སོག་མདའ།
སྟོད་ཕྱོགས་འབྲོག་གི་སྦྲ་ཁྱིམ་ནང་ནས་ངག་སྐད་རི་ལ་ཤོར་ཉིན་ནས།།
ཕ་མའི་སེམས་ལ་དྲོད་ཁོལ་སྦྱིན་པའི་བུ་མོ་ཆུང་ཆུང་སྙིང་རྗེ་བོ།།
གནག་སྣུམ་སྨིན་མའི་བམ་ཁ་མཐུག་ཀྱང་ཁྲ་ཆུང་མིག་གི་ཆགས་པ་མཛེས།།
འཇམ་ཞིང་ནག་པའི་ནོས་སྐྲ་བསིལ་བུ་རྒྱ་ལྕང་ལོ་མའི་འཁྲི་ཤིང་འདྲ།།
ཅ་ཚེ་གོམ་ཚེ་གོམ་པ་སྤོས་དུས་རྒྱབ་ཀྱི་ཆོ་རིལ་སིལ་སིལ།།
ལྟོགས་པའི་མ་ལོ་ནུ་ཞོ་དྲན་དུས་ཡ་ཁའི་ཁ་ཤ་ལྷབ་ལྷབ།།
དགའ་པའི་འཛུམ་ཆུང་སོ་ནས་སྙིལ་དུས་ཁྲ་ཆུང་མིག་གཉིས་རིག་རིག།།
བྱིས་དུས་ཁྱེད་ཀྱི་གཏམ་རྒྱུད་འཐུ་དུས་ཕ་མའི་སེམས་ན་དྲོད་ཅིག་ཡོད།།
ཨ་ཕས་ཁྱེད་ལ་གཅེས་མིང་འབོད་དུས་དབྱངས་རྟ་དེ་འདྲའི་སྙན་མོ་ཞིག །
ཨ་མས་ཁྱེད་ལ་སེམས་ཀྱིས་གཅེས་དུས་བྲང་གཞུང་དེ་འདྲའི་འཇམ་པོ་ཞིག །
ཕ་མ་གཉིས་ཀྱི་བརྩེ་བས་བསྐྱངས་པས་ཁྱེད་ནི་རིག་བཟང་བུ་མོ་ཞིག །
གཡང་སྐྱིད་ཚང་གི་དྲོད་ཁྱིམ་ཕུག་ན་ཁྱེད་ནི་སེམས་ཀྱི་མར་ལོ་ཞིག །
བེའུ་ཆུང་ཁྲ་རིས་རི་ནས་འཚོ་དུས་ཁྱེད་ནི་བེའུ་རྫི་ཆུང་ཆུང་ཞིག །
འབྲི་མོའི་བཞོ་དབྱངས་སྣ་གླུར་འགུགས་དུས་ཁྱོད་ནི་སྨན་ཤར་དར་མ་ཞིག །
ཕོ་བརྒྱས་ཁྱེད་ཀྱི་མཐའ་ནས་བསྐོར་དུས་ཁྱེད་ནི་འདང་ཆེན་རོགས་ལོ་ཞིག །
སྡེ་ཆེན་དྲུང་གི་རི་སྡེ་འདི་ན་ཁྱོད་ནི་མེ་ཏོག་སེར་ཆེན་ཞིག །
ཀ་ཁ་ག་ང་དབྱངས་ལ་གྱེར་དུས་ཁྱེད་ནི་སློབ་ཕྲུག་ཆུང་ཆུང་ཞིག །
ལྔ་རིག་སློབ་གྲྭའི་དགའ་ཚལ་གླིང་ན་ཁྱེད་ནི་སློབ་མ་རིག་ཡག་ཅིག །
སྙན་རྩོམ་རིང་མོ་ཤོག་བུར་ཕབ་དུས་ཁྱེད་ནི་ཐོགས་མེད་སྨྱུག་འཛིན་ཞིག །
ན་མཉམ་སྨན་ཤར་བུ་མོའི་ཁྲོད་ན་ཁྱེད་ནི་བུ་མོ་མཛངས་མ་ཞིག །
