་གྱིས་འགན་འཁུར་མེད་པའི་བོད་མི་རྣམས་ལ་འདུག་བཟོ་མེད་པའི་གནས་སུ་སྐྱེལ་བ་མ་ཟད་རྒྱ་ནག་གི་རྒྱུག་ཁྱི་བོད་མི་རྣམས་ཀྱི་སྙིང་ལ་རལ་གྲི་ཡིས་ཤུགས་ཆེར་གཙུགས་ཤིང་བསམ་བློ་རྣལ་མ་ཞིག་སྐྱར་དུ་མི་བཏང་རང་བཏང་བཟོས་ཡོད། ལྷག་པར་དུ་ལས་འགུལ་འདིས་བོད་མི་རྣམས་རྨོངས་གཉིད་ལས་སད་པའི་ཅོང་བརྡ་རུ་གྱུར་ཞིང་དེས་རྒྱལ་སྤྱིའི་ཚོགས་དང་ཁ་གཏད་རྒྱ་ནག བོད་དོན་རྒྱལ་སྐྱོར་ཚོགས་པ་ཀུན་ལ་བླ་མེད་ཀྱི་རྒྱུས་ལོན་དང་ཚོད་ལྟ་བྱས་ཞིང་། བྱས་བའི་གྲུབ་འབྲས་སུ་མི་འགྱང་བར་ནུས་བ་ཐོན་པའི་ལས་འགུལ་ཆེན་པོ་ཞིག་གི་ལམ་སྟོན་མཛད་དེ་བོད་མི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ནུས་བ་ཐོན་པའི་ངོ་རྒོལ་བྱས་ཏེ་རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་བོད་དོན་ལ་བསམ་བློ་མི་བཏང་རང་ཆགས་ངེས་ལ། བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཐེ་ཚོམ་ཟ་ངེས་ངེས་རེད། དེ་ལྟར་མ་བསམ་བློ་མ་བཏང་བ་མི་སེམས་གཟེར་བའི་ཛ་དྲག་གི་ལས་འགུལ་གང་ཞིག་་སྤེལ་མཚམས་བཞག་པའམ་འཇོག་རྒྱུའི་བསམ་བློ་འཁོར་བ་ཡིན་ན་རྒྱ་ནག་གིས་རང་གི་དྲག་པོའི་སྲིད་ཇུས་ཀྱིས་ནུས་བ་ཐོན་པ་འདོད་ཅིང་། ཐོན་པའི་བདེན་དཔང་དུ་གྱུར་བས་བོད་རིགས་མ་ཚར་བར་དུ་དམ་དྲག་གི་སྲིད་ཇུས་ལ་བཅོས་སྒྱུར་བཏང་མི་སྲིད། དེས་བོད་མི་རྣམས་རྩ་མེད་དུ་བཟོ་བ་མ་ཟད་གཅིག་བསྡུ་ལུང་པ་གཞན་གྱིས་ཀྱང་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མིག་དཔེ་ལྟོས་ནས་གང་འདོད་བྱེད་པས་འཛམ་གླིང་དུ་དྲང་བདེན་དང་རང་དབང་། འདྲ་མཉམ་ཟེར་བ་ཡོང་དུ་དཀོན། ཡིན་ཏེ། མི་སེམས་གཟེར་བའི་ལས་འགུལ་རིགས་མེད་ན་དབང་སྒྱུར་བས་རང་གི་ཁེ་ཕན་བློ་བཏང་གིས་གཞན་ལ་བསམ་ཤེས་ནམ་ཡང་བཏང་མི་སྲིད་ལ། བཏང་ན་ཆོས་ཉིད་དང་འགལ་བས་ཡིན། བོད་མི་རྣམས་སེམས་ཤུགས་མ་ཆགས། ང་ཚོའི་བགྲོད་ལམ་ལ་དཀའ་ཚགས་ཅི་ལྟར་ཆེ་ཡང་འབད་པ་བྱེད་ན་སྔ་ཕྱི་ཙམ་མ་གཏོགས་ནུས་བ་ཐོན་ངེས་རེད། འབད་པ་མ་བྱས་བ་ཉལ་རྐྱང་བྱས་ན་ནུས་བ་ཐོན་མི་སྲིད་དེ། རྒྱུུ་མེད་པ་འབྲས་བུ་མེད་པས་ཡིན། གཙོ་བོ་རང་ཉིད་རང་རྐང་དུ་ལངས་དགོས་བ་ལས་རྒྱལ་སྤྱིའི་རྒྱབ་སྐྱོར་ནི་རང་ལ་གསོན་དྲི་མེད་ན། མེ་མདའ་ནི་ལྕགས་རོ་ཙམ་ཡིན་པས་ད་ལྟ་རྒྱབ་སྐྱོར་དེ་ཙམ་མེད་ཀྱང་བོད་ལ་རེ་འདུག་སྙམ་ཚེ་རྒྱལ་སྤྱིའི་རྒྱབ་སྐྱོར་ཅི་འདོད་འབྱུང་ངེས་རེད། བོད་ལ་རེ་བ་མེད་པ་མཐོང་ན་ད་ལྟ་རྒྱབ་སྐྱོར་ཡོད་ཀྱང་སེམས་ཤུགས་ཆགས་ནས་བརླགས་ངེས་རེད། བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨུ་ཁུང་ཕུག་པའི་དཔེ་ལྟར་འབད་པ་བྱས་ན་གནས་ཚུལ་ཀུན་ལ་བསམ་ཡུལ་ལས་འདས་བའི་འགྱུར་ལྡོག་ཡོང་ངེས་རེད། འགྱུར་ལྡོག་མ་ཡོང་བར་དུ་སེམས་ཤུགས་མ་ཆགས་པ་རྒྱུན་མཐུད་དུ་འབད་རྒྱུ་ནི་འགྱེད་ས་ནས་ཡར་ལངས་བའི་སྔ་ལྟས་སུ་ཁུམས། བུ་རྒོད་པོ།
གངས་རིའི་སྟག་ཤར་དང་སྨན་ཤར་བུ་མོ་ཚོ། ཁྱེད་ཚོས་ཅི་ལྟར་བསམ་ཡང་དེ་ལྟར་འགྲུབ་སྲིད་ལ་དེ་ལྟར་སྒྲུབ་ཐུབ་པའི་ནུས་བའང་ཁྱེད་ཚོར་ཡོད། དཀང་ངལ་ཅི་ལྟར་སྲིད་ན་དེ་ལྟར་མི་ལ་བློ་གྲོས་དང་ཤེས་རབ། འཇོན་ཐང་དང་ནུས་བ་འཕེལ་བས་ད་ལྟའི་ངུ་རྒོད་འདྲེས་མིའི་སྡུག་ངལ་དང་མིག་ཆུ་གྲོགས་སུ་བསྟན་ནས་འོད་སྟོང་ལྡན་པའི་བོད་ཀྱི་མ་འོངས་བའི་ཆེད་དུ་སྐྱོད་ཅིག ཐེ་ཚོམ་དང་དོག་འདྲི་མེད་པ་མུ་མཐུད་དུ་སྐྱོད་ཅིག འཇིག་རྟེན་ན་འོད་དུ་འབར་བའི་ལྷ་སའི་རང་དབང་གི་དཔྱིད་ཀ་ཤར་ངེས་ཤིང་མ་ཤར་བར་དུ་བསུ་མ་རུ་རྒྱུགས་ཤིག དེ་ནི་མི་ཚེའི་དོན་སྒོ་རེད་ལ་འཇིག་རྟེན་དུ་འཚོ་བའི་རིན་བབ་ཀྱང་རེད། དེ་ནི་ངེད་ཚོ་ཚང་མ་བོད་ལུས་ལོན་པའི་དོན་སྒོ་ཡང་རེད།
ད་ལྟའི་དུས་ཚོས་ནི་བོད་མི་རིག་གི་བདེན་དོན་བརྩོད་པའི་དུ་ས་ཚོད་རེད་ལ་བོད་མི་རིག་འདིའི་བླ་སྲོགས་སྐད་ཡིག་གཉིས་སྲུང་སྐྱོབས་ཐད་གང་དགའ་སྤྱི་དྲགས་གི་འགྲོ་གླེང་བྱེད་དགོས་པའི་དུས་ཚོད་རེད། ་ ཡང་སྲིད་ནི་ཡང་དུ་སྲིད་པར་སྐྱེས་པ་རང་རེད། ད་ལྟའི་དུས་ཚོད་ལ་རྙོག་གླེང་དེ་ཚོ་མི་དགོས་པ་རེད།ཧཧ་་་ས་སྐྱ་ལེགས་བཤད་ལས། ་ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། ཞེས་གསུང་བ་ལྟར་ད་ལྟའི་དུས་ཚོད་འདིར་སྤྲུལ་སྐུ་དང་ཡང་སྲིད་ཀྱི་མིང་གྲགས་ལ་གུས་བཀུར་བྱེད་མི་ལས་ཡོན་ཏན་ལ་བརྩི་འཇོག་བྱེན་མཁན་ཇི་མང་འགྲོ་བཞིན་པ་ནི། བོད་མི་རྣམས་རྨོང་གཉིད་ལས་སད་པའི་མཚོན་རྟགས་རེད།།་་ཧཧ་་་་སུ་ལ་བརྩི་བཀུར་བྱེད་དགོས་མིན་བལྟ་རྒྱུ་རེད།། རྙོག་གླེང་དེ་རིག་རྩ་བ་དགོས་དོན་མེད་དེ་དོན་དགོང་ལྗག་ཞུ།། ཉན་དང་མི་ཉན་སོ་སོའི་བསམ་བློ་ཡིན། ཉན་མཁན་མེད་་ཀྱང་བཤད་རྒྱུ་རང་དབང་ཡིན།
དྲི་བ་དང་དྲི་ལན་གཉིས་ཆ་ཡག་པོ་འདུག། འོན་ཀྱང་ཤེས་འདོད་པ་ནི་དྲི་ལན་སྣང་མཁན་སུ་རེད་དམ།
མཆན་༤༢་པ་གསེར་འབྲུག་སྡེར་ལྔ་ལགས་གོང་གི་དྲི་བ་དྲི་ལན་གྱི་རྩོམ་ཡིག་དེ་ཡང་བསྐྱར་ཐང་གཅིག་ཀློག་དང་དེ་ལ་འགལ་བ་ཅི་ཞིག་འདུད་གམ། ངོ་རྒོལ་བྱེད་དགོས་པ་ཞིག་འདུག་གམ། སྐུ་ཉིད་གྱི་བསམ་ཚུལ་ལྟར་ན་རང་སྲེག་གི་ལས་འགལ་དེ་འགྲིག་འདུག་གམ།
ཨ་ཕྱི་རྒྱ་འདྲེ་ཁྱོད། སྐད་ཆ་དེ་འདྲ་བཤོད་ཨ། ཀུན་སྤྱོད་མེད། བསམ་བློ་མེད། ཤ་ཞེན་མེད། རྒྱལ་ཞེན་མེད། བོད་ཡིག་ཤེས་ཙམ་གྱིས། ཁྱོས་འདི་ལྟར་དཔའ་བོ་དཔའ་མོ་ཡོད་ཚད་འགག་རྡོ་ལ་ངེས་བཟུང་ནས་ཕྲིས་ཨ། ཨ་ཝ་ཁྱིག་རྔ་མ་མེད། ཐོད་དཀྱིལ་ལ་ཐོག་གིས་རྒྱག་རྒྱུ་བོ། ཁྱོད་ལ་གསོན་རིན་ཞིག་མེད་ཀི་ཡ།
མེར་སྲེག་ལས་འགུལ་འདིས། བོད་དོན་ཚང་མ་མེ་ལ་སྲེག་ཉེན་ཆེ། སྔོན་མ་བོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་མང་པོ་ཐོབ་པ་འདི་ལས་འགུལ་དེ་བྱམས་དང་སྙིང་རྗེས་མ་བྲལ་བ། ཞི་བདེ་དང་འཚེ་མེད་ལམ་གྱིས་སྣེ་ཁྲིད་སྟབས། ལས་འགུལ་དེའི་དབུ་ཁྲིད་རྒྱལ་དབང་ཡིད་བཞིན་ནོར་བུར་ཞི་བདེའི་བྱ་དགས་གཙོས་འཛམ་གླིང་གི་རྒྱབ་སྐྱོར་གང་ཐུབ་ཐོབ་ཡོད། ད་མེར་སྲེག་ལས་འགུལ་འདིས་ཕ་མ་དང་བཤེས་གཉེན་རྣམས་ཉིན་ལྟར་རང་གི་བུ་ཕྲུག་དང་དགེ་ཕྲུག་ལས་འགུལ་འདིའི་འོག་ལ་མེར་སྲེག་ཤོར་བའི་སེམས་ཁྲལ་དང་གཅིག། ཕྱི་ལ་སྡོད་མཁན་མེར་སྲེག་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་གསར་འགྱུར་ལས་ཁུངས་ག་གེ་མོ་ཞིག་གི་གླ་ཆ་མཐོན་པོ་ཞིག་ལེན། ཁང་པ་ཆེན་པོ་ཞིག་གི་ནང་ལ་བསྡད། གཞན་ལ་སྐུལ་སློང་འདྲ་བྱས་ནས་དོན་དངོས་རང་གི་ཉིན་གཅིག་གི་ཕོག་ཀྱང་གློད་པར་མ་བྱེད།
མེ་ཏོག་ལགས་དང་ཀརྨ་སྐལ་བཟང་ངོ་བོ་གཅིག་ལ་རྣམ་པ་ཁ་ཁ་ཡིན་ཚོད་ལ་གང་ལྟར་གང་ཟག་གཅིག་གམ་གཉིས་པ་སུ་ཡིན་རུང་ཞུ་རྒྱུ་ལ། ཁྱེད་རྣམ་པའི་རྙོགས་འཛིང་ལ་ངེད་ཐེ་ཇུས་དགོས་གལ་ཆུང་། འོན་ཀྱང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་ཁོང་ནི་མཛད་ཕྲིན་དང་སྙན་གྲགས་ཧ་ཅང་ཆེན་པོ་རེད་འདུག ཀརྨ་པ་མཐའ་ཡས་ཁོང་ནི་གོ་རྒྱུ་ཚོར་རྒྱུ་ཅང་མི་འདུག་ཕལ་ཆེར་རྒྱ་ནང་བཞུགས་མེད་པ་འདྲ་རེད་པས། ཨོ་རྒྱན་ཁོང་མཇལ་བས་ཡོན་ཏན་དང་བསོད་ནམས་ཆེ་མདོག་ཅན་ཞིག་ནི་འདུག ངོས་འཛིན་དང་རྒྱབ་ལྗོངས་ཁྱེད་རང་ཚོས་མཁྱེན་ཚོད་རེད། གོང་དུ་ཞུས་པ་བཞིན་གཞིས་ལུས་དཔའ་བོ་ཕོ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་དཔྱད་བརྗོད་སྤེལ་བཞིན་པ་ལ་ཁྱེད་རྣམ་པ་ཁ་ཤས་ནི་སྒེར་ནད་ཁོག་བཅུག་གིས་ཀརྨ་པ་བདེན་བརྫུན་གླེང་པ་ནི་ཆོས་ལུགས་གཞན་རྣམས་ཀྱི་མདུན་ངོ་ཚ་རོགས་མ་རེད་དམ། གླེང་རྒྱུ་ཡོད་ན་བོད་མི་རིགས་རིག་གཞུང་དང་བཅས་པའི་བདེ་སྡུག་ཆགས་འཇིགས་གླེང་དང་དགའ་བསུ་ཞུ། དེ་མིན་ཚང་མ་མགོ་སྦུས་རོགས་དང་ལོག་ལྟའི་གཞི་རེད། ཁྱེད་རྣམས་ཀརྨ་པ་སུ་ཡིན་ཐག་བཅད་ཡ་ལ་དང་པོ་རང་ཉིད་ལ་ཚུར་ལྟོས་དང་ཤེས་ཡོང་། ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་ལས་མ་འདས་ན་ཁྱེད་རྣམས་རྩོད་ནས་ཉོན་མོངས་རྒྱུ་དང་སོ་སོ་ལས་དམྱལ་བ་སྐྱེ་བའི་སྟ་གོན་རེད་མཁྱེན་པར་མཛོད།
སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་རྣམས་ལ་སྙིང་དབུས་སུ་ལག་གཉིས་ཐལ་མོ་སྦྱར་ནས་གུས་བཏུད་ཞུ་རྒྱུ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།། ལྷན་རྒྱས་གཟིགས་གནང་དང་། གུད་པས་འདི་འདྲ་ཞིག་བཟོས་ཡོད།། YouTube ནང་ཕེབས་ནས་་་་འོག་གི་་འདི་གནོན་ན་གཟིགས་ཐུབ།། 2012 empathy. དེ་གནོན་ན་་་་གདུང་སེམས་མཉམ་བསྐྱེད་ཀྱི་མགུལ་གླུ་དང་གྱེར་འདོན་བྱས་ཡོད།
༄༅།། ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག་འོན་ཀྱང་བོད་ནང་གི་རང་ལུས་མེར་སྲེགས་ཀྱི་ལས་འགུལ་དེ་རྣམས་འཚེ་བ་རེད་ཅེས་བཤད་འདུག་དེ་ནི་ཅུང་ཐལ་དྲག་པ་མིན་ནམ། འཚེ་བ་ཅེས་པ་ནི་གཞན་སྡུག་བསྔལ་ལ་སྦྱོར་བའི་བྱ་བའི་རིགས་ལ་འཚེ་བ་ཅེས་པའི་ཐ་སྙད་དེ་འཇུག་པ་ལས་རང་གི་རང་སྐྱོབས་པ་དང་རང་གིས་རང་ཉམས་ཉེས་པར་བྱེད་པ་དེ་འཚེ་བ་ཇི་ལྟར་ཡིན་ནམ།
ད་དུང་དེ་༧གོང་ས་མཆོག་ནས་བཀག་འགོག་གནང་འཐུབ་ཀྱི་རེད་གསུངས་འདུག་དེ་ཡང་ཐད་ལྡན་དུ་མཐོང་སྟེ་༧གོང་ས་མཆོག་ནས་ལན་གཅིག་མིན་པར་རྩ་ཆེའི་རང་སྲོག་ལ་གཅེས་སྤྲད་ཀྱིས་རྣམ་དཔྱོད་ལྡན་པ་བྱེད་དགོས་པ་རེད་ཅེས་ཡང་ནས་ཡང་དུ་བཀའ་གནང་བ་ཁྱེད་རང་ནས་གོ་མིན་འདུག །།
དེར་མ་ཟད་བོད་མིའི་རང་ལུས་མེར་སྲེག་ཀྱིས་ངོ་རྒོལ་དེ་རྣམས་དོ་བདག་སོ་སོས་རང་ཐག་རང་གཅད་ཀྱིས་བློ་ཐག་བཅད་དེ་བྱས་པ་ལས་འགོ་དཔོན་པོ། ཕ་མ། གྲོགས་ཉེ་འབྲེལ་སུས་ཀྱང་གྲོས་བཏོན་བརྒྱུད་བསྐུལ་བྱས་པ་མ་ཡིན་པས་ན་སུ་གཅིག་གིས་ཀྱང་དོ་བདག་སོ་སོའི་བློས་གཏོང་ལ་ཚོད་འཛིན་བྱེད་ཐུབ་ཐབས་མེད།། རྒྱུ་མཚན་ནི་འདས་པའི་ལོ་ཟླའི་ནང་རྒྱ་མི་གུང་ཁྲན་གྱིས་བོད་ཀྱི་འབྱུང་བཞི་མ་བདག་དབང་དུ་འདུས་ཅིང་བོད་མིར་མནར་གཅོད་དང་གདུག་རྩུབ་བཏང་བའི་སྡུག་བསྔལ་དང་། གཉའ་གནོན། མཐོང་ཆུང་ཁྱད་གསོད་བྱེད་དང་བྱེད་བཞིན་པའི་འགྲོ་བ་མི་ལ་ཁྱི་ཡི་ཚད་དུ་བྱེད་པའི་བྱ་སྤྱོད་དེ་དག་ཉིན་འཁྱོལ་ཀྱང་མཚན་འཁྱོལ་མི་འཐུབ་པ་དང་ཟས་བཅུད་གཉིས་བྲལ་ཀྱི་ཁོར་ཡུག་དེ་ལྟ་བུའི་ནང་བསྡོད་ཐབས་བྲལ་ནས་མཐའམའི་གདམ་ཀ་དེ་བྱས་པ་རེད།།
