རས་པ།
–མི་འགྱངས་པར་འགྲེམས་སྤེལ་བྱེད་འཆར་གྱི་དེབ་འདི་ནི་རང་དབང་དང་ཐོབ་ཐང་ཆེད་རང་ལུས་མེ་རུ་བསྒྲོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གུས་བརྩིའི་ཆེད་ཕུལ་བ་ཡིན།
དེབ་འདིའི་སྙིང་དོན་ནི་བོད་ཀྱི་མེར་བསྲེགས་ལས་འགུལ་སྐོར་གཙོ་བོར་བྱས་པའི་རྒྱ་ནག་གཞུང་གི་སྲིད་ཇུས་དང་། ཀྲུང་གུང་གི་རྩོམ་པ་པོ་ཡེ་རྡོར་སོགས་ཀྱིས་རིམ་པར་སྤེལ་བའི་འཁྱོག་བཤད་སྐོར་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཁག་ ༡༩ ཡིས་གྲུབ་ཡོད། འདི་ལས་<< མེ་ལྕེའི་ཁྲོད་ཚུར་མངོན་བྱུང་བའི་མིའི་ཐོབ་ཐང་གི་འཐབ་རྩོད་གླེང་བ་ >>ཞེས་པ་ལྟ་བུར་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་འདས་པོ་རྣམས་ཀྱི་དགོས་འདུན་ལ་ངོས་འཛིན་ཞུས་ཡོད་ལ། << བོད་དོན་གྱི་གནད་འགའ་གླེང་བ་>>ཞེས་པ་ལྟ་བུ་ནི་ཀྲུང་གུང་གི་རྩོམ་པ་པོ་ཡེ་རྡོར་སོགས་ཀྱིས་༸གོང་ས་མཆོག་ལ་གཞི་མེད་བསྐུར་འདེབས་བྱེད་པའི་དམིགས་ཡུལ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལ་འཁྱོག་བཤད་བྱས་པར་དབྱེ་ཞིབ་དང་གསེད་བཀྲོལ། མེར་བསྲེགས་ལས་འགུལ་བར་དམའ་འབེབས་དང་། ལས་འགུལ་རྣམས་མི་སྒེར་གྱི་ཁྱིམ་ཚང་གི་དཀའ་ངལ་ལྟ་བུར་བརྗོད་པའི་ཐད་དགག་སྒྲུབ་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་ཆབ་སྲིད་ཀྱི་ནུས་པ་རྩ་མེད་གཏོང་འདོད་ཀྱི་ཇུས་གཞི་ངོས་འཛིན་སོགས་བྱས་ཡོད།
གཞན་<< ཇག་པ་དང་ཇག་པའི་རིག་གནས། >> དང་། <<བཙན་འཛུལ་མཁན་དང་ལོག་ལྟ་ཅན་གྱི་བསམ་ཚུལ་ >>ལྟ་བུ་ནི། ཀྲུང་གུང་གིས་བོད་ལ་ཐོག་མར་བཙན་འཛུལ་བྱེད་སྐབས་དམར་དམག་རྣམས་ལ་བོད་ཀྱི་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་ངོ་སྤྲོད་བྱས་པ་བརྒྱུད་ནས་མགོ་བཙུགས་ཡོད་པའི་སྐོར་དང་། བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་བསྒྱུར་བ་ནས་རིག་གནས་སེམས་ཁམས་བསྒྱུར་བའི་རིམ་པ་བཀོད་ཡོད།
