རླུང་བུ།
ལམ་འདི་ཨ་ཕའི་བཞུད་ལམ་ཡིན་འདྲ།།
ཨ་ཕ་དྲག་པོ་དམག་ལ་ཆས་ཡོད།།
ཐུ་བྷོད་སྙིང་སྟོབས་མེ་རུ་འབར་བའི།།
བདེན་དཔང་རྣལ་མ་མིག་ལ་བསྟན་བྱུང་།།
ཆུ་འདི་ཨ་མའི་བཞེས་ཆབ་ཡིན་འདྲ།།
ཨ་མས་བྱམས་བརྩེ་ཆུ་མོ་མཆོད་ཡོད།།
གནམ་གྱི་ཕྱེད་ཀ་ཞི་བས་བཏུལ་བའི།།
ཟིན་ཐོ་འཛམ་གླིང་གཙུག་ནས་བྲིས་བྱུང།།
མེ་འདི་ཚ་བོའི་བློ་ཁོག་ཡིན་འདྲ།།
ཚ་བོས་བློ་ཁོག་མེ་ལ་བསྒྲོན་སོང།།
མི་ལོ་ལྔ་བཅུར་དྲག་པོའི་སྦྱོར་བས།།
བསྡམས་པའི་མཁར་རྫོང་རྨང་ནས་བསྲེགས་སོང།།
ཡབ་མེས་མཁྲེགས་པོའི་རང་གཤིས་བསམ་ན།།
རྩ་ཡི་ལམ་འདི་སྦོས་ནས་ཡོང་མོད།།
བརྩེ་ཐག་སྦྲེལ་བའི་དལ་འབྱོར་རྟེན་འདི།།
འཚིག་ནས་སོང་བའང་བཟོད་པ་མི་འདུག །
རྙོག་མེད་ཐུགས་རྗེའི་བདེན་པའི་ཀློང་ན།།
འགྲོ་དྲུག་གཟིགས་པའི་སྤྱན་ཞིག་ཡོད་སྐད།།
དམར་བོ་མེ་ཡི་འབར་ཤུགས་ཁྲོད་ཀྱི།།
སེམས་ཀྱི་འབོད་པ་གསན་བཞེས་གནང་སྐད།།
ཕྱི་ནས་བསྐུར་བའི་རླུང་རྟ་ལེབ་མོས།།
ཁྱེད་ཀྱི་དགྲ་ལྷའི་དཔང་བསྟོད་ཨེ་ཡོང།།
ཕ་སའི་རྒྱབ་རི་སྨུག་པོའི་དར་ལྕོག །
ཆུ་དང་ཆར་བས་གདུངས་པ་མང་སོང།།
ལས་ཀྱིས་བཞག་པའི་སྐྱོ་སྣང་སྲབ་པོ།།
ས་ལ་འཐོར་བའི་མིག་ཆུ་ཡིན་ཡང་།།
ཁྱོད་ཀྱིས་བསྲུངས་པའི་བདེན་པའི་དམ་ཚིག །
གསེར་ཡིག་སེར་བོས་བདག་གིར་བྱེད་ངེས།།
མེ་འབར་སྟངས་རེ་གླེང་ན་སེམས་ནས་བཟང་གི་ཟེར་ན་འདོད།
གླེང་རྒྱུ་དེ་ཆེས་ལེགས་པོ་ཞིག་དང་བརྗོད་བྱ་དེ་ཆེས་བློ་ཕམ་པ་ཞིག་རེད་འདོད།
མེ་ཡི་འབར་ཤུགས་ཆེན་པོ་རེད། ཆར་དང་རླུང་བུས་འཇིལ་ཐབས་མེད།
མེ་ཡི་འོད་སྣང་གསར་བ་རེད། མུན་པ་རྙིང་བས་འགེབས་ཐབས་བྲལ།
མེ་ཡི་རྟོགས་བརྗོད་ཞི་བདེ་རེད། དྲག་པོ་ཐོག་གིས་གཏོར་ནུས་མིན།