རྒྱ་ནག་དམར་པོའི་འགོ་དཔོན་མའོ་རྩེ་ཏུང་གིས། གང་དུ་གཉའ་གནོན་ཡོད་ན་དེར་ངོ་རྒོལ་ཡོད་པ་ཡིན་ཞེས་བཤད་ཡོད། དེ་བཀག་འགོག་བྱེད་དགོས་ན་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་བེད་སྤྱོད་བྱེད་བཞིན་པའི་ཆེད་ཐ་ཤལ་དང་གདུག་རྩུབ་ཀྱི་དྲག་པོའི་སྲིད་ཇུས་དེ་ལམ་སེང་འཚམས་འཇོག་གིས་བོད་མི་རྣམས་ཀྱང་རྒྱ་ཧན་མི་རིགས་དང་་ཐོབ་ཐང་གཅིག་མཚུངས་ཀྱིས་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་དུ་གནས་ཐུབ་ན་དུས་དེ་ནས་བཟུང་ཉིན་དེ་ནས་བཟུང་རང་ལུས་མེར་སྲེགས་ཀྱི་ངོ་རྒོལ་དེ་རང་བཞིན་གྱི་མེད་པར་འགྱུར་ནས་ཞི་བདེ་བག་ཕེབས་ཀྱི་འཚོ་བ་གསར་པ་ཞིག་ཡོང་རྒྱུ་གདོན་མི་གཟའ་འོ།།
འདིར་བཞུགས་ཡོངས་ལ་ཐུགས་དང་འགལ་བ་ཚང་མ་དགོངས་དག་ཞུ།
དྲ་འབུ་ལྐད་མེད་དག་གི་རང་ལུས་མེ་བསྲེག་གི་བློས་གཏང་ནི་ཕན་ལས་གནོད་ཆེ་ཟེར་།
༸གོང་མའི་ཡང་སྲིད།
མཐའ་ཡས་རྡོ་རྗེ་༸གོང་མའི་ཡང་སྲིད་མིན། །
ཞྭ་དམར་སྨོན་ལམ་ལོག་ནས་ཡང་སྲིད་བཟོས། །
ཨོ་རྒྱན་འཕྲིན་ལས་རྡོ་རྗེ་༸གོང་མ་ཡི། །
ཡང་སྲིད་འཁྲུལ་བླ་ཡིན་པར་ཐེ་ཚོམ་མེད། །
རང་རེའི་རྒྱལ་གཅེས་དཔའ་རྒོད་རྣམས་པས།
གཅེས་པའི་རང་ལུས་མེར་སྲེག་བཏང་བ་ནི། ཁོང་རྣམ་པའི་ངོས་ནས་བཤད་ན། དངོས་གནས་རང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བཏང་བ་རེད།། འོན་ཀྱང་ཁོང་རྣམ་པའི་རྩ་ཆེའི་ལུས་སྲོག་གྲོན་པར་ མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་སུས་ཀྱང་ཁ་ཁོག་གཉིས་མེད་ཀྱི་སྒོ་ནས་དོན་དམ་པའི་རྒྱབ་རྩ་བྱེད་ཀྱི་མེད་མེད་པས། རང་རེའི་ཁ་གཏད་ཀྱི་དམར་གཞུང་ལ་ནི། བོད་པའི་དཔའ་བོ་དཔའ་མོ་ ག་ཚོད་འཆི་ལམ་སོང་བ། དེ་ཚོད་ཁོང་ཚོའི་ཁ་གཏད་ཀྱི་མི་རྒོད་རེ་གཏན་མེད་དུ་སོང་བས། ཁོང་ཚོར་དགོས་རྒྱུ་དེ་ཆེད་ཀྱིས་བསྒྲུབས་པ་ལྟ་བུ་ཞིག་ལས། རང་རེའི་སྤུན་ཟླ་དེ་ཚོའི་ལུས་སྲོག་ལས་ཁེ་ཆེ་བའི་འབྲས་བུ་ཞིག་ནི་མ་མཐོང་ལགས།
མེར་སྲེག་ལས་འགུལ།
ད་ལྟའི་ཛ་དྲག་མེར་སྲེག་ལས་འགུལ་ལ། །
ཁུག་རྟས་ལས་འགུལ་བརྩམས་པར་རྒྱབ་སྐྱོར་ཡོད། །
མེར་བསྲེག་གནང་པའི་འབྲས་བུ་ལ། །
རང་གཞན་མི་ཕན་འོང་མི་སྲིད། །
འོནད་ཀྱང་།
བསྲེགས་ནས་ཕན་དང་གསོན་ནས་ཕན། །
དེ་གཉིས་དབྱེ་འབྱེད་ངས་མི་ཤེས། །
བོད་འདི་རྒྱ་འོག་ནས་བསྡད་ན་སྐྱིད་དམ་མི་སྐྱིད་པའི་དབྱེ་བ་ཤེས་དུས་ཁྱོས་ཡང་གསོན་ན་འདོད་དམ་ཤི་ན་འདོད་གཞུག་ནས་ཤེས་པ་རེད། ཀ་རྡོ་ལགས།
ཨ་ཁ་སེམས་ཕམ་པ་ཞིག་ལ་ལུས་སྲེགས་ཀྱི་ལས་འགུལ་འདིས། ང་ཚོའི་བསྟན་སྲིད་ལ་ཕན་པའི་ནུས་པ་ནི་ཆུང་། རྒྱ་ནག་པོ་ལ་དགོས་པའི་བོད་རིགས་ནི་ཟད། དྲག་པོས་ལས་འགུལ་རེད་ལབ་ན་གཞན་ལ་གནོད་པ་འདིས་མ་སྐྱེལ། ཞི་བའི་ལས་འགུལ་རེད་ལབ་ན་རང་ལ་གཅེས་པའི་ཚེ་སྲོག་བཅད། ཞི་དྲག་གང་ཡང་ཁོངས་སུ་མ་གཏོགས་པའི་ལས་འགུལ་ཕུང་གསུམ་འདི། འབྲས་བུ་གང་ཡང་སྦྱིན་མི་ནུས་པའི་ལུང་མ་བསྟན་གྱི་ལས་འགུལ་འདི་མཚམས་འཇོག་རོགས། སྤུན་ཟླ་ཚོ། ལེགས་པར་སོམས།
གནམ་དང་ཀརྡོ་འཆི་དང་གསོན། །
ཁྱད་པར་མེད་པ་ཀུན་གྱིས་ཤེས། །
བོད་ཀྱི་དཔའ་བོ་དཔའ་མོ་ཚོ། །
འཆི་གསོན་ཕན་གནོད་གང་ཆེའམ། །
ཀརྡོས་མི་ཤེས་བྱས་པ་ལ། །
གནམ་གྱིས་གཞུག་ལ་ཤེས་ཞེས་གཤེ། །
གཤེ་བ་མིན་ཏེ་བཀུར་བ་ཡང་མིན།
དཔའ་མི་དྲུག་ཅུ་ཡས་མས་ཡིས།།
ཚེ་སྲོག་བོད་པ་ཕུལ་བ་འདིའི།།
དགེ་སྐྱོན་དབྱེ་བ་མི་ཤེས་པར།།
ད་དུང་ལྷག་པ་ཡིད་རེ་སྐྱོ།
བོད་ཡུལ་སྤྱི་དང་ལྷག་པར་མདོ་སྨད་ཁུལ་ལ་འབྲོག་པའི་རྩྭ་ས་ལག་མཐིལ་ཙམ་རེ་རོང་པའི་ཡུར་ཆུ་མདོང་མོ་གང་རེའི་ཆེད་དུ་བོད་མི་ནང་ཁུལ་ལ་ལོ་རེ་རེ་བཞིན་མི་ག་ཚོད་མང་པོ་གསོད་གི་འདུག དེ་དུས་ཁྱོད་ཚོ་ལམ་སྟོན་བྱེད་མཁན་མི་འདུག རྒྱ་མིའི་ཉེན་སྲུང་དྲག་སྡེ་དང་ཁྱོད་ཚོས་ལྟད་མོ་མཉམ་དུ་བལྟས་ནས་འདུག་གི ད་འདི་ན་དཔའ་བོ་དཔའ་མོ་ཚོས་འཚེ་མེད་ཞི་བའི་ལམ་ནས་མི་སེམས་ལ་གཡོ་འགུལ་གཏོང་བའི་འཐབ་རྩོད་བྱས་ནས་ཡོང་དུས་ཁྱོད་ཚོ་མིའི་ཚེ་སྲོག་ཅིག་ཅིག་མིག་མིག་ཟེར་ནས་ལམ་སྟོན་བྱེད་མཁན་སླེབས་ཡོང་བ་དེ་ཁྱད་མཚར་རེད།
མཉམ་འབྲེལ་རྒྱལ་ཚོགས་མ་འགུལ་ན་མ་འགུལ། ནུབ་ཕྱོགས་སྤྱི་ཚོགས་མ་འགུལ་ན་མའགུལ། ཨ་མེ་རི་ཁ་མ་འགུལ་ན་མ་འགུལ། དེ་ཁོ་རང་ཚོའི་སྐྱོན་རེད། འགུལ་དགོས་པ་དེ་ང་ཚོ་རེད། དེ་ནས་རྒྱ་མི་རེད། བོད་ནང་བོད་མི་ཚོར་རང་སྲེག་ལས་འགུལ་འདིས་རྒྱལ་གཅེས་ལ་རྒྱ་ཁྱབ་འཕེལ་ཆེན་པོ་གཏོང་བཞིན་ཡོད་རེད། རྒྱ་དམར་གིས་ཀྱང་ཅི་བྱེད་མི་ཤེས་ནས་ཕལ་ཆེར་བོད་ནང་ལ་དམ་དྲག་ཆེ་ཤོས་ཀྱི་དུས་ཤིག་ལ་སླེབས་ཡོད་རེད། མིའི་ཚེ་སྲོག་གི་འགྲོ་སོང་མ་བཏང་ནས་ཡུལ་ལུང་སྤྱི་ཚོགས་ཤིག་གིས་རང་དབང་རང་བཙན་ཐོབ་མཁན་སུ་ཡང་མེད། No pain, no gain ཟེར་བའི་གཏམ་དཔེ་དེ་དྲན་པར་གྱིས།
༧༠ སྤོབས་པའི་གསུང་ལ་གོ་རྒྱུ་བསམ་རྒྱུ་གཉིས་ཀ་འདུག
ཐུགས་རྗེ་ཆེ།
ཤར་ཕྱོགས་ཁུག་རྟ་ལགས།
མི་ལ་དྲང་བདེན་དང་བློ་སྤོབས་དགོས་ཟེར་བ་བདེན་པ་རེད་།
ཁྱོད་ལ་བློ་སྤོབས་ཡོད་ན་རྒྱ་མིའི་གཞུང་ཚབ་མདུན་དུ་སོང་ནས་རང་ལུས་དམར་བསྲེགས་མི་བྱེད་དོན་ཅི།
ཁ་ནས་གང་ཟག་གང་འདྲ་ཞིག་ཡིན་རུང་འདྲ་མིན་སྣ་ཚོགས་བཤད་ཤེས་ལ་ཉན་ཡང་ཤེས།
དྲ་འབུ་ཟེར་ནས་མཐའ་གཅིག་ཏུ་ཞེན་པ་ལོག་ཁུལ་བྱེད་མཁན་དེ་ཚོས་ཅི་ཡང་ཤེས་ཀྱི་མེད་པ་རེད། དྲ་འབུ་ཡག་པོ་རེ་ཡོད་ན་ནུས་པ་ཧ་ཅང་ཆེན་པོ་རེད། དེང་སང་རྒྱལ་ཁབ་ཕལ་མོ་ཆེས་དྲ་འབུ་ག་ཚོད་མང་མང་ལ་གླ་ཕོགས་སྤྲད་ནས་ལས་ཀ་བྱེད་དུ་འཇུག་བཞིན་ཡོད་པ་རེད། དམག་མི་མེ་མདའ་ཁུར་མཁན་ལས་ཀྱང་དྲ་འབུ་གལ་ཆེན་པོ་རེད། ང་ཚོ་ལ་གླ་ཕོགས་སྤྲོད་མཁན་མེད་ན་ཡང་དང་བླངས་བ་ཐོན་དགོས་པ་གལ་ཆེན་རེད། དེ་ཡང་དྲ་འབུའི་ངོ་བོའི་ཐོག་ནས་སྐད་ཆ་བེད་སྤྱོད་ཡོད་པ་རེ་གླེང་ནུས་ན་ཕན་ཐོགས་འདུག དེ་ནི་དེང་རབས་ཀྱི་འཛམ་གླིང་གི་དམག་འཁྲུགས་རྒྱག་སྟངས་ཀྱི་ཆ་ཤས་ཡོད་ན་མེད་ན་ཞིག་རེད། དོན་དག་ཡག་པོ་དང་བདེན་པ་རེ་གླེང་ཐུབ་པ་གལ་ཆེན་རེད། མིང་ཡོད་མེད་གལ་ཆེན་པོ་མ་རེད། བསྟན་འགྱུར་ནང་ན་མཛད་བྱང་མེད་པའི་བསྟན་བཅོས་ཧ་ཅང་མང་པོ་རེད།
དེང་སང་ཁ་བརྡ་དྲ་བ་འདིའི་སྟེང་ན་ཡང་རྒྱ་དམར་གྱིས་གླ་ཆ་ལེན་མཁན་གྱི་དྲ་འབུ་རེ་ཟུང་ཞིག་སླེབས་ཡོད་པའི་དོག་པ་ཧ་ཅང་ཆེན་པོ་ཡོད། གང་ཡིན་ཞེ་ན། དེང་སང་ཁ་བརྡ་དྲ་བ་འདིའི་སྟེང་ལ་དྲ་མཆན་འགོད་མཁན་རྩད་གཅོད་ཀྱིས་བླ་བཙགས་མཚངས་འདོན་གྱིས་དྲ་མཆན་ཡག་པོ་འགོད་མཁན་ཚོར་གནོན་ཤུགས་སྤྲོད་མཁན་གྱི་དྲ་འབུའི་ལས་ཀ་དང་། ཚིག་དོན་གཉིས་ལ་ལྟ་ཉན་མེད་པའི་ཡིག་ཉོག་མང་པོ་བྲིས་ནས་དྲ་ངོས་རྩོམ་ཡིག་དང་མཆན་བུ་ཡག་པོ་དག་ཟང་ཟིང་བཟོས་ནས་བསྒྲིབས་ཐབས་ཀྱི་ལས་ཀ་བྱེད་ཀྱིན་འདུག་བསམ། གཅིག་བྱས་ན་ངས་ནོར་ཡོད་བ་ཡིན་སྲིད།
འདི་དག་ང་འཁྲུལ་བ་མིན་པར་དཔའ་བོ་དང་དཔའ་མོ་ཡིན་ན་རྒྱལ་ཡོངས་ཀྱི་འཚོགས་འདུ་ཆེ་ས་དང་རྒྱལ་ས་ཆེ་ས། གསར་འགོད་པ་འདུ་འཛོམས་ཡོད་ས་ནས་བོད་གངས་ཅན་བསྟན་སྲིད་ཀྱི་ཆེད་དུ་ཀརྨ་པ་དང་ཀིརྟི་རིན་པོ་ཆེ་སོགས་ཁྱེད་ཚོ་ཆེ་གྲལ་འགའ་ཞིག་གསོན་བསྲེག་ཐོངས་དང་ནུས་པ་ཆེ། ཁྱེད་ཚོས་བཤད་པ་བདེན་དུ་འཛིན། གངས་ལྗོངས་ཀྱི་དཔའ་བོ་རེད། རྡ་ས་ནས་མར་མེ་ཕྲེང་སྐོར་གྱིས་དང་། བོད་དོན་ལ་དངོས་ནས་བསམ་བློ་གཏོང་བ་རེད། དེ་མིན་བོད་ཕྱི་ནང་གི་ལུས་ངག་ཡིད་གསུམ་ནར་མ་སོན་པའི་གཞོན་ནུ་ཚོ་སྙིང་ཞིག་མི་རྗེ་འམ།
ཨ་ཕྱི་རྒྱ་འདྲེ་ཁྱོད། སྐད་ཆ་དེ་འདྲ་བཤོད་ཨ། ཀུན་སྤྱོད་མེད། བསམ་བློ་མེད། ཤ་ཞེན་མེད། རྒྱལ་ཞེན་མེད། བོད་ཡིག་ཤེས་ཙམ་གྱིས། ཁྱོས་འདི་ལྟར་དཔའ་བོ་དཔའ་མོ་ཡོད་ཚད་འགག་རྡོ་ལ་ངེས་བཟུང་ནས་ཕྲིས་ཨ། ཨ་ཝ་ཁྱིག་རྔ་མ་མེད། ཐོད་དཀྱིལ་ལ་ཐོག་གིས་རྒྱག་རྒྱུ་བོ། ཁྱོད་ལ་གསོན་རིན་ཞིག་མེད་ཀི་ཡ།
ད་དུང་ཡང་ཁྱོས་བླ་མ་མཐོན་པོ་དང་མི་འབངས་བར་ལ་ཤ་ཚ་མེད་པ་ཞིག་བཤད་ཁུལ་བྱས་བ་འདི། ཁྱོད་གདོན་གྱིས་བཟུང་བའི་མྱི་ངན་ཞིག་ཡིན་པའི་དཔང་རྟགས་རེད། རྒྱ་གདོན་ཚང་གིས་བླ་མིའི་སྐུ་སྲོག་འཕྲོག་པ་མང་མེད་ན་ཉུང་མེད་པ་མི་ཤེས་མཁན། ཁྱོས་ཁ་བཙུན་ན་བཟང་།
རིགས་སུ་གྱུར་བ་ཕྱོགས་སུ་འདུས་ཟེར་བ་ལྟར། དཔྱད་བརྗོད་མཁན་རྗེས་འདེད་མཁན་ཚོ་ཚང་མ་ལོ་གུང་ཁྲན་ཏང་གི་དྲ་འབུ་འདྲ་བོ་ཞེ་དྲག་འདུག
ཁུག་རྟ་འདིས་གནས་ལུགས་དང་དོན་དངོས་གང་ལའང་མི་མཐུན་པའི་སྨྱོན་གཏམ་མང་དུ་ལབ་འདུག དེ་ནི བོད་ཡིག་མ་གཏོགས་རིག་གཞུང་གཞན་དང་མི་རིགས་གཞན་ལ་རྒྱུས་ལོན་མེད་པའི་དན་རྟགས་རེད། རང་ལུས་མེ་སྲེགས་འཚེ་བ་ཡིན་མིན་གྱི་རྩོད་པ་མེད་པ་དེ་གསར་བཏོད་བྱེད་མཁན་ཕྱི་རྒྱལ་བ་ཡིན་ཞིང་དེས་འཚེ་མེད་ཞི་བའི་གནས་ཚད་མཐོ་ཤོས་སུ་ཟིན་པ་འཛམ་གླིང་ཡོངས་གྲགས་རེད། དེ་ལྟར་མིན་ན་རང་ཉིད་ཤི་བ་ལས་གཞན་གསད་ན་མི་དགའ་འམ། ཨ་རི་གཞུང་གིས་ཀྱང་རང་ལུས་མེ་མཆོད་ལ་རྒྱབ་སྐྱོར་ཡོད་པ་མ་ཟད་ཉེར་འཆར་ཐེངས་ཁ་ཤས་སུ་མགྲིན་ཚབ་པ་དང་གཞུང་ཚབ་ཆེན་མོས་རྒྱབ་སྐྱོར་གནང་ཡོད། མི་རིགས་ཀྱི་ཆེད་དུ་ཤི་བ་ནི་བརྩེ་དུང་གི་སླད་དུ་ཤི་བ་འགྲེལ་བའམ་དེ་དང་རིགས་མཚུངས་འགྲོ་ཚུལ་ནི་འཇིག་རྟེན་གྱི་མི་ཀུན་ལ་སྣང་ཆུང་བྱས་བའི་རྣམ་པ་འདུག་ལ། ཉལ་ནས་ཤི་བ་དང་གསད་ནས་ཤི་བ་གཉིས་གཅིག་མཚུངས་སུ་ཤེས་བ་ལྡན་པ་སུ་ཞིག་གིས་དབྱེ་འབྱེད་ཤེས་ངེས་རེད། འདི་ནི་ཁུག་རྟས་མ་ཤེས་བས་བྲིས་བ་ཡིན་ནམ་ཡང་ན་ཤེས་བཞིན་དགོས་བ་གཞན་ཞིག་གི་སླད་དུ་མི་ཤེས་ཁུལ་གྱིས་བྲིས་བ་རེད། གལ་སྲིད་གཉིས་ཀའི་གང་ཞིག་ཡིན་ཡང་ཚད་ལྡན་གྱི་མི་ཞིག་གི་སྤྱོད་བཏང་མིན་པས་ཁོག་སྟོང་ཞིག་རེད།
དྲྭ་གྲོགས་རེ་འགས་ རྒྱལ་ཁ
བ་གཞན་རྣམས་མ་འགུལ་ན་མ་འགུལ་ཞེས། རང་རེའི་མེར་སྲེག་གི་སྡུག་ལས་འདིས་འགྲིགས་སྡད་ཡོད་པའི་བཟོ་འདྲ་འདུག་པས། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་ཁབ་གཞན་གྱི་རྒྱན་སྐྱོར་གྱི་གནོན་ཤུགས་ཡོད་མེད་ལ་རགས་ལས་ཀྱི་མེད་ན། ང་ཚོའི་ལས་འགུལ་འདིར། དམར་གཞུང་གིས་སྙིང་རྗེ་ནི་མི་བལྟ། ངོ་ཚར་ནི་མི་འཛེམས་པས། རང་རེའི་དཔའ་བོ་དཔའ་མོ་དེ་ཚོའི་གཅེས་པའི་ལུས་སྲོག་ལས་གལ་ཆེ་བའི་གྲུབའབྲས་ཤིག་གཟིགས་ན་གསུང་རོགས་གནང།
