རེབ་ཐོག་མདའ།
ཞི་བའི་བཅིངས་འགྲོལ་ཁ་ལ་འཁྱེར་བའི་ལོ་རབས་ལྔ་བཅུའི་སྣེ་མོ་ནས།།
དོན་ཚན་བཅུ་བདུན་མིང་གིས་ལྕིབས་པའི་མེ་མདའ་ཞིག་གི་སོ་ཁ་ནས།།
སྒང་བ་བོད་ལ་འཇབ་ནས་སླེབས་པའི་ཤར་ཕྱོགས་རྒྱ་ཡི་ལག་དམར་ཚོས།།
གཞིས་བྱེས་བོད་པ་ཁ་ཁ་བཟོས་པའི་ན་ཟུག་སྙིང་ལ་བརྐོས་ནས་ཡོད།།
དགོན་པ་ལྷ་ཁང་བཙན་གྱིས་བསྙིལ་བའི་རྩིས་དེ་ད་དུང་སྐྱུར་ལ་ཞོག།
སྤང་དང་རི་བོ་ཤུགས་ཀྱིས་བརྐོས་པའི་གཏམ་རྒྱུད་དེ་ཡང་མ་འཆད་ཀྱང་།།
ས་ཡ་གཅིག་གི་ཚེ་སྲོག་འཕྲོག་པའི་མེ་མདའི་ཁ་ཡི་ཁྱུ་སྤྱང་ཚོས།།
ཁྲག་ལ་བསྒྲེས་པའི་ལོ་ཟླ་འདི་ལ་རྕིས་ཤིག་དེ་རིང་རྒྱག་གི་ཡིན།།
རྨ་འབྲི་རྫ་གསུམ་བཞུར་ལམ་བཅད་པའི་གཏམ་རྒྱུ་དེ་ཡང་ཕར་ལ་ཞོག།
ཁྲི་ཤོར་རྒྱལ་མོ་དབང་དུ་བྱས་པའི་བཙན་གཏམ་དེ་ཡང་སྦས་ན་ཆོག།
འོན་ཀྱང་ཀ་ཁའི་ལུས་སེམས་སྦྲུམ་པའི་མི་རིགས་ཤིག་གི་རིག་གཞུང་འདི།།
ཚ་བོ་ཚ་མོའི་ཁ་ནས་འཕྲོག་པར་རྩིས་ཤིག་དེ་རིང་རྒྱག་གི་ཡིན།།
ལོ་ངོ་དྲུག་ཅུའི་རེ་སྒུག་བར་ནས་རྒྱང་ན་ལྷག་པའི་ཕ་མ་དང་།།
སྐྱབས་བཅོལ་མི་ཡི་འཚོ་བ་སྐྱུར་མོ་གདོང་གིས་བསུ་བའི་བུ་བུ་མོ།།
མཇལ་འཛོམས་མེད་པའི་སྡུག་བསྔལ་ལྕི་མོ་རང་སོར་བཞག་ན་ཆོག་མོད་ཀྱང་།།
ཕ་གཞིས་དྲོན་མོའི་འཆི་གསོན་དོན་དུ་རྕིས་ཤིག་དེ་རིང་རྒྱག་གི་ཡིན།།
བླ་མ་མེད་པའི་ཕོ་བྲང་དམར་བོ་འགྲེམས་སྟོན་བྱས་པའི་ཡོང་འབབ་དང་།།
ཕ་སྐད་བོར་བའི་ཕུ་ནུ་ཞིག་གི་ཡ་ཆུང་སྙིང་གི་ན་ཟུག་དེ།།
ཉི་མ་ཟླ་བའི་འཆར་ནུབ་བར་ནས་རྒྱབ་ལ་བཞག་ན་ཆོག་མོད་ཀྱང་།།
ཀ་ཁ་སུམ་ཅུའི་ཁ་ལྕེའི་དོན་དུ་དེ་རིང་རྩིས་ཤིག་རྒྱག་གི་ཡིན།།
རྩྭ་ཐང་ཡངས་པོ་སྒེར་ལ་བགོས་ཏེ་ནང་འཁྲུག་བསླང་བའི་ཟློས་གར་དང་།།
