༼༡༽ དཔའ་བོ་སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།
༼༡༽ དཔའ་བོ་སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།
དེ་རིང་རེབ་གོང་སྒྲོ་རོང་པོ་ནས་རང་ལོ་ ༢༤ ཡིན་པ་སྙིང་དཀར་བཀྲ་ཤིས་ཞུ་བ་ཞིག་གིས། “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག” ”བོད་ལ་རང་དབང་དགོས”ཞེས་སྐད་འབོད་དང་བཅས་ཏེ། རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་ཕྱིན་འདུག
སྙིང་དཀར་བཀྲ་ཤིས་ནི་ཕ་བཀྲ་ཤིས་རྣམ་རྒྱལ་༼རང་ལོ་ ༤༧༽་དང་མ་མཁའ་འགྲོ་འཚོ་༼ལོ་བཞིའི་གོང་ཚེ་ལས་འདས་འདུག༽གཉིས་ཀྱི་བུ་ཡིན་པ་དང་། སྙིང་དཀར་བཀྲ་ཤིས་ཀྱི་སྐྱེས་དམན་གྱི་མིང་ལ་འབྲུག་མོ་ཚེ་རིང་༼ལོ་ ༢༣༽ཡིན་འདུག་ལ། སྙིང་དཀར་བཀྲ་ཤིས་ཀྱི་ཨ་མ་འདས་རྗེས་ཁོང་གི་ཨ་ཕས་སྐྱེས་དམན་གཞན་ཞིག་དང་གཉེན་སྒྲིག་ཡོད་པ་དེའི་མིང་ལ་ལྷ་མོ་མཁར་ཟེར་གྱི་ཡོད་འདུག
མེར་བསྲེགས་གཏོང་ཡུལ་ནི་སྒྲོ་རོང་པོའི་གད་དམར་ཐང་གི་སློབ་གྲྭའི་ནང་རེད་འདུག་ལ། དེ་རིང་དེ་གར་ཁ་སྔོན་འདས་གྲོངས་ཕྱིན་པ་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་དང་དཔའ་བོ་སྐལ་བཟང་སྦྱིན་པ་གཉིས་ཀྱི་ཆེད་མདོ་བ་དང་སྒྲོ་རོང་པོ་ཁུལ་དུ་སྨོན་ལམ་མཆོད་འབུལ་དང་། ནང་མིར་མྱ་ངན་སེམས་གསོའི་མི་ཚོགས་ཕོན་ཆེ་འཛོམས་སྐབས་ཤིག་རེད་འདུག མེར་བསྲེགས་གཏོང་དུས་ནི་དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣ དང་སྐར་མ་ ༡༥ སྟེང་རེད།
དེ་རིང་མདོ་བ་དང་སྒྲོ་རོང་པོ་ཁུལ་དུ་འདི་ཟླའི་ཚེས་ ༧ ཉིན་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སོང་བ་སྒྲོ་རོང་པོའི་དཔའ་མོ་རྟ་མགྲིན་མཚོ་དང་། འདི་ཟླའི་ཚེས་ ༨ ཉིན་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོིངས་སོང་བ་མདོ་བ་སྡོང་བེ་ནས་ཡིན་པ་དཔའ་བོ་སྐལ་བཟང་སྦྱིན་པ་གཉིས་ཀྱི་ཁྱིམ་དུ་གདུང་སེམས་མཉམ་བསྐྱེད་ཆེད་ཕེབས་མཁན་གྱི་མི་ཚོགས་མང་བའི་སྐབས་དང་འཁེལ་ཡོད་པར་བརྟེན། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ། མི་མང་གིས་སྲུང་སྐྱོབ་འོག་འདས་པོ་ཁོང་གི་ཆེད་རྗེས་འཇུག་སྨོན་ལམ་གསུང་འདོན་བྱེད་ཀྱི་ཡོད་འདུག
དེ་ཡང་། ཁ་སང་ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་༼ཐུན་རིན༽རྫོང་གི་ལས་བྱེད་མི་སྣ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ། ཕྱི་ཚེས་ ༧ ཉིན་རྟ་མགྲིན་འཚོ་དང་། ཕྱི་ཚེས་ ༨ ཉིན་སྐལ་བཟང་སྦྱིན་པ་གཉིས་ཀྱིས་མེར་བསྲེག་གཏོང་དགོས་པའི་རྒྱུ་མཚན་དང་། ཕྱི་ཕྱོགས་ཀྱི་ངན་སྐུལ་ཡོད་མེད། བྱེད་སྟངས་འདི་རིགས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ་ཡིན་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་བ་དང་། དེ་རིང་ཕྱི་ཚེས་ ༡༢ ་ཉིན་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་འབྲེལ་ཡོད་ལས་བྱེད་རླངས་འཁོར་བདུན་ཡོང་སྟེ། སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུགས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་སྐབས་སུ་ཁོང་གིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་འདུག
གཞན་ཡང་གནས་ཚུལ་འབྱོར་དོན་ལྟར་ན། ཁ་སང་ཕྱི་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་དང་རེབ་གོང་༼ཐུན་རིན༽རྫོང་གི་ལས་བྱེད་ཁག་ཅིག་ཡོང་སྟེ། མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། ད་དུང་མུ་མཐུད་ནས་འདི་འདྲ་ཡོང་གི་ཡོད་མེད། མང་ཚོགས་ཀྱི་ནང་ལ་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད་དང་། ས་གནས་ལས་བྱེད་པའི་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་སོགས་དྲིས་སྐབས། མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་དམར་ཤོག་ཧྲུའི་ཅི༼ཏ་ཏོས་ཧྲུའུ་ཅི༽ ལྕགས་ལ་ཟེར་བ་རྒྱ་གཞུང་གི་ལས་ཀ་བྱས་ནས་ལོ་ ༡༥ ཕྱིན་ཡོད་པ་ཁོང་གིས། “མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཧ་གོ་མ་སོང་། ངས་བསམ་ན། མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་། གསོལ་བ་སྨོན་ལམ་བརྒྱབ་མི་ཆོག་པ། གཙོ་བོ་༸གོང་ས་མཆོག་ཕྱི་ལོགས་ལ་ཕུད་པ་དང་། བོད་ལ་ཕེབས་འཇུག་གི་མེད་པ། པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བཙོན་ཁང་དུ་བཀག་པ། བོད་ལ་རང་དབང་གཙང་མ་མེད་པ་བཅས་ལ་བརྟེན་ནས། རང་ལུས་མེར་བསྲེགས་གཏོང་དགོས་པ་འདི་ལ་ཐུག་པ་རེད།” ཅེས་དྲི་བ་འགོད་མཁན་འབྲེལ་ཡོད་ལས་བྱེད་ལ་བཤད་འདུག་པར། ཡུལ་མི་ཚོ་ཁོང་གི་བསམ་ཚུལ་འདི་ལ་ཧ་ལས་པའི་ཚོད་དུ་འདུག་པ་དང་། ལས་བྱེད་ཅིག་གིས་དེ་ལྟར་བཤད་པར་ཆེ་བསྟོད་བྱེད་པ་དང་བློ་ཁོག་ཆེན་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱིན་འདུག་ཟེར།
ས་གནས་རང་ནས་མིང་འདོན་འདོད་མེད་པའི་མི་ཞིག་གིས་འབྲེལ་ཡོད་གཞན་ཞིག་ལ་བཀའ་འདྲི་ཞུས་པའི་གནས་ཚུལ་བཏང་འབྱོར་ལྟར་ན། དེ་རིང་སྙིང་དཀར་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་ནི། རེབ་གོང་༼ཐུན་རིན༽རྫོང་གི་དབང་ཆ་ཆེ་ཤོས་ཡིན་པ་དམར་ཕྱོགས་དྲུང་ཆེ༼Jiang Shucheng ༽ ཅང་ཧྲུའུ་ཁྲིན་ཟེར་བ་དེ་ཉེ་ལམ་མདོ་བ་ཞང་ཐོག་ཏུ་ཡོང་སྟེ། རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས་འདི་བྱུང་བ་རེད་ཅེས་བརྗོད་འདུག