རང་ལུས་མེ་མཆོད་ལ་རིན་ཐང་མེད་ན་རྒྱ་གཞུང་གིས་ལས་འགུལ་དེ་ཁ་སྒྱུར་བྱེད་ཆེད་ཚད་མེད་ཀྱི་དངུལ་དངོས་བཏང་དགོས་དོན་མེད་ལ། རྒྱ་སྒོར་ཁྲི་བརྒྱ་རེ་སྤྲད་ནས་ཁ་སྒྱུར་བྱེད་ཐབས་བྱ་དགོས་དོན་མེད། ཁུག་རྟ་ལགས། བརྩེ་དུང་གི་ཆེད་དུ་ཤི་ན་བརྒྱ་སྒོར་ཁྲི་བརྒྱ་རེ་སྤྲད་མཁན་ཡོད་དམ། བརྩེ་དུང་དང་ཁྱིམ་ཁ་མ་མཐུན་པ། འཇིག་རྟེན་ལ་ཞེན་པ་ལོག་བས་ཤི་མཁན་ཉིན་ཧོང་གཅིག་བུ་མིན་ན་འཛམ་གླིང་གང་སར་ཉིན་རེ་བཞིན་བྱུང་བཞིན་ཡོད་ལ་བོད་ལའང་་ལོ་རེ་བཞིན་མི་བརྒྱ་ཕྲག་མང་པོས་རང་སྲོག་གཅད་ཀྱི་ཡོད་ཀྱང་། རྒྱ་གཞུང་ལྟ་རྟོགས་མེད། དངོས་གནས་ཨ་མ་དང་འདྲེ་མོ་འཁྲུལ་འདུག དར་འདྲའི་འཁྲུལ་ཤེས་ཞིག་གང་ནས་ཐོབ་པ་ཡིན། རྒྱ་གཞུང་མིན་པའི་སྨོན་ལམ་ཡོད།
ཨ་ཕྱི། ཁྱེད་ལ་དེ་འདྲའི་སྙིང་རྗེ་ཞིག་ཡོད་ན་མེ་སྲེག་གི་རྩ་བ་རྒྱ་ནག་གི་དྲག་པོའི་སྲིད་ཇུས་དང་དྲང་བདེན་མིན་པའི་བོད་ཐོག་འཛིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་མེད་པ་ཉམ་ཐག་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ག་རེབྱས་ནས་ཁ་བཏང་བ་ཡིན། ཁྱེད་ཕ་རྒན་གསད་པའི་སྟེང་དུ་རྒྱབ་སྐྱོར་བྱེད་མཁན་མེད་པ་བྱེད་མཁན་དང་ཁྱེད་ཚང་གི་ནང་མི་ལ་སྡུག་གྱོང་རེད་ལབ་ན་དགའ་ཀི་འདུག་གམ།
བྱི་ལ་ལགས། དེ་ནི། བོད་མི་ས་ཡ་དྲུག་པོ་འདི་ལྟར་འགྲོ་དགོས་ན་ཡང་། ཁ་རྡར་ནས་མི་འདུག་པར་རང་སོ་སོའི་ས་ནས་དཔའ་རྩལ་སྣ་དགུ་མཛོམས་ཐུབ་པ་བྱེད་རྒྱུ་དེ་རེད། རེ་བ་གཞན་ལ་རྒྱབ་ནས་རེག་ན་འགྲི་གི་ཡོད་པ་རེད་དེ། མ་རེག་ན་མི་རེག་གི་ཟེར་ནས་ངུས་ན་ཡོང་རྒྱུ་ཡོད་པ་མ་རེད། བློ་ཁ་གཅིག་ལ་སྒྲིམ། ང་ཚོའི་བོད་ལ་གཏམ་དཔེ་ཡོད། སྟག་ཤ་ར་ལྟོགས་ན་མྱི་ཟ་ར་བདག་ཟ་ཟེར་བ་རེད། དེ་ཤེས་བ་བྱོས།
པདྨ་འཕྲིན་ལས་ལགས།
གོང་གི་དྲི་བ་དྲིས་ལན་གྱི་རྩོམ་འཆལ་འདི་ཁུག་རྟ་རང་ཉིད་ཀྱི་འཆར་ཡན་ཞིག་གམ་ཡང་ན། ཁོ་པའི་ལྟོ་འཕོར་དང་འབྲེལ་བའི་ལས་དོན་ཞིག་ཡིན་པ་འདྲ། རྒྱུ་མཚན་གཞིས་བཞུགས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བོད་དང་བོད་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་བཏང་གི་རླབས་ཆེན་གྱི་མཛད་རྗེས་ལ་ལེགས་ཉེས་འབྱེད་ཁུལ་བྱས་པ་མ་ཟད་འཚེ་བ་ཡིན་ཚུལ་བཤད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། ༧གོང་ས་མཆོག་གིས་ཀྱང་འདིའི་ཐད་མི་སྨྲའི་བརྟུལ་ཞུགས་འཛིན་ཡོད་པ་རེད། ཁུག་རྟ་ཁོ་ག་རེ་ཡིན་པའི་ཁུལ་རེད། ཁུག་རྟ་ཁོ་དང་ཀྲུང་ནན་ཧེའེ་གཉིས་ཀྱི་ལྟ་ཚུལ་དང་འཛིན་ཚུལ་གཅིག་ཡིན་པ་ནི། ལ་མོ་ཕར་རྒྱབ་ཀྱི་ཀྲུང་ནན་ཧེའེ་ཡིས་རླབས་ཆེན་གྱི་ལས་འགུལ་དེ་དྲག་སྤྱོད་དང་འཚེ་བའི་ངོ་བོར་བསྒྱུར་ནས་ནུས་མེད་དུ་གཏོང་རྒྱུའི་འཆར་གཞི་རབ་དང་རིམ་པ་སྤེལ་གྱི་ཡོད་པ་རེད་ལ་ལག་བསྟར་རང་བཞིན་ལྡན་པ་བྱེད་ཀྱི་ཡོད་པ་རེད། ལ་མོ་ཚུར་ནང་གི་ཁུག་རྟས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་འཚེ་བ་ཡིན་ཁུལ་གྱིས་ལོག་འགྲེལ་སྣ་ཚོགས་བརྒྱབས་ནས་རླབས་ཆེན་གྱི་ལས་འགུལ་ནུས་མེད་དུ་གཏོང་རྩིས་ཀྱིས་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་གསར་པ་ཞིག་གཏོད་བཞིན་པ་ཉུང་ཉུང་མ་རེད། ད་དུང་ཁོ་པས་རང་བསྲེགས་ཀྱི་ལས་འགུལ་དེ་རྒྱ་ནག་གི་གྲོང་འཁྱེར་ཆེ་ཁག་ལ་འགྲོ་དགོས་ཚུལ་བཤད་པ་ནི་ཀྲུང་ནན་ཧེའེ་ནས་རྟག་ཏུ་བཤད་བཞིན་པའི་བོད་ནང་གི་ལས་འགུལ་མཐའ་དག་ཕྱི་ཕྱོགས་ནས་ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱིས་ངན་བསྐུལ་ཡིན་ཚུལ་བརྗོད་བཞིན་པ་དེར་ངོས་ལེན་བྱས་པ་མ་ཟད་ཕར་མ་ཞིག་བརྒྱབས་ནས་རོགས་འདེགས་བྱེད་ཀྱི་ཡོད་པ་རེད། འགལ་འདུ་འདིའི་རིགས་ལ་ངས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
དེས་ན་ངས་གོང་དུ་བཤད་པའི་གཞིས་བཞུགས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་རླབས་ཆེན་གྱི་ལས་འགུལ་ལ་ལེགས་ཉེས་འབྱེད་པའི་ཐོབ་ཐང་མེད་བཤད་པ་དེ་དོན་ལ་གནས་ཡོད། ང་ཚོར་ཐོབ་ཐང་ཞིག་ཡོད་པ་དེ་བོད་དང་བོད་མི་རིགས་ཀྱི་དོན་དུ་རང་ཉིད་ཀྱིས་ཅི་ཞིག་ལས་ཐུབ་མིན་དེ་རེད།
དེ་ལྟ་བས་ན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་རང་རང་སོ་སོའི་སྒེར་གྱི་གནས་དོན་ཐོག་རང་ལུས་མེར་བསྲེགས་བཏང་བ་རྩ་བ་ནས་མ་རེད་ལ། བོད་དང་བོད་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་གཏོང་གིས་རླབས་ཆེན་གྱི་མཛད་རྗེས་ལ་ངས་ནམ་ཡང་གུས་བརྩི་ཞུ་གི་ཡོད་ལ་ཁོང་རྣམས་ཀྱི་མངོན་འདོད་ཀྱི་འབོད་སྒྲ་རྣམས་མངོན་འགྱུར་ཡོང་བའི་སྨོན་ལམ་འདེབས་རྒྱུ་མ་གཏོག་ཅང་ལྷག་མི་འདུག།
དེས་ན་ང་ལ་ཁོང་རྣམས་ཀྱིས་མཛད་རྗེས་ལ་འགྲིག་མིན་བཤད་རྒྱུའི་ཐོབ་ཐང་མེད། ཐོབ་ཐང་དེ་ཡོད་དགོས་ན་ཁོང་རྣམས་ཀྱི་དཀའ་སྡུག་སེལ་ཐུབ་དགོས་པ་མ་ཟད་མངོན་འདོད་བསྒྲུབ་ཐུབ་པའི་ནུས་པ་ལྡན་དགོས་པ་རེད།
སོ་བ་ཁུག་རྟས་རང་ལུས་མེར་སྲེག་ནི་འཚེ་བ་རེད་ཅེས་པའི་སྐད་ཆ་འདི་སུས་འདོད་པ་རེད།རྒྱ་དམར་གྱིས་འདོད་པ་རེད། ད་མི་དེའོ་དམིགས་ཡུལ་ཧ་གོ་སོང་།
ཤར་ཁུགས་ཟེར་བ་དངོས་སུ་ལྟ་ཅི་པར་ཡང་མཐོང་མ་མྱོང་། ཁ་བརྡའི་ནང་ཁོའི་རྩོམ་ཁ་ཤས་མཐོང་། ད་བསམ་བློ་དྲུག་གསུམ་བཅོ་བརྒྱད་སྐོར་དུས་ཁོ་པ་སྤྱི་ཚོགས་ནང་འབུར་དུ་མཐོན་ཅིང་རང་གི་ལྟ་གྲུབ་ཡོད་ལ། དེ་ལ་གནས་ཤིང་གཞན་ལ་ལམ་སྟོན་བྱེད་ཐུབ་མཁན་ཞིག་ཏན་ཡན་རེད་འདུག བོད་པ་ཚོས་ཁ་མང་པོ་གཏོང་དུས་མི་དེ་ཡག་པོ་ཡོད་པའི་རྟགས་རེད། ད་འགྲིག་སོང་། ཤར་ཕྱོགས་ཁུག་རྟ་རླུང་རྟ་ཡར་ལ་འཕེལ།
ཤར་ཕྱོགས་ཁུག་རྟས་རང་ལུས་ཞུགས་འབུལ་ཐད་གླེང་སློང་མགོ་འཛུགས་བྱས་པ་འདི་འཕྱི་མེད་ན་སྔ་མེད་པའི་དུས་ཚོད་ཏག་ཏག་རེད་བསམས། རང་སྲེག་དང་འབྲེལ་བའི་གནས་ཚུལ་ཐད་ང་ལྟ་བུ་ཞིག་ཡིན་ན་༧གོང་ས་ཆེན་པོའི་བཞེངས་ཕྱོགས་ཀྱང་གཏན་ནས་ཁས་ལེན་ཐུབ་ཀྱི་མེད། དེ་ལ་རྒྱུ་མཚན་ཡོད། གཉིས་ནས་འོས་འདེད་བྱེད་ཀྱི་མེད་པ་ཞིག་ནི་བཙན་བྱོལ་བོད་མིའི་དབུ་ཁྲིད་ཕྱོགས་ཀྱི་རྣམ་འགྱུར་ཡིན། ཁོང་ཚོ་ནི་སྲིད་སྟེགས་སྟེང་གི་མི་སྣ་རེད།་ངས་ཁས་ལེན་བྱེད་མི་ཐུབ་ལབ་ཀྱང་བྱབ་ཆུང་གི་སྐད་ཆ་ཆགས་འགྲོ་སྟབས། དབུ་ཁྲིད་ཕྱོགས་ཀྱིས་འཛིན་པའི་ལངས་ཕྱོགས་ཀྱིས་བདེན་པ་རང་སྟེང་ནས་བཤད་ན་རང་སྲེག་གི་འགན་ཡོད་ཚད་རྒྱ་ནག་གཞུང་ལ་འགེལ་མི་ཐུབ་པ་དེ་ས་རིས་ཐང་གསལ་རེད། ང་ཚོས་གོང་བཞིན་ད་དུང་ཞིབ་ཚགས་པོས་གླེང་ན། ང་བཙན་བྱོལ་དབུ་ཁྲིད་ཚོས་རང་སྲེག་མུ་མཐུད་བྱུང་ན་བསམ་གྱི་ཡོད་མེད་ལ་དོགས་པ་ཡིན། དེ་ལའང་རྒྱུ་མཚན་ཡོད། སྤྱིར་སོ་སོ་ཚེ་སྲོག་རྩ་ཆེན་བརྩི་མཁན་དང་གཞན་གྱི་ཚེ་སྲོག་ལའང་རང་ལྟར་གཅེས་ཤིག་བཀུར་མཁན་བསྙོན་མེད་ཅིག་ཡིན་པའི་ཆ་ནས་སྐད་ཆ་འདི་དག་བཤད་ཀྱི་ཡོད།
ཞོར་འཕྲོས་ཤིག་ལ། ང་ཚོ་བོད་ནང་གི་འཐབ་རྩོད་བྱ་ཕྱོགས་ལ་དབྱེ་ཞིབ་བྱ་རྒྱུའི་ཐོབ་ཐང་མེད་ཟེར་མཁན་གྱི་གླེན་པ་སྲིད་དོན་ཚན་རིག་གི་ཞགས་རྩི་ཡེ་ནས་རྩ་བྲལ་དུ་ཕྱིན་པའི་རིགས་ཁ་ཤས་འདུག་པ་ནི་སེམས་སྐྱོ་ནའང། གཅིག་བྱས་ན་རང་རྐུབ་བདེ་སར་བཞག་ནས་གཞན་གྱི་རྔུལ་ཁྲག་ལོངས་སུ་སྤྱོད་འདོད་མཁན་གྱི་བྱིས་པ་ལས་དང་པོ་རེ་འགའ་ལོས་ཡིན་བསམས་ལ། བཙན་བྱོལ་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་བློ་མིག་དོགས་ཁར་གྲྭ་ལོག་གིས་ཁེངས་ནས་བསྡད་ཡོད་སྟབས། དགོན་པ་མཐར་མ་འཁྱོལ་བོད་ལ་འགྲོ་མ་ཐུབ་པ་རེ་ཟུང་གིས་དེ་ལྟར་ལོས་བཤད་ཀྱང་བསམས་ན། གཞར་ཡང། རྒྱུ་མཚན་སྤྲོས་པའི་རྔམ་བརྗིད་ཀྱིས་གཞན་སྡེ་ཁ་ཅིག་ཟིལ་གྱིས་མི་ནོན་པར། ཚོར་བ་གློ་བུར་བ་ཆོས་བསྲེས་དད་ཅན་གྱི་སྐྱོགས་ལ་དྲངས་ནས་བླུགས་ཚེ། དཀར་ཡོལ་ཅི་ལྟར་གཙང་ཡང་གཡའ་དྲི་དག་ཐབས་རང་མེད་པས་ཅིག་བཤད་པའི་ཁུལ་ལ་ཞུགས་ཁུལ་ཚོས་དེ་དོན་ཡིད་ངོར་འཛིན་རོགས།
བསམ་བློས་དཔག་ཚོད་མ་སྙོབས་ཀྱང། འདོམ་གང་སྙོབས་མཁན་ཚོའང་མིག་ངོར་གསལ་བོར་བཤམས་བཞག་ཡོད་པ་གཅིག་ནི། ཅིའི་ཕྱིར་བཙན་བྱོལ་བོད་མིའི་འདུས་སྡོད་ཁག་ཏུ་རང་སྲེག་མ་བཏང་བ་རེད་དམ། ཆེན་པོར་རློམ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་དུ་གོམ་པ་ཁ་ཤས་ལས་མེད་པའི་བོད་མི་ཚོས་ཅིའི་ཕྱིར་རང་སྲེག་མ་བཏང་བ་རེད་དམ། འདིས་ཀྱང་བོད་ནང་གི་བོད་མི་ཚོ་ཉུང་མཐར་མི་ཞིག་ཡིན་པ་ཆ་འཇོག་བྱེད་ཀྱི་ཡོད་ན། ཁོང་ཚོའི་ཚེ་སྲོག་ཀྱང་ཚེ་སྲོག་ལོས་ཡིན། ཚེ་སྲོག་ལ་གཅེས་སྤྲས་བྱེད་ལོས་དགོས་སམ།།
དེ་རིང་གི་སྐད་ཆ་འདིས་ཤར་ཕྱོགས་ཁུག་རྟའི་རང་མདོགས་ཇེ་གསལ་རེད།
རང་ལུས་མེར་བསྲེགས་སམ་རང་ཉིད་རང་ལ་གསོད་པ་དེ་འཚེ་བའམ་འཚེ་བ་མེད་པར་ངས་མི་ཤེས་གི་། འོན་ཀྱང་བོད་ནང་རང་ལུས་མེར་བསྲེགས་མཁན་ནི་ང་ཚོའི་སྤུན་ཟླ་རེད་། བོད་མི་ཡིན་ན་རང་རང་གི་སྤུན་ཟླ་རང་ལུས་མེ་འབར་མཐོང་ན་ནམ་ཐོས་ན་བཀག་འགོག་མ་བྱས་ན་མིའི་སྤྱོད་བཟང་རང་བཞིན་དང་མི་མཐུན་པ་ངེས་རེད་། ཚང་མས་རང་ལུས་མེ་འབར་གྱི་ལས་འགུལ་བཀག་འགོག་གནང་རོགས་ཞུ་།
འདི་ཐོག་འཆན་བཀོད་པ་རྣམས་གཟིགས་དང་་70%མི་རྣམས་ཀྱིས་་རང་ལུས་མེ་སྲེག་ལ་རྒྱལ་སྐྱོར་མེད་པ་དང་་་བོད་རིགས་སྤུན་ཟླ་རྣམས་ལ་བརྩེ་བ་ཡོོད་པ་ཞིག་རེད་། ་རང་ལུས་མེ་སྲེད་འདི་ལ་རྒྱབ་སྐྱོར་བྱེད་ན་སུ་ལ་ཕན་པ་འདུག? བོད་བསྟན་ཆབ་སྲིད་ཆེད་དུ་མེ་སྲེད་པ་ཡིན་ན་བོད་བསྟན་པ་ལ་ཕན་པ་ག་རེ་བྱུང་སོང་? ༼དེ་སང
་བོད་ནང་དགོན་པ་ནང་བླ་མ་འདུག་མི་ཆོག་པ་བྱེད་པ་རེད་༽ བོད་ཆ་སྲིད་ལ་ཕན་པ་ག་རེད་བྱུང་སོང་༼ འཛམ་གླིང་ནང་་མཁན་དབང་རྣམས་ཀྱིས་བོད་རིགས་འདི་གླེད་མེད་ཞེ་ལྡང་ང་རྒྱལ་ཁོང་ཁྲོ་ཅན་ཞིག་མཐོང་བ་དེ་རེད་༽ དེ་བྱེད་ནས་གོངས་ས་སྐྱ་མགོན་ཐམས་ཅད་མཁྱེན་པའི་གཅིག་པོ་འདི་རིགས་འགོག་ཐུབ་པ་རེད་། བོད་རིགས་བྱམས་སེམས་ཅན་རྣམས་གོངས་ས་མཆོག་ལ་ཞུ་བ་རྒྱབ་ཐུབ་ན་ཕན་པ་ཆེ་བ་འདུག གོང་དུ་གཟིགས་དང་་་ཨ་ཤི བཀྲ་ཤིས་ དགེ་སྒེ་ ལོག་སྨྲ་ཚར་གཅོད་སོགས་ལ་བདེན་པ་འདུག་་་་་