ཞིང་ས་གྲུ་བཞི་སྒོར་གྱིས་ཉོས་དེ་བསླུ་བྲིད་བྱས་པའི་གཏམ་རྒྱུད་སོགས།།
མི་རིག་མ་གོ་རྣ་བའི་རྒྱབ་ལ་རེ་ཞིག་བཞག་ན་ཆོག་མོད་ཀྱང་།།
མི་རབས་རྗེས་མའི་མདུན་ལམ་ཆེད་དུ་རྩིས་ཤིག་དེ་རིང་རྒྱག་གི་ཡིན།།
ཨ་མའི་མིག་ཟུང་མཆི་མས་བརླན་པའི་ཕ་གཞིས་སྦུག་གི་སྐྱོ་གར་དང་།།
དྭ་ཕྲུག་བུ་ལོ་བདག་མེད་ལྷག་པའི་ཨ་མ་ཞིག་གི་སྒོ་འགྲམ་ནས།།
སྐྱོ་གདུང་མིག་ཆུ་ས་ལ་ཟགས་པར་བཟོད་སྒོམ་ཅུང་ཙམ་བྱས་ཆོག་མོད།།
ཁ་ཡ་ན་ཟླའི་ཚེ་སྲོག་ཆེད་དུ་རྩིས་ཤིག་དེ་རིང་རྒྱག་གི་ཡིན།།
མཉམ་འབྲེལ་རྒྱལ་ཚོགས་རྣ་བ་བཀབ་ནས་མི་ལ་རིན་ཐང་མ་བཞག་ཀྱང་།།
ཨ་རི་ཡུ་རོབ་ཁེ་ཕན་བསམ་ནས་ཁ་ལྕེ་བརྡར་ནས་བསྡད་དང་རུང་།།
མེ་ལ་སྦར་བའི་མི་བུ་ཞིག་གི་ཁ་ཆེམས་དྲོན་མོ་ཡལ་མེད་པའི།།
ཁ་བ་བོད་པའི་བདེ་སྡུག་ཆེད་དུ་དེ་རིང་རྩིས་ཤིག་རྒྱག་གི་ཡིན།།
གངས་སྐྱིདགཞུང་གིས་མཆོད་འབུལ་ཞུ་བཞིན་སྐྱིད་ཉལ་བརྒྱབ་ནས་བསྡད་དང་རུང་།།
ཕྱི་རོལ་བོད་པའི་རང་དོན་ཁྲོད་ནས་གངས་རིའི་ལས་དབང་སྐྱུར་དང་རུང་།།
མེ་ལྕེ་མཆེད་པའི་ཕ་ཡུལ་དེ་ལ་སྐྱིད་ཀྱི་ཉི་མ་མ་ཤར་བར།།
ཤ་འཁོན་ལྕི་མོ་སྙིང་ལ་བཅངས་ནས་རྕིས་ཤིག་དེ་རིང་རྒྱག་གི་ཡིན།།
ན་ཟུག་རུམ་པའི་ས་མཐའི་མི་ཚོས་མིག་ཆུ་མོད་པའི་ཁ་སང་ནས།།
ལོ་ངོ་དྲུག་ཅུར་གཉིད་ནས་ཡོད་པའི་ང་དང་རྡ་སའི་རུ་ཁུག་འདི།།
བོད་སེམས་བོར་བའི་མི་བུ་འདི་ཚོའི་བསམ་བློ་སྒོ་ལྕགས་མ་ཕྱེས་བར།།
དམར་བོ་ཚང་གི་རྩ་ཁྲིམས་འདི་ལ་དེ་རིང་རྩིས་ཤིག་རྒྱག་ན་འདོད།།
ཨ་ཇོ་དྲན་པའི་གཞིས་ཀྱི་སྤུན་ཟླའི་སེམས་ཀྱི་རེ་བ་མ་འགྲུབ་བར།།
ཨ་མའི་བུ་དེ་མེ་རུ་བསྒྲོན་པའི་རྩིས་དེ་གསལ་བོ་མ་བརྒྱབ་བར།།