<<དགོངས་སེལ་ཞིག---བོད་རྔ་བར་སེམས་གཏད་པ་>>ཞེས་པ་ལྟ་བུར་མཚོན་ན་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པའི་ཐོག་མའི་གྲས་སྟེ་མདོ་སྨད་རྔ་བར་ཕྱི་ལོ་ ༡༩༣༥ ནས་བཙན་འཛུལ་དང་། གཏོར་བཅོམ་བྱས་པའི་སྐོར་དང་། རྔ་བའི་མི་མང་གི་བོད་ཀྱི་རིག་གནས་སེམས་ཁམས་དང་། བཙན་འཛུལ་ལ་ཁ་གཏད་ཇི་ལྟར་བཅག་པ་སོགས་ཀྱི་སྐོར་འཁོད་ཡོད། དེབ་འདི་ནི་སྨྱུ་གུ་ལ་བརྟེན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཅིག་དང་། གང་ཤེས་པ་དང་གང་མཐོང་བའི་གནས་ཚུལ་རྣམས་ལ་གཤིབ་བསྡུར་དང་། བསམ་གཞིགས་བྱས་པ་བརྒྱུད་ནས་ཡི་གེ་རུ་བཀོད་པའི་བོད་ཀྱི་མི་རབས་གསར་བ་ཞིག་གི་སྙིང་རྩའི་འཕར་སྒྲའང་ཡིན།
འབྲེལ་བ་གནང་སའི་ཡིག་ཟམ། jigmereepa@gmail.com
དེབ་ཅིག་བཏོན་པ་ཙམ་མིན་པར་རྒྱལ་གཅེས་དཔའ་བོ་དང་དཔའ་མོའི་སྐོར་གླེང་བ་དང་། ༧གོང་ས་མཆོག་གཙོས་བོད་གཞུང་ལ་ཁ་གཏོང་མཁན་ཡེ་རྡོར་སོགས་ལ་དམིགས་པ་དེ་ཙམ་གྱིས་ཀྱང་དེབ་མ་ཀློག་གོང་ནས་རིན་ཐང་ཞིག་འཇོག་བསམ་ཐལ། བཀའ་དྲིན་ཆེ། སྙན་པ་རས་པ་རྒྱལ་ལོ།།
རས་པས་དཀའ་སྤྲད་ཀྱིས་དཔྱད་གཏམ་སྣ་ཚོགས་རང་བཞིན་གྱི་དཔེ་དེབ་འདོན་སྤེལ་ལ་བཀའ་དྲིན་དང་བསྔགས་བརྗོད་སྙིང་ནས་ཞུ། མི་འགྱངས་པར་དཔེ་དེབ་དེར་མཇལ་ཐུབ་པའི་རེ་བ་བཅས།
ཨ་རིག་དགེ་མཐོང་ལགས་དང་། ཞིབ་འཇུག་པ་གཅན་བཟོད་རྒྱམ་གཉིས་ཀྱིས་བརྡ་ལན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མེར་བསྲེགས་ཀྱི་གཏན་ཚིགས་ལ་རྟེན་འབྲེལ་ཞུ། ད་དུང་དགོངས་སེལ་ཡང་ཞུ། ངའི་ཁྱི་ཁ་གཟའ་ཁ་དང་ཟིང་ཟིང་གི་སེམས་ཁམས་འོག་ནས་ངེད་གཉིས་ཀྱིས་ཁཽ་ལམ་འཇུག་ཡག་པོ་ཞིག་བྱེད་ཐུབ་མེད། དེ་ལ་ངས་དགོངས་སེལ་ཞུ་དགོས། ཡིན་ནའང་།
ག་ལེར་མ་གཏོགས་ཞུ་ཐུབ་ས་མ་རེད། དེང་སང་སེམས་པ་རྒྱུན་ལྡན་མ་རེད།
བལ་པོའི་སེའུ་མ་ཟོས་ཀྱང་།།
ཁ་དོག་ཉིད་ལས་བྲོ་བ་ཤེས།།
ཞེས་པ་ལྟར། རྩོམ་པ་པོའི་བརྩམས་འདི་ཉིད་བོད་སྤྱིའི་བདེ་སྡུག་ལ་ཐུགས་བསམ་བཞེས་ཏེ།