གསུང་ཉམས་ཀྱི་སྒྲོབ་ལ་གུས་རྩི་འོས་པའི་དྲྭ་གྲོགས་གནམ་གྱི་མཚན་འཆང་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་གསུངས་པ་རྣམས་དྲྭ་ངོར་བཀོད་པ་ཙམ་གྱིས་འགྲིག་པ་ཞིག་དང་། ཉལ་ས་དྲོན་མོའི་ནང་དུ་བསྒོམས་ནསབསྡད་པས་ག་ལ་འགྲིགས། ཁ་བཤད་་དེ་དོནལ་གནསཤིང་། མཚོན་སྔོན་མོའི་ཤ་ཆོད་དེ་རུས་ལ་ཡོད་ན། བཙན་བྱོལ་ནང་ནས་མེར་སྲེག་གཏོང་མཁན་མི་རྡོག་གཉིས་ལས་མ་བྱུང་སྟབས། གཞིས་བྱེས་རྡོག་རྩ་གཅིག་སྒྲིལ་མཆོན་བྱེད། གནམ་ཁྱེད་སྐུ་ལུས་མེར་སྲེག་བཏང་ནས་ཕེབས་ན་ག་འདྲ་འདུག དེ་ལྟའི་འཆར་གཞི་འདྲ་ཡོད་དམ། ཡང་ནཁྱེད་ཀྱི་ཕ་མ་གཉིས་པོས་ཁོང་གཉིས་མེར་སྲེག་གཏང་རྒྱུའི་ལས་ལ་ཞུགས་ན། ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་དམ། དེ་དག་ཡང་ནུས་ཀྱི་མེད་ན་ནི། རྫིག་མདོག་ཁ་པོའི་གསུང་དེ། མི་ཐོག་ཁ་འཕེན་ལྟ་བུས་མེར་སྲེག་གི་རྐྱེན་ལམ་དུ་སོང་བའི་སྤུན་ཟླ་ཚོའི་ཚེ་སྲོག་ལ་རྩིས་མཐོང་བྱས་པའི་རྟགས་མཚན་མངོན།
ང་ནི་གུས་བཀུར་དང་རཇེས་སུ་ཡི་རང་ཞུ་བཞིན་སེམས་སཔོབས་འཕེལ་བཞིན་ཡོད།
བཏང་མཁན་ཞིག་གིས་བཏང་ན་དེ་ལ་མི་མོས་བའི་བསམ་བློ་འཛིན་པ་ནི་ཀླད་ཆུང་གི་རྟགས་རེད། མགོ་འདོགས་ཐོག་དང་། དེ་ནས་ཚེ་གང་བྲན་གཡོག་བྱེད་རྒྱུ་རེད། སྡར་མ་འདི་ཚོའི་ངག་ལ་ཉན་ན་བོད་པ་དར་སྔོན་ནས་འཇིག་ཟིན། ཁྱེད་མཁོ་བ་ནི་རིན་ཐང་དང་ལ་རྒྱལ་མིན་པ་བྲན་གཡོག་བྱེད་རྒྱུ་དར་རེད། སང་ཉིན་ནས་རྒྱ་སྐད་བཤད་དེ་གོང་ཁྲན་གམ་དུ་ཕེབས་རོགས་གནང་། དེ་ནས་རྩོད་པ་ཡོད་པ་མ་རེད། བོད་པ་རྣམས་མི་ཡིན་ཞིང་ཆགས་སྡང་གི་བསམ་བློ་ཡོད་དང་ཡོད། ནུབ་ཕྱིགས་པ་ལྟར་དངུལ་དངོས་ཁོ་བ་བསམ་མཁན་དང་གཞན་ལ་བཟོད་སྲན་སྤུ་ཙམ་མེད་མཁན་ཚོ་འཇིག་རྟེན་གྱི་མགོན་དུ གྱུར་ཡོད་ན་བོད་པ་རྣམས་ཀྱིས ག་རེ་བྱས་བས་རང་གི་ཐོབ་ཐང་རྩོད་མ་ཆོག་པ་རེད། སྡར་མ་འདི་ཚོའི་ངག་ལ་ཉན་ཚེ་རྒྱབ་སྐྱོར་བྱེད་མཁན་མ་དགོས་མིག་གིས་ལྟ་མཁན་ཡང་ཡོད་མི་སྲིད།
ཐོབ་ཐང་ནི་མ་རྩོད་ན་སྤྲོད་མཁན་མེད། ད་ལྟ་ནི་འདི་ཚོར་སྦྱིན་བདག་རེག་རྒྱུའི་དཀའ་ངལ་འཕྲད་ཀྱི་ཡོད་ས་རེད། སྦྱིན་བདག་མ་རྙེད་པ་མེ་སྲེགས་ཀྱི་རྐྱེན་གྱིས་མིན་པ་ནུབ་ཕྱོགས་ཀྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པས་རེད། ད་ལྟ་དཔལ་འབྱོར་ཉམས་རྒུད་ཕྱིན་པས་ནུབ་ཕྱོགས་པ་དཔལ་འབྱོར་ཉམས་གསོ་ལས་དགོས་ཡ་གཞན་མེད། རང་གི་ཁེ་ཕན་ཆེད་དུ་ནུབ་ཕྱོགས་པས་ཡོད་ཚད་བཏང་ཐུབ།
འབར་བཞིན་པའི་མེ་ལྕེ་འདི་ནི་གདོང་དམར་བ་ཚོའི་ཁྲག་གི་གཤིས་ཀ་རེད། འདི་ནི་དུས་ནམ་ཡང་གཞན་འོག་ཏུ་མགོ་སྒུར་མི་འདོད་པའི་གཤིས་ཀ་འདི་རེད། གཤིས་ཀ་འདི་ང་ཚོ་བོད་མི་མི་རེ་ངོ་རེས་ཁ་ནང་ལ་བསློགས་ནས་སོ་སོར་དྲིས་ན། རང་ཉིད་ལ་ལན་ཞིག་ཡོད་རེད། རང་གི་ཁོག་པའི་ནང་དུ་གང་ཞིག་འདོད་པ་འདི་བཞིན་བོད་པ་གཞན་གྱིས་ཀྱང་འདོད་ཀྱི་ཡོད་རེད། རྒྱུ་མཚན་ནི་ང་ཚོའི་ལུས་སྒྲོམ་ནང་འབར་བཞིན་པའི་ཁྲག་གི་གཤིས་ཀ་གཅིག་པ་རེད། དེས་ན་ཅི་ཡི་ཆེད་དུ་འབར་བ་དང་། འབར་བཟོད་པ། འབར་ཕོད་པ། འབར་བ་ལ་འགྱོད་པ་མེད་པ། འབར་ནས་ཀྱང་ཕྱི་མིག་ལྟ་འདོད་པའི་སྙིང་སྟོབས་དེ་དག་རླབས་ཆེན་གྱི་དམིགས་ཡུལ་ཞིག་གི་ཆེད་དུ་ཡིན་པ་བརྗོད་མི་དགོས་སོ།
གསེར་འབྲུག་སྡེར་ལྔ་ལགས།
ད་དུང་བསམས་ཚུལ་མི་མཐུན་པ་ཡང་པོ་འདུག།
གཅིག། ཁུག་རྟ་དང་ཀྲུང་ནན་ཧེའེ་གཉིས་ཀྱི་ལྟ་ཚུལ་དང་འཛིན་ཚུལ་གཅིག་པ་རེད་ཟེར། དེ་ནི་ཁྱེད་རང་གི་ལྟ་ཚུལ་རེད་མ་གཏོགས་རྒྱུ་མཚན་ཡོད་པ་ཞིག་མཐོང་མ་བྱུང། འཆལ་གཏམ་རང་རེད།
གཉིས། ཁོ་པའི་ལྟོ་འཕོར་དང་འགྲེལ་བའི་ལས་དོན་ཞིག་ཡིན་པ་འདྲ་ཟེར། ཁྱེད་རང་གི་བསམས་ཚུལ་དེ་རྦད་དུ་རྣོར་བ་རེད། དེ་ནི་བསམས་བློ་མ་བཏང་བའི་སྐད་ཆ་རང་རེད། ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་བཙན་བྱོལ་བོད་མི་རྣམས་ཀྱི་རང་གི་ལྟོ་འཕོར་དང་མ་འགྲེལ་བའི་ལས་དོན་གཅིག་ཀྱང་བྱེད་མེད།
གསུམ། གཞིས་བཞུགས་དཔའ་པོ་དང་དཔའ་མོ་རྣམས་ཀྱིས་རླབས་ཆེན་གྱི་ལས་འགུལ་ལ་ལེགས་ཉེས་འབྱེད་པའི་ཐོབ་ཐང་མེད་བཤད་པ་དེ་དོན་ལ་གནས་ཡོད་ཟེར། སྐུ་མཁྱེན་གོང་གི་དྲི་བ་དྲི་ལན་གྱི་རྩོམ་ནང་དུ་ལེགས་ཉེས་འབྱེད་པའི་སྐད་ཆ་ཞིག་འདུག་གམ། ཕལ་ཆེར་ཁྱེད་རང་གི་བཤད་འདོད་པ་དེ་འདི་ཡིན་པ་འདྲ་།
རང་སྲེག་འཚེ་བ་ཡིན་མིན་ཐད་གླེང་སློང་མང་པོ་བྱས་པ་རེད། དེ་ནི་ཐག་གཅོད་ཐུབ་པ་ཞིག་མ་རེད་བསམ། འོན་ཀྱང་ང་ཚོས་དུས་ཐལ་ལ་གླེང་སློང་བྱེད་དགོས་བ་ཧ་ཅང་གལ་ཆེན་རེད་འདོད། རྒྱུ་མཚན་ནི་འདིའི་ཐལ་ལ་བསམ་ཚུལ་མ་འདྲ་བ་ཡོད་པ་ནི་གསལ་པོ་རེད། བོད་ནང་དུ་དཔའ་པོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་སྤེལ་བཞིན་པའི་རང་སྲེག་གི་ལས་འགལ་དེ་འཚེ་བ་མིན་པ་འཛམ་གླིང་མི་མང་ལ་འགྲེལ་བཤད་རྒྱག་དགོས་པ་དེ་ང་ཚོའི་བཙན་བྱོལ་བ་རྣམས་ཀྱིས་ལས་འགན་རེད་འདོད།
དེས་ཐལ་ལ་ང་ཚོའི་ངེས་བར་དུ་གླེང་སློང་བྱེད་དགོས་དང་འཛམ་གླིང་མི་མང་ལ་རང་སྲེག་ནི་འཚེ་བ་མིན་པ་ངོ་ཁྲོད་ཐུབ་པ་དགོས། ཞོར་ལ་རང་སྲེག་ཐལ་ལ་ང་ཚོར་བོད་མི་ཚོ་ཐོབ་ཐང་མེད་ན་སུ་ལ་ཐོབ་ཐང་ཡོད་དགོས་བ་རེད་དམ་། རྒྱ་གུང་ཁྲན་གྱི་དུས་རྒྱུན་དུ་བཙན་བྱོལ་བ་ཁ་ཤས་ཞིག་ལ་བོད་ནང་གི་བོད་མི་ཚོའི་ཐལ་ལ་སྐད་ཆ་བཤད་པའི་ཐོབ་ཐང་མེད་ཟེར་བ་འདྲ་ལེ་མི་
འདུག་གམ།
ཐོག་རྒོད་ནི་ཐོག་རྒོད་རང་རེད་ཐེའུ་རང་མ་གཏོག་མཐོང་གི་མེད་པ་འདྲ། ཤར་ཁུག་གིས་ལག་གཉིས་ཐལ་མོ་སྦྱར་ནས་དཔུས་མོའི་ལྷ་ལྔ་ས་ལ་བཙུགས་ནས་མེར་ནང་བཞུད་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ལ་གུས་བཏུས་དང་མུ་མཐུད་འབྱུང་ངེས་པའི་་གཞིས་ལུས་མི་དམངས་རྣམས་ལ་རང་ལུས་ཞུགས་འབུལ་མི་གནང་རྒྱུའི་རེ་འདུན་ཤུགས་དྲག་གིས་གནས་ལུགས་རྒྱུ་མཚན་ལྡན་པའི་རྩོམ་ཡིག་ཞིག་སྤེལ་ཡོད་ན་ངས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་དེ་ལས་ལྡོག་ཏེས་བོད་དང་བོད་མི་རིགས་ཀྱི་དོན་དུ་མེར་ནང་དུ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ཕན་གནོད་འགྲེལ་བ་དང་འཚེ་བ་ཡིན་ཚུལ་བཤད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་རེད། བཤད་ཡམས་འདི་ཀྲུང་ནན་ཧེའེ་ནས་བཤད་ཟིན་པ་རེད་ལ་ཤར་ཁུག་གཙོས་པའི་རྗེས་འབྲངས་བ་ཁྱོད་ཚོས་རྐང་པ་ཡ་གཅིག་ཀྲུང་ནན་ཧེའེ་ལ་བཙུགས་ནས་འགྲོ་ས་བརྟེན་ས་བཟོས་ཡོད་པ་མ་རེད་པས། དེས་ན་རྐུབ་བདེ་སར་བཙུགས་ནས་གཞན་གྱི་རྔུལ་ཁྲག་ལོངས་སུ་སྤྱོད་འདོད་ཡོད་པ་དེ་ཁྱོད་ཚོ་མ་རེད་པས། དེ་གཅིག་ཡིན།
ང་ཚོ་བོད་ནང་གི་འཐབ་རྩོད་ལས་འགུལ་ལ་དབྱེ་ཞིབ་བྱེད་རྒྱུའི་ནུས་པས་འདང་གི་མེད་པ་རེད། བོད་ནང་གི་དངོས་ཡོད་གནས་སྟངས་དང་གཞིས་ལུས་མི་དམངས་ཀྱི་སེམས་ཁམས་ཀྱི་རྨ་ཁ་ཇི་ཙམ་ཆེ་ལོས་ཡོད་མེད་ཇི་མ་ཇི་བཞིན་ཤེས་ཀྱི་མེད་པ་དེ་རེད།
འོ་ན་མེར་ནང་དུ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་སེམས་པ་རང་བཞིན་རྣལ་དུ་མ་ཕབས་པ་ཨེ་རེད། ཡང་ན་དོན་ལྔ་སྣོད་དྲུག་མ་ཚང་བ་ཨེ་རེད། ཡང་ན་ཚེ་སྲོག་གི་རིན་ཐང་མི་ཤེས་པ་ཨེ་རེད། ཡང་ན་གཞན་ཟེར་གྱི་གཡམ་རྒྱུགས་ལ་འཇུག་མཁན་ཞིག་ཨེ་རེད། འོ་ན་མིག་མདུན་དུ་ལྷག་བཞིན་པའི་བཟའ་ཟླ་ཡུག་ཟ་མར་འགྱུར་བཞིན་པ་དང་བུ་ཕྲུག་དྭ་ཕྲུག་ལ་འགྱུར་བཞིན་པར་བྱམས་པ་དང་བརྩེ་བ་ཡ་ང་དང་སྙིང་རྗེ་སྤུ་ཙམ་ཡང་མེད་སོང་བ་ཨེ་རེད། འོ་ན་དང་འདོད་ལངས་ནས་མེར་ནང་བཞུད་སོང་བ་ཨེ་རེད། ཅིའི་ཕྱིར་མ་བསྐུལ་དང་བླངས་ཀྱིས་ཡོད་ཚད་བློས་གཏོང་བྱས་པ་རེད། དྲི་བ་འདི་ཚོར་ལན་གསལ་པོ་ཡོད་པར་བགྱིས། བྱས་ཙང་གནད་དོན་དབྱེ་ཞིབ་བྱེད་པའི་རྒྱུ་ཆ་འདངས་ངེས་མི་འདུག་ལ་སྲིད་དོན་རིག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད་ཙང་བཤད་ཡམས་འདི་བྱུང་གི་ཡོད་པ་རེད།
ཅིའི་ཕྱིར་བཙན་བྱོལ་བོད་མི་འདུས་སྡོད་ཁག་ཏུ་རང་བསྲེག་ལས་འགུལ་གཉིས་ལས་མ་བྱུང་བ་རེད། ཅིའི་ཕྱིར་བོད་ནང་དུ་བཅུ་ཕྲག་དྲུག་ལས་རྒལ་བའི་རང་བསྲེག་ལས་འགུལ་བྱུང་བ་རེད། དྲི་བ་དེ་དང་པོ་ཁྱོད་རང་གིས་ཁྱོད་རང་ལ་གཏོང་དགོས་པ་རེད།
མི་འདི་ཚོས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་འབོད་སྒྲ་ཡང་གོ་མེད་པ་འདྲ། འབོད་ཚིག་མང་པོ་འདུག་ཏེ་ཁྱབ་ཆེ་ཤོས་ནི་༧གོང་ས་མཆོག་བོད་ནང་གདན་དྲངས་དགོས། བོད་ལ་རང་དབང་དགོས་དེ་རེད། ༧གོང་ས་མཆོག་བོད་ནང་ཞབས་སོར་འཁོད་ན་དཀའ་གནད་ཐམས་ཅད་བསེལ་ཐུབ་རྒྱུའི་ངོས་འཛིན་ཞུ་གི་ཡོད་པ་རེད། བོད་ལ་རང་དབང་དགོས་ཟེར་བ་ནི་བོད་ནང་འགྲོ་འདུག་སྤྱོད་གསུམ་མཚོན་པའི་གང་ལ་ཡང་རང་དབང་མེད་པ་ཞིག་བསྟོན་གྱི་ཡོད་པ་རེད། བྱས་ཙང་རང་དབང་གི་དོན་དུ་ཡོད་ཚད་བློས་གཏོང་གནང་གི་ཡོད་པ་རེད།
བཙན་བྱོལ་ནང་ལ་མཚོན་ན་རང་དབང་ལུང་པར་སྡོད་ཀྱི་ཡོད་པ་རེད་ལ་དེ་འདྲའི་དམར་གསོད་དང་བརྡུང་བཅོམས་ཕྲོགས་གསུམ་སོགས་མནར་གཅོད་ཀྱི་འཚོར་བ་དངོས་ནང་ཞུགས་མྱོང་མེད་པ་མ་ཟད་མངོན་སུམ་གྱི་མིག་མདུན་དུ་འཆར་མྱོང་མེད་པ་རེད། བྱས་ཙང་དེ་ཙམ་གྱི་འཚོར་འདུ་དྲག་པོ་ཞིག་སླེབས་ཀྱི་མེད་པ་རེད། དེས་ན་བཙན་བྱོལ་སྒྲིག་འཛུགས་གཞུང་གིས་བོད་ནང་གི་མེར་བསྲེག་ལས་འགུལ་འཚམས་འཇོག་གནང་རྒྱུར་འབོད་བསྐུལ་ཞུས་པ་མ་གཏོག་ཕན་གནོད་འགྲེལ་ནས་འཚེ་བ་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་མེད་པ་རེད། བོད་ནང་དུ་མེར་སྲེག་ལས་འགུལ་བཙན་བྱོལ་ནས་ནམ་ཡང་བརྒྱུད་བསྐུལ་བྱས་ཡོད་པ་མ་རེད་ལ་གཞིས་ལུས་མི་དམངས་ཀྱི་ཚེ་སྲོག་ནམ་ཡང་རྩེད་ཆས་བྱས་ཡོད་པ་མ་རེད། ཐོབ་ཐང་ཡང་མེད་པ་རེད། དཔའ་བོ་དཔའ་མོ་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱིས་རང་འཐག་རང་གཅོད་གནང་བ་རེད་ལ་ཚེ་སྲོག་གི་རིན་ཐང་མ་ཤེས་པ་རྩ་བ་ནས་ཡིན་རྒྱུ་མ་རེད། འོ་ན་ཁྱོད་ཐོག་རྒོད་དང་ཤར་ཁུག་ལ་ཚེ་སྲོག་གི་རིན་ཐང་ཇི་ཙམ་ཡོད་དམ། ཅིའི་ཕྱིར་རང་སྲེག་མ་བཏང་བ་རེད།