མི་ལོ་དྲུག་ཅུའི་ཕྱིར་མིག་ཀློང་གི་ང་དང་ཁ་བའི་ལས་དབང་དེ།།
འདི་ལྟར་མི་འཇོག་དམར་བོ་རྒྱ་ལ་རྩིས་ཤིག་གསལ་པོ་རྒྱག་གི་ཡིན།།
ཕྱི་ལོ ༢༠༡༢ ཟླ ༡༡ ཚེས ༨ ཉིན།
ཀ་མད་སུམ་བཅུའི་འགྱུར་ཁུག་སྙན་མོ་རྣ་བའི་བཅུད་དུ་འགྱུར་ནས་ཐལ།
ཨ་ཕའི་བུ་ཡི་སྙིང་ཁམས་བརྟན་པོ་ཡིད་ཀྱི་དབང་པོས་བསུས་ནས་ཐལ།
ནུས་མེད་མངན་སེམས་མཐའ་རུ་གཡུག་སྟེ་འབད་པའི་ལས་སྣེ་སླངས་ནས་ཐལ།
མ་བཅོས་དོན་གྱི་བརྗོད་བྱ་དེ་ཉིད་སེམས་ལྡན་བུ་ཡི་ལས་སྐལ་ཡིན།
སྒྱུ་འཕྲུལ་དྲ་བའི་སྣང་འདོད་ཅན་ཚོ་མཆན་རྒྱུད་རིང་མོ་བཀོད་ནའང།
དགོངས་དག ཚིགས་བཤད་མཐའ་མ་གསུམ་པོ་དེ་ངོས་ལེན་བྱེདཐུབ་པ་མིན་འདུག
གཞན་ཚོ་སྐྱིད་ཉལ་རྒྱག་གི་འདུག་ན་ཁྱེད་རང་ག་རེ་བྱེད་གི་ཡོད།
ལེགས་པོ་བྲིས་གནང་འདུག་པས་དགའ་བསུ་ཞུ། འོན་ཀྱང་དེའི་ནང་དུ་གངས་ཅན་སྐྱིད་གཤོངས་ནས་སྐྱིད་ཉལ་བྱས་པ་ལྟ་བུའི་མིང་ཚིག་དེས་རྩོམ་ཡིག་འདི་བུ་མོ་ཞིག་ཡིན་ན་མིག་དང་ཁ། ཡང་ན་སྣ་གང་རུང་ལ་སྐྱོན་ཞིག་ཡོད་པ་ལྟ་བུར་གྱུར་འདུག དེ་ནི་ངའི་བསམ་ཚུལ་ཙམ་ཡིན། བསམ་ཚུལ་ཁ་ཐུག་བཤད་པར་ཁྲོ་མི་ཉན་ལགས།
བོད་ཀྱི་དམར་པོའི་ལོ་རྒྱུས་ནི། །
ཞེ་དགུའི་ལོ་ལ་བཅིངས་གྲོལ་ཟེར། །
ང་གཅིག་ལོ་ལ་བཅུ་བདུན་བཞག །
རེ་ལྔའི་ཡས་མས་གསར་བརྗེ་བཏགས། །
ཉིས་སྟོང་བརྒྱད་ནས་ད་ལྟའི་བར། །
གདུག་རྩུབ་རྣམ་པ་སྣ་ཚོགས་བཏང་། །
གངས་སྐྱིདགཞུང་གིས་མཆོད་འབུལ་ཞུ་བཞིན་སྐྱིད་ཉལ་བརྒྱབ་ནས་བསྡད་དང་རུང་།།
ཕྱི་རོལ་བོད་པའི་རང་དོན་ཁྲོད་ནས་གངས་རིའི་ལས་དབང་སྐྱུར་དང་རུང་།།
རེབ་གོང་ཐོག་མདས་གངས་རིའི་ལས་དབང་མ་བརྗེད་ཐུགས་ལ་ཉར་བཞིན་དུ།།
གཅེས་པའི་ལུས་ལ་མེ་ལྕེ་དམར་པོ་ལྷབ་ལྷབ་སྒྲོན་པར་མི་ཆས་སམ།། ???????
