སོག་མདའ།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
ཨ་མའི་སེམས་ངོགས་ན་འཁོར་བའི་མ་ཎི་འཁོར་ལོ།།
ཨ་མྱེས་ལག་ཟུང་ན་འཁོར་བའི་མ་ཎི་འཁོར་ལོ།།
སྲིང་མོའི་དབུ་ཐོད་ན་འཁོར་བའི་མ་ཎི་འཁོར་ལོ།།
ཕུ་བོའི་དད་ངོགས་ན་འཁོར་བའི་མ་ཎི་འཁོར་ལོ།།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
དགོན་པའི་བསྐོར་འདབས་ན་འཁོར་བའི་མ་ཎི་འཁོར་ལོ།།
རྫ་་རིའི་ཉག་ལུང་ན་འཁོར་བའི་མ་ཎི་འཁོར་ལོ།
ཆུ་ཆེན་འདྲེས་མདོ་ན་འཁོར་བའི་མ་ཎི་འཁོར་ལོ།
རི་གསུམ་རྩེ་མོ་ན་འཁོར་བའི་མ་ཎི་འཁོར་ལོ།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
ཁ་བའི་ལས་དབང་ལྷན་འཁོར་བའི་མ་ཎི་འཁོར་ལོ།།
ཤི་བོའི་རྣམ་ཤེས་ལྷན་འཁོར་བའི་མ་ཎི་འཁོར་ལོ།།
རིགས་དྲུག་ཞིང་ཁམས་ན་འཁོར་བའི་མ་ཎི་འཁོར་ལོ།།
འདི་ཕྱིའི་སྐྱབས་རྟེན་ན་འཁོར་བའི་མ་ཎི་འཁོར་ལོ།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
ཆུ་ཆེན་གཙང་པོའི་ཁར་འཁོར་བའི་མ་ཎི་འཁོར་ལོ།།
ཐབ་ཆེན་མེ་ཁ་ན་འཁོར་བའི་མ་ཎི་འཁོར་ལོ།།
རླུང་ཁའི་དར་ལྕོག་ལྷན་འཁོར་བའི་་མ་ཎི་འཁོར་ལོ།།
སྦྲ་ནག་གྲུ་བཞི་ན་འཁོར་བའི་མ་ནི་འཁོར་ལོ།།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
མ་ཎིའི་དབྱངས་རྟ་ལྷན་འཁོར་བའི་མ་ཎི་འཁོར་ལོ།།
དྲིལ་བའི་སྒྲ་དབྱངས་ལྷན་འཁོར་བའི་མ་ཎི་འཁོར་ལོ།
མཆོད་མའི་འོད་སྣང་ལྷན་འཁོར་བའི་མ་ཎི་འཁོར་ལོ།།
རིན་ཆེན་མནྡལ་ལ་ལྷན་འཁོར་བའི་མ་ཎི་འཁོར་ལོ།།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
བླ་མའི་ཐུགས་རྒྱུད་ན་འཁོར་བའི་མ་ཎི་འཁོར་ལོ།།
སློབ་མའི་དད་སེམས་ན་འཁོར་བའི་མ་ཎི་འཁོར་ལོ།།
དམ་ཚིག་འགྱུར་མེད་ན་འཁོར་བའི་མ་ཎི་འཁོར་ལོ།།
ཡང་དག་བྱིན་རླབས་ཀྱིས་འཁོར་བའི་མ་ཎི་འཁོར་ལོ།།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
ཇོ་བའི་སྐུ་མདུན་ན་འཁོར་བའི་མ་ཎི་འཁོར་ལོ།།
ཐང་ཀའི་ཞལ་ངོགས་ན་འཁོར་བའི་མ་ཎི་འཁོར་ལོ།།
གླེགས་བམ་བར་གསེང་ན་འཁོར་བའི་མ་ཎི་འཁོར་ལོ།།
འདོན་རྟའི་དབྱངས་རིམ་ན་འཁོར་བའི་མ་ཎི་འཁོར་ལོ།
མ་ཎི་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
ལོ་རྒྱུས་ཆབ་རྒྱུན་བཞིན་འཁོར་བའི་མ་ཎི་འཁོར་ལོ།།
དུང་བ་མུ་ཏིག་བཞིན་ཟབ་པའི་མ་ཎི་འཁོར་ལོ།།
རེ་སྒུག་གྲངས་མེད་ལྷན་འཁོར་བའི་མ་ཎི་འཁོར་ལོ།།
ཁ་བ་བོད་ཡུལ་ན་འཁོར་བའི་མ་ཎི་འཁོར་ལོ།།
མ་ཎི་་འཁོར་ལོ། ཨོཾ་མ་ཎི་པདྨེ་ཧཱུྃ་
རྗེ་གུང་ཐང་བས།
རི་ལུང་བ་གསེར་གྱིས་གང་ན་ཡང་།།
རང་འཆི་དུས་རྡུལ་ཙམ་ཁྱེར་ས་མེད།།
གཟུངས་ཡིག་དྲུག་ཚར་གཅིག་བཏོན་ན་ཡང་།།
དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན།།
ཞེས་པ་ལྟར་སེམས་པ་ཡིག་དྲུག་དང་འགྲོགས་ནས། ལུས་ཀྱི་ཕྱག་འཚལ། ངག་གི་བཟླས་བརྗོད་སོགས་བྱ་བ་ནི་ཚེ་ཕྱི་མའི་དོན་ཡིན་ནོ། །འོན་ཀྱང་ང་རང་ཐེ་བའི་སེམས་ཅན་གྱི་སེམས་པ་ནི་མ་ནེའི་འཁོར་ལོ་ལྟར་འཁོར་རོ།། རེད་མ་རེད།
རྒན་མོའི་འཕོངས་འོག་ན་འཁོར་བའི་མ་ཎི།
རྒད་པོའི་བརླ་བ་ན་འཁོར་བའི་མ་ཎི།
བྱིས་པའི་རུམ་ཕུག་ན་འཁོར་བའི་མ་ཎི།
མ་ཎི་མི་འཁོར་གནས་ཤིག་མེད།
མ་ཎི་འཁོར་ནི་མ་རེད་སྐོར་ནི་རེད། མཁྱེན་ལྡན་བླ་མས་སྐོར་ནི་རེད། དད་ལྡན་ཨ་མས་སྐོར་ནི་རེད། བསམ་མེད་བྱིས་པས་སྐོར་ནི་རེད། སྐོར་གི་སྐོར་གི་འཁོར་ནི་རེད། དེ་རིང་སོག་མདས་སྐོར་སྲོལ་ཡག ཕན་ཡོན་མེད་ཀྱང་ཉེས་པ་མེད། སྙན་ངག་མ་ཎི་རང་འཁོར་ཡིན།