མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
-བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གཞས་པ་རྣམས་ཀྱིས་ཐེངས་དང་པོར་བཏང་བའི་མཉམ་གཞས་ཤིག
༼བོད་ཀྱི་རོལ་དབྱངས་མཐུན་ཚོགས་༽ ཀྱིས་ཐེངས་དང་པོར་བཟོས་པའི་གླུ་གཞས་༼མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ་༽ ཞེས་པ་འདིས་སྐུ་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་རྣམས་ཀྱི་བློས་གཏོང་གི་ནུས་པ་དང་བློ་སྟོབས་མཚོན་གྱི་ཡོད། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ལས་འགུལ་ཐེངས་དང་པོ་དེ་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་བཞེང་རྒྱུ་དང་འབྲེལ། གླུ་གཞས་གསར་རྩོམ་བྱ་རྒྱུ་ནི་གཞས་པ་རྣམས་ལ་ཆེད་དུ་བབས་པའི་འགན་འཁྲི་ཞིག་ཡིན་པས། ས་ཕྱོགས་གང་སར་བཞུགས་པའི་བོད་ཀྱི་གཞས་པ་རྣམས་ཚོགས་པ་འདིའི་ནང་འཛུལ་ཞུགས་དང་འཕྱར་གྲུ་མཉམ་འདེགས་གནང་ན་དགའ་བསུ་ཞུ་རྒྱུ་དང། རྒྱ་ཆེའི་དྲང་བདེན་ལ་དགའ་བའི་མི་མང་ཡོངས་ཀྱིས་རྒྱབ་སྐྱོར་གང་མང་གནང་རོགས་ཞུ།
གཞས་ཚིག་ལ་རྣོ་ངར་མི་འདུག་ལ། གཞས་གདངས་ལ་ངར་ཤུགས་མི་འདུག འོན་ཀྱང་ཁྱེད་རྣམ་པའི་ལས་འགུལ་འདིར་གུས་བརྩི་ཡིད་རང་ཡོད།
དལ་དལ་ལྷོད་ལྷོད་ངང་བཞུགས་པ་ལས་ཡག་གི་རེད།
དཔྲལ་བར་མེ་མདའ་འཛུགས་དུས་ངར་ཤུགས་སླེབས་ཀྱི་རེད།
ལུས་པོར་གློག་རྒྱུག་འཛུགས་དུས་སེམས་ཤུགས་སྐྱེ་གི་རེད།
སྣ་ཚོགས་མནར་གཅོད་ཕོག་དུས་ཚོར་བ་ངོ་མ་དེ་ཤེས་ཀྱི་རེད།
རང་གི་མགོ་ཐོག་ཏུ་གོད་ཆག་ཕོག་དུས་ཚང་མ་ཤེས་ཀྱི་རེད།
སྐྱ་མདའ་ལགས།
མཆན་དང་པོ་བྲིས་པ་དེས་འཐུས་པ་ལྟ་བུ་ཞིག
སྤྱིར་འགྲིག་པ་རེད། ཐུགས་རྗེ་ཆེ།
དམིགས་བསལ་མ་མཐོང་།།
ཆེད་ལས་མེད་པས་ལེན་པ་རེད།
གཞས་འདི་དཔེ་རེད་འདུག མདོ་དབུས་ཁམས་གསུམ་གྱི་ཕོ་རྒོད་མཉམ་དུ་འཛོམས་ནས་མི་རིགས་ཀྱི་ལ་རྒྱ་གོང་དུ་འདེགས་པའི་གླུ་དབྱངས་གྱེར་ནས་ཡོང་བ་དེ་ཡང་མཐུན་སྒྲིལ་གྱི་རྟགས་དང་གཟི་བརྗིད་གྱི་རྟགས།་སྟོབས་ཤུགས་ཀྱི་རྟགས། མ་འོངས་རྒྱལ་ཁའི་རྟགས་རེད།
རང་རང་ངོས་ནས་གང་ཐུབ་གནང་བར་དགའ་སྤོབ་ཆེ། བརྕན་བྱོལ་གཞས་པ་ཚོ་མ་མཐུད་ནས་དེ་འདྲ་གནང་དགོས། ད་རེས་དེ་གོམ་པ་དང་པོ་ཡིན་ཙང་དེ་ཙམ་ཡིན་གྱི་རེད། གཞས་ཚིག་དང་གདངས་སོགས་གང་གིས་འཚོར་བ་ཤུགས་ཅི་ཡང་་མ་སྤྲད། འོན་ཀྱང་། ། སྒྱུ་རྩལ་ཡིན་ན་སྒྱུལ་རྩལ་བའི་རྣམ་པ་ཞིག་མངོན་ཐུབ་པ་གནང་རོགས།
