གནས་ཚུལ་མཁོ་གཏོང་བ། འདུས་བྱུང་ཚེ་རིང་ཕུན་ཚོགས།
སྤྱི་ཟླ་བཅུ་གཅིག་པའི་ཚེས་གཉིས་དང་གསུམ་ཉིན་སོ་སོར་རྗར་མེ་ནི་བོད་ཀྱི་ཁང་པས་དམིགས་བསལ་སྐུ་མགྲོན་གསུམ་གདན་འདྲེན་ཞུས་ནས་བརྗོད་གཞི་མི་འདྲ་བ་གཙོ་བོ་གཉིས་ཐོག་བགྲོ་གླེང་བྱ་རྒྱུའི་བྱེད་སྒོ་ཁག་གོ་སྒྲིག་བྱ་མུས་ཡིན། ཚེས་གཉིས་ཉིན་གྱི་བྱེད་སྒོའི་བགྲོ་གླེང་སྟེང་༼ཁ་བ་ཅན་དང་། ཁ་བྲལ་ཞིང་། ཡོ་རོབ་གླིང་ནི་ཁྱིམ་གཞི་གསར་པར་འགྱུར་བའི་བོད་མིའི་མདུན་ལམ།༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྩིས་ཡོད་འདུག ཡོ་རོབ་གླིང་ཕྲན་ནི་བོད་མི་མང་པོའི་ཁྱིམ་གཞི་གསར་པ་ཆགས་ཡོད་པ་དང་། བོད་མི་ཚོར་མཚོན་ན་སྲོལ་རྒྱུན་དང་། རང་ཉིད་ཀྱི་ངོ་བོ་གཅེས་འཛིན་དང་སྲུང་སྐྱོབ་བྱ་དགོས་པའི་འོས་འགན་ཆེན་པོ་ཡོད་པའི་གནས་སྟངས་འོག ཕྱོགས་གཞན་ནས་བཤད་ཚེ་ཚན་རྩལ་དང་། གོ་ལ་གཅིག་གྱུར། ལྷག་པར་དུ་རང་ཡུལ་མེད་པའི་གནས་སྟངས་འོག་གདོང་ལེན་བྱ་དགོས་པའི་ཆོས་ཉིད་མང་པོར་ཉིན་རེ་ནས་ཉིན་རེར་ཕྲད་བཞིན་ཡོད། བརྗོད་གཞི་དེ་དང་འབྲེལ་བའི་གནད་དོན་གཅིག་ནི་ས་གནས་གྲོང་ཁྱེར་དང་། རྒྱལ་ཁབ་སོ་སོའི་ཐོན་འགྱུར་དང་། ཁོང་ཚོའི་ཆབ་སྲིད་འགྲོ་སྟངས་ལས་ཕྱི་མི་ཚོར་འཛིན་པའི་སྲིད་ཇུས་སྐོར་ཡང་གླེང་རྒྱུ་དེ་རེད། བརྗོད་གཞི་གཞན་དེ་ནི་བོད་ཀྱི་སྲིད་བྱུས་ལམ་དབུ་མའི་ཐོག་གསར་འགྱུར་ཤེས་རྟོགས་ཡོང་བའི་བརྙན་དཔར་གཅིག་སྟོན་པ་དང་། དེ་ནས་རིམ་བཞིན་བགྲོ་གླེང་བྱ་རྒྱུ་རེད། གདན་ཞུས་བཀའ་མོལ་གནང་མཁན་སྐུ་མགྲོན་གཙོ་བོ་གསུམ་ཡོད་པ་ནི་ཡོ་རོབ་ནང་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་དང་། རྗར་མེ་ནི་ནང་གཏན་སྡོད་གནང་མཁན་གསར་འགོད་པ་ཚེ་དབང་ནོར་བུ་མཆོག དེ་བཞིན་Frankfurt ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱི་མི་སྣ་གཅིག་བཅས་ཡོད།
སྐད་ ༼རྗར་མན།༽
རེས་གཟའ་པ་སངས་ཀྱི་དགོང་མོ།
18:30 – 21:00
སྐུ་མགྲོན།
དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན།
Dr. von Ungern-Sternberg, Integrationsdezernat der Stadt Frankfurt
ཚེ་དབང་ནོར་བུ།
བགྲོ་གླེང་སྟངས་འཛིན་པ།
Annette Kirsch
སྐད་༼བོད་སྐད༽
རེས་གཟའ་སྤེན་པའི་ཉིན།
ཉིན་དེར་སྐུ་མགྲོན་གཉིས་ཀྱིས་བོད་སྐད་ཐོག་གཏམ་བཤད་དང་། བགྲོ་གླེང་གནང་གི་ཡོད་པའི་བྱེད་སྒོ་དེ་ནི་ས་གནས་བོད་མི་ཚོར་དམིགས་སུ་བཀར་ནས་གོ་སྒྲིག་ཞུས་པ་ཡིན།
གོ་སྒྲིག་ཞུ་མཁན་རྗར་མེ་ནི་བོད་ཀྱི་ཁང་པ་ཡིན།
བརྗོད་གཞི་འདི་དང་ལས་འཆར་འདི་ལས་གལ་འགངས་ཆེ་བ་ཞིག་རྩ་ནས་མེད།
དངོས་གནས་རེད། ང་ཚོ་བོད་པ་ཚང་མ་དེང་སྐབས་ཡིད་བཞིན་ནོར་བུས་ཐུགས་རྗེ་ཉག་གཅིག་དང་། ཡང་སྒོས་བོད་ནང་གི་མེ་མཆོད་སོགས་མཐུན་འགྱུར་འདྲ་མིན་གྱིས་ཕྱི་རྒྱལ་ཡོ་རོབ་སོགས་ལ་འགྲུལ་བསྐྱོད་ཐུབ་པ་ནི། ང་ཚོ་འགྱེལ་མ་བཅུག་པར་ཡར་འདྲེན་བྱས་པ་ཞིག་ཡིན་པ་རེད་དཱ།
ང་ཚོ་འདུས་སའི་ཁྱིམ་གཞིས་གསར་པ་ཞིག་དངོས་གནས་རེད་དོ།།
དེས་ན། འབྲེལ་ཡོད་ཚོས་མ་འོངས་ཕུགས་རྒྱང་རིང་པོར་གཟིགས་ནས་་ནང་མོལ་སྤུས་ཚད་ལྡན་པ་ཞིག་བསྒྲིགས་དགོས་པ་རེད།
མ་འོངས་བོད་མི་རིགས་འཚོ་གནས་ཐུབ་སའང་ཡོ་རོབ་སོགས་ལས་ཨེ་ཤ་མིན་པ་གསལ་པོར་རྟོགས་སོ།།
དེ་བཞིན་ནོ