དཔའ་བོ་ཁོང་གིས་ཁ་ཆེམས་ཡི་གེ་ཞིག་བཞག་འདུག་པ་དེ་འབྲེལ་ཡོད་ཅིག་ནས་ཀློག་འདོན་དང་འདི་ནས་ཕབ་བཤུ་ཞུས་པར། ཁ་ཆེམས་ཡི་གེར། “རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་བསྲེགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་པའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན་ཞེས་སྙིང་དཀར་བཀྲ་ཤིས་ནས། ”ཞེས་བཀོད་འདུག
༼༢༽ དཔའ་བོ་སྙིང་ལྕགས་འབུམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།
ཡང་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༧ དང་སྐར་མ་ ༡༨ སྟེང་། རེབ་གོང་མདོ་བ་འབྲོག་ཡོ་ལག་ར་རྒན་སྡེ་བ་ནས་ཡིན་པ་སྙིང་ལྕགས་འབུམ་ཞུ་བ་ཞིག་གིས་མདོ་བ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་འདུག
ཁོང་གི་ཕ་མིང་ལ་ལྷ་ཕྱུག༼ ལོ་ ༤༤ ༽མ་མིང་ལ་ཚེ་རིང་མཚོ་༼ ལོ་ ༣༨ ༽གཉིས་ཀྱི་བུ་ཡིན་པ་དང་། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་པ་ནི། ཆེ་བ་བུ་སྙིང་ལྕགས་འབུམ་དང་། འབྲིང་བ་བུ་མོ་འབྲུག་མོ་མཚོ། ཆུང་བ་བུ་མོ་ཚེ་འབྲུག་སྐྱིད་བཅས་ཡིན།
དཔའ་བོ་ཁོང་གིས་མདོ་བ་གཡག་ལུང་སྟེ་མདོ་བ་ཞང་ཡོད་ས་ནས་རང་ལུས་མེར་བསྲེགས་བཏང་འདུག་ལ། དེ་རིང་མདོ་བ་ཞང་ཡོད་སར་མི་མང་པོ་འཛོམས་ཡོད་སྐབས་ལ་བརྟེན། སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཐད་ཀར་མདོ་བ་དགོན་པའི་ནང་གདན་ཞུས་ཀྱིས་སྨོན་ལམ་གསུང་འདོན་དང་། དེ་ནས་གྲྭ་པ་རྣམས་འདས་གྲོངས་སུ་ཕྱིན་རིགས་སྦྱིན་སྲེག་བྱེད་ས་ཞིག་ཡོད་པ་དེར་གདན་ཞུས་ཀྱིས་སྦྱིན་སྲེག་བྱེད་ཀྱི་ཡོད་འདུག ཁྱོན་མི་མང་ཉིས་སྟོང་ནས་སུམ་སྟོང་བརྒལ་བ་འདུ་འཛོམས་ཀྱིས། ༸གོང་ས་མཆོག་གི་ཞབས་བརྟན་“གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །”ཅེས་པ་དབྱངས་སྒྲོག་དང་། མ་ཎི་འདོན་པ་སོགས་བྱས་དང་བྱེད་བཞིན་ཡོད་འདུག་པ་ལས། ཞིབ་ཕྲའི་གནས་ཚུལ་ལག་སོན་མ་བྱུང་། གཞན་ཡང་རེབ་གོང་རོང་འབྲོག་ཁུལ་དུ་རྫོང་དང་ཞང་སྲིད་གཞུང་གི་ལས་བྱེད་ཚོས་ས་གནས་མང་ཚོགས་ནང་གཏམ་བཤད་འདྲ་མིན་སྤེལ་བ་དང་། ༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ། མི་མང་འདུ་འཛོམས་རིགས་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། རེབ་གོང་༼ཐུན་རིན༽རྫོང་བློན་ཆོས་ཞང་ཟེར་བའི་ལས་ཁུངས་ནས་ཡི་གེ་ཞིག་བཀྲམས་འདུག་པའི་ནང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནམ་རྒྱུན་སྲུང་སྐྱོང་བྱ་རྒྱུ། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ངོ་རྒོལ་བྱ་དགོས་ཞེས་སོགས་བཀོད་འདུག་པ་ཟུར་གསལ་པར་ནང་གསལ་བ་འདི་ཡིན།
རྗེས་འབྲེལ་གནས་ཚུལ་འབྱོར་དོན་ལྟར་ན། རེབ་གོང་༼ཐུན་རིན༽རྫོང་དུ་དྲ་རྒྱའི་སྐུད་ལམ་ཡང་བཅད་ཡོད་འདུག་ལ། དེ་རིང་དགོང་མོར་མདོ་བ་ས་ཁུལ་དུ་ཁ་པར་བརྒྱུད་ལམ་དང་གློག་བཅད་ཡོད་འདུག་སྟབས། ས་གནས་ཀྱི་མི་མང་གིས་ད་ནི་རྒྱ་ནག་གཞུང་གིས་དྲག་གནོན་བྱས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག་སྐད་པ་བཅས་ཀྱི་གནས་བསྡུས།
རྗེས་འབྱོར་གནས་ཚུལ་ཁག་༼ཁ་བརྡ༽་དྲ་དེབ་སྟེང་སྣོན་འགོད་ཞུ་རྒྱུ་བཅས།
གནས་ཚུལ་ཕྱོགས་སྒྲིག་པཿ བོན་རྒྱ་བསྟན་འཛིན་རབ་རྒྱས།
དཔའ་བོའི་འདོད་དོན་འགྲུབ་པར་ཤོག
ཚེ་སྲོག་གི་མགྲོན་ཤོག
ཕྱི་ཕྱོགས་བོད་མི་ཚང་མ་བླ་མ་དང་དཔོན་པོ་གང་རུང་གིས་དབུ་ཁྲིད་པའི་ལམ་ནས་ས་གནས་སོ་སོ་ནས་སྐྱིད་སྡུག་གི་སྐྱབས་བསྟན་ཞུ་རྒྱུ་གལ་ཆེན་ནང་གི་གལ་ཆེན་རེད་འདུག་ན། མི་སེམས་བསྡུ་བའི་ནུས་བ་ཅན་ཚོས་མཇུག་འབྲས་མཐའ་ཡོད་ཀྱི་དཔུང་རོགས་འཚོལ་བའི་དུས་གལ་ཆེན་ཡིན་པས་ན། ད་མ་འདུག་མགྱོགས་པོ་མགྲིན་གཅིག་དབྱངས་གཅིག་གིས། བློ་གཅིག་སེམས་གཅིག་གིས་རྒྱ་རྒན་ཚང་ལ་མྱི་གྱོད་རྩོད་ཐུབ་ན་བརྩད། ཤོད་ཐུབ་ན་བཤད་པའི་དུས་ཡོལ་ས་མེད་པ་ཞིག་ཡིན་པས་ན། གཅིག་གི་རྗེས་ལ་དཔུང་ཞིག་སྒྲིག་རྒྱུ་ཡོད་པར་མཁྱེན། ད་འདུག་ཚད་ཞིག་མ་རེད། དབུ་ཁྲིད་ནིའི་དཔོན་ཞིག་ཡོད་ན། རྗེས་འདེད་ནིའི་མྱི་ཞིག་མེད་ན་དཀོན་མཆོག་གསུམ།
སེམས་སྡུག་ནས་ཚར་སོང་ཟིག།
སྤོ་ལངས་ནས་མི་བལ་འི།།
སྙིང་མེད་རུང་ཚུགས་ཀ་ཞིག།
དགྲ་རྒྱ་ལ་བལྟན་འདོད་འདུག།
བོད་མི་རིགས་ཀྱི་དགྲ་བོ་རྒྱ་མིས་ཀྱང་”རྒྱུན་མཐུད་ཀྱི་མེར་སྲེག་འདི་ཉིད་རྩ་བ་ནས་ཁས་ལེན་མེད།”འདི་འདྲ་བཤད་ཡོད་མ་རེད་ད། རེབ་སྐྱིད་མཚོས་དེ་འདྲ་བཤད་པས་མ་ཚད། ཁྱིམ་མཚེས་ཀྱི་ཁྱི་ཤི་ནའང་མྱ་ངན་ཞག་མ་གསུམ་ཟེར་བའི་བོད་ཀྱི་ཡ་རབས་བཟང་སྤྱོད་ལས་ལྡོག་སྟེ་འུག་པའི་ཧ་བགད་འདྲ་བ་ཧཧཧཧཧཟེར་སོང་ང་།
བོད་མི་ཚང་མ་སྡེབ་ལངས་དང་སྲིད་སྐྱོང་མཆོག་གིས་འགོ་ཁྲིད་གནང་རོགས། ད་ངོ་མ་ལྷོད་ལྷོད་འདུག་ས་ཞིག་མེད་པ་བོད་མི་ཚང་མའི་ཤེས་དགོས་པའི་དུས་ལ་བབ་འདུག མི་ཤི་བ་རེདམ་གཏོགས་ཁྱི་ཤི་བ་མ་རེད། ད་དུང་བོད་མི་ཚོ་གཉིད་ཁུགས་ནས་འདུག་རྒྱུ་ཡིན་ནམ།ལོངས་ཤོག་ལོངས་ཤོག བོད་མི་ཚོ།
ཧ་ཧ་ཧ། རེབ་སྐྱིད་མ་སྨྱོས་ཡོད་པ་འདྲ། རེབ་གོང་ནས་ཡིན་ལྷག་དུ་སྨྱོས་ཡོད་པ་འདྲ། ཁད་མཚར། དེང་སང་གི་ཀླད་སྟོང་འདི་ཚོ།
མི་ཤི་བས་མ་ཚད་རྒྱ་མིས་དམར་གསོད་བཏང་བ་རེད།
རང་གི་རྩ་ཆེ་བའི་ཚེ་སྲོག་བློས་གཏོང་གི་ཡོད་པ་རེད། འདི་ནི་ཅི་འདྲའི་ཁྱད་དུ་འཕགས་ཤིང་དྲི་མ་མེད་པའི་བསམ་བློ་ཞིག། འདི་ནི་ཅི་འདྲའི་ཚད་འཇལ་དུ་མེད་པའི་སྙིང་སྟོབས་ཤིག། བོད་སྤྱི་ཚོགས་འདི་བདེན་དོན་དང་མངོན་འདོད་ཕྱོགས་སུ་ཁ་ལོ་བསྒྱུར་ཆེད་ཁོང་ཚོས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས་རང་རང་གི་གཅེས་པའི་ལུས་སྲོག་ཕངས་མེད་དུ་བློས་གཏོང་བའི་ངང་ཚུལ་མཐོང་དུས། ང་ཚོས་ཁོང་རྣམ་པར་ཡི་རང་གུས་འདུད་ཞུ་རྒྱུ་ལས་གཞན་མེད། ད་དུང་སྐྱོན་ཡོན་གྱི་རྣམ་པ་གང་རུང་དུ་འཇོག་པའི་འོས་བབ་དང་ཐོབ་ཐང་ག་རེ་ཡོད་དམ། ཁོང་རྣམས་པའི་མངོན་འདོད་འགྲུབ་པར་ཤོག།།