མེ་ཡི་ཟིལ་ཤུགས་གསར་བ་འདིས། བོད་ཀྱི་བདེན་དོན་མཁའ་ལ་བྲིས།
ཐན་བྱ་ཁུག་རྟས་རྒྱ་དམར་གྱི་མངོན་འདོོད་བསྒྲུབ་ནས་རང་ལུས་མེར་སྲེག་ནི་འཚེ་བ་རེད་ཟེར་བའི་དགྲ་བོའི་ལག་རོགས་ཀྱི་སྐད་ཆ་འདི་དྲ་གྲོགས་ཚོས་ཤོད་དང་།
བསོད་ནམས་ཀྱིས་བཤད་པ་བདེན་འདི་འཚེ་མེད་ཞི་བའི་བྱ་སྤྱོད་རེད་ཅེས་བརྗོད་དགོས
མེ་ལྕེ་འདི་ལུས་ཀྱིས་སྦར་བ་མིན།།
མེ་ལྕེ་འདི་སྲོག་གིས་སྦར་བའང་མིན།།
མེ་ལྕེ་འདི་ལ་རྒྱ་ཡིས་སྦར་སོང་།།
མེ་ལྕེ་འདི་རེ་བ་ཡིས་སྦར་སོང་།།
ལ་རྒྱའི་མེ་ལྕེ་ལ་ཡལ་བ་མེད།།
རེ་བའི་མེ་ལྕེ་ལ་འགག་པ་མེད།།
ཆད་པ་མེད་པའི་མེ་ལྕེ་འདི།།
བསྐལ་བའི་བར་དུ་སྦར་སྲིད།།
མེ་ལྕེ་ཟིག་དྲོད་ཀྱིས་འབར་བྱུང་་་ལ་རྒྱ་དང་འབོད་སྒྲའི་ངང་འབར་བྱུང་་་ཡོད་ཚད་ལ་རེ་བ་བཞག་ནས་འབར་བྱུང་་་དོན་དེ་གཞི་ལ་བཞག་ནས་འབར་བྱུང་་་
མེ་འདི་གངས་རིའི་རྩེ་ནས་འབར།
གངས་འཁྱག་ཐམས་ཅད་ཞུར་ལ་ཉེ།
མེ་འདི་ལུང་པའི་མདོ་ནས་འབར།
ནགས་ཚལ་སྟུག་པོ་བསྲེག་ལ་ཉེ།
མེ་འདི་མཚོ་མོའི་རྟིང་ནས་འབར།
མཚོ་མོ་མ་ལུས་འཁོལ་ལ་ཉེ།
མེ་འདི་བྲག་རིའི་སྟེང་ནས་འབར།
བྲག་རི་མཐོན་པོ་འཐོར་ལ་ཉེ།
བསོད་ནམས་ལགས།
རལ་ལུས་མེར་སྲེག་ལ་ཁ་བརྡ་ཞུས་པ་ཞེས་པའི་ནང་དུ་ཕེབས་དང་། ཁུག་རྟས་སྤྲུལ་པ་མང་པོ་འགྱེད་རྒྱུ་འདུག།
རྒྱ་ནག་གི་སྡུག་སྤྱོད་ལ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་རང་ལུས་ཚུན་ཆད་ཕུལ་དགོས་བའི་གནད་དོན་འདིས་རྒྱ་ངན་དེ་ཚོས་བོད་ཀྱི་བདེ་སྡུག་ལ་གོ་མེད་ཡ་མེད་བྱེད་པའི་བདེན་དཔང་གི་མིག་མཐོང་ལག་ཟིན་སྟེར་ཡོད་པ་རེད།