འོན་ཀྱང་།། ཁྱེད་ཚོས་གང་འབད་པ་ལ་དགའ་བཞུ་ཚད་མེད་ཞུ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཞི་བདེ་འོང་བའི་རྟགས་རེད།
ཡང་ན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཞི་བདེ་ཡོང་རྒྱུའི་རྟགས་རེད།
དེ་བཞིན།
ཞི་བདེ་འཐོབ་རྒྱུའི་རྟགས་རེད།
ཆོལ་ཁ་གསུམ་པོས་ངར་ཤོག །
ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ། །
བྱེས་ཀྱི་གཞས་པ་ཚོས་སེམས་ཤུགས་ཀྱིས་མཉམ་འབྲེལ་ཐོག་ནས་བོད་ཀྱི་ལ་རྒྱའི་གཞས་ཤིག་བཏང་དང་གཏོང་མུས་ལ་ཡི་རངས་ཞུ། གུས་པའི་བསམ་ཚུལ་ཞིག་ནི། གཞས་པ་མང་པོ་ཚོགས་ཙམ་གྱིས་མི་འགྲིག་པ་མདངས་སྙན་མོ་དང་ངར་པོ་རྩོམ་མཁན། དེ་བཞིན་ཚིག་ངར་མ་རྩོམ་མཁན་མང་པོ་ལ་འབྲེལ་བ་བྱེད་ནས་གཏོང་ཐུབ་ན་དེ་ལས་ཀྱང་འཐུས་སྒོ་ཇེ་ཚོགས་དང་མདུན་བསྐྱོད་ཀྱི་ནུས་པ་ཇེ་མཐོར་སོང་ནས་མི་རིགས་འདི་ལ་གསོན་ཤུགས་ཤིག་སྦྱིན་ཐུབ་པས་དེ་དོན་དགོངས་འཇག་དང་། ད་ལྟའི་ཆར་མདོ་དབུས་ཁམས་གསུམ་གྱི་ཁྱོན་ཡོངས་ལ་གནས་པའི་བོད་རིགས་ཡོངས་ལ་མི་རིགས་ཀྱི་ལ་རྒྱ་དྲུང་པོ་འདི་སྦྱིན་མཁན་གཙོ་བོ་གཅིག་ནི་བོད་ནང་གི་གླུ་པ་གླུ་མ་ཚོ་དང་རྩོམ་པ་པོ་རྣམས་ཡིན་པར་བཤད་ཆོག
བྱེས་ཀྱི་གཞས་པ་ཚོས་ང་ཁྱེད་ལ་དགའ་ཟེར་བའི་ཚིག་དང་མདངས་ལ་གོ་རྒྱུ་མེད་པ་ཤ་སྟག་ཅིག་བཏང་ནས་ནུས་པ་དེ་ཙམ་ཐོན་ཐུབ་མེད་པས་ཕྱིས་སུ་ཡར་རྒྱས་འགྲོ་བའི་རེ་བ་ཡོད།
མེ་ལ་སྲོག་དང་རང་དབང་ཐོབ་གི་རེད་ཟེར་བའི་འབོད་སྐུར་མ་རེད་དམ།
གཅིག་བྱས་ན་ང་གོ་བ་ལེན་ཚུར་ནོར་ཡོད་རྒྱུ་རེད།
གང་ལྟར་ཚིག་དེ་ཚོ་ལ་བལྟས་རྗེས་ངའི་སེམས་ལ་འདི་འདྲ་ཞིག་མ་གཏོགས་ཤར་མ་སོང་།
ཚོགས་པ་གྲུབ་སྟངས་དང་སེམས་ཤུགས་ལ་རྗེས་སུ་ཡི་རང་ཞུ། འོན་ཀྱང་གཞས་ཚིག་ནི་འགན་འཁུར་མེད་པ་དང་མགོ་སྔ་མི་ཚང་བ་ཞིག་རེད། དངོས་གནས་ཡིན། གཞས་ཚིག་ཟེར་བ་འབྲི་སླ་རྒྱུ་རེད་ཐོག་མར་དྲན་སྲིད། འོན་ཀྱང་དཔྱད་ན་དེ་ནི་ལས་སླ་བོ་མེད་པའི་ལས་ཀ་ཞིག་ཡིན། རྒྱུ་མཚན་གཞས་ཚིག་རྩོམ་མཁན་ལ་འབྲོང་དང་ཨ་ཁུ་སྨན་བླ་སོགས་རེ་ཟུང་མ་གཏོགས་མེད་པ་དེས་མཚོན་ཐུབ།