དཔའ་བོ་དཔའ་མོ་ཚོ་བཤུད་ཤུལ་ནས་
ཧཧཧཧ་དགོད་པ་ནི་ལྟས་ངན་མ་ཡིན་ནམ།
རྒྱལ་གཅེས་དཔའ་པོ་ཁོང་རྒྱལ་གྱུར་ཅིག།
འགྲོ་བ་མིའི་རང་དབང་དང་མི་རིགས་འདྲ་མཉམ། སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པ་ནི་བོད་མི་རིགས་གསོན་གནས་ཀྱི་འགག་རྩར་ཐུག་པས། དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བློས་གཏོང་གི་རེ་འདུན་ནི་ཚེ་ཚེ་རབས་རབས་སུ་གནས་བར་ཤོག །འགྲུབ་པར་ཤོག །ས་མ་ཡང་རྒྱ། གཏེར་རྒྱ། ཐིམ་རྒྱ།
སྤྱིར་མེ་སྲེགས་ལས་འགུལ་འདི་མཚམས་ཆད་པའི་རེ་བ་སྨོན་ལམ་འདེབས་བཞིན་ཡོད། གལ་སྲིད་ད་རུང་ཡང་འབར་ཚེ། ཡང་ན་ནམ་མཁས་བཤད་པ་ལྟར་གསོལ་བ་ཕུར་ཚུགས་སུ་འདེབས་རན་འདུག ཡང་མིན་ན་ཤར་ཁུག་གིས་བཤད་པ་ལྟར་སྡེབས་ལངས་བྱེད་རན་འདུག་པས
ངའི་ཕ་ཡུལ་མཚོ་བྱང་བ་ཚོ།།རེབ་གོང་དང་རྔ་བ་སོགས་སུ་འབར་བའི་སྙིང་སྟོབས་ཀྱི་མེ་ལྕེ་ལ་ལྟད་མོ་ལྟས་ནས་མ་འདུག་རོགས་ཚང་མ་ལོངས་ཤོག ད་ལོངས་ཤོག མཚོ་ལྷོ་ཆབ་ཆ་བ་ཚོ་མགོ་སྒུར་ནས་གཉའ་འཁུམ་ནས་མ་འདུག་ལོངས་ཤོག ད་ལོངས་ཤོག ལྷ་ས་བ་ཚོ་མདོ་སྟོད་སྨད་གཉིས་ལ་བལྟད་མོ་ལྟས་ནས་མ་འདུག ལོངས་ཤོག
ད་ལོངས་ཤོག ཚང་མ་ལོངས་ཤོག བོད་མི་ས་ཡ་དྲུག་གི་འགན་རེབ་གོང་དང་རྔ་བ་བླ་བྲང་གཙོད་ཁམས་ཀྱི་ས་ཁུལ་སྐོར་ཞིག་གི་ཐོག་ཁོ་ན་ཡོད་པ་མ་རེད།ཆོལ་ཁ་གསུམ་གྱི་མི་དམངས་ཀྱི་ཕྲག་སྟེང་ལ་ཡོད།གཞི་བྱེས་གཉིས་ཀ་ལོངས་ཤོག ད་ལོངས་ཤོག ལྷག་པར་ལྟད་མོ་ལྟས་ནས་མ་འདུག་རོགས ལོངས་ཤོག་ལོངས་ཤོག ད་ལོངས་ཤོག
རེབ་གོང་ལ་ད་ལྟ་དགོང་མོ་དྲ་རྒྱའི་སྐུད་ལམ་ཡང་བཅད་ཡོད་འདུག་ལ། དེ་རིང་དགོང་མོར་མདོ་བ་ས་ཁུལ་དུ་ཁ་པར་བརྒྱུད་ལམ་དང་གློག་བཅད་ཡོད་འདུག་མ་ཟད་ལན་ཀྲིག་ནས་དམག་མི་མང་པོ་ཡོང་བཞིན་འདུག་ཟེར་་
https://www.facebook.com/?ref=tn_tnmn#!/TIBNEWS
རེབ་སྐྱིད་མཚོ་ལགས་ ཁྱེད་རང་གི་ག་རེ་འདོད་ན་འདོད་ གངས་ཅན་པའི་དཔའ་རྒོད་འདས་པོ་དེ་དག་གི་སྙིང་སྟོབས་དང་ཆོད་སེམས་ལ་བལྟས་ན་བོད་མི་རིགས་དང་རིག་གཞུང་དེ་བཞིན་རང་དབང་དང་བསྟན་སྲིད་ཀྱི་ཁྱེད་དུ་རང་ཉིད་ལ་ཆེས་གཅེས་པའི་ལུས་སྲོག་དེ་ཉིད་ཀྱང་བློས་བཏང་བ་ལ་ ང་ཚོ་འདྲ་བ་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་ཉིན་གཅིག་གི་ལྟོག་སྐོམ་ཙམ་ཡང་བཟོད་མི་ནུས་པ་དག་གིས་དེ་ལྟར་བྱེད་འོས་དང་མི་འོས་ཀྱི་བཤད་ཡམ་བྱེད་པ་ནི་ཤིན་ཏུ་ཐ་ཆད་པར་སེམས་སོ།། ཧ་ཧ་རྒོད་པ་དེ་ག་རེ་ཡིན་ནི་མི་ཤེས་་་་་་་་་
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » བཙན་བྱོལ།
གཞོན་ནུའི་ཚོཊ་གཙོ་འཇུ་བཟུང་།
འདོན་སྤེལ། ༢༠༡༢/༡༡/༡༢
དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོཊ་གཙོ་ཚེ་དབང་རིག་འཛིན་གཙོས་གཞོན་ནུའི་ལས་འགུལ་བ་བཅུ་གསུམ་གྱིས། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་ཏེ་འཇུ་བཟུང་བྱས་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་ཉིན་རྒྱབ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་གཙོས། ལྡི་ལི་ས་གནས་གཞོན་ནུ་དང་རོ་ཧེ་ནེ་ས་གནས་གཞོན་ནུ་བཅས་ཀྱི་ལས་འགུལ་བ་ ༡༣ ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཕྱིན་ཏེ། བོད་ནང་གི་རང་ལུས་མེར་བསྲེགས་ལས་འགུལ་དང་། རེབ་གོང་ས་ཁུལ་གྱི་སློབ་ཕྲུག་གཙོས་པའི་མི་མང་གི་ངོ་རྒོལ་བཅས་ལ་གདུང་སེམས་མཉམ་སྐྱེད་ཆེད་ངོ་རྒོལ་ལས་འགུལ་སྤེལ་བར། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ཆཱ་ནཱ་ཀེབ་པུ་རེ་ (Chanakyapuri) ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག
ལས་འགུལ་བ་ཚོ་འཇུ་བཟུང་མ་བྱས་གོང་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པའི་ནང་། བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་ནི། ཚད་མཐོའི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པ་དང་། རང་ལུས་མེར་བསྲེགས་གནང་མཁན་བོད་མི་ཚོས་སོ་སོའི་ལུས་ཡོངས་རྫོགས་མེ་རུ་འབར་བཞིན་༧གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་བཙན་དགོས་ཞེས་འབོད་ཚིག་སྒྲོག་གི་ཡོད། ཅེས་བརྗོད་ཡོདའདུག
ཡང་ཁོང་གིས་མུ་མཐུད་ད་ལྟ་ཚོགས་བཞིན་པའི་སྐབས་ ༡༨ པའི་རྒྱ་ནག་དམར་ཤོག་ཚོགས་ཆེན་སྟེང་། རྒྱ་ནག་གི་མགོ་ཁྲིད་གསར་པ་ཞིའུ་ཅིན་ཕེན་གྱི་མགོ་ཁྲིད་འོག རྒྱ་གཞུང་གིས་བོད་ཡུལ་དེ་སོ་སོའི་བདག་པོ་ངོ་མ་བོད་མིར་ཕྱིར་སྤྲོད་ཐག་གཅོད་ཀྱི་ལས་དོན་བསྒྲུབ་དགོས་ཞེས་བསྒྲགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྲིད་གཞུང་དག་གི་མགོ་ཁྲིད་ཚོ་ལོ་རྒྱུས་ཀྱི་བདེན་པའི་ཕྱོགས་སུ་ལངས་ཏེ། བོད་མིའི་རང་དབང་རང་བཙན་བྱ་རྒྱུའི་མངོན་འདོད་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་དང་། འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས།རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ཁང་སོ་སོའི་མདུན་ནས། ༧གོང་ས་མཆོག་ཕྱིར་བོད་དུ་གདན་ཞུ་བྱ་དགོས་པ་དང་བོད་ལ་རང་བཙན་དགོས་པའི་འབོད་ཚིག་སྒྲོག་དགོས་པའི་འབོད་སྐུལ་ཀྱང་གནང་འདུག
གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༩༤༥ ལ་བཀླགས་འདུག
རིག་པ་འདོན་པ།
བསམ་གླིང་ཚེ་རིང་ལྷ་མོ།
༢༠༡༢/༡༡/༡༢ ཉིན་འདོན་སྤེལ་བྱས། ཚོགས་གཙོ་མཆོག་ནས་གཙོས་པའི་ལས་འགུལ་བ་ཡོངས་ལ་རྒྱབ་སྐྱོར་ཡོད།
ཀརྨ་རྡོ་རྗེ།
༢༠༡༢/༡༡/༡༢ ཉིན་འདོན་སྤེལ་བྱས། འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས།རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ཁང་སོ་སོའི་མདུན་ནས། ༧གོང་ས་མཆོག་ཕྱིར་བོད་དུ་གདན་ཞུ་བྱ་དགོས་པ་དང་བོད་ལ་རང་བཙན་དགོས་པའི་འབོད་ཚིག་སྒྲོག་དགོས་པའི་འབོད་སྐུལ་ཀྱང་གནང་འདུག ཟེར།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
འདི་ནང་མེ་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་མི་འཇོག་སྐད་ཙམ་ཉིན་ནས་མཚན་མཐུད་དེ་བཤད་ནས་སྡོད་ཀྱི་འདུག ཅི་འདྲའི་མི་ཀླད་ཆུང་རྐྱང་རྐྱང་རེད་མི་འདུག་གམ། ངོས་ཟིན་ཐོབ་དགོས་པ་ཞིག་ལ། བོད་མི་ག་ཚོད་ཀྱི་སྲོག་ཤོར་ནའང་ཁ་ཡ་བྱེད་མཁན་ཉུང་བའི་རྒྱུ་མཚན་ཤེས་པར་གྱིས་ཐོག་ནས། གནས་སྟངས་དེ་འགྱུར་བ་ག་འདྲ་གཏོང་དགོས་ཀྱི་ཡོད་མེད་ཐབས་ཤེས་བཙལ་དགོས་པ་རེད། དེ་ཐོག་བློ་སེང་སོགས་རྡ་སའི་འགན་ཡོད་ཚོར་ནན་འདེད་དང་དྲན་གསོ་བྱེད་དགོས་པ་རེད། མདང་དགོས་ངས་བཤད་ཡོད། བོད་དོན་ཁོར་ཡུག་དང་འབྲེལ་བའི་ནས་རྩོད་ཀྱི་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཐོག་ནས་རྩོད་ཤེས་ཡོད་པ་རེད། འཛམ་གླིང་ཞི་བདེ་དང་སྦྱར་ནས་རྩོད་ཤེས་ཡོད་པ་རེད། འོན་ཀྱང་བོད་དོན་དེང་སྐབས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་འབྲེལ་དང་སྦྱར་ནས་རྩོད་ཐུབ་ཀྱི་ཡོད་པ་མ་རེད། དེའི་ཕྱིར་བོད་གཞུང་གིས་བོད་དོན་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་ལས་དང་འབྲེལ་བ་བཟོ་ཐུབ་བྱེད་དགོས་པ་རེད། དེ་ནི་ཁྱེད་ཚོར་རྨི་ལམ་ཞིག་བཤད་ཀི་ཡོད་པ་ནང་བཞིན་ཉན་རིན་ཡོད་པ་ཞིག་ཏུ་གོ་གི་མ་རེད། འོན་ཀྱང་ང་ཚོས་རྣམ་དཔྱོད་ནས་ཞིབ་འཇུག་བྱེད་ཐུབ་ན། ནན་ཏན་ནུབ་ཕྱོགས་མི་མང་ལ་སྐུལ་སློང་བྱེད་ཐུབ་ཀི་རེད། དཔལ་འབྱོར་དང་ཚོང་འབྲེལ་འདི་ཕྱི་གསལ་ནང་གསལ་དང་དྲང་པོ་རྩ་བ་ནས་ཡོད་པ་མ་རེད། གཙོ་བོ་ཕྱུག་བདག་དང་སྲིད་དོན་ཆེན་པོས་མི་མང་ལ་གྱོང་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། དེའི་ཕྱིར་ང་ཚོས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་མི་མང་དང་མཉམ་བྱས་ནས། རྒྱ་ནག་གི་ཅ་ངོས་ཉོ་སྤྱོད་རྩ་འགོག་ཐུབ་པ་ཡིན་ན། ཡོ་རོབ་དང་ཨ་རིའི་མི་མང་ལ་ཁེ་ཕན་ཆེན་པོ་ཐོབ་པ་མ་ཟད། རྒྱ་དམར་གྱི་སྟོབས་ཤུགས་དང་ནུབ་ཕྱོགས་ཀྱི་སྲིད་དོན་པ་དང་ཕྱུག་བདག་ཚོ་ལའང་བཟོ་ལྟ་བཟོ་ཐུབ་ཀི་རེད་དྲན་གི། འོན་ཀྱང་འདི་མི་ཕལ་བ་ཞིག་གིས་བསྒྲུབ་ནུས་པ་ཞིག་མ་ཡིན་པར་བོད་གཞུང་དང་བཀའ་ཤག་གིས་བསམ་བློ་ཁོར་དགོས་པ་ཞིག་རེད། ག་རེ་བྱས་ནས་ཉེ་བའི་ལོ་འགའི་ནང་རྒྱ་ནག་འཕེལ་རྒྱུས་མགྱོགས་ཤོས་ཆགས་པ་དང་། ཡོ་རོབ་དང་ཨ་རིའི་མི་མང་ག་རེ་བྱས་ནས་ཉམས་ཆགས་དང་ལས་མེད་སྐྱོ་བོ་ཆགས་ཀི་ཡོད་པ་རེད་དམ། ཨ་རི་དང་ཡོ་རོབ་མི་མང་གྱོང་ཕོག་སྟངས་དེ་ང་ཚོས་ངོ་སྤྲོད་ཐུབ་ན་ཏན་ཏན་རྒྱལ་ཁ་རེད་དྲན་གྱི་འདུག ཡིན་ཡང་འདི་ནང་མི་ངན་ཀླད་ཆུང་རྐྱང་ལས་ཆེན་པོ་ཞིག་དང་། ལྷག་པར་བོད་ཀྱི་སུམ་དག་སྙན་གསུམ་ལས་བརྒལ་བའི་བརྗོད་གཞི་ཞིག་གི་ཐོག་ལ་གྲོས་བསྡུར་དང་བློ་བློ་བརྗེ་རེས་བྱེད་ནུས་མཁན་མི་འདུག འདི་ནང་སུམ་དག་སྙན་ཁོ་ན་ཕྲན་བུ་སྦྱང་བའི་རང་རློམ་རྐྱང་བ་ཁྱེར་ཡོང་མཁན་རྐྱང་ལས་མི་འདུག
རྒྱལ་གཅེས་པ་དག་གི་ཆེད་དུ་ཨོཾ་མ་ཎི་པདྨེ་ཧཱུྃཿ
ཉམས་ཆུང་བོད་པ་ཚོ། ཉམས་ང་མེད་པའི་སྙིང་སྟོབས་འདིས། ང་ཚོ་ནི་ནུས་མེད་ཉམས་ཆུང་ཞིག་མིན་པ་བསྟན་ཡོད། དུས་ལ་བབས་ན་སུ་ལ་ཡང་འདི་འདྲའི་སྙིང་སྟོབས་ཡོད་སྲིད། རྒྱ་གཞུང་གིས་འདི་ལྟར་སྣང་མེད་དུ་བཞག་ཚེ། ཉིན་ཞིག་འདི་གཞན་གྱིས་ཚེ་སྲོག་ལ་རྒོལ་བའི་ཕྱོགས་སུ་འགྲོ་མི་སྲིད་པ་མ་རེད། དེ་དུས་བོད་མི་གཅིག་གི་ཚེ་སྲོག་གིས་རྒྱ་མི་བཅུ་གྲངས་ཀྱི་ཚེ་སྲོག་ཁྱེར་ཆོག་ཆོག་ཡོད་པ་སྨོས་མི་དགོས་པ་ཞིག་རེད། འདི་ལྟར་བསམ་པ་ནི་ངའི་གུ་དོག་གི་ལྟ་ཚུལ་ཡང་ཡིན་སྲིད།
རང་དབང་ལུང་པར་བསྡད་ནས་སྡེབས་ལོང་བྱེད་དགོས་ཟེར་བ་དང། གཞུང་གི་སྣེ་ཁྲིད་བྱེད་རོགས་ཟེར་བ་ཁ་བདེ་པོ་མ་ཤོད། བོད་ནང་དུ་སྡེབས་ལངས་བྱས་ན་བོད་མི་རྣམས་སྟག་གི་ཁ་ལ་གཡུག་པ་དང་གཅིག་པ་རེད།་༡༨༨༩ ལོའི་དམངས་གཙོའི་སློབ་ཕྲུག་ཐོག་ལ་དྲག་གནོན་གང་འདྲ་བྱས་སོང། དེ་ནི་རྒྱ་ནག་གཞུང་གིས་རང་གི་མི་རིགས་ཐོག་ལ་བྱེད་སྟངས་ངན་པ་དེ་འདྲ་བྱེད་དུས་བོད་མིའི་ཐོག་ལ་གང་འདྲ་བྱ་རྒྱུ་ཡིན་པ་ཚོད་དཔགས་བྱེད་ཐུབ་པ་ཞིག་རེད། བོད་ཀྱི་དཀའ་ངལ་དེ་ནི་རྒྱ་ནག་གཞུང་གིས་དྲག་གནོན་དང་སྡུག་རྩུབ་འོག་ལ་བཟོད་ཐབས་བྲལ་ཏེ་རང་ལུས་མེ་བསྲེག་བཏང་བ་རེད་མ་གཏོགས་སྣེ་འཁྲིད་དགོས་པའི་ལས་འགུལ་ཞིག་མ་རེད།་བཙན་བྱོལ་ནང་དུ་ཡིན་ན་སྣེ་འཁྲིད་དགོས་ངེས་རེད། འགུལ་སྤེལ་ནང་བཞུགས་རོགས་བྱེད་ཟེར་དགོས་ཀྱི་ཡོད་པ་རེད། ངའི་བསམ་པར་གནད་འགག་གཙོ་བོ་ནི་སྲིད་སྐྱོང་ནས་༧གོང་ས་ཡིད་བཞིན་ནོར་བུ་བོད་ལ་གདན་དྲངས་རྒྱུ་ཡིན་ཤོད་པ་དེ་མཚམས་འཇོག་བྱ་དགོས་འདུག