བོད་གཞུང་སྐྱིད་ཉལ་རྒྱབ་དང་། ཕྱི་སྡོད་བོད་མིར་དབྱུག་པ་ལེབ་རྡུང་གི་གཏན་སྨྲས་པ་ནི་ཡིད་ལ་འཐད་དཀའ་མོ་རེད། ང་རང་གིས་བསམ་ཚུལ་ཙམ་ཡིན། དགོངས་པ་མ་ཚོམ།
མི་ཞིག་ཡིན་པའི་ཆ་ནས་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་ན་ཟུག་གསོན་པོར་བརྗོད་འདུག་པས་ང་རང་དགའ་པོ་བྱུང་། དེ་མིན་ཨ་རིག་དགེ་མཐོང་ཟེར་བ་ལྟ་བུའི་“ཀུན་མཐུན་རིང་ལུགས་པ” ཁྱུ་ཞིག་གིས། གཅིག་འགྲིགས་མི་འདུག་གཉིས་འགྲིགས་མི་འདུག་ཟེར་ནས་ཆོལ་གཏམ་ལུང་པ་གང་སྨྲ་ཡི་འདུག་མོད། འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་གཤིས་དང་སྙན་ངག་པའི་ཀླད་པའི་ཁྲ་རྡུལ་དག་མ་རིགས་པར་ཟད།
གཞིས་ལུས་བོད་མི་དཔའ་བོ་དག་གིས་རང་སྲོག་མེ་ལ་བསྲེགས་ཀྱང་རུང་། །
བྱེས་འབྱོར་བོད་མི་མགོ་བདེ་ཅན་ཚོས་མ་ཎི་མཆོད་འབུལ་བྱས་ཀྱང་རུང་། །
གོ་སྐབས་འཚོལ་བའི་གཞུང་ཞབས་དག་གིས་ཁ་བདེ་ལྕེ་བདེ་བྱས་ཀྱང་རུང་། །
སྲིད་སྐྱོངས་མགོ་ལེབ་བློ་སེང་ཁོ་ལ་རྩིས་ཤིག་དེ་རིང་རྒྱག་གི་ཡིན། །
འབར་བའི་དཔའ་བོ་རེ་རེའི་མིང་དེ་ཁ་ལ་གསལ་བོ་མེད་ཀྱང་རུང་། །
གཏམ་བཤད་གང་དུ་བྱས་པའི་དུས་སུ་རང་གི་འཇོན་ཐང་གླེང་ཡང་རུང་། །
བཀའ་ཁྲི་བྱས་ནས་དེ་རིང་བར་དུ་བྱས་རྗེས་གླེང་རིན་མེད་ཀྱང་རུང་། །
འབྱུང་འགྱུར་ལོ་ལ་གྲ་སྒྲིག་ཅི་ཡོད་རྩིས་ཤིག་དེ་རིང་རྒྱག་གི་ཡིན། །
བཙན་པོ་དག་གི་ལོ་རྒྱུས་རེ་རེ་གླེང་རྒྱུ་ཁག་སེ་ཡིན་ཡང་རུང་། །
ལྔ་དགུའི་ཡན་ལ་རང་བཙན་ཡིན་མིན་ཤར་སེ་ཤོད་རྒྱུ་མེད་ཀྱང་རུང་། །
ཁྲིམས་ཀྱི་སློབ་གྲའི་ལག་ཁྱེར་རྫིག་པོའི་ང་རྒྱལ་ཅུང་ཙམ་ཡོད་ཀྱང་རུང་། །
ཁ་སང་དེ་རིང་གྲག་གི་མེད་དོན་རྩིས་ཤིག་དེ་རིང་རྒྱག་ན་འདོད། །
སྙན་ངག་ནང་དོན་གྱིས་ཕྱུག་པ་ཞིག་བྲིས་པ་ལེགས། ཚིག་གི་སྦྱོར་བ་མཛེས་ཤིང་། དོན་གྱི་སྙིང་པོས་ཕྱུག་འདུག།
