མཁོ་སྤྲོད་པ། དཔལ་ལྡན་ཚེ་རིང་།
གླུ་ཚིག
ང་དང་རྨི་ལམ་བོད་ཀྱི་བདེ་སྐྱིད་རེད།།
ང་དང་རེ་བ་རྒྱ་བོད་ཞི་འགྲིག་རེད།།
བོད་ཀྱི་བདེ་སྐྱིད་བོད་མིའི་ཁེ་དབང་རེད།།
རྒྱ་བོད་ཞི་འགྲིག་འཛམ་གླིང་ཞི་བདེ་རེད།།
ང་དང་ཕ་མ་མ་ཤི་གསོན་བྲལ་རེད།།
ང་དང་བུ་ཕྲུག་སྐྱེ་བ་སྔ་ཕྱི་རེད།།
མ་ཤི་གསོན་བྲལ་སྔོན་བསགས་ལས་དབང་རེད།།
སྐྱེ་བ་སྔ་ཕྱི་ལས་འབྲས་བསླུ་མེད་རེད།།
ང་དང་བཙོན་རྭ་ཡུ་མོ་ཁེར་འགྲོ་རེད།།
ང་དང་སྐད་ཆ་བདེན་པ་རྩོད་བྱེད་རེད།།
ཡུ་མོ་ཁེར་འགྲོ་ནམ་འཆི་ཆ་མེད་རེད།།
བདེན་པ་རྩོད་ཡུལ་བྱང་ཐང་སྐྱ་བོ་རེད།།
ང་དང་བརྩེ་བ་ནམ་ཟླའི་འཁྱག་རོམ་རེད།།
ང་དང་དུང་བ་སྐྱི་བསེར་རླུང་བུ་རེད།།
ནམ་ཟླའི་འཁྱག་རོམ་དགུན་ཁའི་གྲང་ངར་རེད།།
སྐྱི་སེར་རླུང་བུ་མི་ཁའི་མདའ་མོ་རེད།།
གླུ་བ་གླུ་མ་སུས་ལེན་ཐུབ་ན་དེ་ལ་སྤྲད་པ་ཡིན། བལ་ཡུལ་བཙོན་ཁང་ནས་གླིང་ཚ་ཚེ་བརྟན་རྡོ་རྗེས།
གླུ་ཚིག་ཚིག་བསྒྱུར་མ།
ང་ཡི་རྨི་ལམ་བོད་ཀྱི་བདེ་སྐྱིད་རེད། །
ང་ཡི་རེ་བ་རྒྱ་བོད་ཞི་འགྲིག་རེད། །
བོད་ཀྱི་བདེ་སྐྱིད་རྒྱ་མིའི་ཁེ་དབང་རེད། །
རྒྱ་བོད་ཞི་འགྲིག་འཛམ་གླིང་ཞི་བདེ་རེད། །
གླུ།
བལ་ཡུལ་བཙོན་ཁང་ནང་བཞུགས་པའི། །
དཔའ་མཛངས་ལས་འགུལ་སྤེལ་བཞིན་པ། །
གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྱོད། །
ལུས་བདེ་སེམས་ལྷོད་དོན་འགྲུབ་ཤོག །
ཁྱོས་ཁྱོད་བོད་ལ་ཕུལ་ཚར་ཡིན་མོ། ང་དང་ང། ང་དང་ངའི་མང་ན་ཡག་པོ་མེད་པ་འདྲ་ཞིག་འདུག།
སེམས་སྐྱོ་ནི་འདྲ་ཞིག་བྲིས་འདུག། ཡིན་ན་ཡང་སྨྲ་བ་ཉུང་ན་སྤམ།
མགོ་བོ་ཡར་ལ་ཁྱོགས། བོད་ལ་དགོས་ནིའི་སེམས་ཤུགས་དང་རྒྱ་ལ་དགོས་ནིའི་རྒྱ་དར་ཡོད་པས་ཁྱོས་ཁྱོད་ལ་བདག་པོ་རྒྱོབ།