འགྲུབ་ཐབས་མེད་པའི་བྱ་བ་ཡང་ཟློས་བསྐྱར་ཟློས་བྱས་ན་བོད་ནང་གི་བོད་མི་ཚོར་དཀའ་ངལ་བཟོ་གི་རེད། ཡིད་བཞིན་ནོར་བུ་བོད་དུ་གདན་དྲངས་ཐུབ་ཀྱི་ཡོད་ན་ཟམ་གདོང་རིན་པོ་ཆེས་སྔ་ས་ནས་གསུངས་ཟིན་ཡོད་ཀྱི་རེད། ཟམ་་གདོང་རིན་པོ་ཆེས་དེ་འགྲུབ་ཐབས་མེད་པ་དང་བོད་ནང་གི་བོད་མི་ཚོར་མགོ་སྐོར་བ་ཞིག་ཡིན་པ་མཁྱེན་ནི་རེད།་བོད་ནང་གི་བོད་མི་ཚོ་འུ་ཐུག་པའི་སྒང་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་རྒྱུད་མངའ་མེད་པ་ཁར་སྲིད་སྐྱོང་གིས་ཡིད་བཞིན་ནོར་བུ་བོད་ལ་གདན་དྲངས་རྒྱུ་ཡིན་གསུང་པ་དེས་བོད་མི་ཚོའི་སེམས་ནང་མགྱོགས་པོ་ཞིག་ཡོང་རྒྱུའི་རེ་བས་ཁེངས་ནས་ཡོད་པ་རེད། ལྟ་དུས་ཚོད་ཛ་དྲག་ཏུ་འགྲོ་གི་འདུག་པས་དྲ་རྒྱའི་ཐོག་ཡིག་གེ་བསམ་ཚུལ་བཤད་ན་བསྡད་ན་བོད་གཞུང་གིས་ཀློག་གི་མ་རེད།་དེ་ལས་བསམ་ཚུལ་རྣམས་བཀའ་ཤག་ཡེ་གེ་བཏང་ན་དངོས་ནས་ཕན་ཐོག་ཡོང་གི་རེད་བསམ་གྱི་འདུག ཨ་རི་དང་ཨེ་ཤི་ཡ་རླུང་འཕྲིན་ནང་རྒྱལ་སྤྱིས་བོད་དོན་ལ་རྒྱབ་སྐྱོར་བྱས་རབས་དང་སྲྲིད་སྐྱོང་གིས་ཨ་རི་དང་ཡོ་རབ་གཞུང་དང་གྲོས་ཚོགས།་ཆབ་སྲྲིད་མི་སྣ་སོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཧ་ལས་པའི་ཡག་པོ་བྱེད་རབས་ཤོད་ཀྱི་ཡོད་པ་རེད། བློ་ཟུར་བོ་གནས་པའི་ཞིབ་འཇུག་པས། ཨ་རིས་གཙོས་པའི་རྒྱལ་སྤྱིས་བོད་དོན་ལ་རྒྱབ་སྐྱོར་བྱས་པ་ཡག་པོ་རེད་མོས་ཀྱང་བོད་ནང་དུ་རང་ལུས་མེ་སྲྲེག་གཏོང་བ་སོགས་ཛ་དྲག་གི་དཀའ་ངལ་སེལ་ཐབས་ལ་ནུས་པ་ལྡན་པའི་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་ཁ་ཡོད་ལག་ཡོད་ཀྱིས་གནོན་ཤུགས་སྤྲོད་དགོས་པ་གསུང་བཞག དེ་ཚོ་གནས་ཚུལ་དངོས་གནས་ཞིབ་འཇུག་བྱས་པའི་བསམ་འཆར་རེད།་
གྲོགས་པོ་ཚོ་ང་ཚོས་ཅི་ཞིག་བྱེད། བོད་ནང་དུ་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་གི་བོད་མི་རིགས་དང་རིག་གཞུང་གི་ཆེད་རང་བསྲེགས་མཚམས་མ་ཆད་བར་བྱེད་གྱིན་འདུག། བཙན་བྱོན་ནང་དུ་དྲག་འགལ་ཅི་ཡང་མེད་པར་འཇམ་ཐེངས་ངེར་བསྡད་འདུག་པའི་ངོ་མ་ཡ་མཚན་ལ། གཅིག་བྱེས་ན་བཙན་བྱོལ་ནང་དུ་མདོ་སྨད་གྱི་མི་མང་པོ་མེད་པའི་རྐྱེན་ཡིན་ནམ། གང་ལྟར་ཡ་མཚན་ཞིག་རེད།
བོད་མི་རིགས་ཀྱི་རང་དབང་དང་། འཐོབ་ཐང་། བདག་དབང་། སྐད་ཡིག། འཁོར་ཡུག་བཅས་པའི་དོན་དུ་ཡོད་ཚད་བློས་བཏང་གནང་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ལ་སྙིང་ནས་གུས་བཏུས་ཞུ། ཁྱེད་རྣམས་ཀྱི་མཛད་རྗེས་ནི་ཇི་སྲིད་བསྐལ་པའི་བར་དུ་གནས་ངེས་ཡིན། འོན་ཀྱང་ངས་ནི་ཅི་ཞིག་ལས་དགོས་མིན་མི་ཤེས་ལ་ཅི་ཡང་མི་འཇོན་པས་རང་ཉིད་ལ་སྡུག་ཤི་རྒྱོབས་ཞེས་སྨོད་ངན་བོར་རྒྱུ་མ་གཏོགས་ཅི་ཡང་མི་འདུག།
་ ༄ ཡ་ ཥ་ཁྲག་རུས་གསུམ་ཅིག་པའི་བོད་མི་ཡོད་དོ་ཅོག་མ་འོང་པའི་མདུན་ལམ་དང་ཕུག་བསམ་གཅིག་པའི་རང་རིགས་ཀྱི་སྤུན་ཟླ་ཚོ་ ང་རང་ཚོའི་ཕ་ཡུལ་གངས་ཅན་ལྗོངས་དེར་རྒྱ་དམར་གྱི་བཥས་རལ་དུ་སྒྱུར་སོང་ ཕྱི་ལོག་དུ་གནས་བསྡོད་བོད་མི་ཡོད་དོ་ཅོག་ རང་དོན་ཁོ་ནར་ཆེད་འགོ་འཁོར་ནས་བསྡད་ན་ག་ལ་འགྲིག་ང་རང་སོ་སོའི་ལུང་པ་ག་པར་བསྡད་ཡོད་ན་དེར་ རྒྱལ་ཚོགས་ཀྱི་ལས་ཁུང་དང་རྒྱ་དམར་གྱི་གཞུང་འཚབ་མེད་ས་མེད་དུས་དེར་ཡོད་ཚོགས་པ་དང་སྐྱིད་སྡུག་གྱི་སྣེ་ཁྲིད་ནས་ལས་འགུར་གང་མང་སྤེལ་བ་དང་དུས་གཅིག་སྡེབ་ལང་བྱེད་ནས་རང་རང་སོ་སོའི་ལས་འགན་ཁུར་ཏུ་གླང་ནས་ནུས་པ་དུས་ཅིག་ཏུ་འདོན་རྒྱུ་འདི་ནི་ང་རང་ཚོའི་ མི་རིགས་འདི་ཥི་གསོན་གྱི་འཚམ་འདིར་ཧ་ཅང་གལ་ཆེ་བར་བསམ་། གལ་སྲིད་ནོར་འཁྲུལ་འདུག་ན་དགོང་སེལ་ཞུ་བདག་ལ་སློབ་སྦྱོང་དང་ཥེས་ཡོན་་གང་ཡང་མེད་ཀྱང་ སེམས་ཀྱི་ན་ཟུག་བཟོད་ཋབས་དྲལ་་ནས་ཞུ་དགོས་བྱུང་།
གངས་ཅན་འགྲོ་བའི་སྐྱེ་རྒུའི་རང་དབང་ཆེད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་དོར་བའི། །
དཔའ་བོ་དང་ནི་དཔའ་མོའི་ཚོགས་རྣམས་ནི། །
ནུབ་ཕྱོགས་བདེ་ལྡན་ཞིང་དུ་མྱུལ་སྐྱེ་ཤོག །
སྟག་སྨྱོན་ལགས།
སྐུ་ཉིད་ཀྱི་སེམས་ཤུགས་ལ་རྒྱབ་སྐྱོར་ཡོད་འོན་ཀྱང་། ཨ་རིས་གཙོས་པའི་ནུབ་ཕྱོགས་པ་ཕལ་ཆེ་བས་རྒྱ་ནག་དང་ཚོང་འབྲེལ་བྱེད་རྒྱུ་འདོད་མོས་རང་བཞིན་དང་སྤྲོ་སྣང་རང་བཞིན་ལྡན་པ་ཞིག་ཡོད་ཚོད་མ་རེད། རྒྱུ་མཚན་ཀྲུང་གོ་འབྱོར་ལྡན་ཅན་དུ་གྱུར་ནས་ཨ་རིས་གཙོས་པའི་ནུབ་ཕྱོགས་པ་ཚོའི་ཁ་གཏད་དུ་ལངས་རྒྱུའི་དམིགས་འབེན་བཟུངས་ཡོད་པ་རེད་ལ་ནུབ་ཕྱོགས་པ་ཚོས་ཀྱང་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་ཁོ་ཚོས་བཅོས་མའི་རྣམ་འགྱུར་དེ་ཀྲུང་གོར་བསྟོན་གྱི་ཡོད་པ་རེད་ལ་ཀྲུང་གོས་ཀྱང་རང་ཉིད་ཀྱི་གདུག་རྩུབ་ཡོད་དགུ་ཐལ་འགེབས་ཆེད་ནུས་ཤུགས་ཡོད་ཚད་ཚོང་འབྲེལ་ལ་བཏང་ནས་ཆབ་སྲིད་ཀྱི་གནད་དོན་ཐམས་ཅད་ཚོང་འབྲེལ་གྱིས་དཔལ་འབྱོར་ལ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། བྱས་ཙང་ད་ཆ་ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་མང་པོ་ཞིག་དཔལ་འབྱོར་ཉམས་རྒུད་ཀྱིས་རྒྱ་ནག་ལ་བུན་གཡར་འོག་བུ་ལོན་གྱི་དོང་དུ་ཚུད་ཡོད་པ་རེད་ལ་རྒྱ་ནག་འདོད་ཐོག་ལ་རྟ་རྒྱུགས་བཞིན་པའི་སྒང་རེད། དེ་གནད་དོན་གཅིག་རེད།
མ་གཞི་ཨ་རིས་གཙོས་པའི་ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱིས་ཕྱུག་བདག་ཚོས་དཔལ་འབྱོར་ཁེ་ཕན་ཁོ་ན་མ་གཏོགས་བསམ་བློ་གཞན་གཏོང་གི་མེད་པ་རེད། བྱས་ཙང་ཀྲུང་གོས་འཁོར་ཡུག་ལ་ཅི་ཡང་བསམ་བློ་མི་བཏང་བར་ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་ཕྱུག་བདག་ཚོ་རྒྱལ་ནང་དུ་མ་འཇོག་བྱེད་དུ་བཅུགས་ནས་ནུབ་ཕྱོགས་བཟོ་གྲྭ་མང་པོ་རྒྱ་ནག་ཏུ་གནས་སྤོར་བྱས་ཡོད་པ་རེད་ལ། བཟོ་གྲྭའི་ལས་མི་ཚོར་གླ་ཆ་ཉུང་ཉུང་ལས་སྤྲོད་མི་དགོས་པ་མ་ཟད་ཆུ་ཚོད་མང་པོ་ཚད་འགལ་གྱི་ལས་ཀ་ལས་འཇུག་གི་ཡོད་པ་རེད།