བཀྲ་ཤིས་དོན་གྲུབ་ལགས། ཁྱོེད་རང་ཡང་”ཀུན་མཐུན་རིང་ལུགས་པ་” ཡིན་འདུག་སྟེ་ཁྱོད་ཀྱིས་ཀྱང་གོང་གི་མ་རྩོམ་ལ་འགྲིག་མིན་བཤད་ས་མེད་པར་འགྲིག་འདུག ལེགས་འདུག་ཅེས་བརྗོད་དགོས་པར་འདོད་པ་མངོན་སུམ་པ་འདིའོ།། རང་མགོ་བཅོམ་པའི་ཚིག་དུམ་ཞིག་ལག་ན་ཐོགས་ཏེ་གད་རྒྱངས་མ་སྒྲོགས་གྲོགས།
ཨ་དགེ་ལྟ་བུའི་”མི་ཞིག་ཡིན་པའི་ཆ་ནས་དགའ་སྐྱོ་ཆགས་སྡང་དང་འབྲེལ་བའི་ན་ཟུག་གསོན་པོར་བརྗོད་”མི་ཆོག་པ་ཨེ་རེད། ཨ་དགེ་ལྟ་བུའི་མི་ཞིག་གིས་གཅིག་འགྲིག་མིན་འདུག་ཉིས་འགྲིག་མིན་འདུག་ཟེར་བའི་སྨྲ་བརྗོད་རང་དབང་མེད་སོང་ནི་ཨེ་རེད།
གང་ལྟར་ཇི་སྐད་དུ།
“ཀ་ཡེ་ལས་ངན་རྒྱལ་འགོངས་འབུ་སྲིན་ཚོ།།
སྨྲ་བ་མ་སྡོམ་གཏམ་བརྗོད་རང་དབང་སྤྲོད།།
དམའ་འབེབས་མ་བྱེད་ཚེ་སྲོག་འདྲ་མཉམ་རེད།།
སྒེར་གཅོད་མ་གནང་མང་གཙོའི་དོན་ལ་སྦྱོངས།།
སྔོན་ཚེ་མར་ཁེ་སི་ཡི་བཀའ་བཞིན་དུ།།
རང་དབང་རིང་ལུགས་བཤིགས་པའི་ནག་ཉེས་སུ།།
ཐོ་བ་དམར་པོས་བགོ་བོའི་རུས་པ་གཅོག།
འདྲ་མཉམ་ཁྲིམས་ལུགས་གཏོར་བའི་ཁྲིམས་ཆད་དུ།།
ཟོར་བ་ནག་པོས་རྟིང་རྩ་རྩད་ནས་གཅོད།།
མང་གཙོའི་ལམ་ལུགས་གནུབས་པའི་བྱས་ཉེས་སུ།།
ཁྲོ་ཆུ་ཁོལ་མ་ཁ་ཡི་ནང་དུ་ལྡུག།
གཅོང་རོང་མུན་པ་ཟབ་པའི་གཡང་དུ་འདེད།།
ལྕགས་ཁང་སྒོ་མེད་ནང་དུ་ཚེ་བཙོན་འཇུག།” ཅེས་པའི་ཉིད་ཀྱི་གདམས་ངག་ཟབ་མོ་འདི་ཉིད་ཀྱིས་བརྗེད་མི་ཉན་ཡ།
འཇོན་དང་མ་འཇོན་བོད་ཀྱི་ལས་དབང་ལ་ཁ་རྩམ་བཞིན་རླུང་གིས་འཁྱེར།
བོད་གྱི་བདེན་དོན་འཐབ་རྩོད་ཆེད་དུ་དཔའ་བོ་དཔའ་མོ་མེ་ལྕི་སྦར།
མར་མེ་འཁྲོང་སྐོར་གདུང་སེམས་མཉམ་སྐྱིད་ཕྱི་སྡོད་བོད་མི་ལམ་ཁ་ཞིག
བོད་དང་རྒྱ་ཡི་ཞི་འགྲིས་ཟེར་བ་བོད་ཀྱི་ལས་སྐལ་སྒུག་ནས་འདས།