པདྨ་འཕྲིན་ལས་ལགས།
ངས་ལེགས་ཉེས་འབྱེད་པའི་ཐོབ་ཐང་ལབ་དུས་ཕན་གནོད་འགྲེལ་ནས་འཚེ་བ་ཡིན་ཚུལ་སྨྲས་པ་དེར་བཤད་ཀྱི་ཡོད་པ་རེད། བྱས་ཙང་སྐུ་ཉིད་བློ་གཟུ་བོར་གནས་ཏེས་དགོངས་པ་ཞིག་བཞེས་དང་། ཀྲུང་ནན་ཧེའེ་ནས་དྲག་སྤྱོད་རེད་ཟེར་གྱི་ཡོད་པ་རེད་ལ་ཤར་ཁུག་གིས་འཚེ་བ་རེད་ཟེར་གྱི་ཡོད་པ་རེད། འོ་ན་འཚེ་བ་དང་དྲག་པོ་ལ་ཁྱད་པར་ཞིག་ཡོད་པ་ཨེ་རེད། འཚེ་བ་ཡིན་ན་དྲག་པོ་མ་ཡིན་པ་དང་དྲག་པོ་ཡིན་ན་འཚེ་བ་མ་ཡིན་པའི་མཐའ་བཞི་འཇོག་དགོས་པ་ཨེ་རེད། ལྟ་ཚུལ་དང་འཛིན་ཚུལ་གཅིག་མ་ཡིན་པའི་རྒྱུ་མཚན་ཞིག་བཤོད་དང་། དེ་ཡང་ཁྱེད་ཀྱིས་ཁུག་རྟའི་ཕྱོགས་སུ་ལངས་ནས་བཤད་པ་ཞིག་ཡིན་ཙང་ཡིད་ཆེས་བྱ་ཡུལ་ཞིག་མ་རེད། ལྟོ་འཕོར་དང་མ་འབྲེལ་བའི་ལས་དོན་ཞིག་མེད་ཀྱང་ལྟོ་འཕོར་དེ་ག་པར་གཟེད་ཡོད་མེད་རག་ལས་ཡོད་པ་རེད།
གུང་ཁྲན་གྱིས་རྒྱུན་དུ་བཙན་བྱོལ་བ་ཚོས་བོད་ནང་གི་བོད་མིའི་ཐད་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་ཟེར་བ་དང་། ཤར་ཁུག་གིས་རླབས་ཆེན་གྱི་ལས་འགུལ་དེ་འཚེ་བ་རེད་ཟེར་བ་གཉིས་འདྲ་ས་ཞིག་མེད་པ་ནི་གཅིག་དེ་རྒྱ་མིས་བོད་པར་བཤད་པ་རེད་གཅིག་དེས་བོད་པས་བོད་པར་དམའ་འབེབས་བཏང་བ་རེད། མདོར་བསྡུས་ན་གཅིག་དེ་རྒྱ་མི་རེད་གཅིག་དེ་བོད་པ་རེད། ད་གསལ་པོ་ཆགས་པའི་རེ་བ་ཡོད།
གསེར་འབྲུག་སྡེར་ལྔ་ལགས།
ངའི་ཁུག་རྟདང་ཁྱེད་གསེར་འབྲུག་གཉིས་མཐོང་ར་མ་ཉོང་ངོ་ར་མི་ཤེས། ང་འདིའི་ཕྱོགས་ཡིན་དང་འདིའི་ཕྱོགས་མིན་འདི་འདྲའི་ལྟ་བ་དེ་འདྲ་མེད། དེའི་ཕྱོགས་སུ་ཁྱེད་རང་ཐུགས་ཏོག་གནང་མི་དགོས། ཡིན་འང་ངའི་ཁུག་རྟའི་རྩོམ་ཡིག་མང་པོ་ཞིག་གློག་པ་ཡིན་ཁོང་ནི་བཙན་བྱོལ་ནང་གི་ན་གཞོན་ཤེས་ལྡན་པ་ཞིག་ཡིན་པ་ཚོར་ཡོད། ཁོང་གི་རང་སྲེག་ནི་འཚེ་བ་རེད་ཟེར་བ་ཞིག་ད་ལྟ་བར་ངའི་མཐོང་མ་ཉོང། དེ་འདྲ་ཞིག་ཡོད་ན་གསེར་འབྲུག་ཁྱེད་གྱི་དྲ་ཐོག་དི་བཞག་ན་ག་འདྲ་འདུག་གམ། རང་སྲེག་ནི་འཚེ་བ་རེད་དང་མ་རེད་ཟེར་མཁན་དེ་ཕྱི་གླིང་བ་ནང་ན་མང་པོ་ཡོད་པ་གསལ་པོ་རེད། དེས་ཐད་ལ་ཉེ་སྔོན་རྒྱལ་བ་རིན་པོ་ཨ་རི་ལ་ཕེབས་པའི་སྐབས་སུ་དྲི་བ་གཏོང་མཁན་འདུག། དེས་ཐད་ལ་ང་ཚོའི་གླེང་སློང་བྱེད་རྒྱུ་དང་གཅིག་གྱུར་གྱི་བསམ་ཚུལ་ཞིག་བཟོ་ནས་འཛམ་གླིང་མི་མང་ལ་འགྲེལ་བཤད་བྱེད་དགོས་པ་གལ་ཆེན་རེད་འདོད། གལ་ཏེ་གཅིག་གྱུར་གྱི་བསམ་ཚུལ་ཞིག་བཟོ་མ་ཐུབ་ན་མཐའ་མཇུག་གྱོང་སུ་ལ་རེག་མིན་ཧ་ཅང་གསལ་པོ་རེད།
གསེར་འབྲུག་ལགས་རང་གི་སྐད་ཆ་རང་གི་བདག་པོ་རྒྱབ་ན་ཡག། ཐོབ་ཐང་ཡོད་མེད་བྱེད་མཁན་དེ་གསེར་འབྲུག་ཁྱེད་རང་རེད། ཁུག་རྟ་མ་རེད། ཁྱེད་རང་གི་ཁུག་རྟ་ལ་ཐོབ་ཐང་མེད་ཟེར་བ་དང་རྒྱ་གུང་ཁྲན་གྱི་བཙལ་བྱོན་བ་ཐོབ་ཐང་ཟེར་བ་གཉིས་འདྲ་ལེ་མི་འདུག་གམ།
ཧཧཧཧ གསེར་འབྲུག་སྡེ་ལྔའི་རྣག་ཐོག་ཕོགས་པ་གློ་བ་དགའ། མི་ཤེས་ཤེས་ཟོལ་ཟོག་རྫུ་བྱེད་པ་འདི་རིགས་བོད་མི་རིགས་ཕོངས་བྱེད་ཀྱི་རྒྱུ་ལས་མ་འདས། ང་ནི་ནམ་ནམ་ཞར་ཞར་དུ་རང་སྲེག་གཏོང་མཁན་མིན་ལ། དེ་ལྟར་བཏང་བས་རླབས་ཆེན་དུ་རློམ་མཁན་ཅིག་ཀྱང་ཡེ་ནས་མིན། རང་སྲེག་བསྟུན་མར་བཏང་འདིས་༧རྒྱལ་བ་རིན་པོ་ཆེ་ལའང་དྲི་བ་སྣ་ཚོགས་མཛད་འཕྲིན་སྐྱོང་བདེ་མེད་པ་བཟོས་ཟིན་པ་གཞི་ནས་ཚོར་ཞིང། འདིའི་རྒྱལ་སྤྱིའི་ཐོག་གི་བོད་ཀྱི་སྣང་བརྙན་བརྗེ་བསྒྱུར་བྱས་ཚར་བ་རེད་ཅེས་སྨྲ་ཐུབ། བོད་ཀྱི་ངོ་བོ་ཀུན་སྤྱོད་ཀྱི་ས་མཚམས་ནི༧རྒྱལ་བ་རིན་པོ་ཆེས་སྐུ་ཚེ་གང་བོར་སྐུ་ངལ་བསྐྱོན་པའི་མཛད་འཕྲིན་དང་དེའི་ཐུགས་རེ་བཅས་དང་ཐད་ཀར་འབྲེལ་བ་ཡོད་ནའང། ད་ནི་བོད་མི་ཚོ་འུ་ཐུག་ནས་ལས་དོན་གང་ཡང་བྱེད་སྲིད་པའི་སྣང་བརྙན་ཕྱིར་ཐོན་པ་འདི་ནི་ངས་བསམས་ན་༧རྒྱལ་བ་རིན་པོ་ཆེའི་ཐུགས་ངོར་བདེ་བོ་རང་མེད་པར་བསམས། བོད་མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་འཐབ་རྩོད་པ་གཤའ་མ་ཞིག་མ་འཁྱོངས་བར་གཡས་གཡོན་ཁྱིམ་མཚེས་རྒྱལ་ཁབ་ཚོའི་སྲིད་དོན་རྩེད་མོའི་ལུགས་སུ་སེམས་འཁྲང་སྟེ་ལས་དེ་ལྟར་བགྱིས་ཚེ་བོད་ལའང་ཅི་ཞིག་ཐོབ་པར་རློམ་པ་ནི་དུས་གཏན་དུ་བོད་འདི་ཕམ་བྱེད་ཀྱི་རྒྱུ་ཁོ་ནས་མ་འདས་པ། ངས་སྲིད་དོན་ཚན་རིག་རང་སྟེང་ནས་ཕར་བོད་ཀྱི་དཀའ་ངལ་དང་དེའི་འབྱུང་ཁུངས། ཡང་ན་དེའི་སེལས་ཐབས་བཅས་སུ་བལྟས་པའི་མྱོངས་བ་མཐར་ཐུག་དེ་ཡིན་པས། རིག་པའི་གཞུང་ལུགས་ཀྱི་ནེམས་ཐིག་དབེན་པའི་ཚོར་ཐད་སྤྲོས་ཅན་ཚོ་ཁ་ཁུ་སིམ་པོ་གནང་རོགས།།།
བཙན་བྱོལ་ནང་ཆེས་དོགས་གཞི་ཅན་གྱི་བྱེད་སྟངས་ཁ་ཤས་ཤིག་ཡོད་པ་ནི་མཆོད་འབུལ་སྨོན་ལམ་ཚོགས་པ་དེ་ཡིན་ལ། མཆོད་འབུལ་སྨོན་ལམ་དེ་དེ་སྔ་སྲིད་སྐྱོང་གིས་ག་དུས་གནང་མིན་གྱི་ཉིན་མོ་གསལ་བསྒྲགས་ཀྱིས་ཉིན་གང་འཚམས་རེའི་བར་དུ་མ་གཞི་རྒྱ་ཆེ་བ་རེ་ཚོགས་ཀྱི་ཡོད་པ་དེར་༧རྒྱལ་བ་རིན་པོ་ཆེའང་ཚོགས་མགོན་དུ་ཞུས་ནས་གནད་དོན་ཛ་དྲག་ཏུ་བཏང་བས་མ་ཟད། ཚབས་ཆེ་རུ་གཏོང་གི་ཡོད། ཉེ་སྔོན་ནས་རང་སྲེག་བཏང་མཚམས་འཕྲལ་དུ་མཆོད་འབུལ་ཚོགས་དགོས་ཚུལ་སྤྱི་འཐུས་གྲོས་ཚོགས་ནང་བསམ་ཚུལ་བཏོན་སྟེ་བཙན་བྱོལ་ནང་གི་གདུང་སེམས་མཉམ་བསྐྱེད་ཅེས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད། དེ་དང་མཉམ་དུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རང་སྲེག་སྐོར་གྱི་གནས་ཚུལ་དང་མཆོད་འབུལ་སྨོན་ལམ་རིགས་གང་མང་མང་ཨམ་སྐད་ཁམས་སྐད་ཐོག་ཤུགས་ཆེར་གཏོང་གི་ཡོད་ལ། དེ་གཉིས་ཀྱི་གསར་འགོད་པས་རྡ་ས་ནས་ཐད་གཏོང་བྱས་པའི་མཆོད་འབུལ་གསར་འགྱུར་ཞིག་ཡིན་ནའང་དྲ་ངོས་མདུན་དུ་པར་རིས་དང་བཅས་ཏེ་འཇོག་གི་ཡོད། ཁོང་ཚོ་ཆོས་དད་ཆེ་བས་ཀྱང་མིན་ལ། བོད་ནང་གི་རང་སྲེག་གནང་མཁན་གྱི་ནང་མིར་སེམས་གསོའི་ཆེད་དུའང་མ་རེད། འདི་དག་གི་དམིགས་འདུན་གཙོ་བོ་ནི་བོད་ནང་ནས་མུ་མཐུད་མགོ་མཇུག་མེད་པར། གྲ་སྒྲིག་མེད་པར་མུ་མཐུད་འབར་སོང་ན་སྙམ་གྱི་ཡོད་པ་དེ་རེད། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེས་རང་སྲེག་སྐོར་ཅི་ཞིག་གསུངས་ཀི་ཡོད་མེད་གཅིག་ཀྱང་གསལ་བོར་བོད་ནང་དུ་སྙན་སྒྲོན་ཞུ་གི་མེད་སྟབས། ཁོང་ཚོའི་མཆོད་འབུལ་གསར་འགྱུར་ལས་རིགས་འདི་དག་གི་མགོ་གཙོ་བཅས་ཚང་མ་ཇག་པ་ཁ་མཐུན་ཡིན་མིན་ནི་ཚོད་དཔག་ཐུབ་པ་ཞིག་རེད། གལ་སྲིད་དབུས་གཙང་དུ་མི་འདི་འདྲ་མང་པོས་རང་སྲེག་བཏང་ཡོད་ན། གནའ་སྔོ་མོ་ནས་གཏན་འགོག་བྱས་ཟིན་པ་རེད་ལ། དེར་༧རྒྱལ་བ་རིན་པོ་ཆེའང་བེད་སྤྱོད་བཏང་ཟིན་པ་ནི་ཐག་བཅད་ཆོག་པ་ཞིག་རེད། དེས་ན་བཙན་བྱོལ་ནང་གི་རང་སྲེག་སྐོར་གྱི་ལངས་ཕྱོགས་འདི་ནི་ཆེས་ཐེ་ཚོམ་དང་དོགས་གཞི་ཅན་གྱི་ཡུལ་འབའ་ཞིག་ཡིན་པ་མདོ་སྟོད་སྨད་ཀྱི་མི་གླེན་ཤེད་ཅན་དེ་ཚོས་ཤེས་དགོས་པར་འདོད།།
བོད་དོན་ལ་རང་སྲོག་བཞག་ན་ཡང་ཁྱི་རྒན་ཁ་ཤས་ཞིག་ལ་དེ་འགྲིག་མེད་པའི་སྐད་ཆ་ཞིག་འདུག། ངོ་མ་རྒྱ་ཁྱི་ནི་རྒྱ་ཁྱི་རང་རེད།
ཕར་རྒྱུག་ནས་འགྲིལ་བ་མི་དམུར་པར། ཚུར་ཡོང་ནས་ཆོན་ཐག་དམུར།
ངོ་མ་བཤད་ན་ཤར་ཕྱོགས་ཁུག་རྟའི་རྩོལ་རིག་དེའི་ནང་དོན་གནས་ལུགས་ལྡན་པ་འདུག་། རྒྱལ་བ་རིན་པོ་ཆེས་མི་རིགས་འཚོ་ཐབས་ཕྱོགས་ནས་རང་ལུས་མེར་བསྲེགས་བཀག་འགོག་བྱ་འོས་། རྒྱལ་བ་ཀརྨ་པ་ཡང་རང་ལུས་མེ་འབར་ལས་འགུལ་ལ་བཀག་འགོག་ཞུ་དགོས་། གཞིས་ཁྱིམ་བོད་མི་སྤུན་ཟླའི་ཚེ་སྲོག་ཤོར་བས་རང་རང་གི་ཕན་པ་ཐོབ་ན་བོད་མི་རིགས་ཉེན་ཁར་བྱུང་རྒྱུ་རེད་།
མི་ཡི་གྲལ་གྱི་ཁྱི་དངོས་ནི་ཡུལ་དངོས་འབྱེད་པའི་རྣམ་རིག་ཕག་གི་མཚུངས་ཟླར་སོང་བ་དག་ལ་གོ་ཞིང། དེའི་གྲས་སུ་གནམ་འབོད་པའི་ཟོག་རྫུ་ཧོལ་རྒྱུགས་མཁན་འདི་ཡང་ཚུད། ཅི་ལྟར་ཞེ་ན་གནད་དོན་གང་ཞིག་གླེང་པའི་གནམ་གྱི་ཀླད་ཁྱོན་མུན་པས་འཐིབས་དྲག་པའང་རང་གི་ཚིག་རིས་ལ་གསལ་སྟོན་བྱས་འདུག་སྟེ། སྲོག་བཏང་ནས་མི་རིགས་ཀྱི་འཐབ་རྩོད་བྱེད་པ་དེའང་ལྟོས་ས་ལྟོས་འཇོག་རྐྱང་རྐྱང་གིས་གྲུབ་པ་ཡིན་ལ། མདོར་དེད་ན་གང་བློས་གཏོང་སའི་མི་རིགས་དེའི་གནས་བབ་ཆེ་ཕྲ་བློ་ངོར་མི་ཤོངས་པའི་གང་ཟག་སུ་གང་གིས་ཀྱང་མི་རིགས་དེའི་བདེ་སྡུག་བརྩད་དེ་སྲོག་འབེན་ལ་བཞག་ཀྱང། དེ་ནི་ཧ་ལས་ཧང་སངས་ཀྱི་ཡུལ་གཏན་ནས་མིན་ལ། ཅི་སྟེ་རང་གི་སྲོག་ཤོར་བའི་རྗེས་འབྲེལ་གྱི་བྱུང་བ་མཐའ་དག་བློ་ངོར་མི་ལོན་མཁན་ཅིག་གིས། ཅི་ལྟར་མི་རིགས་ཤིག་དང་ལོ་རྒྱུས་ཤིག་གི་ཚབ་མཚོན་བྱེད་ཐུབ་བམ། གཏན་ནས་མི་ཐུབ་བོ། དེས་ཆོས་སྲིད་གང་ལའང་ཤེས་ནས་འཇུག་པ་རབ་དང་ཕུལ་དང་མཆོག་ཏུ་བརྩི་སྲོལ་ཡོད་པ་འདི་ཉིད། རང་ཅག་གིས་ཀྱང་གཏན་དུ་མ་བརླག་འབད་འབུངས་བྱས་ཚེ། ནམ་ཞིག་ཏཱ་ལའི་བླ་མ་ལྟ་བུའི་སྐྱེ་བུ་རླབས་ཆེན་རེ་འགའ་སླར་ཡང་འབྱུང་ངེས་པ་དང་འབྱུང་ངེས་པའི་ས་བོན་བཏབས་ཟིན་པར་ངོས་འཛིན་བྱས་ཆོག་པར་བསམས། དེས་ན་རང་སྲེག་དང་འབྲེལ་བའི་གླེང་སློང་གི་ཟབ་གནད་ཀུན་པོར། གཡག་ཞར་རྩ་ལ་བྲེལ་བ་ལྟར་མིན་པར། རང་ཉིད་རྒྱ་བོད་གང་གི་ཕྱོགས་སུའང་མ་གནས་པར། དེས་དྲངས་པའི་འགྲོ་བ་མིའི་བདེ་རྩ་བྱམས་བརྩེ་མཐུན་ལམ་གོང་འཕེལ་སྤེལ་ཤུགས་ཅི་ཙམ་གྱི་ནུས་པ་ཡོད་མེད་ད་ཡང་དཔྱད་དགོས་འདུག་ལ། མ་འོངས་པར་དེ་བས་ཀྱང་དཔྱད་དགོས་སྟབས། ཁྱེད་ཅག་བོད་མིའི་ཡིག་འབྲི་བའི་ཟོལ་དུ་རློམ་པ་ཀུན་ལ་སྟབས་གཅིག་ཞུ་བ་ཡིན་ནོ།།
ཐོག་རྒོད་ཐོག་རྒོད།