དཔེར་ན་ནུབ་ཕྱོགས་སུ་བཟོ་གྲྭའི་ལས་མི་ཚོར་གླ་འཕོག་མཐོ་པོ་སྤྲོད་དགོས་པ་རེད། མ་ཟད་ནུབ་ཕྱོགས་ཆབ་སྲིད་ཀྱི་ཁ་ལོ་ཤུགས་ཆེ་བ་བཟོ་ཚོང་ཕྱུག་བདག་ཚོས་འཇུས་ཡོད་པ་རེད། མ་གཞི་གཞུང་གི་ཡོང་འབབས་ཕལ་ཆེ་བ་བཅའ་ཁྲལ་སྒང་ནས་ཡོང་གི་ཡོད་ཙང་ཚོང་པ་ཚོས་གནོན་ཤུགས་ཞིག་སྤྲད་ཡོང་དུས་གཞུང་གིས་ཁོ་ཚོའི་ཁ་ལ་ཉན་གྱི་ཡོད་པ་རེད་ལ་མ་རྩ་རིང་ལུགས་ཀྱི་ལྟ་གྲུབ་ཡང་དེ་རང་རེད། དེས་ན་ནུབ་ཕྱོགས་གནད་དོན་དབྱེ་ཞིབ་མཁས་པས་བརྗོད་གསལ་ལྟར་ན་གོ་ལ་ཧྲིལ་པོ་འདིའི་དཔལ་འབྱོར་ཡོང་འབབས་བརྒྱ་ཆ་བརྒྱད་བཅུ་འབྱོར་ལྡན་གྲལ་རིམ་བརྒྱ་ཆ་ཉི་ཤུ་ཡིས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ལ། དཔལ་འབྱོར་ཡོང་འབབས་བརྒྱ་ཆ་ཉི་ཤུ་གོ་ལ་ཧྲིལ་པོའི་མི་འབོར་བརྒྱ་ཆ་བརྒྱད་བཅུས་བེད་སྤྱོད་བྱེད་ཀྱི་ཡོད་པར་བཤད། དེར་བརྟེན་ཆ་སྙོམས་དང་དྲང་སྙོམས་མེད་པའི་དཀའ་ངལ་འདི་ཆེ་རུ་མ་གཏོག་ཆུང་དུ་འགྲོ་རྒྱུ་ཁག་པོ་བྱས་པ་རེད་ལ། འབྱོར་ལྡན་ཕྱུག་བདག་ཚོ་ནི་ཀྲུང་གོ་དང་ཁྱི་སྤྱང་རྐུབ་འབྲེལ་གཏོང་གི་ཡོད་པ་མ་ཟད། ནུབ་ཕྱོགས་པ་ཕལ་ཆེ་བ་རྒྱས་སྤྲོས་བྱེད་རྒྱར་དགའ་བར་བརྟེན་གནས་ཚུལ་གང་ལ་གང་ཙམ་ཤེས་ཀྱི་ཡོད་ཀྱང་སྣང་འཇོག་བྱེད་ཀྱི་མེད་པ་དེ་རེད། དེས་ན་བཙན་བྱོལ་སྒྲིག་འཛུགས་ཞིག་གིས་རྒྱལ་སྤྱིའི་ཚོང་འབྲེལ་ཁ་ཕྱོགས་བསྒྱུར་ཐུབ་རྒྱུ་ཁག་ཙམ་རེད། འོན་ཀྱང་ང་ཚོས་བཟོ་ཚོང་དེ་ཚོའི་མ་ལག་མདུན་དུ་ངོ་རྒོལ་ཤུགས་ཆེ་ཙམ་བྱེད་དགོས་པ་རེད་ལ་ཞི་བདེ་རྒྱ་མཚོའི་མཚོ་ལམ་ལ་ཡང་བལྟ་རྒྱུ་གཅིག་ཡོད་པ་རེད།
གསེར་འབྲུག་སྡེར་ལྔ་ལགས་ཁྱེད་ཀྱིས་གསར་འགྱུར་ཁ་ཟིན་སྣ་ཟིན་རེ་དང་། སྣ་ཐོས་ཀྱི་སྐད་ཆ་ཐར་ཐོར་རེ་ལག་འཆང་ནས་བཤད་ཀི་མེད་པའི་རེ་བ་ཡོད། ཁྱེད་ཀྱིས་བཤད་པ་དེ་བདེན་པ་ཡིན་ན། གོང་དུ་ངས་བཤད་པ་དེ་བདེན་ཚོད་འདུག དེ་འདྲ་ཡིན་ན་བོད་གཞུང་གོ་སྐབས་ཤིག་ཏན་ཏན་མཐོང་གི་འདུག ངས་བཤད་པའང་དེ་ག་རང་ཡིན། དེང་སྐབས་ཀྱི་རྒྱ་ནག་དང་རྒྱལ་སྤྱིའི་ཚོང་འབྲེལ་འདི་ཨ་རིའི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྱོར་ལྡན་གྲལ་རིམ་གྱི་ཁེ་ཤུགས་ཆེན་པོ་ཆགས་ཡོད་པ་ལས། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མི་མང་དཀྱིས་མ་རྣམས་ལ་ཁེ་ཕན་མེད་པ་ཟད། ལས་ཀ་ཤོར་བའི་རྒྱུ་ཆགས་ཡོད་པ་མཐོང་གི་འདུག ངས་ཁ་སང་ནས་བྲིས་ཡོད། ང་ཚོས་ནུབ་ཕྱོགས་སྲིད་དབང་ཁག་དང་ཕྱུག་བདག་ཚོའི་བསམ་བློ་འགུག་རྒྱུའི་ནུས་པ་ཡོད་མ་རེད། འོན་ཀྱང་ནུབ་ཕྱོགས་དཔལ་འབྱོར་གྱི་གོད་ཆགས་ཟེར་བའི་ནང་དོན་གཙོ་བོ་བཟོ་གྲྭ་མང་པོ་རྒྱ་ནག་ལ་སྤོར་སོང་བ་དང། སོ་སོའི་ལུང་བར་ལས་མེད་ཀྱི་གྲངས་ཀ་འཕར་ནས་དཔའ་འབྱོར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། བྱས་ཙང་ནུབ་ཕྱོགས་མི་མང་འབྲེལ་བ་མང་ཙམ་བྱས་ནས། རྒྱ་ནག་གི་ཅ་དངོས་མི་ཉོ་བའི་བསྐུལ་མ་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་ན་དྲན་ཡོད། དུས་ཚོད་ཀྱི་བྲེལ་བབ་ཆགས་དང་ལྷོད་ལྷོད་ཅིག་འབྲི་མི་ཐུབ་པས། ཁ་སང་ངས་བྲིས་པ་ཞིག་གཤམ་དུ་འཇོག་གི་ཡིན་ན། དེ་ཞིབ་ཙམ་ཀློག་ནས་གསལ་བཤད་ཅིག་གནང་རོགས། Don’t buy Chinese goods to save job and our freedom. ཡང་སྙིང་ངས་ནུབ་ཕྱོགས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་མི་མང་སྐུལ་འདི་རྒྱུ་མཚན་དང་གོ་རིམ་གསལ་བོའི་ཐོག་ནས་འགྲེལ་བཤད་བརྒྱག་ཐུབ་ན་བསམ་གི་འདུག
མ་ཟད་ཁ་སང་གསལ་བོ་བཤད་ཡོད། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཉམས་དེ་ནུབ་ཕྱོགས་ཀྱི་ཕྱུག་བདག་ཚོ་དང་སྲིད་དོན་པ་རྣམས། རྒྱ་ནག་གསུམ་གྱི་བཟོ་ཡོད་ཚོད་འདུག་ལབ་ཡོད། གང་ལྟར་ཀློག་དང་། ཡག་པོ་འབྲི་མ་ནུས་ཞིབ་ཏུ་ཀློག་ནས་ངའི་འཆར་སྣང་ཡིད་ལ་ཤར་བའི་ཐོག་ནས་གསལ་བཤད་ཅིག་གནང་རོགས།
ང་ཚོ་འདི་ལྟར་འགྲོ་མི་རུང་ཞེས་པའི་སྐོར་ལ་མཆན་ ༢༤ བཀོད་འདུག
༡༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༡ གི་ཆུ་ཚོད་ ༡༩ སྐར་མ་ ༣༠
བློ་བཟང་སེང་གེས་ལོ་གཅིག་རིང་ཕྱི་ལོགས་སུ་རྒྱུགས་རྒྱུགས་ནས་ཉམས་མྱོང་ཡག་་པོ་བསགས་ཡོད་མདོག་ཁ་བོ་རེད། ཕྱི་ལོགས་ལ་རེ་བ་ཁྱེར་ནས་ག་ཚོད་རྒྱུགས་ནའང་ཚུར་ལག་སྟོང་རེ་སྟོང་ངང་ཡོང་དགོས་པ་ཚོར་ཡོད་རྒྱུ་རེད། དེའི་ཕྱིར་ད་ནི་ལས་ཁུངས་ནང་བསྡད་ནས་བོད་ལ་ཕན་པའི་ལས་ཀ་ཞིག་བྱེད་དགོས་ཚོད་རེད། ངས་བསམ་པར་བོད་གཞུང་གི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་འབྲེལ་ལམ་ཡག་པོ་བྱས་ན། ང་ཚོར་བསམ་ཡུལ་འདས་པའི་སྟོབས་ཤུགས་རྙེད་མི་སྲིད་པ་མ་རེད། ངའི་འཕྲུལ་སྣང་ཡིན་སྲིད། གང་ལྟར་གཙོ་བོ་སྲིད་གཞུང་ཁག་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་ལས་བསམ་གྱི་མེད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་སེམས་ཁུར་བྱེད་ལོངས་ཡོད་པ་མ་རེད། ཨ་རི་དང་ཡོ་རོབ་བཅས་ལ་དེང་སྐབས་དཔལ་འབྱོར་གྱི་གནད་དོན་དེ་ཚོར་རྣོ་ཆགས་ཡོད་པ་རེད། དེ་ཡང་དཔའ་འབྱོར་ཉམས་ཆགས་ཟེར་ན། ངའི་བསམ་ཚུལ་ལ་ཨ་རི་དང་ཡོ་རོབ་ནང་བཟོ་གྲྭ་མང་པོ་སྒོ་བརྒྱབ་པ་དང་། སྤྱི་ཚོགས་ཐོག་ལས་མེད་ཀྱི་གྲངས་འཕར་བཞིན་པ་དེ་དཔལ་འབྱོར་ཉམས་ཆགས་ཀྱི་ནང་དོན་གཙོ་དེ་ཆགས་ཡོད་པ་འདྲ། དེའི་ཕྱིར་བཀའ་ཁྲིས་ཡིག་དབྱིག་ཡིག་གཙོའི་རྩོམ་པ་པོ་དང་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ། དཔལ་འབྱོར་ཆེད་མཁས་མི་སྣ་བཅུ་གྲངས་ཤིག་གིས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་ལ་ཞིབ་འཇུག་ཁང་ཞིག་ཟུར་འཛུགས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཆགས་འདུག