མཁོ་འདོན་པ། བསོད་ནམས།
མདོ་སྨད་རེབ་གོང་མདོ་བ་ལྡོང་ངེ་སྡེ་བའི་ཕ་གཅོད་པ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་བུ་ཞིང་གཤེགས་དམ་པ་སྐལ་བཟང་སྦྱིན་པ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་སྒྲོལ་མའི་ཐང་ཆེན་དུ་སྐུ་ལུས་མེར་སྲེག་བཏང་སྟེ་ས་གནས་དེ་གར་འདས་གྲོངས་ཕྱིན་ཡོད། ཁོང་གིས་ཤུལ་དུ་བཞག་པའི་ཁ་ཆེམས་ཡི་གེར། མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་འདུག
བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་ཐུགས་རྗེ་ཆེ།
ད་ནི་ཅི་ཞིག་བཤད་དགོས་མི་ཤེས་ཀི ཐད་ཆད་ང་རང་གིས་འདི་འདྲའི་གནས་ཚུལ་མཐོང་དུས་མཎི་འདོན་པ་ལས་ས་མཐའ་འདི་ནས་སྐད་འབོད་ཅ་དག་ཞིག་ཡང་བྱེད་ཐུབ་མི་འདུག
གུས་འདུད་ཡོད་དོ།། སྙིང་ཁུངས་རུས་པས་གཏིང་ནས་སོ།། ཁ་ཞེ་གཉིས་མེད་ཀྱིས་སོ།།