རྒྱ་བོད་འདྲ་མཉམ་ཡིན་ན།
རྒྱལ་དར་མཉམ་འཕྱར་འོས་སོ།།
བོད་པས་་རྒྱ་དར་གཅིག་པུ།
མནམ་ལ་འཕྱར་ན་སྨད་འོས།
ངའི་རྒྱུ་ལུས་དབང་མེད་བཙོན་དུང་རེད།
ངའིརེ་བ་བོད་མིའི་བདེ་སྐྱིད་རེད།
ངའི་ལ་རྒྱ་གངས་ཅན་བོད་པ་རེད།
ངའི་སེམས་ཁམས་འཇིག་མེད་རྡོ་རྗེ་ཡིན།
ཁྱོད་དང་སྐར་ལྔའི་དར་དམར་མཉམ་ཆས་རེད། །ང་དང་ཁྲག་མདོག་དར་དམར་རྒྱབ་འགལ་རེད། །
ཁྱོད་དང་གྲ་ཡག་ཝ་མོ་བསམ་ཚུལ་གཅིག །ང་དང་རྒྱལ་གཅེས་དཔའ་བོ་དམིགས་འདུན་གཅིག །
ཁྱོད་དང་ཁྱོད་ཀྱི་གཉེན་གྲོགས་ཚོ། གསོན་ན་སྡུག་ལ་ཤི་ན་སྡུག
ཁྱོད་དང་བོད་ཀྱི་ལས་སྐལ་གཉིས། རྒྱལ་ན་མཉམ་ལ་ཕམ་ན་མཉམ།
ཁྱོད་དང་རྒྱ་ནག་སྲིད་གཞུང་གཉིས། འགྲིག་ན་གཉེན་ལ་འགལ་ན་དགྲ
ཁྱོད་ནི་བདེན་པའི་ཨུ་ཚུགས་ཀྱི། རུ་འདྲེན་དཔའ་རྒོད་ཡིན་པར་སོམས།
བདེན་པས་རྫུན་པ་ཟིལ་གནོན་པ། བདེན་སྐྱོང་དཔའ་བོའི་ཁྱད་ཆོས་ཡིན།
བཙོན་དུ་བཅུག་པའི་རྡོ་རྗེ་ཚེ་རིང་
ཁྱེད་ཀྱི་གཏམ་ལ་འགོ་རྔ་མི་འདུག་
ཁྱོད་ཀྱི་གཏམ་དེ་འཁྱོལ་བའི་སྣ་འདྲེན།
ཁྱོད་ཀྱི་གཏམ་ལ་མདོ་རྩ་མི་འདུག
ཁྱོད་གཏམ་དེ་ཝ་ཁ་ཐུར་ཤོར།
ཁྱོད་ཀྱི་བདེན་གཏམ་རྫུན་གྱིས་སྙོག་མ།
ཁྱོད་ཀྱི་གཏམ་ལ་རྣོ་ངར་མི་འདུག
ཁྱོད་ཀྱི་གཡོ་ལ་སྐོར་རྒྱ་མི་འདུག
ཁྱོད་ཀྱི་གཡོ་ལ་འཁེབས་རྒྱ་མི་འདུག
ཁྱོད་ཀྱི་གླུ་ལ་སྙན་ཆ་མི་འདུག
ཁྱོད་ཀྱི་གླུ་ལ་ཚིག་རྒྱན་མི་འདུག
ཁྱོད་ཀྱི་ཤུགས་གླུ་དབྱངས་ལ་གྱེར་ན་
གླུ་བ་གླུ་མ་མ་རྩ་བོག་འགྲོ།
དཔའ་བོ་ཁྱེད་རྒྱལ་གྱུར་གཅིག