ངས་རྨོངས་ཚོད་ལ་དམིགས་བསལ་དཔལ་འབྱོར་ཉམས་ཆགས་ཀྱི་རྩ་བ་རྒྱ་ནག་དང་། ནུབ་ཕྱོགས་ཀྱི་དཔོན་རིགས་དང་ཕྱུག་བདག་ཚོས་བཟོ་གི་མེད་འགྲོ་བསམ་གི། ཕྱུག་བདག་དང་དཔོན་པོ་ཚོས་ཁེ་ཕན་ལྡབ་འགྱུར་ཐོབ་ཆེད་བཟོ་གྲྭ་མང་པོ་རྒྱ་ནག་ལ་སྤོར་ནས། ཚོང་ཟོང་རྣམས་གོང་ཁེ་བོའི་ཐོག་ནས་མིག་ལ་མཛེས་མདོག་ཁ་བོ་ཕོན་ཆེན་པོ་བཟོས་ཏེ། ཕྱིར་ཡོ་རོབ་དང་ཨ་རི་རའི་ཁྲོམ་རར་གོང་ཆེན་པོ་བྱས་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་རེད། ཚོང་གི་ལམ་ལུགས་འདི་ནུབ་ཕྱོགས་ཁུལ་བཟོ་གྲྭ་མང་པོ་སྒོ་བརྒྱབ་ནས་ལས་མེད་མང་དུ་འགྲོ་བའི་རྒྱུ་མཚན་ཨང་དང་པོ་ཆགས་ཀི་མེད་འགྲོ་བསམ། ངའི་མཐོང་སྣང་འདི་བདེན་པ་ཡིན་ན། ང་ཚོས་ནུ་་ཕྱོགས་རྒྱལ་ཁབ་ཁག་སྲིད་གཞུང་དང་ཚོང་དཔོན་ཕྱུག་བདག་ཚོའི་བློ་འགུལ་ཐུབ་ཀི་མ་རེད། འདི་ལྟར་བསམ་ཡོང་དུས་བཤད་རྒྱུ་མང་དྲགཅས་ནས་མདོ་དོན་ལྡོག་ལྡོག་དེ་བཤད་མ་ཤེས་པ་ཆགས་ཡོང་གི་འདུག བྱས་ཙང་ལྡོག་ལྡོག་བཤད་ན། རྒྱ་ནག་དང་ཨ་རི། ཡོ་རོབ་གསུམ་གྱི་ད་ལྟའི་གཅིག་ལ་གཅིག་རྟེན་ཅན་གྱི་དཔལ་འབྱོར་གྱི་འབྲེལ་བ་འདི་ཕྱོགས་གཉིས་ཀའི་མི་མང་ལ་ཁེ་འབྲེལ་བ་མེད་པར། རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལམ་ལུགས་འདི་ཤུགས་ཆེ་བ་དཔོན་རིགས་དང་ཚོང་དཔོན་དང་ཕྱུག་བདག་ཚོར་ཁེ་ཕན་ཡོད་པ་ལས། ཡོ་རོབ་དང་ཨ་རིའི་མང་པོ་ལས་མེད་ཆགས་བྱེད་ཀྱི་ལམ་ལུགས་ཤིག་མིན་འགྲོ་བསམ། སྣང་ཚུལ་བདེན་པ་ཡིན། ང་ཚོས་དེ་ལ་ཞིབ་འཇུག་བྱས་ནུབ་ཕྱོགས་མི་མང་ལ་རང་ཉིད་ལས་མེད་ཆགས་དོན་དང་། རིམ་བཞིན་ལས་མེད་ཆགས་སྲིད་པའི་རྒྱུ་མཚན་མིག་སྟོན་ཐུབ་ན་ང་ཚོར་ཁེ་ཕན་ཡོད་པ་འདྲ། ནུབ་ཕྱོགས་ཀྱི་མི་མང་ལ་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་གཙོ་བོ་ག་བ་ཐུག་ཡོད་མེད་དང་། སུ་ཞིག་གི་ཁེ་ཕན་ནུབ་ཕྱོགས་ཁུལ་དཔལ་འབྱོར་ཉམས་ཆགས་ཡོང་གི་ཡོད་པ་ཞིབ་ཕྲའི་ལམ་ནས་ངོ་སྤྲོད་དང་དྲན་གསོ་བྱེད་ཐུབ་ན་ནུས་པ་ཞིག་ཐོན་ས་རེད་དྲན་གི། ངས་མི་སྒེར་ཁ་ཤས་ལ་ངག་ཐོག་་ནས་འདི་འདྲ་བཤད་དེ་ཚོད་ལྟ་བྱས་པ་ཡིན་པས་ཁོ་ཚོའི་བསམ་བློ་འགྱུར་བ་འགྲོ་གི་རེད། དཔེར་ན། Don’t buy Chinese goods to save your job and our freedom. ང་ནི་རྒྱལ་སྤྱི་ཚོང་དང་སྲིད་དོན་ཆེད་མཁས་མིན་པས་ཏག་ཏག་བཤད་ཁག་པོ་རེད།
བོད་དོན་ཁོར་ཡུག་འབྲེལ་བ་ཆགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་འབྲེལ་ཆགས་ཡོད་པ་རེད། འཛམ་གླིང་གི་བདེ་ཞི་བདེ་འབྲེལ་བ་ཆགས་ཡོད་པ། འོན་ཀྱང་དཔལ་འབྱོར་བོད་དོན་འབྲེལ་ཆགས་ཡོད་པ་མ་རེད། འགག་རྩ་འདི་ནས་ང་ཚོ་ཕམ་ཡོད་པ་རེད། བཀའ་ཤག་གིས་བོད་དོན་རྒྱལ་སྤྱིའི་ཚོང་ལས་དཔལ་འབྱོར་བ་ཡོད་པ་ཞིག་བཟོ་ཐུབ་ཆེད། རྒྱལ་སྤྱི་ཚོང་་འབྲེལ་དང་དཔའ་འབྱོར་འགྲོ་ལུགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ལག་ཆེན་པོ་རེད། དམིགས་ཡོ་རོབ་དང་ཨ་རའི་ནང་མི་མང་ལས་མེད་མང་པོ་ཆགས་པའི་རྒྱུ་རྐྱེན་བཙལ་རྒྱུ་ཁེ་ཕན་ཡོད་པ་ཞིག་ཏུ་མཐོང་གི་འདུག
༢༽ སྟག་སྨྱོན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༡ གི་ཆུ་ཚོད་ ༡༩ སྐར་མ་ ༤༤
བློ་བཟང་སེང་གེས་ལོ་གཅིག་རིང་ཕྱི་ལོགས་སུ་རྒྱུགས་རྒྱུགས་ནས་ཉམས་མྱོང་ཡག་་པོ་བསགས་ཡོད་མདོག་ཁ་བོ་རེད། ཕྱི་ལོགས་ལ་རེ་བ་ཁྱེར་ནས་ག་ཚོད་རྒྱུགས་ནའང་ཚུར་ལག་སྟོང་རེ་སྟོང་ངང་ཡོང་དགོས་པ་ཚོར་ཡོད་རྒྱུ་རེད། དེའི་ཕྱིར་ད་ནི་ལས་ཁུངས་ནང་བསྡད་ནས་བོད་ལ་ཕན་པའི་ལས་ཀ་ཞིག་བྱེད་དགོས་ཚོད་རེད། ངས་བསམ་པར་བོད་གཞུང་གི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་འབྲེལ་ལམ་ཡག་པོ་ཤེས་ན། ང་ཚོར་བསམ་ཡུལ་འདས་པའི་སྟོབས་ཤུགས་རྙེད་མི་སྲིད་པ་མ་རེད། ངའི་འཕྲུལ་སྣང་ཡིན་སྲིད། གང་ལྟར་སྲིད་གཞུང་ཁག་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་ལས་བསམ་གྱི་མེད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་སེམས་ཁུར་བྱེད་ལོངས་ཡོད་པ་མ་རེད། ཨ་རི་དང་ཡོ་རོབ་བཅས་ལ་དེང་སྐབས་དཔལ་འབྱོར་གྱི་གནད་དོན་དེ་ཚོར་བ་རྣོ་བོ་ཆགས་ཡོད་པ་རེད། དེ་ཡང་དཔའ་འབྱོར་ཉམས་ཆགས་ཟེར་ན། ངའི་བསམ་ཚུལ་ལ་ཨ་རི་དང་ཡོ་རོབ་ནང་བཟོ་གྲྭ་མང་པོ་སྒོ་བརྒྱབ་པ་དང་། སྤྱི་ཚོགས་ཐོག་ལས་མེད་ཀྱི་གྲངས་འཕར་བཞིན་པ་དེ་དཔལ་འབྱོར་ཉམས་ཆགས་ཀྱི་ནང་དོན་གཙོ་བོ་ཆགས་ཡོད་པ་འདྲ། དེའི་ཕྱིར་བཀའ་ཁྲིས་ཨིན་ཡིག་གཙོའི་རྩོམ་པ་པོ་དང་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ། དཔལ་འབྱོར་ཆེད་མཁས་མི་སྣ་བཅུ་གྲངས་ཤིག་གིས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་ཞིབ་འཇུག་ཁང་ཞིག་ཟུར་འཛུགས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཆགས་འདུག ངའི་རྨོངས་ཚོད་ལ་དམིགས་བསལ་དཔལ་འབྱོར་ཉམས་ཆགས་ཀྱི་རྩ་བ་རྒྱ་ནག་དང་། ནུབ་ཕྱོགས་ཀྱི་དཔོན་རིགས་དང་ཕྱུག་བདག་ཚོས་བཟོ་གི་མེད་འགྲོ་བསམ་གི། ཕྱུག་བདག་དང་དཔོན་པོ་ཚོས་ཁེ་ཕན་ལྡབ་འགྱུར་ཐོབ་ཆེད་བཟོ་གྲྭ་མང་པོ་རྒྱ་ནག་ལ་སྤོར་ནས། ཚོང་ཟོང་རྣམས་གོང་ཁེ་བོའི་ཐོག་ནས་མིག་ལ་མཛེས་མདོག་ཁ་བོ་ཕོན་ཆེན་པོ་བཟོས་ཏེ། ཕྱིར་ཡོ་རོབ་དང་ཨ་རི་རའི་ཁྲོམ་རར་གོང་ཆེན་པོ་བྱས་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་རེད། ཚོང་གི་ལམ་ལུགས་འདི་ནུབ་ཕྱོགས་ཁུལ་དུ་བཟོ་གྲྭ་མང་པོ་སྒོ་བརྒྱབ་ནས་ལས་མེད་མང་དུ་འགྲོ་བའི་རྒྱུ་མཚན་ཨང་དང་པོ་ཆགས་ཀི་མེད་འགྲོ་བསམ། ངའི་མཐོང་སྣང་འདི་བདེན་པ་ཡིན་ན། ང་ཚོས་ནུབ་ཕྱོགས་ཀྱི་སྲིད་གཞུང་དང་ཚོང་དཔོན་ཕྱུག་བདག་ཚོའི་བློ་འགུལ་ཐུབ་ཀི་མ་རེད། འདི་ལྟར་བསམ་ཡོང་དུས་བཤད་རྒྱུ་མང་དྲགས་ནས་མདོ་དོན་ལྡོག་ལྡོག་དེ་བཤད་མ་ཤེས་པ་ཆགས་ཡོང་གི་འདུག