འདས་པའི་ལོ་ཟླའི་རིང་མོ་ཁྲོད་ནས་ཁྱེད་ཀྱི་ལང་ཚོ་རིམ་གྱིས་དར།།
ད་ལྟའི་ལོ་ཟླའི་འཁྱུག་འགྲོས་བར་ནས་ཁྱེད་ཀྱི་མདུན་ལམ་འོད་ཀྱིས་ཁེངས།།
མ་འོངས་ལོ་ཟླའི་ཁུག་སོ་རེ་ན་ཁྱེད་ཀྱི་བྱ་གཞག་གྲངས་ལས་འདས།།
འདས་མ་ད་གསུམ་འདུར་རྒྱུག་རྒོད་ཀྱང་ཁྱེད་ནི་ཁ་བའི་བདག་མོ་ཡིན།།
གྱལ་འཚོས་གོམ་འཚོས་ཟེར་ནི་རེད།
རྐང་འཚོས་གོམ་འཚོས་ལ་ཡང་ཟེར་ནི་རེད།
གར་འགྱོ་མིག་གིས་འཚོས་ནི་ཟེར་ཚུལ་ཡང་ཡོད་པ་རེད།
གྱལ་གྱལ་རྩོབས་ཟེར་བ་དེ་འདྲ་གོ་ཨེ་མྱོང་། ཨམ་སྐད་འབྲི་ན་དགའ་བསུ་ཡོད།
དེ་རིང་གི་ཉིད་ཀྱི་སྙན་ངག་ལ་བཙན་བསྒྲིགས་ཀྱི་ཉམས་དང་ལྷག་དོན་སྐབས་གླེང་འདོད་བའི་བུ་མོའི་དེའི་དོན་ལྔ་སྣོད་དང་བཅས་པར་ངག་ཕྲེང་གི་ལམ་ནས་མ་བསྟར་བར་ཆུང་དུས་ཀྱི་འཚོ་བ་རོལ་སྟངས་ནས་མགོ་བཟུང་སྟེ་མཇུག་ཐོགས་ཡ་མེད་པའི་སྨྱུག་མཁན་ཟིག་གི་བར་དུ་གླེང་ཡང་། འདི་ནས་ད་ཤོད་འདུག་བསམ་སྤྱད་ཅིག་མ་བྱུང་ཐལ། ཁོ་མི་ཉན་ལགས། ཁོ་བོ་ཉིད་ཀྱི་སྙན་ངག་རེ་ལ་དུང་བས་དེ་རིང་གི་བསམ་འཆར་འདི་ཐད་ཀར་ནས་ཞུས་པའོ།།
བོད་སྐད་ཡིག་ཐོག་འབྲི་ན་དགའ་བསུ་ཞུ་འོས་ཀྱང་། གོང་གི་དེ་ཀློག་ཤེས་པ་ལས་དོན་ཤེས་གི་མིན་འདུག
སྙན་ཚིག་ངག་གི་རོལ་མོ་མཚར་ན་ཡང་། །
མཛེས་བྱེད་དག་ཆ་རྡུལ་གྱིས་བསླུས་པ་ལ། །
ཞིབ་མོ་དར་གོས་འཇམ་པོས་བྱི་དོར་ཞིག །
མ་གནང་ཧོར་ཏེ་ལེན་པར་ཡིད་རེ་ཕོངས། །
གྲྭ་ལོག་ཁྱི་སྨྱོན་ཚོས་བུད་མེད་ཅིག་མཐོང་མི་ཉན་གི། ངོ་མ་སྙིང་རྗེ་རེད།
བདག་གྱང་ཨརིག་དགེ་མཐོང་གི་ལྟ་ཚུལ་ཅི་མ་ཅི་བཞིན་ནོ་།
བཀའ་དྲིན་ཆེ་དྲ་གྲོགས་ཚོ་ལམ་སྟོན་མུ་མཐུད་གནང་རོགས་གནང།།