སྐུ་ཞབས་གླིང་ཚ་ལགས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ཀྱི་ཨ་མ་དང་སྲིང་མོ་སྣེ་འཁྲིད་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏངས་ནས་འགྲོ་སྟངས་དེས་ཀུན་ལ་ཐུན་མང་མ་ཡིན་སྤོབས་པ་ཞིག་སྦྱིན་ཡོད།འོན་ཀྱང་ཁྱེད་ཀྱི་དང་ཐོག་གི་སྤོབས་པ་དེ་དེ་རིང་གི་ང་དང་ངའི་མང་བ་ཅན་གྱི་གཞས་ཚིག་འདིས་ཤོམ་སྣབ་བླུག་གི་རྗེས་སུ་དེད་འགྲོ་ས་རེད་གོ
ཕ་ཡི་ཕ་རྒྱུད་ཁྲག་དང་རུས་པ་གཅིག །
ཨ་མའི་མ་རྒྱུད་ནུ་མའི་འོ་མ་གཅིག །
ལྷ་ཡི་ལྷ་རྒྱུད་འཕགས་མཆོག་པདྨོ་གཅིག །
སེམས་ཀྱི་ཚོར་རྒྱུད་སྐྱིད་སྡུག་མི་ཚང་གཅིག །
མཁོ་སྤྲོད་པ་དཔལ་ལྡན་ཚེ་རིང་མཆོག་ལ་རང་གི་སེམས་ཚོར་ཞིག
དཔའ་བོའི་དཔའ་རྒྱུད་གེ་སར་རལ་གྲི་གཅིག །
དཔའ་མོའི་དཔའ་རྒྱུད་མཧ་ཀ་ལི་གཅིག །
ཤི་ན་སྲོག་གཅིག་གསོན་ན་མི་ཚེ་གཅིག །
ལོངས་ཤོག་ལོངས་ཤོག་བོད་མི་སྤུན་ཟླ་ཚོ། །
སྒོ་གསུམ་སྤྱོད་ལམ་གཤིས་རྒྱུད་དྲང་པོ་གཅིག །
ལས་འབྲས་དཔང་འཛིན་རྒྱུ་འབྲས་རྩི་མཁན་གཅིག །
མ་རྒན་བསམ་པའི་བྱང་ཆུབ་སེམས་སྤྱོད་གཅིག །
བརྩེ་ཆེན་ཕྱག་ན་པདྨོའི་གདུལ་བྱ་གཅིག །
ཐུབ་པའི་བསྟན་པར་མོས་པའི་ཆོས་རྒྱུད་གཅིག །
ཡིག་དྲུག་གཤིས་ལ་འཇགས་པའི་ལོབས་བཟང་གཅིག །
འཚེ་བར་མི་དགའ་འཚེ་མེད་དགའ་བ་གཅིག །
དབུ་མའི་ལམ་མཆོག་བསྟེན་པའི་བློ་ཡུལ་གཅིག །
ནང་པའི་ངོས་འཛིན་སྐྱབས་འགྲོའི་དགོས་པ་གཅིག །
ཉམས་སུ་བླང་རྒྱུའི་སྡོམ་གསུམ་བསླབ་བྱ་གཅིག །
བསྟན་པའི་རྩ་བ་ལམ་གཙོ་རྣམ་གསུམ་གཅིག །
ཐར་པའི་མ་རྩ་མདོ་སྔགས་ཟུང་འབྲེལ་གཅིག །
ཁ་ཡི་ཁ་སྐད་ཡིག་སྐད་སྐད་རིགས་གཅིག །
ལུས་རྣམ་ངག་རྣམ་ཡིད་ཀྱི་རང་རྣམ་གཅིག །
ཆོས་རྒྱུད་རིགས་རྒྱུད་མི་རིགས་ཤ་ཚ་གཅིག །
ལུས་ཀྱི་རྣམ་འགྱུར་དབྱིབས་དང་རྣམ་པ་གཅིག །