བྱས་ཙང་ལྡོག་ལྡོག་བཤད་ན། རྒྱ་ནག་དང་ཨ་རི། ཡོ་རོབ་གསུམ་གྱི་ད་ལྟའི་གཅིག་ལ་གཅིག་རྟེན་ཅན་གྱི་དཔལ་འབྱོར་གྱི་འབྲེལ་བ་འདི་ཕྱོགས་གཉིས་ཀའི་མི་མང་གི་ཁེ་ཕན་ལ་འབྲེལ་བ་མེད་པར། རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལམ་ལུགས་འདི་ཤུགས་ཆེ་བ་དཔོན་རིགས་དང་ཚོང་དཔོན་དང་ཕྱུག་བདག་ཚོར་ཁེ་ཕན་ཡོད་པ་ལས། ཡོ་རོབ་དང་ཨ་རིའི་མི་མང་ལས་མེད་ཆགས་བྱེད་རྒྱུ་ཆགས་མེད་འགྲོ་བསམ་གི། སྣང་ཚུལ་འདི་བདེན་པ་ཡིན་ན། ང་ཚོས་དེ་ལ་ཞིབ་འཇུག་བྱས་ནུབ་ཕྱོགས་མི་མང་ལ་རང་ཉིད་ལས་མེད་ཆགས་དོན་དང་། རིམ་བཞིན་ལས་མེད་ཆགས་སྲིད་པའི་རྒྱུ་མཚན་མིག་སྟོན་ཐུབ་ན་ང་ཚོར་ཁེ་ཕན་ཡོད་པ་འདྲ། ནུབ་ཕྱོགས་ཀྱི་མི་མང་ལ་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་གཙོ་བོ་ག་བ་ཐུག་ཡོད་མེད་དང་། སུ་ཞིག་གི་ཁེ་ཕན་ཆེད་ནུབ་ཕྱོགས་ཁུལ་དུ་དཔལ་འབྱོར་ཉམས་ཆགས་ཡོང་གི་ཡོད་པ་ཞིབ་ཕྲའི་ལམ་ནས་ངོ་སྤྲོད་དང་དྲན་གསོ་བྱེད་ཐུབ་ན་ནུས་པ་ཞིག་ཐོན་ས་རེད་དྲན་གི། ངས་མི་སྒེར་ཁ་ཤས་ལ་ངག་ཐོག་་ནས་འདི་འདྲ་བཤད་དེ་ཚོད་ལྟ་བྱས་པ་ཡིན་པས་ཁོ་ཚོའི་བསམ་བློ་འགྱུར་བ་འགྲོ་གི་འདུག། དཔེར་ན། Don’t buy Chinese goods to save your job and our freedom. ང་ནི་རྒྱལ་སྤྱིའི་ཚོང་དང་སྲིད་དོན་ཆེད་མཁས་མིན་པས་ཏག་ཏག་བཤད་ཁག་པོ་རེད།
བོད་དོན་ཁོར་ཡུག་འབྲེལ་བ་ཆགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཆགས་ཡོད་པ་རེད། འཛམ་གླིང་གི་བདེ་ཞི་བདེ་འབྲེལ་བ་ཆགས་ཡོད་པ། འོན་ཀྱང་དཔལ་འབྱོར་དང་བོད་དོན་འབྲེལ་ཆགས་ཡོད་པ་མ་རེད། འགག་རྩ་འདི་ནས་ང་ཚོ་ཕམ་ཡོད་པ་རེད། བཀའ་ཤག་གིས་བོད་དོན་རྒྱལ་སྤྱིའི་ཚོང་ལས་དཔལ་འབྱོར་བ་ཡོད་པ་ཞིག་བཟོ་ཐུབདགོས་ཀྱི་འདུག རྒྱལ་སྤྱིའི་ཚོང་་འབྲེལ་དང་དཔའ་འབྱོར་འགྲོ་ལུགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ལག་ཆེན་པོ་རེད། དམིགས་ཡོ་རོབ་དང་ཨ་རའི་ནང་མི་མང་ལས་མེད་མང་པོ་ཆགས་པའི་རྒྱུ་རྐྱེན་བཙལ་ཐུབ་ན། མི་མང་ང་ཚོ་དང་སྐྱིད་སྡུག་མཉམ་མྱོང་ཆགས་སྲིད་པ་རེད། དེ་ནི་རེ་བ་ཆེན་པོ་རེད
ང་ཚོས་ད་ལྟའི་རྒྱ་ནག་ལྟེ་བར་གྱུར་བའི་རྒྱལ་སྤྱིའི་ཚོང་འབྲེལ་འདི་ནུབ་ཕྱོག་ས་ཀྱི་ཡུལ་གྲུ་ཁག་ཏུ་མི་མང་ལས་མེད་མང་དུ་འགྱུར་བཞིན་པའི་དཀའ་ངལ་འདི་རྒྱུ་རྐྱེན་ཆགས་ཡོད་མེད་གསལ་བོ་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་པོ་རེད། ཡིན་པ་ཡིན་ན་དེ་ནས་ང་ཚོས་ནུབ་ཕྱོགས་མི་མང་དང་མཉམ་འབྲེལ་བྱེད་སྟངས་དང་ལས་འགུལ་སྤེལ་སྟངས་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་པ་རེད།
མི་ཤི་བའི་རྗེས་ངུ་ནས་ཕན་གི་མ་རེད། རྒྱ་ལ་རྟེན་པའི་ནུབ་ཕྱོགས་ཀྱི་ཕྱུག་དང་དཔོན་པ་ཚོ་མ་ཡིན། མི་མང་དང་ང་ཚོས་མཉམ་འབྲེལ་བྱས་ནས། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་རྒྱ་ནག་གི་དངོས་ཟོག་མི་བའི་ལས་འགུལ་སྤེལ་དགོས་པ་རེད། བསམ་བློ་ཡག་པོ་་ཐོངས་དང་། འདི་ཐོག་ནས་ངས་ཚོས་ལས་འགུལ་ཞིག་འགོ་བཙུགས་ནས་ཚོད་ལྟ་བྱེད་རིན་མི་འདུག་གམ།
ནུབ་ཕྱོགས་ཨ་རི་དང་ཡོ་རོབ་མང་ཚོགས་ཀྱིས་རྒྱ་ནག་ནས་ཐོན་པའི་ཚོང་ཟོག་འགོག་རྒྱུའི་སྟག་སྨྱོན་པའི་ཐབས་ལམ་འདི་སེམས་ཤུགས་དང་རྒྱུ་རྐྱེན་ཞིག་ཡིན་ན་ཡང་ད་ནི་འཕྱིས་དྲགས་པའི་བསམ་ཚུལ་ཞིག་དང་ལག་ལེན་དཀའ་བའི་གནད་ཅིག་ཡིན།
ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་བུ་ལོན་གྱི་དུང་ལ་ཟགས་པའི་ཚབས་ཆེན་གནས་ཚུལ་འདི་མགྱོགས་མྱུར་ངང་སེལ་དགོས་ན་འཛམ་གླིང་གི་བཟོ་ཚོང་ཁང་གྲགས་ཆེན་ཁ་ཤས་རྒྱ་ནག་ནས་ནུབ་ཕྱོགས་ལ་གནས་སྤོར་དགོས་པའི་རྒྱུ་རྐྱེན་ལ་ཐུག་ཡོད་པ་དེ་རེད།
དོན་དག་འདི་གནས་སྐབས་སུ་བཅོས་ཐབས་མེད་པ་མ་ཟད་ད་དུང་ཛ་དྲག་གི་རང་བཞིན་ཚབས་ཆེན་ནས་ཚབས་ཆེར་འགྲོ་རྒྱུ་ཡིན་པ་ཨེ་ཙིའི་ནད་པ་དང་གཅིག་མཚུངས་ལྟ་བུའི་དཔེ་རུ་གྱུར་ཡོད་པས་ནུབ་ཕྱོགས་མི་མང་ལ་རེ་བ་རྒྱག་རྒྱུ་མེད། རེ་བ་བརྒྱབ་ཀྱང་སྟོང་བ་ཡིན།
ང་ཚོའི་རེ་བ་ལ་ནུས་པ་མངོན་གསལ་དུ་ཐོན་པའི་ཐབས་ལམ་གཅིག་ཡོད་པ་ནི་བོད་མིའི་རང་དབང་གི་ལས་འགུལ་འདི་ 中化 མི་མང་ཡོངས་གི་རང་དབང་དང་དཀའ་སྡུག་གཅིག་ལ་བསྒྱུར་ཐུབ་དགོས། གལ་སྲིད་དེ་ལྟར་བྱུང་ཚེ་ཀྲུང་གོའི་མངའ་ཁུངས་གི་མི་མང་དུང་ཕྱུར་ཁ་ཤས་དུས་གཅིག་ལ་མཉམ་དུ་ཡར་ལངས་ཐུབ་གི་རེད། སྐབས་དེ་དུས་བོད་རིགས་དང་རྒྱ་རིགས། ནུབ་ཕྱོགས་པ་ཡོངས་ཀྱི་རེ་བའང་དུས་གཅིག་ལ་འགྲུབ་ཐུབ་གི་རེད།
གནས་ཚུལ་ཁ་གསལ་འདི་འདྲ་བསྡུ་སྒྲིག་གནང་མཁན་བསྟནའཛིན་རབ་རྒྱས་དང་རྡོ་རྗེ་དབང་ཕྱུག་གཉིས་ལ་བཀའ་དྲིན་ཆེ་ཞུ། བོད་ནང་གི་རྒྱལ་གཅེས་པ་ཚོས་རང་ལུས་ཚུན་ཆད་མེ་ལ་བསྲེགས་བཞིན་པའི་སྐབས་འདིར་ང་ཚོས་གནས་ཚུལ་རྩད་གཅོད་བྱས་ཏེ་ཁྱབ་བསྒྲགས་གནང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་དུ་རང་རང་གི་འབྲེལ་ཡོད་ས་ཁུལ་ནས་གནས་ཚུལ་དངོས་རག་ཐབས་བྱ་རྒྱུ་ང་ཚོ་ཚང་མའི་འགན་རེད། བོད་རྒྱལ་ལོ། རེབ་གོང་་བ་རྒྱལ་ལོ། རྒྱལ་གཅེས་དཔའ་པོ་སྙིང་དཀར་རྒྱལ་ལོ།