རྒྱ་ངན་དེ་ཚོ་འཛམ་གླིང་མིའི་གྲལ་ནས་འགྲོ་བ་མི་ལ་མིའི་བསམ་བློ་ཆ་ཚང་བ་ཞིག་སྨིན་མེད་པའི་མི་རིགས་ཐ་ཆད་ཞིག་ཡིན་པས་ངེས་འཛིན་བྱེད་ཐུབ་ཡོད་པ་རེད།
ཡུལ་ཕྱོག་གང་ན་གནས་བའི་རྒྱ་མི་ཡག་སྡུག་གཉིས་ཀའི་ཆེ་མཐོང་དང་གུས་རྩི་ལ་བར་ཆད་ཉིན་རེ་ནས་ཉིན་རེར་རྒུད་གྱིན་པའི་སྒང་ལ་སླེབ་ཚར་ཡོད་པ་རེད།
རྒྱ་ནག་གི་དར་རྒྱས་དང་སྲིད་དཔང་ལ་ཚད་འགག་མེད་ན་མི་སྤྱོད་ལས་འདུས་བའི་བོད་ཐོག་གི་སྡུག་བསྔལ་འདི་འཛམ་གླིང་གི་བཟང་སྤྱོད་ལ་ཡང་དོ་ཕོག་གཏོང་བའི་འགག་རྡོ་ཞིག་ལ་ངེས་འཛིན་ཐོབ་ཡོད་པ་རེད།
བོད་པ་ཚོས་ཀྱང་རྒྱ་ནག་གི་མཆན་ཁུང་ནང་ལ་མགོ་བཅུག་ནས་འདུག་འདོད་ཀྱི་རེ་བ་འདིས་དཀའ་སྡུག་གཉའ་གནོན་ལས་ཐར་བ་དག་ཙམ་ཡང་ཐོབ་མེད་པ་ཤེས་ནས་བོད་ཕྱི་ནང་གཉིས་ན་མེ་ལྕེ་ཇེ་ཆེར་འབར་བཞིན་ཡོད་པ་རེད།
རྒྱ་མི་བསམ་ཤེས་བ་ཚོས་འཇིག་རྟེན་འདི་ནས་མི་དང་མི་འདྲ་འདྲ་ལ་གནས་དགོས་ན་རྒྱ་ནག་གི་ད་ལྟའི་ཆེ་ཡ་ང་སྙིང་རྗེ་མེད་པའི་སྲིད་བྱུས་འདི་མགོ་རྟིང་སློག་དགོས་བའི་རྨི་ལམ་རྨིས་ཡོད་པ་རེད།
རྒྱལ་ཁབ་ཞིག་གི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་ལ་རྒྱལ་ཁབ་གཞན་དང་མ་འདྲ་བར་བོད་མིས་མེ་སྲོག་མང་པོ་གཏོང་དགོས་འདིས་རྒྱ་བོད་དབྱིན་སོགས་འཛམ་གླིང་མིའི་འགྲོ་བ་ཡོངས་ལ་རྒྱ་གཞུང་འདི་ཅི་འདྲའི་རྒྱ་ཁབ་ཞིག་ཡིན་མིན་གྱི་དྲི་བ་དང་སྐྲག་སྣང་ཞིག་སྟེར་ཡོད་པ་རེད།
ང་ཚོས་འཐབ་རྩོད་བྱེད་གྱིན་ཡོད་པ་ལས་བཤད་གྱིན་མེད་པས་ང་ཚོ་ལ་རྒྱལ་ཁ་ཞིག་ཡོད་ཡོད་པ་རེད། དཔའ་བོ་དཔའ་མོ་ཚོ། རྒྱལ་ཁ་མ་ཐོབ་པའི་དེ་རིང་ཁ་སང་ཁྱེད་ཅག་གླེང་བཞིན་ཡོད། རྒྱལ་ཁ་ཐོབ་པའི་ཉིན་མོ་ཡང་ཁྱེད་ཅག་མ་གླེང་ས་མི་འགྲོ་བས། ཁྱེད་ཅག་ནི་བོད་ཀྱི་ཆག་འཇིག་གི་ལོ་རྒྱུས་ལ་བཞག་པའི་མི་རབས་ཕྱི་མ་ཕྱི་མའི་གསོན་ཤུགས་ཡིན་པ་སུ་ལ་ཡང་གསལ།