ངས་དྲིས་པའི་དྲི་བར་ལན་ཚིག་གཅིག་མེར་མཁར་ཉོག་གཏམ་འབའ་ཞིག་གིས་དུས་འདའ་བ་བྱེད་པ་དེ་ཅི་རེད། ད་དུང་ཧམ་བཤད་ཆེན་པོས་རང་སྲེག་ལས་འགུལ་དེས་༧རྒྱལ་བ་རིན་པོ་ཆེ་མཛད་འཕྲིན་སྐྱོང་བདེ་མེད་པ་བཟོས་ཚུལ་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་སྣང་བརྙན་བརྗེ་བསྒྱུར་བྱས་པ་སྨྲ་ཐུབ་ཞེས་བཤད་པ་ནི་ཅི་འདྲའི་མི་ཤེས་ཟོག་རྫུ་ངོ་མ་དེ་ཁྱོད་མ་རེད་པས། བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་གཤིན་པོའི་རྣམ་ཤེས་ལ་ཞེ་འཁྲེལ་མེད་པ་མ་ཟད་ཡ་ང་སྙིང་རྗེ་ཟེར་བ་སྤུ་ཙམ་ཡང་མེད་པ་ནི་ཅི་འདྲའི་ཡིད་སྐྱོ་བ་མ་རེད་པས། དོན་དངོས་བྱས་ན་གཞིས་ལུས་མི་དམངས་ཀྱིས་མངོན་འདོད་འབོད་སྒྲ་ཁ་ནས་ག་ཚོད་བཏོན་ཀྱང་ཡ་ལན་མེད་པ་མ་ཟད་དམར་གསོད་དང་བཙོན་འཇུག་བརྡུང་བརྡེག་ཚ་ནན་བཏང་དང་གཏོང་བཞིན་པ་དེས། ད་ཆ་འུ་འཐུག་གིས་གནས་ལ་བགྱར་ནས་ལུས་སྟེང་ནས་ཞུ་འབོད་བྱས་པར་༧རྒྱལ་བ་རིན་པོ་ཆེ་ཐུགས་ངོ་བདེ་པོ་མེད་པའི་ཐུགས་དགོངས་ལ་ཚོད་གམ་བྱེད་པ་དང་། རྒྱལ་སྤྱིའི་སྟེང་བོད་ཀྱི་གནས་སྟངས་ཛ་དྲག་ཇེ་ཆེ་འགྲོ་བཞིན་པར་ཁྱོད་ཐོག་རྒོད་སྙིང་ནད་ཇེ་ཆེ་ཕྱིན་ནས་རྒྱལ་སྤྱིའི་སྟེང་བོད་ཀྱི་སྣང་བརྙན་མ་འགྱུར་གོང་ཁྱོད་ཀྱིས་འཚེ་བ་ལ་བཙན་བསྒྱུར་བྱས་ནས་བོད་ཀྱི་སྣང་བརྙན་བཙན་བསྒྱུར་གང་ཐུབ་བྱེད་པ་ནི་ཅི་འདྲའི་ལས་ངན་མ་རེད་པས། འདི་རིགས་དང་ཨ་ཕོ་རྒྱལ་མཚན་ནོར་བུ་དང་། ཨ་ཕོ་རག་དིས། བྱམས་པ་ཕུན་ཚོགས། པདྨ་འཕྲིན་ལས། གཞས་མ་ཚེ་རྟན་སྒྲོལ་མ་སོགས་ནི་བོད་མི་རིགས་ཀྱི་གཏན་དགྲ་ཡིན་པས་གཤིན་པོའི་རྣམ་ཤེས་ཀྱིས་དུར་ས་ནས་མཆིལ་ཞག་ཕེན་ངེས་ལ་བོད་ཀྱི་བདེན་མཐའ་བསལ་བའི་ཉིམ་མོ་དེར་ཁྱོད་ཚོ་གསོན་ཡོད་ན་ཞིབ་རྩིས་རྒྱགས་ངེས་ལ་ཤི་ཡོད་ན་དུར་ས་ལ་འཕྱ་བ་དང་མཆིལ་ཞག་གིས་ངོ་རྒོལ་མི་བྱེད་པའི་ངེས་པ་གཏན་ནས་མེད།
འོ་ན་བོད་མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་འཐབ་རྩོད་རང་བཞིན་གཤའ་མ་ཞིག་ག་དུས་འཁྱོང་གི་རེད། འོ་ན་ཁྱོད་ཁྱིམ་གྱི་མལ་ས་དྲོན་མོའི་ནང་དུ་མལ་ནས་བོད་ཀྱི་བདེན་མཐའ་འབད་མེད་ལྷུན་འགྲུབ་ཀྱིས་བསེལ་ཡོང་གི་རེད་སྙམ་པ་ཨེ་རེད། གོ་ལ་འདིའི་སྟེང་དུ་བོད་མི་རིགས་འདི་ཡོད་ཚད་ནང་པ་སངས་རྒྱས་པའི་ལྟ་གྲུབ་འོག་བྱང་སེམས་རྣལ་མ་ཞིག་རྒྱུད་ལ་སྐྱེས་ཡོད་པ་འདྲ་ཞིག་དང་དགྲ་བཅོམས་པའི་སྒོ་འཕངས་ཐོབ་ཡོད་པ་འདྲ་ཞིག་འགྲེལ་བཤད་སྣ་དགུ་རྒྱག་གི་ཡོད་པ་རེད་ལ། སོ་སོའི་རང་རྒྱུད་ལ་དེ་ལྟར་སྐྱེས་མིན་ཇི་ལྟར་ཡང་མགྲིན་པ་གཟེངས་སུ་སྟེགས་ནས་ཡིན་མདོག་མདོག་བྱེད་པའི་ལམ་ལུགས་ཡ་མ་བརླ་འདིས་བྱ་བྱེད་ལས་གསུམ་གང་དུ་ཡང་བྱེད་སྟངས་མི་ཤེས་པའི་གནས་སུ་བགྱར་ནས་ཐམས་ཅད་མིག་ལྤགས་སང་སང་བྱས་ནས་བསྡད་དགོས་པའི་གནས་ལ་བསྐྱལ་འདུག། སྤྱིར་ན་ངས་མེར་སྲེག་ལས་འགུལ་མུ་མཐུད་རྒྱུར་འདོད་མོས་རྩ་བ་ནས་མེད་ལ་དེ་ལྟར་མི་གནང་རྒྱུའི་རེ་སྨོན་ཞུ་གི་ཡོད། འོན་ཀྱང་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བློས་གཏོང་གི་མཛད་རྗེས་ལ་གུས་བརྩི་ཚད་མེད་ཞུ་གི་ཡོད་ལ། འབྲས་བུ་མེད་པ་ཡང་མི་སྲིད་པ་ཡང་རེད་འདོད། བྱས་ཙང་དཔེར་ན་གོ་ལ་འདིའི་སྟེང་དུ་མེར་སྲེག་དང་པོ་ཝེ་ཏི་ནམ་གྱི་དགེ་སློང་ཞིག་གིས་རང་ལུས་ཞུགས་འབུལ་བྱས་ནས་ཨ་རིའི་དམག་འཚམས་བཞག་དགོས་བྱུང་བ་རེད་ལ་ཝེ་ཏི་ནམ་མི་དམངས་དམངས་གཙོ་དང་རང་དབང་གི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་རེད། དེ་དེ་བཞིན་ཉེ་བའི་ལོར་ཏུ་ནེའེ་སི་ཡི་གསང་ལམ་དུ་ཚོང་རྫས་ཙག་ཙིག་གཉེར་མཁན་གྱི་མི་་ཞིག་གིས་རང་ལུས་མེར་སྲེག་བཏང་བས་ཨེ་ཇིབ་གཙོས་པའི་ཨ་རབ་གླིང་གི་ཡུལ་གྲུ་མང་པོ་ཞིག་དམངས་གཙོའི་ཡོ་ལངས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་ཡོད་པ་རེད། སྐབས་དེ་དུས་ནུབ་ཕྱོགས་སྲིད་དོན་མཁས་པས་འཚེ་བ་ཡིན་མིན་གྱི་འགྲེལ་བཤད་ནག་པོ་དེ་རྩ་བ་ནས་རྒྱག་གི་མེད་པ་རེད། ད་ཆ་རྒྱལ་སྤྱིའི་སྟེང་དུ་སྲིད་དོན་མཁས་པར་རློམས་པ་འགའ་རེས་རྒྱ་ནག་གི་གླ་བརྔན་འོག་ནམ་ཞར་ཞར་ལ་བོད་དོན་འཐབ་རྩོད་ལ་ལོག་འགྲེལ་སྣ་ཚོགས་ཀྱིས་ཁ་བསྒྱུར་གང་ཐུབ་བྱེད་ཀྱི་ཡོད་པ་གསལ་གསལ་ཐིང་ཐིང་རེད། འོ་ན་ཁྱོད་ལ་དེ་འབྲེལ་གྱི་གླ་བརྔན་ནི་རག་ཡོད་རྒྱུ་མ་རེད་པ། བྱས་ཙང་ཁྱོད་ནུབ་ཕྱོགས་་སྲིད་དོན་རིག་པའི་གཞུང་ལུགས་ལ་སྦྱངས་པ་ཅུང་ཟད་མེད་པ་མ་ཟད་ཉམ་མྱོང་ནི་ལྟ་ཅི་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད་པའི་རང་ཚང་ཕྱི་རོལ་དུ་མངོན་འདུག། ཡང་ན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་རིག་པ་ལ་མྱོངས་གོམ་བྱང་གསུམ་ཡོད་ན་ནི་ངས་མི་ཤེས། དེ་མིན་ནུབ་ཕྱོགས་སྲིད་དོན་རིག་པའི་གཞུང་ལུགས་ནང་ཆོས་ལུགས་རིག་པའི་གཞུང་ལུགས་སྲིད་དོན་རིག་པའི་གཞུང་ལུགས་ནང་དུ་འཁྱེར་བ་དང་སྲིད་དོན་རིག་པའི་གཞུང་ལུགས་ཆོས་ལུགས་རིག་པའི་གཞུང་ལུགས་ནང་དུ་འཁྱེར་ཡོང་བའི་ལམ་ལུགས་ཞིག་རྩ་བ་ནས་མེད་པ་རེད། དེས་ན་ནུབ་ཕྱོགས་དམངས་གཙོ་རང་བཞིན་ལྡན་པའི་སྲིད་དོན་རིག་པའི་གཞུང་ལུགས་ལ་མྱོངས་གོམ་སྦྱངས་གསུམ་ཅི་ཡང་མེད་པ་མ་ཟད་གོ་མྱོངས་ཐོས་མྱོངས་ཡང་མེད་པའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་རྣམ་འགྱུར་ཡ་མ་བརླ་ཅན་དང་འདུ་ཤེས་ཡ་མ་བརླ་ཅན་ཚོ་ཁ་ཁུ་སིམ་པོའི་ངང་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་ཕེབས་རོགས་གནང་།
ཐོད་རྒོད་པ། རྒྱའི་བཙན་དཔང་ལ། བོད་ཀྱི་ལས་དཔང་གིས་བཀོད་པའི་འགན་ཁུར་ཡོད་པ་ཁྱོས་ཤེས་མེད་ཚོད་རེད། ལྔ་བཅུ་ང་བརྒྱད་ཀྱི་ཚུན་ཆད་ནས། ཨ་མའི་བུ་ལ་ཁྱི་མོའི་ཁྱི་ཞིག་སྐྱེས་མེད་ན། འདི་འདྲ་ནི་བོད་མི་ཞིག་ཡིན་ཕྱིན་མགོ་ཐོག་ལ་ཡོད་ཡོད་པའི་སྐྱེ་སྐལ་ཞིག་ཡིན་པས་ངེས་ཤེས་རྙེད་ཨེ་ཡོད། རྒྱལ་ཞེན་ཟེར་བའི་མིང་ཚིག་འདི་ཁྱོས་གོ་ཨེ་མྱོང་། ནར་གཅོད་དང་བཙན་གནོན་གྱིས་སྐྱེས་བོ་ཉམས་ཆུང་གི་ཚེ་སྲོག་འཕྲོག་དེ་འདྲ་ཁྱོས་གོ་ཨེ་མྱོང་། ཁ་སང་དེ་རིང་རྒྱ་བོད་གཉིས་ཀྱི་བར་ལ་ཞེ་འཁོན་གྱི་དམག་ཤོར་ཡོད་པ་ཁྱོས་ཚོར་ཨེ་ཡོད། ཁ་ལག་གཉིས་ཀ་བལ་ཚོད་ཀྱིས་འགུལ་དགོས་བའི་དུས་རབས་ཆེ་ཡོལ་ཐུབ་མེད་པ་ཞིག་ཡིན་པ་ཁྱོས་ཤེས་ཡོད། གླུ་བ། གྲྭ་བ། ཨ་ནེ། བླ་མ། གྲོང་པ། རོང་པ། འབྲོག་པ། སློབ་མ། རྩོམ་པ། མདོ་སྟོད་སྨད་བར་གསུམ་གྱི་བོད་འབངས་ཐོག་ལ་རྒྱ་དམག་ག་ཚད་ཞིག་གཏང་ཡོད་པ་ཁྱོས་ཤེས་ཨེ་ཡོད། སྔོན་བྱུང་ལོ་རྒྱུས་ཞིག་ཀློག་ནས་སེམས་ཤུགས་སྐྱེ་ཐུབ་བྱེད་མི་དགོས་པར། དེ་རིང་ཁ་སང་གི་ང་ཚོའི་དཔའ་བོ་དཔའ་མོ་འདི་ཚོས་དུས་འདི་དང་མི་རབས་འདི་ལ་བཞག་པའི་ཁྲག་རྒྱུན་གྱི་འཐབ་རྩོད་འདི་ཁྱོའི་སེམས་ལ་བཞུར་ཨེ་མྱོང་། དགྲའི་དགྲ་ངོ་མི་ཟིན་ན་བོད་ཀྱི་བོད་ངོ་ཟིན་ནས་ཅི་བྱེད། རེ་བ་ཟེར་བ་འདི་བཟུང་ནས་རྩོད་རྒྱུ་ཞིག་ཡིན་པ་ལས་བརྒྱབ་ནས་འདུག་རྒྱུ་ཞིག་མིན་པ་ཁྱོས་ཤེས་ཨེ་ཡོད། སེམས་ཤུགས་དང་རྒྱལ་ཞེན་མེད་པར་སྐབས་འཚོལ་བའི་རྒྱལ་ཁ་ལེན་རྒྱུ་ཟེར་ན་ངོ་ཚ་མེད་པའི་ཧམ་པ་ཡིན་པ་ཤེས་ཨེ་ཡོད།
དཔང་ཚང་མ་དབང་ལ་བཅོས།
བྱིས་པའི་ངག་གིས་མདོ་རྩ་གཅུན་མ་ནུས་པར་སྨྱོན་པའི་ལབ་བརྡོལ་འཕྱོན་མའི་འདོམ་གྱི་ཆུ་བཞིན་དབང་མེད་ངེས་མེད་ཟགས་བཞིན་ནའང། རིན་ཆུང་དོན་ཅན་དུ་བཟུང་ནས་ཡང་བསྐྱར་ལན་ཙམ་ལྡོན་ན། ཅི་སྟེ་རང་ཉིད་སྐྱེ་བ་དང་འཚོ་བ་དོན་ཡོད་པར་བྱ་བའི་གཞི་རྟེན་སེམས་ཅན་གྱི་དོན་ཞེས་ཆོས་པའི་བཤད་སྲོལ་དང། དེ་ལྟར་རིགས་ཞེན་ལ་རྒྱས་འཚོ་བ་གཡབ་པར་བྱའོ་སྙམ་པའི་ཁེངས་དྲགས་མི་ཆོས་བསམ་བློ་གང་རུང་དང་དུ་ལེན་མཁན་གྱི་སྐྱེ་བུ་སུ་ཡིན་ནའང། དང་པོ་གང་གི་དོན་བྱ་ཡུལ་གྱི་ཡུལ་དངོས་གཞི་སེམས་ཀྱིས་ཟིན་པར་བྱ་ཞིང། བསླབ་པར་བྱ། བློ་ལ་བླངས་པར་བྱས་རྗེས། དོན་མཛད་པའི་རིམ་པ་གཞི་གནས་ཚུལ་དང་བསྟུན་པར་རྒྱུད་ལ་ཐབས་མཆོག་སྨིན་ཅིང། ཐབས་ལ་མཁས་པ་དོན་ཟིན་པ་བཅས་ཐོབ་ན་དཔེ་མཚོན་སྐྱེ་བུ་སྐར་ཆེན་ལྟ་བུ་བགྲང་ཆོག་པ་༧རྒྱལ་བ་རིན་པོ་ཆེ་ལྟ་བུ་གྲུབ་ནའང། ཁྱེད་ཅག་གིས་ནི་དེ་ལས་ལྡོག་སྟེ་སེམས་ཚོར་བྱེ་བྲག་པ་ཐུང་ངུ་ཞིག་གི་གཡོ་འགུལ་གྱི་ཕྱི་ནང་ཡང་སྔོགས་མ་ཐུབ་པ་ལྟ་བུར་ལུས་པ་ནི་ཅི་ནས་བསམས་ཀྱང་ཤེས་ཡོན་པའི་བགོ་སྐལ་གྱི་བགྱི་བ་ཞིག་གཏན་ནས་མིན་གཤིས། ཆབ་སྲིད་ཀྱི་ལས་འགུལ་ལ་ནམ་ཞར་ཡང་ཁོར་ཡུག་དང་དངོས་ཡོད་ཀྱི་གཤོག་ཟུང་མེད་ཚེ། དེ་ནི་རེ་བའི་ཡུལ་ལས་འགྲོ་བ་མིའི་བཞུད་ལམ་ནང་ལོ་རྒྱུས་ཙམ་ཡང་ཆགས་རྒྱུར་དཀའ་ཚོད་དུ་གདའ་བ་གསལ་མཐོང་བཞིན། ཐེ་ལན་གྱི་དགེ་སློང་དང་ཨ་ཕི་རི་ཁའི་ཞུགས་འབུལ་གྱི་ཁོར་ཡུག་ཀྱང་ཚུར་བཤིབ་བསྡུར་བྱས་པ་ཡིན་ན་ད་གཟོད་ཁྱེད་ཚོར་བསམ་བྱ་ངེས་ཅན་ཅིག་སྤྲོད་སྲིད་ཁར། དེའི་རྗེས་འབྲེལ་དུ་སོང་བའི་བཙུན་མའི་ཞུགས་འབུལ་ཐལ་བར་མ་གྱུར་གོང་ཆུ་ལ་ལྕེབས་པ། དེ་ནས་སྨན་ཁང་དུ་འཕེན་པ་རྫོགས་པའི་རིམ་པ་དེས་ཀྱང་བསམ་བྱ་གཞན་ཅིག་སྤྲོད་ངེས་སྟབས། ཤེས་ནས་སྨྲ་བ་མཆོག་གི་གྲལ་དུ་ཚུད་ཅེས་སྨྲའོ།།།
གཞན་ངས་གཞུང་ལུགས་དང་སྤྲས་ནས་སྨྲས་པ་རེ་འགའ་གོ་ལྡོག་ཏུ་བླངས་འདུག་པ་གསལ་འགྲེལ་གྱི་འདུན་པ་རྩ་འགག་ཏུ་གྱུར་གཤིས། དེ་མུར་འཇོག་འདོད་བྱུང་ལ། མདོ་དོན་ཕྱོགས་ཐམས་ཅད་ནས་རྒྱ་བོད་ཀྱི་གནས་བབ་མཁྱེན་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རང་སྲེག་བསྟུན་མར་མི་འབྱུང་བ་འདིས་རང་བཞིན་དངོས་ཡོད་གནས་བབ་གསལ་འགྲེལ་བྱས་འདུག་ཅེས་མཐར་ཁྱེད་རྣམས་ཀྱི་གདོང་མེ་ལོང་ལ་དཔར་ནས་སྟོན་པར་བྱ་ཡི། ཁོང་ཁྲོ་ལངས་ཆེད་དུ་མིན་པ་དངོས་ཡོད་མཐོང་ཆེད་དུ་ཡིན་ནོ།།།
པདྨ་འཕྲིན་ལས་ལགས།