དཔྱད་པའི་གཞི་བཏིང་། དཔྱད་འབྲས་ལག་ཏུ་ཐོབ་པའི་དཔེ་དེབ་ཅིག་ཏུ་གྲུབ་ཡོད་པའི་ཚོར་སྣང་བྱུང་བས། དེ་དེ་བཞིན་ཡིན་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
བཅོས་མིན་གྱི་འཚམས་འདྲི་བཅས།
མིའི་རིགས་ཀྱི་མེར་སྲེག་དང་།རང་དབང་གི་གཏན་ཚིགས་ཆེན་མོར་གུས་བརྩིའི་འཚམས་འདྲི་ཞུ་བ་དང་གང་མགྱོགས་ཞལ་འཇལ་ཡོང་བའི་རེ་བ་ཞུ།།
དབྱེ་ཞིབ་དང་གསེད་བཀྲོལ་གྱིས། མེར་སྲེག་ལས་འགུལ་སོགས་ཀྱི་སྐོར་ལ་བོད་ཀྱི་མི་རབས་གསར་པ་ཞིག་གི་སྙིང་རྩའི་འཕར་སྒྲའི་དེབ་ཅིག་འཁྲུངས་པ་ལ་འཁྲུངས་སྟོན་ཞུའོ། །དུས་ལ་བབས་པའི་ཆར་པའོ། །རྗེས་སུ་ཡི་རང་ཞུའོ། །
སྐུ་ཞབས་རས་པ་ལགས་ཀྱི་ཟུངས་ཁྲག་དྲོད་མོ་ནས་འཛར་བའི་དེབ་གསར་(མེར་བསྲེགས་ཀྱི་གཏན་ཚིགས་)a་སྤྱི་ཚོགས་ཐོག་མི་འགྱང་པར་འགྲེམ་སྤེལ་བྱེད་པར་སྙིང་ནས་རྟེན་འབྲེལ་ཞུ། དཔེ་དེབ་འདི་ནི་རྡ་སར་གནས་པའི་ཆབ་སྲིད་པ་དག་གིས་ངེས་པར་གཟིགས་རོགས་་གང་ཡིན་ཟེར་ན་མེར་བསྲེགས་ལས་འགུལ་གྱི་འབྱུང་རྩ་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སོགས་ལ་གཏིང་ཟབ་མོའི་དཔྱད་བརྗོད་སྤེལ་ཡོད་པས་ཆབ་སྲིད་པ་དག་གིས་མཁྱེན་པ་གནང་རོགས་ཞུ།། རྩོམ་པ་པོ་རས་པ་ལགས་སུ་ཐུགས་རྗེ་ཆེ་ཞུ།།
དེབ་མིག་གིས་མ་རིག་གོང་གཅིག་རྗེས་ཉིས་མཐུད་ངང་མཚམས་འདྲི་དང་བསྟོད་བསྔགས་བྱེད་བཞིན་འདུག་མོད། རི་བོང་ཅལ་སྒྲོགས་མིན་པར་ཤོག
དེབ་བཀླགས་ནས་བསམ་ཚུལ་འདོན་ཆོག
སྤྱིར་བོད་དོན་སྐོར་བྲིས་པ་ལེགས་ཟེར་འདོད།
མེར་བསྲེགས་ཀྱི་གཏན་ཚིགས་འོག་འཇིགས་མེད་ཚེ་རིང་གིས་བརྩམས་ཞེས་བྲིས་མེད་ཀྱང། འཇིགས་མེད་ཚེ་རིང་གི་དེབ་ཡིན་པ་ཡིག་གཟུགས་ལ་བལྟས་ཙམ་ཉིད་ནས་ཤེས་ཀྱི་འདུག རྟེན་འབྲེལ་ཞུ།། ཀློག་འདོད་ཆེ་ལ་སྒྲོམ་འགྲེལ་ལ་གཞིགས་ན་སྐབས་བབ་དང་མཐུན་པའི་དགོས་ངེས་ཅན་གྱི་གནང་ཕྱོགས་ཤིག་རེད། །
ཨ་མའི་བུ། ངོ་མ་རྟེན་འབྲེལ་ཞུ། མ་ཟད་དེབ་ཅིག་ཉོ་ཐག་ཆོད་ཡིན། ཐོན་ཉིན་ནས་བརྡ་ཐོངས་དང་ཆོག
རྣམ་པ་ལྷན་རྒྱས་ལ་ཐུགས་རྗེ་ཆེ།
འོ་རེད། དེབ་ཀྱི་སྒྲོམ་གཞི་ཡག་གི་བསམ་བསམ་ཞིག་འདུག་བཀའ་དྲིན་ཞུ་འདོད་བྱུང་།
ནམ་ཐོན་ལ་སྒུག་ངེས།