རས་པ།
ང་ཚོས་ཧིན་རྡི་དང་དབྱིན་ཡིག་གི་ནང་དུ་ཕྱི་ལོ ༢༠༠༩ ནས་ ༢༠༡༢ ཟླ་ ༡༡ ཚེས་ ༨ བར་བོད་ནང་གི་བོད་མི་༦༩ ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྲིས་ཏེ། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གཉིས་དང་། དམིགས་གསལ་གྱིས་ golden temple དང་ Jallianwala Bagh གཉིས་གཙོ་བོར་བྱས་པའི་མི་མང་འདུ་འཛོམས་ཆེ་ཤོོས་ཀྱི་ས་གནས་ཁག་ཅིག་ལ་བོད་ཀྱི་ད་ལྟའི་དངོས་ཡོད་གནས་ཚུལ་ངོ་སྤྲོད་ཀྱི་ཡིག་ཆ་བཀྲམས་པ་ཡིན།
ཡིག་ཆའི་ནང་དུ་བོད་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། ༸གོང་ས་མཆོག་བོད་ལ་གདན་འདྲེེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཞོར་རྒྱ་ནག་གི་དམ་དྲག་ཆེ་བའི་སྲིད་བྱུས་ལ་ཐ་གཅིག་ཏུ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་བཞིན་པའི་གནས་ཚུལ་བཀོད་ཡོད།
ཡིག་ཆ་འདིའི་དམིགས་ཡུལ་ནི་རྒྱལ་ཁབ་གཞན་ཁག་གི་མི་རིགས་ལ་བོད་དོན་གོ་རྟོགས་སྤེལ་ཐབས་དང་རྒྱབ་སྐྱོར་ཡོང་བའི་ཆེད་དུ་ཡིན།
ལས་འགུལ་འདི་ནི་མི་སྒེར་བ་ཁག་ཅིག་གིས་མ་སྐུལ་དང་བླངས་ཀྱིས་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་པ་ཞིག་དང་། དམིགས་གསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་ནང་ཤར་ཨེ་ཤ་ཡ་གཙོ་བོར་བྱས་པའི་རྒྱ་གར་དུ་བོད་དོན་གོ་རྟོགས་སྤེལ་དགོས་ཀྱི་གྲོས་ཆོད་བཞག་ཡོད་པར་དབུ་འོག་དཔུང་འདེགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་རེ་བ་ལ་བོད་མི་ཡོངས་ཀྱིས་མ་སྐུལ་དང་བླངས་ཀྱིས་བོད་དོན་ཆེད་རང་ཉིད་ཀྱི་རིག་པའི་རྩལ་བཏོན་ནས་འགྲོ་གྲོན་ཆུང་ལ་ཁྱབ་རྒྱ་ཆེ་བའི་ལས་འགུལ་མ་འདྲ་བ་སྣ་ཚོགས་སྤེལ་རོགས། ཐུགས་རྗེ་ཆེ།
ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༢ ཉིན།
རྒྱས་པ་འདི་ལ་གཟིགས། http://www.tibettimes.net/blogs.php?id=138&post_id=22733
རྒྱས་པ་འདི་ལ་གཟིགས། http://www.tibettimes.net/blogs.php?id=138&post_id=22734
ང་ཚོས་གཞུང་དང་སྒེར་ཚོགས་ཚོ་ལ་ཚོགས་གཏམ་བཏང་ནས་མི་འདུག་པར་འདི་ལྟར་ལས་འགུལ་སྣ་མང་དང་། ཆེ་ཆུང་རབ་འབྲིང་སྤེལ་རྒྱུ་ལས། མཐའ་གཅིག་ཏུ་ཆེན་པོ་རྒྱལ་སྤྱིའི་སྒང་དུ་ཁྱབ་པ་ཞིག་དགོས་ཟེར་ནས་འདུག་རན་མིན། དེའི་ཕྱིར་འདི་ཚོ་ལ་མིག་དཔེ་བལྟས་ནས་ལས་འགུལ་གང་མང་མང་སྤེལ་རོགས་ཞུ།
རྗེས་སུ་ཡི་རང་དང་། ད་དུང་ག་ས་ག་ལ། ལས་འགུལ་གང་མང་མང་སྤེལ་རོགས་ཞུ།
ལས་འགུལ་འདི་ལ་རྒྱབ་སྐྱོར་ཡོད། ཁྱེད་རྣམ་པ་གང་ནས་ཡིན། ལས་རིགས་ཅི་ཞིག་གཉེར་གྱིན་ཡོད། རས་པ་ལགས་བོད་གཞུང་གི་ལས་བྱེད་མིན་ནམ། གཞུང་ནས་ཆེད་གཏོང་བྱས་པ་རེད་དམ། ག་འདྲ་རེད།
རས་པ་གཞུང་ནས་ཆེད་གཏོང་བྱས་པ་མ་རེད། གུང་སེང་གི་སྐབས་ལ་སོང་བ་ཡིན།
པེ་ཡག་པོ་རེད། ལས་རྒྱུ་མང་དྲག ལས་མཁན་ཉུང་དྲག་པ་དངོས་གནས་རེད། མུ་མཐུད་རོགས།།
སྒྲགས་ན་ཡག་པོ་རེད། འོན་ཀྱང་རང་ལ་ནུས་མེད་ན་དོན དངོས་ཀྱི་རྒྱབ་སྐྱོར་བྱེད་མཁན་མེད། མེད་པ་ཤེས་ནས་རང་མིར་རེ་བ་བཅོལ་རྒྱུ་དེ་རེད།
ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ། དགའ་བསུ་ཡོད།
རིག་པའི་བུ་ལ་ཞུ་རྒྱུར། རང་མིར་རེ་བ་བཅོལ་སྟངས་ག་འདྲ་རེད། ལམ་སྟོན་ཞིག་གནང་རོགས།
ངོ་མ་བཟང་གི སྐད་ཆ་སྐད་ཆ་ཟེར་བ་དེ་བཤད་བསྡད་པ་གཅིག་པུས་འགྲུབ་རྒྱུ་ཞིག་མིན་པས་ན་གྲོགས་རས་པས་ནང་བཞིན་ང་ཚོ་ཚང་མས་རང་རང་ས་ནས་༼རང་ཉིད་ཀྱི་རིག་པའི་རྩལ་བཏོན་ནས་འགྲོ་གྲོན་ཆུང་ལ་ཁྱབ་རྒྱ་ཆེ་བའི་ལས་འགུལ་མ་འདྲ་བ་སྣ་ཚོགས་སྤེལ་རོགས། ཐུགས་རྗེ་ཆེ།༽
དཔེ་ཡག་པོ་རེད། མི་མང་རང་ངོས་ནས་ཀྱང་འདི་ལྟར་ལས་འགུལ་སྤེལ་ཐུབ་པ་མང་པོ་ཞིག་ཡོད་པས། རྟག་ཏུ་སྒྲིག་འཛུགས་དང་དབུ་ཁྲིད་ལ་བྱེད་ཀྱི་མི་འདུག་ཞེས་་བཤད་ནས་མི་སྡོད་པར་མི་མང་རང་ངོས་ནས་སྒྲུབ་ཐུབ་པ་དེ་སྒྲུབ་དགོས་རྒྱུ་གལ་ཆེན་པོ་རེད་བསམ།