སྐུ་ཉིད་ཀྱིས་ཤར་ཁུག་གི་རྩོམ་ཡིག་ཆ་ཚང་མ་གཟིགས་པའམ་གཟིགས་ནས་གོ་ལྡོག་ཏུ་སོང་བ་ནི་མི་ཤེས་མོད། གང་ལྟར་དུ་གོང་གི་མ་རྩོམ་ནང་ཡག་པོ་བྱས་ནས་གཟིགས་དང་། (བོད་མིའི་སྤྱི་ཚོགས་ནང་རང་སྲེག་འཚེ་བ་ཡིན་མིན་ཐད་གླེང་སློང་མང་པོ་བྱས་པ་རེད། ཁྱེད་ལ་བསམ་ཚུལ་ག་རེ་ཡོད།) འདྲི་བ་པོ་དང་ལན་འདེབས་པ་པོ་ངོ་བོ་གཅིག་གིས། (དེང་སང་འཇིག་རྟེན་པའམ་སྲིད་དོན་མཚན་རིག་པའིི་ལུགས་སུ་བྱས་ན། རང་སྲེག་ནི་འཚེ་བ་རེད།) ཞེས་སྲིད་དོན་མཚན་རིག་པའི་ལུགས་ལ་ཁ་གཡར་ནས་འཚེ་བ་ཡིན་པ་གསལ་པོ་བཟོས་འདུག། འོ་ན་སྲིད་དོན་མཚན་རིག་སུའི་ལུགས་སུ་བྱས་པ་རེད། ཡིན་སྟངས་དང་ཡིན་དགོས་པའི་རྒྱུ་མཚན་ཞིག་གསལ་པོ་འགྲེལ་བཤད་རྒྱབས་དང་། ངས་གོང་དུ་བཤད་ཟིན་པའི་ནུབ་ཕྱོགས་སྲིད་དན་རིག་པའི་གཞུང་ལུགས་ལ་མཁས་པར་རློམས་པ་འགའ་རེས་རྒྱ་ནག་གིས་གླ་བརྔན་འོག་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ནམ་ཞར་ཞར་ལོག་འགྲེལ་སྣ་ཚོགས་བརྒྱབས་ནས་ཁ་ཕྱོགས་བསྒྱུར་བཞིན་པའི་ལམ་ལུགས་ལ་ཡིད་ཆེས་དང་གཡམ་རྒྱུགས་ཀྱིས་ཧོལ་རྒྱུགས་བྱེད་མཁན་ཞིག་མིན་ན་ཅི་རེད། ད་དུང་ཤར་ཁུག་གིས་རྩོམ་འཆལ་འགའ་ཀློག་ནས་ཤར་ཁུག་བཙན་བྱོལ་ནང་གི་ཤེས་ཡོན་ཅན་དུ་བསྒྲུབ་འདུག། འོ་ན་ཁྲི་གསར་སྲིད་སྐྱོང་ཚང་གིས་ལས་བྱེད་བླང་རྡོར་སྒྲིག་གཞི་དང་འགལ་བའི་རྒྱུ་རྐྱེན་འོག་ཅིའི་ཕྱིར་གནས་དབྱུངས་བཏང་བ་རེད། དེ་འདྲའི་ཤེས་ཡོན་ཅན་ཞིག་ཡིན་ན་་བཙན་བྱོལ་སྒྲིག་འཛུགས་གཞུང་ལ་ཅིའི་ཕྱིར་མི་མཁོ་བ་རེད། དེ་ནས་ལམ་དབུ་མའི་ལས་འགུལ་ཁང་དུ་ལྟོ་འཕོར་ཞིག་རགས་པ་དང་རང་བཙན་ལྟ་གྲུབ་པ་དང་ལམ་དབུ་མ་ལྟ་གྲུབ་བར་འགལ་འདུ་མེད་སར་འགལ་འདུ་བཟོས་ནས་ཕུ་དཀྲུགས་མདའ་དཀྲུགས་བྱས་པ་དེ་སྐུ་ཉིད་ཀྱིས་མ་མཁྱེན་པ་རེད་ཡང་ན་ཐུགས་བརྗེད་སོང་བ་རེད་ཡང་ན་དེ་ལྟར་མི་མཁྱེན་ཁུལ་གནང་བ་རེད། དེ་ཚོར་ཡར་གཟིགས་མར་གཟིགས་གནང་ནས་གཅིག་བཤད་ན་ལན་པོ་ཡོད་པ་རེད། དེས་ན་ངས་བཤད་པའི་སྐད་ཆ་ལ་ང་རང་གིས་འགན་ལེན་ཐུབ་ཀྱི་ཡོད་ལ་རླབས་ཆེན་གྱི་མཛད་རྗེས་ལ་འཚེ་བ་ཡིན་ཚུལ་གྱི་འགྲེལ་བརྗོད་བྱས་ནས་ནུས་མེད་དུ་གཏོང་རྒྱུའི་ཐོབ་ཐང་མེད་ཟེར་བ་དེ་བདེན་པ་ཡིན། འོ་ན་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཚེ་སྲོག་ལ་རིན་ཐང་མེད་པ་ཨེ་རེད། དེ་འདྲའི་མཐོང་ཆུང་མ་གནང་རྒྱུའི་རེ་འདུན་ཞུ་གི་ཡོད།
བྱས་ཙང་ཐོག་རྒོད་འདིས་སྲིད་དོན་ཆོས་ཕྱོགས་སུ་བསྒྱུར་ནས་ཉ་ཉུང་མཉམ་བསྲེས་ཀྱིས་བཤད་པ་འདིས་གླེང་གཞི་ཐམས་ཅད་མག་མོག་ཏུ་སོང་བ་རེད་ལ་ཆོས་སྲིད་བར་རྩོད་གཞི་གསར་པ་ཞིག་སྒོ་ཕྱེས་ཡོང་གི་ཡོད་པ་རེད། དེ་འདྲའི་རྩོད་པ་རྒྱགས་རྒྱུའི་དུས་་ཚོད་ང་ལ་མེད། ཁྱོད་ཚོ་གྲྭ་ལོག་དང་བན་ལོག་ཚོས་ཉི་མ་བསྐྱེལ་ཐབས་གནང་རོགས་གནང་།
ང་ཚོས་འཚེ་བ་མ་རེད་ཅེས་ལབ་དགོས་དོན་ནང་དོན་རིག་པ་དང་འབྲེལ་ནས་གསུངས་ཚུལ་ཞིག་ལས་གཞན་གང་ཡང་མ་རེད། ཁྲིམས་ལུགས་ནང་རང་སྲོག་བཅད་༼ བཅད་ནས་མ་ཤི་བའི་རིགས་དངོས་སུ་འདྲི་རྩད་བྱ་ཆོག་གི་རེད ༽རིགས་ལའང་བདའ་འདེད་གཏོང་བའི་ཆ་རྐྱེན་བསྐྲུན་ཡོད་པ་རེད། དེའི་དམིགས་ཡུལ་སྤྱི་ཚོགས་བདེ་དོན་དང་ཞི་བདེའི་འགན་སྲུང་ཆེད་རེད། འཚེ་མེད་ཞི་བ་ཚད་མཐོ་ཤོས་ཟེར་བ་ནི་མིང་ཙམ་བཏགས་པ་རེད། ཁུངས་ལུངས་མི་འདུག ངས་ནང་དོན་རིག་པར་སྦྱངས་མྱོང་མེད། ཡིན་ནའང། དགེ་ཚུལ་སློང་རུབ་བྱུང་དགེ་བསྙེན་བཅས་པའི་རྩ་བ་བཞིའི་ནང་གི་སྲོག་གཅོད་བཞི་ཞེས་པ་དེ་འགྲེལ་ཚུལ་སྣ་ཚོགས་ཤིག་འདུག སངས་རྒྱས་ཀྱི་བྱང་བཅུ་ཚང་པའི་དགྲ་བོ་བསྒྲལ་ན་ཉེས་མེད་དུ་ལྟ་བུ་དེ་འདྲེན་པའི་ཐབས་རྩོལ་རྫོགས་པའི་ཆ་ནས་ཟེར་བ་ལས། བསད་པ་གཞན་དོན་ཡིན་པ་ཁོ་ནའི་རྐྱེན་གྱིས་མ་རེད། དེ་བཞིན་ལུས་ངག་ཡིད་གསུམ་གྱི་འཚེ་བ་བཅས་རྣམ་གྲངས་བགར་དགོས་ཚེ་ནང་དོན་རིག་པའི་བཤད་སྲོལ་འདི་མགོ་རྙོག་ཚ་པོ་རེད། དེ་བས་འཇིག་རྟེན་འཚོ་གནས་འཆའ་ཕྱོགས་གཙོ་འདོན་བྱེད་པའི་སྲིད་དོན་ཚན་རིག་གིས་རང་གཞན་གཉིས་ཀྱི་སྲོག་ལ་གནོད་པ་འཚེ་བ་ཡིན་པར་བཅད། འཚེ་མཁན་རང་གཞན་གཉིས་སུ་ཡིན་ལ་ཁྱད་མེད་དུ་ལྟ་བའི་མགོ་རྙོག་མེད་པའི་བཤད་སྲོལ་འདི་ང་ཚོས་ངོས་ལེན་བྱས་ན་ཡག་པར་སེམས། སྤྱིར་བཞེད་ཕྱོགས་གང་ལའང་དོགས་སློང་བྱས་ཆོག་མོད། དེའི་ཚབ་ཏུ་ཚད་ལྡན་གཞན་ཞིག་སྟོན་རྒྱུ་མ་རྙེད་པར་སྔར་ལུགས་ཁས་ལེན་བྱེད་པ་འཇིག་རྟེན་སྤྱི་སྲོལ་རེད།།
ཧ་ཧ། ངས་བཤད་པ་དེ་དོན་ལ་གནས་འདུག། ཐོག་རྒོད་འདིས་ལྷ་ཆོས་རིག་པའི་གཞུང་ལུགས་གཏོག་ཙམ་ཤེས་ཀྱི་ཡོད་ན་མ་གཏོག་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཆ་རྒྱུས་ཡ་རྒྱུས་མེད་བདེན་པ་རེད། ཐེ་ལན་གྱི་དགེ་སློང་མེར་སྲེག་བཏང་བ་གང་དུ་བཤད་འདུག། ཐེ་ལན་དང་ཝེ་ཏི་ནམ་གཉིས་རྒྱལ་ཁབ་གཅིག་པ་རེད་སྙམ་པ་མིན་དྲོ། ད་དུང་ཨ་ཧྥི་རི་ཀར་མེར་སྲེག་གི་ལས་འགུལ་ག་དུས་བྱུང་བ་རེད། ད་བྱེད་དུས་བླར་རྒན་ཀླད་ལྗང་ཞིག་ཡིན་པའ་འདྲ།
དོན་ངོ་མ་བོད་མི་རིགས་ལ་བརྩེ་བ་མེད་མཁན་ནི་རང་ལུས་མེར་བསྲེགས་ལ་ངོ་རྒོལ་བྱེད་མཁན་འདི་ཚོ་རེད། མི་འདི་ཚོས་བོད་མི་རིགས་རིག་གཞུང་དང་བཅས་པ་མིང་ཙམ་མེད་པ་ཞིག་ཡོང་ན་འདོད་ཡོད།
དེ་དག་ལས་རྒྱལ་དབང་ཀརྨ་པས་རང་སྲེག་མ་གནང་བར་མཚམས་འཇོགས་འབོད་སྐུལ་བར་དངོས་ནས་བླ་མ་སྤྲུལ་སྐུའི་ཕྱག་ལས་རེད། ཡི་རང་དང་མེ་བསྲེགས་འཁན་ཚོས་དམྱལ་བ་གསོན་པོ་མྱོང་བ་སྙིང་རྗེ་ཡོད་ན་ངན་སྐུལ་ལྟ་ཅི། མཚམས་འཇོག་དགོས་པར་རེད།།།།།།།།།།།།།།།།།།།།།།།།།།།
ངའི་ལྟ་བ་འདི་ཡིན། རང་ལུས་མེར་སྲེག་པ་ལས། སློབ་གྲྭར་ཕྱིན། ཡོན་ཏན་མཐར་ཕྱིན་པ་ཞིག་བསླབས། བོད་མི་དམངས་ཀྱི་དོན་དུ་ཉིན་རེ་ཉིན་རེའི་འཚོ་བའི་ནང་དུ་དཀའ་ལས་རྒྱག་མཁན་ཞིག་བྱུང་ན་ཕན་པ་ཆེ། རང་ལུས་མེར་སྲེག་ནས་ཕན་པ་གང་ཡོད་མིན་ཤེས་པར་དཀའ། ལྷག་པར་དུ། རྗེས་མ་བོད་ཟེར་ན། རང་ལུས་མེར་སྲེག་མཁན་གྱི་རྣམ་པ་ཞིག་དང་འབྲེལ་ཐོག་ཆགས་ན་ཤིན་དུ་ནས་ཐབས་སྐྱོ་བོ་རེད།
བཀྲ་ཤིས་ཁྱོད་ཁ་གང་དུ་གཏད་ནས་བཤད་ཀྱི་ཡོད། བོད་མི་རིགས་འདི་རང་ལུས་མེར་སྲེག་རྐྱང་རྐྱང་བཏང་ནས་མཇུག་སྒྲིལ་འགྲོ་ཡི་རེད་བསམ་གྱི་ཨེ་འདུག། གཞིས་ལུས་མི་དམངས་ལ་རང་གི་རིག་གཞུང་ཆ་ཚང་བ་ཞིག་སྦྱོང་སྤྱོད་སྤེལ་གསུམ་མཚོན་པའི་རིག་གཞུང་འདིའི་སྟེང་ནས་ཟ་ལས་རེགས་ཀྱི་མེད་པ་མི་ཤེས་པ་ཅི་རེད། འོ་ན་རྒྱའི་རིག་གཞུང་མཐར་ཕྱིན་པ་ཞིག་བསླབས་ནས་རྒྱ་མི་རིགས་ལ་འགྱུར་བ་ཞིག་བྱེད་དགོས་པ་ཨེ་རེད། དེས་ན་གཞིས་ལུས་མེར་ནང་དུ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཡོད་ཚད་བློས་བཏང་གིས་གཤིན་པོའི་ཞལ་ཆེམས་ཟེར་ན་ཆོག། གང་ལྟར་མེ་ལྕེ་ལྷེམ་ལྷེམ་འོག་གི་མངོན་འདོད་ཀྱི་འབོད་སྒྲ་ཁྱབ་ཆེ་ཤོས་དེ་༧གོང་ས་མཆོག་བོད་དུ་གདན་དྲངས་དགོས། བོད་རང་བཙན་ཡིན། བོད་ལ་རང་དབང་དགོས་ཞེས་པའི་འབོད་ཚིག་དེ་གོ་མྱོང་ཐོས་མྱོང་ཡོད་ན། འབོད་ཚིག་དང་པོ་དེ་༧གོང་ས་མཆོག་བོད་ནང་ཞབས་སོར་འཁོད་ཐུབ་ན་བོད་ཀྱི་དཀའ་གནད་ཡོད་ཚད་བསེལ་ཐུབ་ནས་རང་དབང་གི་བདེ་སྐྱིད་ཞིག་འཐོབ་རེ་གནང་གི་ཡོད་པ་རེད། གཉིས་པ་དེས་བོད་མི་རིགས་རང་ཉིད་ཀྱི་བདག་དབང་ཡོད་ཚད་སྐྱར་གསོ་དང་འབྲེལ་ནས་མི་རིགས་གཞན་གྱིས་བརྙས་བཅོས་གཟེད་མི་དགོས་པར་གོ་ལ་འདིའི་སྟེང་དུ་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་བྱ་འདོད་ཡོད་པ་རེད། གསུམ་པ་དེས་ཆབ་སྲིད་རང་དབང་དང་། རིག་གཞུང་རང་དབང་། འཁོར་ཡུག་རང་དབང་། མི་རིགས་རང་ཉིད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རང་དབང་། དཔལ་འབྱོར་འདུ་འགོད་ལ་རང་དབང་། དད་མོས་རང་དབང་། འགྲོ་འདུག་ལ་རང་དབང་། མདོར་ན་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་རང་དབང་དེ་དགོས་ཟེར་གྱི་ཡོད་པ་རེད། དེས་ན་ཁྱོད་སློབ་གྲྭར་སོང་ན་ཡང་རིག་གཞུང་རང་དབང་དེ་མེད་ན་ཁྱོད་རྒྱའི་རིག་གཞུང་སྦྱང་ན་མ་གཏོག་ཁྱོད་ལ་བསླབ་པ་མཐར་སོན་ཞིག་ཡོང་རྒྱུ་མེད་པ་ཕྱུག་རྫིས་ཀྱང་ཤེས་ངེས། གལ་ཏེ་རྒྱའི་བསླབ་པ་མཐར་སོན་ན་ཡང་ཁྱོད་ལ་ལྟོ་འཕོར་འཛུགས་ས་ཞིག་ཁག་པོ་བྱས་པ་རེད། ད་ཆ་བོད་ནང་དུ་གཞོན་སྐྱེས་རྒྱའི་སློབ་ཐོན་པ་མང་པོ་ལས་མེད་དུ་ལྷག་ནས་ཞིང་འབྲོག་རང་ཁྱིམ་གྱི་ལས་དོན་ཡང་བསྒྲུབ་མི་ཤེས་པ་དང་བསྒྲུབ་མི་ནུས། ལོ་མང་སློབ་སྦྱོང་བྱས་པའི་ལས་ཀ་དེ་ཡང་མ་རགས། གང་ཙམ་འཁྱམ་པོ་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད། དེ་ལྟ་བས་ན་མེ་ལྕེའི་ནང་གི་འབོད་སྒྲ་དེས་དེ་ཚོ་ཐམས་ཅད་ཚུད་ཡོད་པ་རེད། བྱས་ཙང་(རྗེས་མ་བོད་ཟེར་ན། རང་ལུས་མེར་སྲེག་མཁན་གྱི་རྣམ་པ་ཞིག་དང་འབྲེལ་ཐོག་ཆགས་ན་ཤིན་ཏུ་ནས་ཐབས་སྐྱོ་པོ་རེད།)ཟེར་བའི་ཚིག་རྒྱགས་དང་མ་ཉེས་ཁ་གཡོགས་བྱེད་འཕོས་པ་དེ་ངོ་ཚ་དང་ཞེ་ཁྲེལ་ཡ་ང་སྙིང་རྗེ་ཟེར་བ་སྤུ་ཙམ་ཡང་མེད་པ་དེ་ཁྱོད་ཅི་ཞིག་གིས་ཆོ་སྤྲུལ་ཡིན་ནམ། འབྱུང་འགྱུར་རང་ལུས་ཞུགས་འབུལ་མི་གནང་རྒྱུའི་ཐད་རེ་འབོད་ཞུས་ན་ནི་ཞུ་དགོས་ད་དགོས། དེ་ནི་བོད་མི་ཡོད་ཚད་ཀྱི་འགན་འཁྲི་རེད། འོན་ཀྱང་བོད་དང་བོད་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་བཏང་གིས་མེ་ནང་དུ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ལོག་འགྲེལ་བྱེད་པ་དང་། འཚེ་བར་བསྒྱུར་ཐབས་ཀྱིས་ནུས་མེད་དུ་གཏོང་བ། ཚིག་རྒྱགས་ཀྱིས་མ་ཉེས་ཁ་གཡོགས་བྱེད་པ་འདི་བློ་ཡུལ་ལ་མི་གཤོང་བའི་བྱ་སྤྱོད་ཅིག་རེད་ལ་སྙིང་ཁམས་ལྕགས་ལས་གྲུབ་པ་ཞིག་མིན་ན་ཅི་རེད། ངོ་རྒོལ་མཐའ་གཅིག་ཏུ་ཡོད།
གསེར་འབྲུག་སྡེར་ལྔ་ལསག།
ཁྱེད་རང་ལ་ཐོབ་ཐང་མེད་ཟེར་བ་ཐོབ་ཐང་དེ་ཁྱོད་རང་ལ་སུ་སྤྲད་སོང་ངམ། མི་གཞན་ལ་ཐོབ་ཐང་ཡོད་མི་དགོས་བ་དང་ཁྱོད་རང་ལ་ཐོབ་ཐང་ཡོད་དགོས་བ་དེ་སུའི་སྤྲད་སོང། སྐུ་མཁྱེན་མི་ལ་སྐད་དུས་ཚོར་བའི་དབང་དུ་མ་འགྲོ་རོགས། ཁྱེད་རང་གི་གོང་དུ་བཤད་པའི་སྐད་ཆ་དེ་དག་ལ་ཆོལ་ཞིག་འདུག་གམ། དུས་ཚོད་རེ་ཡོད་ན་ཁྱེད་རང་བཤད་པའི་སྐད་ཆ་དེ་དག་ཡང་བསྐྱར་ཚར་ཅིག་གློག་དང་ལྟོ་འཕོར་དང་གནས་དབྱུངས་བཏང་བ་སོགས་མང་པོ་བརྫོད་འདུག། དེ་ནི་སྤྱི་ཚོགས་ལ་ཆར་རྒྱུས་མེད་པ་དང་སྤྱི་ཚོགས་ཀྱིས་ཤེས་ཡོན་མེད་པའི་སྐད་ཆ་རང་རེད།
པད་འཕྲིན་ལགས།
ང་ཚོ་རང་དབང་ལུང་པ་ནང་བསྡད་པ་ཚང་མར་སྨྲ་བརྗོད་རང་དབང་ཆ་ཚང་ཡོད་ཙང་ཕན་ཚུན་ཅིག་ཅིག་མེག་མེག་བཤད་རྒྱུའི་ཐོབ་ཐང་དེ་ཡོད་ཙང་གཅིག་བཤད་བསྡད་པ་རེད། འོན་ཀྱང་གཞིས་ལུས་དཔའ་བོ་དང་དཔའ་མོའི་མཛད་རྗེས་ལ་ལོག་འགྲེལ་བྱེད་རྒྱུའི་ཐོབ་ཐང་ཡོད་དགོས་པར་ངས་མང་མང་བཤད་པའི་ཁོང་རྣམས་ཀྱི་དཀའ་སྡུག་བསེལ་དགོས་པ་མ་ཟད་མངོན་འདོད་གྲུབ་ཐུབ་པའི་ནུས་པ་ལྡན་དགོས་པ་ཞིག་བཤད་ཡོད། དེ་ཁྱོད་དང་ཤར་ཁུག་ལ་ལྡན་ཡོད་ན་ངས་ཅི་ཡང་མི་སྨྲ་བའོ། ཤར་ཁུག་ལས་བྱེད་བླང་རྡོར་སྒྲིག་གཞི་ལས་འགལ་ཏེས་གནས་དབྱུངས་བཏང་བ་ཡོང་གྲགས་རེད་ལ། དེ་ནི་ཁྱོད་ཀྱིས་ཞིམ་སྐྱག་སྦས་སྦས་ཀྱིས་དཀར་འདོན་བྱས་ན་ཡང་དཀར་དུ་འགྲོ་རྒྱུ་ཁག་པོ་བྱས་པ་རེད། དེས་ན་ངས་སྤྱི་ཚོགས་ལ་ཆ་རྒྱུས་ཡ་རྒྱུས་མེད་པར་སྐད་ཆ་ཞིག་བཤད་ཀྱི་མེད་ལ། ཤེས་ཡོན་ཡོད་ན་འདྲ་མེད་ན་འདྲ་དེ་ནི་མཐོང་ཆོས་སུ་གྱུར་པ་ཞིག་རེད། དེ་ལྟ་བས་ན་ཁྱོད་ཀྱིས་ཤར་ཁུག་ལ་བཅངས་པའི་བརྩེ་གདུང་དང་ལྷག་བསམ་ལྷད་མེད་ཅིག་ཡོད་ཀྱང་བོད་དང་བོད་མི་རིགས་ཀྱི་ལས་དབང་ལ་ལོག་འགྲེལ་རྒྱགས་རྒྱུ་དེ་འཚམས་འཇོག་བྱེད་རྒྱུའི་རེ་བ་ཡོད།
