གནས་ཚུལ་མཁོ་གཏོང་བ། སེར་ཤུལ་དོན་འགྲུབ་བཀྲ་ཤིས།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ འདིའི་ཚེས་ ༨ ཉིན་གྱི་ཕྱི་དྲོཪ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོར། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༧ ཉིན་བོད་ནང་ནས་བོད་མི་བཞིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བསྔོ་སྨོན་མཆོད་འབུལ་ཞིག་བྱས་སོང་། བསྔོ་སྨོན་མཆོད་འབུལ་་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱིས་གཙོས་པའི་ཐེག་ཆེན་རྣམ་གྲོལ་གླིང་གི་དགེ་འདུན་པ་དང་། ལུགས་ཟུང་བསམ་འགྲུབ་གླིང་། བདེ་སྐྱིད་སླར་གསོའི་གྲོང་སྡེ་ཁག་གི་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་དང་། བསྔོ་སྨོན་མཇུག་བསྡུའི་སྐབས་ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཕྱི་ཚེས་ ༧ ཉིན་བོད་ནང་ནས་རང་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོའི་གནས་ཚུལ་ཁག་ངོ་སྤྲོད་དང་འབྲེལ། ད་ལྟ་བོད་ནང་དུ་ཛ་དྲག་གི་གནས་ཚུལ་ག་འདྲ་ཆགས་ཡོད་སྐོར་ཀྱི་གནས་ཚུལ་ངོ་སྤྲོད་བྱས་མཐར། མི་མང་གིས་བྱང་ཆུབ་སེམས་མཆོག་མ་གྱེར་ཞོར་བསྔོ་སྨོན་ཚོགས་འདུ་དེ་གྲོལ་སོང་།
ཟམ་གདོང་གིས་ཐབས་ཇུས་ནང་བསྐོར་འོག་ལས་འགུལ་འདིའི་ནང་རི་བོ་དགེ་ལུགས་པ་རྣམས་ཕེབས་ཐུབ་ཡོད་པ་མ་རེད།
དགེ་ལྡན་པའི་གདན་ས་ཁག་ལས་འགུལ་རྣམས་ལ་མི་བཞུགས་པའི་ཐག་ཆོད་དེ་ནི་ཁྱད་མཚར་པོ་རེད། ད་བར་དུ་དགེ་ལྡན་པའི་གྲ་དམངས་རྣམས་ལས་འགུལ་མང་པོ་རྣམས་ལ་མཉམ་བཞུགས་དང་དཀའ་ལས་རྒྱབ་པ་རྣམས་ནོར་བ་ཡིན་པ་ཁས་ལེན་པ་ཆགས་པ་མ་ཚད། ཛ་དྲག་གི་གནས་སྐབས་ཁུ་སིམ་མེར་བཞུགས་པ་ནི་དགོས་དུས་མེད་མི་དགོས་དུས་མང་དྲག་པ་རང་རེད། སྔོན་མ་ཚོགས་པ་རྣམས་ཀྱི་སྦག་སྦག་གཏོང་ས་དང་རྐང་འཁོར་གཏོང་བའི་ལས་འགུལ་རྣམས་ལ་ཡང་དམར་ལྟེམ་མེ་སླེབས་ཡོང་གི་རེད། དེ་སང་འདས་པོའི་སྨོན་ལམ་ལ་ཡང་མཐོང་རྒྱུ་མི་འདུག
སྤྱིར་བཏང་སྦེལ་ཀོབ་བཙན་བྱོལ་ནང་གི་གཞིས་ཆགས་ཆེས་ཤོས་དང་། མི་འབོར་མང་ཤོས་ས་ཆ་རེད། ཡིན་ན་ཡང་དེང་ལས་འགུལ་འདི་འདྲའི་སྐབས་སུ་བོད་མི་བརྒྱ་ཁ་ལོངས་མ་ལོང་རེ་མ་གཏོགས་མི་འདུག སྦག་སྦག་རྫིག་པོ་ཞོན་པའི་ཕོ་གསར་དེ་ཚོ་དང་རྣམ་པ་མཛེས་བཟོ་ལ་དགའ་བའི་མོ་གསར་དེ་ཚོ་ཤ་ཁྲག་རུས་གསུམ་བོད་ལ་ཆེ་གཏོགས་བསམ་བསམ་རེད། ཁྱོད་རྫིག་ང་རྫིག་གི་ང་རྒྱལ་གྱི་མགོ་བོ་གནམ་ལ་བཏེགས་ནས་ལམ་གྱི་གཡས་གཡོན་ནས་ཕར་ཚུར་འགྲོ་དུས་ངོ་མ་སེམས་སྐྱོ་ཡོང་གི འདི་ཚོ་ལ་མི་རིགས་ཤིག་གི་བླ་སྲོག་མི་འདུག