རྒྱ་ནག་གི་བཙན་གནོན་འོག་ནས་མྱུར་དུ་ཐར་བར་ཤོག་ཅིག།
ཀླུ་སྒྲུབ་ཀྱིས་གསུང་ལས།
འཇིག་རྟེན་མཐའ་དང་ལྡན་ནམ་ཞུས།
དེའི་ཚེ་རྒྱལ་བ་མ་གསུངས་བཞུགས།
དེ་ལ་མཁས་པ་ཀུན་གྱིས་ནི།
ཀུན་མཁྱེན་ཡིན་པ་དེ་ཡིས་གྲུབ།
དེ་བཞིན།
མེར་སྲེག་སྙིང་དོན་ཅི་ཡིན་ཞུས།
དེ་ཚེ་སྐྱབས་མགོན་མ་གསུངས་བཞུགས།
དེ་ལ་མཁས་པ་ཀུན་གྱིས་ནི།
ཐམས་ཅད་མཁྱེན་དེ་ཡིས་ཤེས།
བོད་པ་ཁ་ཤས།
བླུན་པོས་འཕྲལ་ཕུག་མ་མཐོང་ནས།
བྲེལ་ཚུབ་སེམས་ཚབ་ཆེ་མདོག་གིས།
མེར་སྲེག་མཁན་ལ་སྙིང་རྗེ་ནི།
སྤྱ་རས་གཟིགས་ལས་ཆེ་མདོག་བྱས།
འབོད་སྐུལ།
ཁྱིམ་བྱས་ནམ་ཚོད་མ་ཟིན་གོང་།
བྱིའུ་ཚོགས་ཙིག་སྒྲ་མ་བྱེད་རོགས།
སེངྒེས་ཞོགས་ཟས་མ་ཟ་གོང་།
གཡུ་འབྲུག་སྐད་ངན་མ་སྒོགས་རོགས།
དོན་དངོས་ནི།
བོད་ཀྱི་བདག་པོ་བོད་ནང་ཡོད།
བྱེས་འབྱོར་བོད་མི་མགྲིན་ཚབ་ཡིན།
བདག་པོས་བྱེད་སྒོ་གང་སྤེལ་ལས།
མགྲིན་ཚབ་འདི་བྱོས་ཟེར་དབང་མེད།
ལོག་སྨྲ་ཚར་གཅོད་དོན་དང་ལྡན།
ཚིག་གི་ཉག་ཕྲན་འགའ་ཞིག་གིས།
ལོག་སྨྲའི་འདྲེ་སྲིན་དམ་ལ་བཏགས།
དཔའ་བོ་དེ་དག་ལ་རྗེས་དྲན་ཡོད། མི་རེ་ལ་མཆོད་རྟེན་རེ་བཞེངས་འོས། བཞེངས་པའི་མཆོད་རྟེན་དེ་དག་ལ་ཡང་ཡང་བསྐོར་བ་འགྲོ་དགོས། དེ་དག་གི་དགོངས་པ་ཡང་ཡང་སྒོམ་དགོས། དམིགས་པ་ཡང་ཡང་མཁྱེན་དགོས། འབོད་པ་ཡང་ཡང་བཟླ་དགོས། བོད་ལ་ཕན་ངེས་པའི་ལྷ་སྲུང་དེ་དག་རེད། ནམ་ནམ་ཞར་ཞར་དུ་བརྗེད་མི་རུང་། མི་རྗེད་པའི་རྟགས་མཆོད་རྟེན་དང་། རྡོ་རིང་། དེབ་ཐེར། སྐུ་བརྙན་སོགས་བཞེངས་དགོས།