གསེར་འབྲུག་ལགས།
བོད་ནང་གི་དཔའ་བོ་དཔའ་མོ་དེ་དག་གི་བོད་རང་དབང་དང་མི་རིགས་ཆེད་དུ་རང་སྲེག་གི་ལས་འགལ་སྤེལ་བཞིན་པ་དེ་ལ་སུ་ལོག་འགྲེལ་བྱེད་གྱི་འདུག་གམ། སྐད་ཆ་དྲང་མོ་ཤོད་སྐུ་མཁྱེན་གསེར་འབྲུག་ལགས། བོད་ནང་མེ་སྲེག་གི་ལས་འགལ་ཐད་ལ་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚང་མ་ལ་བློ་ཚབ་ཡོད་ཡོད་པ་ེརད། ཁྱེད་རང་གཅིག་པོ་ག་ལ་ཡིན། ཡིན་ནའང་ད་ལྟ་བར་དུ་བོད་མི་མང་པོ་འདི་འདྲ་ཞིག་གི་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་བ་རེད། རྒྱ་ནག་གི་ང་ཚོ་ལ་ཡ་ལན་སྤྲད་སོང་ངམ་། རྒྱ་སྤྱི་སྒང་ནས་ང་ཚོ་ལ་རྒྱབ་སྐྱོར་ཞིག་རག་སོང་ངམ། བསམ་བློ་ཞིག་གཏོང་དང་། ང་ཁྱོད་གསེར་འབྲུག་དང་ཁུག་རྟ་གཉིས་སུ་ཞིག་གི་ཕྱོགས་སུ་ལང་དགོས་དོན་མེད། ཁུག་རྟ་གནས་དབྱུངས་དང་བ་དེ་ཚང་མའི་ཤེས་ཤེས་པ་རེད། དེ་བོད་ནང་གི་རང་སྲེག་དང་འགྲེལ་འདུག་གམ། སྐད་ཆ་བསོམམ་ལ་ཤོད།
གསེར་འབྲུག་སྡེ་ལྔ།
བློ་རྣལ་ལ་ཕབ། ཕུགས་རིང་བསམ་བློ་ལ་གདང་བརྒྱབ། ཕུགས་ཀྱི་མདུན་ལམ་ལ་བསམ་བློ་ཡང་བསྐྱར་བཏང་ན། རང་ལུས་མེར་སྲེག་ནས་ང་ཚོའི་མངོན་འདོད་སྒྲུབ་པ་བྱེད་པ་འདི་རང་གཞན་གཉིས་ཀར་སྡུག་སྔལ་ཇེ་ཆེ་དང་། ཕུགས་ལ་གནོད་པ་ལས་ཕན་པ་ཆུང་སྙམས།
ཁྱེད་ཕ་ཡུལ་གང་ནས་ཡིན་མིན་མ་ཤེས་ཀྱང་། ད་ལྟ་བོད་དབུས་ཁམས་གསུམ་ལ་བོད་པའི་སློབ་གྲྭ་ཡོད་ལ། སློབ་གྲྭ་དེ་དག་ནང་ལ་བོད་ཡིག་དང་བོད་ཀྱི་རིག་གཞུང་གང་ལ་གང་འཚམ་སྦྱོང་ཐུབ་ཀྱི་འདུག། དཔེར་ན། ཨ་མདོ་ལ་མཚོན་ན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་སློབ། ཁམས་ལ་མཚོན་ན། ཟི་ཁྲོན་བོད་ཡིག་སློབ་གྲྭ། ཁམས་པ་སློབ་གྲྭ་ཆེན་མོ། དེ་བཞིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། དབུས་ལ་མཚོན་ན། བོད་ལྗོངས་སློབ་གྲྭ་ཆེན་མོ། དེ་བཞིན་ལྷ་ས་དགེ་འོས་སློབ་གྲྭ་བཅས་ལ་བོད་ཀྱི་རིག་གཞུང་ལ་གཏོགས་པ་བོད་ཡིག་དང་། སྙན་ངག། སྡེབ་སྦྱོར། ཚན་མ་རིག་པ། བོད་རིག་པ་སོགས་ལ་རང་ཉིད་ཀྱི་འབད་རྩོན་བྱས་ན་སྦྱོང་ཐུབ་ཀྱི་འདུག། དེར་བརྟེན་ངས་གནས་ཚུལ་འདི་དག་ལ་བསམ་གཞིགས་བྱས་ན། ང་རང་ཚོ་སོ་སོས་རིག་པ་བསྒྲིམ་ན། ད་ལྟ་གོ་སྐབས་འདུག། གོ་སྐབས་དེ་དག་ལ་ཆུས་གཟོད་མ་སོང་བར་རང་གི་རིག་གནས་དང་སློབ་གསོ་ལེགས་པར་ལེན་ནས་ཕུགས་རྒྱང་གི་བསམ་བློ་རྣལ་མར་བཏང་ནས་མི་རིགས་ཀྱི་འཐབ་རྩོད་ལ་འབད་ན་ལེགས་ཆ་ཆེ་བ་འདུག་ཅེས་ཤོད་ཀྱི་ཡོད།
རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱེད་པ་འདི་བོད་མི་མང་ཆེ་བའི་མངོན་འདོད་རེད། འོན་ཀྱང་རང་ལུས་མེར་སྲེག་ནས་དེ་བསྒྲུབ་ཐུབ་བམ། བོད་རང་བཙན་ཡོང་བར་རང་ལུས་མེར་སྲེག་ནས་དེ་སྒྲུབ་ཐུབ་བམ། ང་ཚོ་བསམ་བློ་བཏང་། བློ་གཟུ་བོར་གནས་ནས་དཔྱད་པ་ལེགས་པར་བྱས་ནས་བོད་ཀྱི་མདུན་ལམ་འཚོལ་དགོས་ཀྱི་འདུག། དེ་ངའི་ལྟ་བ་ཡིན།
འདས་ཟིན་པའི་ང་ཚོའི་ལོ་རྒྱུས་ནང་ལ་ང་རང་ཚོས་ཆུད་གཟོད་མང་པོ་ཕྱིན་ཡོད་པ་དེ་བདེན་པ་རེད། ག་རེའི་ཐོག་ལ་ཆུད་གཟོད་ཕྱིན་པ་རེད་ཟེར་ན། རང་མི་རིགས་ཀྱི་སློབ་གསོ་ཞན་པ། སློབ་གསོ་ཞན་པའི་དབང་གིས་མི་རིགས་ཀྱི་སྤྱིའི་བདེ་སྡུག་ལ་བསམ་བློ་ཆུང་བ། ལུང་བཞེན་ཆེ་བ། སྤྱི་སེམས་ཆུང་བ། དེ་བཞིན་མིག་རྒྱང་ཆུང་བ་བཅས་ཀྱི་རྐྱེན་མང་པོས་བོད་མི་རིགས་འདི་ལ་ད་ལྟའི་དཀའ་ངལ་དག་འཕྲད་པ་རེད།
ད་དཀའ་ངལ་འདི་མེར་སྲེག་ལམ་ནས་བསལ་ཐུབ་ཀྱི་མ་རེད། དེ་ང་ཚོས་ཤེས་ཀྱི་ཡོད་ན། ཅིའི་ཕྱིར་ང་ཚོ་ཁ་ཚུམས་ནས་མི་ཤོད་པ་འདི་གང་། ཤེས་ཀྱི་མེད་ན་ང་ཚོ་གཞན་ལ་ཁ་བརྡ་བྱས་ནས་ལམ་འདི་འགོག་དགོས། མེར་སྲེག་པ་ཚོའི་ཀུན་སློང་ཡག་པོ་རེད། ཡིན་ནའང་། ཐབས་ཤེས་དེ་ཡག་པོ་མ་རེད། སྐྱོན་ཡིན་པ་ཤེས་བཞིན་དུ་མ་ཤོད་པ་དེ་ཅི།
སྔོན་མ་འཛམ་གླིང་ཐོག་སྐད་གྲགས་ཆེ་ཤོས་ཀྱི་ཇིའུ་མི་རིགས་ཀྱི་སྡོམ་ཚིག་ཅིག་བཞག་ཡོད། དེ་ནི།
གོ་མེད་ཚོར་མེད་སྡོད་པ་འདི་ཉེས་ཅན་པ་སྡུག་ཤོས་རེད་(Being indifference is worst sin…….)ཟེར་བའི་སྡོམ་ཚིག་ཅིག་ཡོད། ང་ཚོ་མི་མང་པོ་ཞིག་གིས་མེར་སྲེག་པ་འདི་ལམ་ལུགས་ལེགས་པོ་མེད་པ་ཤེས་བཞིན་དུ་དེ་སྔོན་འགོག་མ་བྱེད་པ་འདི་ཐབས་སྐྱོ་པོ་རེད།
གསེར་འབྲུག་ཁྱེད་ཀྱི་བུ་ཕྲུག་གིས། “པ་ལགས། ང་སང་ཉིན་ལུས་པོ་མེར་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡིན་”ཟེར་ན་ཁྱོད་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་བམ། བྱེད་ཐུབ་ཀྱི་མེད་ན། ཅིའི་ཕྱིར་གཞན་གྱི་རྩ་ཆེན་སྙིང་གི་ནོར་བུ་ལྟ་བུའི་བུ་ཕྲུག་དག་གིས་རང་ལུས་མེར་སྲེག་སྐབས་ང་ཚོས་སྔོན་འགོག་མི་བྱེད་པ་ཅི། དེ་ནང་པ་སངས་རྒྱས་པའི་ལྟ་བ་དང་མཐུན་ནམ། བྱང་ཆུབ་སེམས་པའི་ལྟ་བ་དང་མཐུན་ནམ། ཆོས་གཡུག་ཞོག། ཚད་ལྡན་མི་ཞིག་གི་བྱེད་སྟངས་དང་མཐུན་ནམ།
ནོར་བཅོས།
ད་ལྟ་བོད་དབུས་ཁམས་གསུམ་ལ་ཅེས་པ་མདོ་དབུས་ཁམས་གསུམ་ཞེས་པར་བཅོས་རོགས་ཞུ།
ཕན་འབྲས་ནི་འདི་འདྲ་ཞིག་རེད།
རྒྱ་ནག་གི་སྡུག་སྤྱོད་ལ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་ལུས་ཚུན་ཆད་ཕུལ་དགོས་བའི་གནད་དོན་འདིས་རྒྱ་ངན་དེ་ཚོས་བོད་ཀྱི་བདེ་སྡུག་ལ་གོ་མེད་ཡ་མེད་བྱེད་པའི་བདེན་དཔང་གི་མིག་མཐོང་ལག་ཟིན་སྟེར་ཡོད་པ་རེད།
རྒྱ་ངན་དེ་ཚོ་འཛམ་གླིང་མིའི་གྲལ་ནས་འགྲོ་བ་མི་ལ་མིའི་བསམ་བློ་ཆ་ཚང་བ་ཞིག་སྨིན་མེད་པའི་མི་རིགས་ཐ་ཆད་ཞིག་ཡིན་པས་ངེས་འཛིན་བྱེད་ཐུབ་ཡོད་པ་རེད།
ཡུལ་ཕྱོག་གང་ན་གནས་བའི་རྒྱ་མི་ཡག་སྡུག་གཉིས་ཀའི་ཆེ་མཐོང་དང་གུས་རྩི་ལ་བར་ཆད་ཉིན་རེ་ནས་ཉིན་རེར་རྒུད་གྱིན་པའི་སྒང་ལ་སླེབ་ཚར་ཡོད་པ་རེད།
རྒྱ་ནག་གི་དར་རྒྱས་དང་སྲིད་དཔང་ལ་ཚད་འགག་མེད་ན་མི་སྤྱོད་ལས་འདུས་བའི་བོད་ཐོག་གི་སྡུག་བསྔལ་འདི་འཛམ་གླིང་གི་བཟང་སྤྱོད་ལ་ཡང་དོ་ཕོག་གཏོང་བའི་འགག་རྡོ་ཞིག་ལ་ངེས་འཛིན་ཐོབ་ཡོད་པ་རེད།
བོད་པ་ཚོས་ཀྱང་རྒྱ་ནག་གི་མཆན་ཁུང་ནང་ལ་མགོ་བཅུག་ནས་འདུག་འདོད་ཀྱི་རེ་བ་འདིས་དཀའ་སྡུག་གཉའ་གནོན་ལས་ཐར་བ་དག་ཙམ་ཡང་ཐོབ་མེད་པ་ཤེས་ནས་བོད་ཕྱི་ནང་གཉིས་ན་མེ་ལྕེ་ཇེ་ཆེར་འབར་བཞིན་ཡོད་པ་རེད།
རྒྱ་མི་བསམ་ཤེས་བ་ཚོས་འཇིག་རྟེན་འདི་ནས་མི་དང་མི་འདྲ་འདྲ་ལ་གནས་དགོས་ན་རྒྱ་ནག་གི་ད་ལྟའི་ཆེ་ཡ་ང་སྙིང་རྗེ་མེད་པའི་སྲིད་བྱུས་འདི་མགོ་རྟིང་སློག་དགོས་བའི་རྨི་ལམ་རྨིས་ཡོད་པ་རེད།
རྒྱལ་ཁབ་ཞིག་གི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་ལ་རྒྱལ་ཁབ་གཞན་དང་མ་འདྲ་བར་བོད་མིས་མེ་སྲོག་མང་པོ་གཏོང་དགོས་འདིས་རྒྱ་བོད་དབྱིན་སོགས་འཛམ་གླིང་མིའི་འགྲོ་བ་ཡོངས་ལ་རྒྱ་གཞུང་འདི་ཅི་འདྲའི་རྒྱ་ཁབ་ཞིག་ཡིན་མིན་གྱི་དྲི་བ་དང་སྐྲག་སྣང་ཞིག་སྟེར་ཡོད་པ་རེད།
ང་ཚོས་འཐབ་རྩོད་བྱེད་གྱིན་ཡོད་པ་ལས་བཤད་གྱིན་མེད་པས་ང་ཚོ་ལ་རྒྱལ་ཁ་ཞིག་ཡོད་ཡོད་པ་རེད། དཔའ་བོ་དཔའ་མོ་ཚོ། རྒྱལ་ཁ་མ་ཐོབ་པའི་དེ་རིང་ཁ་སང་ཁྱེད་ཅག་གླེང་བཞིན་ཡོད། རྒྱལ་ཁ་ཐོབ་པའི་ཉིན་མོ་ཡང་ཁྱེད་ཅག་མ་གླེང་ས་མི་འགྲོ་བས། ཁྱེད་ཅག་ནི་བོད་ཀྱི་ཆག་འཇིག་གི་ལོ་རྒྱུས་ལ་བཞག་པའི་མི་རབས་ཕྱི་མ་ཕྱི་མའི་གསོན་ཤུགས་ཡིན་པ་སུ་ལ་ཡང་གསལ།
རྒྱ་དམར་གཞུང་གིས་རྒྱལ་བ་རིན་པོ་ཆེའི་གཙོས་པའི་ང་ཚོ་ཕྱི་ལོགས་ལ་ཡོད་པའི་བོད་མི་ཚོས་སྐད་ཆ་ཚིག་གཉིས་ཤོར་ཡོང་བར་རེ་སྒུག་བྱས་ནས་བསྡད་ཡོད། དེ་ནི་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེག་ཐོངས་ཟེར་བ་དང་མ་གཏོང་ཟེར་བ་དེ་གཉིས་རེད། གལ་སྲིད་རྒྱལ་བ་རིན་པོ་ཆེས་བོད་མིས་རང་ལུས་མེར་བསྲེག་ཐོངས་ཞེས་གསུང་ན་ཁོང་ཚོས་ཏཱ་ལའི་བླ་མའི་རྒྱུད་སྐུལ་རེད་ཟེར་ནས་སྐུར་བ་འདེབས་ས་རྙེད་པ་དང་། རང་ལུས་མེར་བསྲེག་མ་གཏོང་ཞེས་བརྗོད་ན་ཁོང་རང་ཚོར་དགོས་པ་དེ་རེད།
དེར་བརྟེན་འདིའི་ཐད་ལ་ང་ཚོའི་དབུ་ཁྲིད་དང་། གཞུང་། གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཚོས་བོད་ནང་གི་སྤུན་ཟླ་ཚོར་རང་ལུས་མེར་བསྲེགས་ཐོངས་མ་གཏང་ཟེར་བ་གཉིས་ཀའི་ཐོབ་ཐང་མེད་ཟེར་ནས་འདུག་ཤེས་དགོས།
ཤི་སོང་བའི་མི་རྣམས་ལ་མ་ཎི་འདོན་རོགས།
ཀླུ་སྒྲུབ་ཀྱིས་གསུང་ལས།
འཇིག་རྟེན་མཐའ་དང་ལྡན་ནམ་ཞུས།
དེའི་ཚེ་རྒྱལ་བ་མ་གསུངས་བཞུགས།
དེ་ལ་མཁས་པ་ཀུན་གྱིས་ནི།
ཀུན་མཁྱེན་ཡིན་པ་དེ་ཡིས་གྲུབ།
དེ་བཞིན།
མེར་སྲེག་སྙིང་དོན་ཅི་ཡིན་ཞུས།
དེ་ཚེ་སྐྱབས་མགོན་མ་གསུངས་བཞུགས།
དེ་ལ་མཁས་པ་ཀུན་གྱིས་ནི།
ཐམས་ཅད་མཁྱེན་དེ་ཡིས་ཤེས།
བོད་པ་ཁ་ཤས།
བླུན་པོས་འཕྲལ་ཕུག་མ་མཐོང་ནས།
བྲེལ་ཚུབ་སེམས་ཚབ་ཆེ་མདོག་གིས།
མེར་སྲེག་མཁན་ལ་སྙིང་རྗེ་ནི།
སྤྱ་རས་གཟིགས་ལས་ཆེ་མདོག་བྱས།
འབོད་སྐུལ།
ཁྱིམ་བྱས་ནམ་ཚོད་མ་ཟིན་གོང་།
བྱིའུ་ཚོགས་ཙིག་སྒྲ་མ་བྱེད་རོགས།
སེངྒེས་ཞོགས་ཟས་མ་ཟ་གོང་།
གཡུ་འབྲུག་སྐད་ངན་མ་སྒོགས་རོགས།
དོན་དངོས་ནི།
བོད་ཀྱི་བདག་པོ་བོད་ནང་ཡོད།
བྱེས་འབྱོར་བོད་མི་མགྲིན་ཚབ་ཡིན།
བདག་པོས་བྱེད་སྒོ་གང་སྤེལ་ལས།
མགྲིན་ཚབ་འདི་བྱོས་ཟེར་དབང་མེད།
ཧཧཧཧཧཧ་། ངོ་མ་ནང་རྩོད་ཡིན་ནི་རེད་། བཙན་བྱོལ་བོད་མི་ངོ་ཚ་ཡིན་མོད་། རང་ལུས་མེར་བསྲེགས་སྐུ་གཤིགས་མཁན་ཞིང་ཁམས་དུ་སེམས་སྐྱོ་བོ་བྱུང་ངེས་ཡིན།
བོད་ནང་རེབ་གོང་དུ་ཡང་རང་ལུས་མེར་བསྲེགས་བཏང་ཐལ་། ཨེ་། ཉེ་ཆར་དུ་སྤུན་ཟླ་གཅིག་ར་་་་གཉིས་ར་་་་གསུམ་ར་་་་་མུ་འཐུད་དུ་རང་ལུས་མེར་བསྲེགས་སྐུ་གཤེགས་འདས་སོང་། ཨ་མྱེས་སེམས་སྐྱོ་བོ་་་་་་་ཨ་ཕ་སེམས་ན་ཟུག་་་་་ཨ་མ་མིག་ཆུ་མང་པོ་་་་་་གཞིས་ཁྱིམ་བོད་རིགས་སྤུན་ཟླ་ཡང་མིག་ཆུ་མི་འདུག་། བཙན་བྱོལ་དུ་བོད་མི་ད་དུང་ནང་རྩོད་བྱས་སོ་། ངོ་ཚ་རྒྱུ་མིན་ནམ་།