ལྟས་ངན་ཁྱོད་ཚོ་ལ་དེ་འདྲ་མ་གཏོགས་ཡག་པོ་ཞིག་དུས་ནམ་ཡང་བཤད་ཡ་མེད་པར་ཤེས་གྱི་ཡོད། བོད་ནང་ནས་དཔའ་བོ་དག་རེ་རེ་བཞིན་མི་རིགས་དང་རྒྱལ་ཁབ་ཀྱིས་དོན་དུ་གཤེགས་བཞིན་དུ། འདི་ནས་མི་ངན་ཚོས་ནང་ཁུལ་དང་། ལྷག་པར་དུ་རང་གཞུང་དང་རང་གཞུང་གིས་དབུ་ཁྲིད་དག་ལ་ངན་སྨས་དང་། སྤྱི་ཚོགས་ནང་ཁུལ་དུ་དཀྲུགས་ཤིང་མ་གཏོགས་གང་ཡང་མི་འཇོན་མཁན་ཁྱི་རྒན་ཁྱོད་ཚོ་སྡུག་ཤི་བརྒྱགས་དགོས་བྱུང་བ་ཤོག །
གངས་སྐྱིད་གཞུང་ནས་སེམས་ཤེས་རྒན་པོས་མགོ་བོ་རྒྱ་ལ་ཕུལ་ན་ཟེར།།
གངས་སྐྱིད་གཞུང་ནས་ལོ་ཆུང་གཞོན་ནུས་དབུ་མའི་ལམ་ནས་ཞུ་བ་འཐེན།
གངས་རིའི་ལྗོང་ནས་དཔའ་བོ་དཔའ་མོས་ཚེ་སྲོག་ཚུན་ཆད་ཕུལ་ནས་རྩོད།
གང་ས་གང་གི་མྱི་ལྡོམ་ཚང་མས་དགྲ་གྲོགས་གཉིས་ལ་དབྱེར་མེད་དམོད།
ཚོར་བས་ཟིན་པའི་སྙན་ངག་གཅིག་སྤེལ་འདུག་པས་དགའ་བསུ་ཞུའོ།།
མེ་ཏོག་དཀར་པོ་ཟེར་བ་འདི་ངོ་མ་མི་ཅོལ་ཆུང་ཞིག་རེད། ཁོས་ཀུན་མཐུན་རིང་ལུགས་ཀྱི་གོ་དོན་ཙམ་མི་ཤེས་ཀྱང་། རྟགས་བསལ་འདྲ་གཏོང་རྩིས་བྱེད་ཀྱི་འདུག
དྲ་མཆན་པ་འགའ་རེ་ལགས། དོན་མེད་འུར་གཏམ་བཤད་ནས་འདུག་པའི་དུས་ཚོད་མིན། དཔའ་བོ་དཔའ་མོ་རྣམས་ལ་ཡི་རངས་ཚིག་གཅིག་བྱེད་པའམ་དེ་དང་མཚུངས་པའི་ལས་འགུལ་སྣ་གཅིག་སྒྲུབ་མི་ཐུབ་པར་གཅིག་གིས་གཅིག་ལ་དམའ་འབེབས་རེས་བྱས་ན་མི་ལེགས།
བདག་གིས་རེབ་ཐོག་མདའ་ལགས་ཀྱི་རྩོམ་འདི་བཀླགས་ཟིན། སྒྱུ་རྩལ་གྱི་ཆ་མེད་ནའང་དུངས་སེམས་ཀྱིས་ཕྱུག་པས་ཡག་པོ་འདུག་ཞུ་རྒྱུ་ཡིན། དེ་མིན་བསམ་ཚུལ་ཙམ་ཞུས་པ་ལ་འགྲིག་མིན་བཅོ་བརྒྱད་ཀྱི་སྐད་ཆ་བཤད་མཁན་དག་གིས་བསམ་བློ་གཏོང་རན།
བདག་གིས་གུས་བསྐུར་ཞུ་ཡུལ་གཞོན་ལྷན་དང་ལྷག་པར་དུ་ཚོགས་གཙོ་མཆོག་གཙོས་པས་འགན་འཛིན་རྣམ་པ། དེ་བཞིན་རང་བཙན་ལྟ་གྲུབ་འཛིན་མཁན་དང་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་གྱི་ཚོགས་སྡེ་ཡངས་ལ་རེ་འབོད་ཞུ་འདོད་པ་ནི། ཁྱོད་ཚོ་རང་རང་གིས་ལྟ་གྲུབ་རེ་གཞིར་བཟུང་ནས་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་ཡོད་པ་ནི་པ་ནི་དུས་ནམ་ཡང་རྒྱབ་སྐྱོར་དང་གུས་བསྐུར་ཞུ་ངེས་ཡིན། ཡིན་ནའང་ཁྱོད་ཚོས་དག་སྣང་དགོས་གལ་ཆེ་བ་ཞིག་ངས་དེ་རིང་འདིར་མི་བཤད་ཀ་མེད་དུ་གྱུར་སོང་། གང་ལགས་ཞེ་ན། གཞིས་བཞུགས་དཔའ་བོ་དཔའ་མོ་དག་གིས་རང་སྲོགས་དམར་མོ་མེར་རུ་ཇི་མི་སྙམ་པར་མི་རིགས་དང་རྒྱལ་ཁབ་ཀྱིས་དོན་དུ་ཞལ་ཆེན་དང་བསྒྲགས་ནས་འབུལ་བཞིན་པ་ནི་ངོ་མ་བློ་ཡུལ་དུ་ཆུག་ཁག་པའི་གནས་ཚུལ་ཛ་དྲག་འདི་འདྲའི་སྐབས་སུ། ཁོང་ཚོས་འབོད་སྒྲ་དང་། ཁོང་ཚོས་མངོན་འདོད། དེ་བཞིན་ཁོང་ཚོས་བཞགས་པས་ཞལ་ཆེན་གཞིར་གཟུང་ནས་ལས་འགུལ་སྤེལ་དགོས་པ་དང་། དྲི་བསྒྲགས་གནང་དགོས་པ་ལས། དེ་མིན་ཚོགས་པ་སོ་སོས་ལྟ་གྲུབ་དང་། མང་གཙོའི་རང་དབང་ཁར་རུ་འཁྱེར་ནས་སོ་སོས་གང་འདོད་ཁྱབས་བསྒྲགས་མ་གནང་རོགས་ཞེས་ལག་ཟུང་ཐལ་མོར་སྦྱར་ཏེ་ཞུ་འདོད་བྱུང་། གང་ཡིན་ཞེ་ན། ཁོང་ཚོའི་མེར་བསྲེགས་སྐབས་སུ་རང་རང་གི་མངོན་འདོད་དང་། རེ་བ། དེ་བཞིན་ཡིད་ཆེས་རེ་ལ་གཞིར་བཅོལ་ནས་སོ་སོས་གཅེས་སྲོགས་མེར་བསྲེགས་བཏང་བཞིན་ཡོད་པས་དེར་གཞིར་བཟུང་ཐོག་ང་ཚོས་ཁྱབ་བསྒྲགས་དང་། ལས་འགུལ་སྤེལ་དགོས་པ་ནི་དྲང་བདེན་དང་བཟང་སྤྱོད་གང་གི་ཆ་ནས་ཆེས་མེད་དུ་མི་རུང་བ་མཐོང་། ཁོང་ཚོས་སེམས་ནང་གིས་མངོན་འདོད་ངོ་མ་གང་ཡིན་ནི། དུས་གསུམ་གསལ་གཟིགས་ཀྱིས་མཁྱེན་པ་དང་ལྡན་མཁན་ཞིག་ཡིན་ན་མ་གཏོགས་འདི་ཡིན་འདི་མིན་སུ་གང་གིས་བརྗོད་ཐུབ་པར་ངས་དུས་ནམ་ཡང་མི་འདོད། དངོས་སུ་འབོད་སྒྲ་ནི་བོད་ལ་དབང་དགོས་པ་དང་། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་། སྐད་ཡིག་དང་རང་དབང་་གྱི་ཐོབ་ཐོང་དགོས་པ་སོགས་ནི་གཅིག་མཚུང་དང་། བོད་ལ་རང་བཙན་དགོས་ཞེས་འབོད་མཁན་ནི་ཆེས་ཉུང་ཤས་འམ་རེ་ཟུང་མ་གཏོགས་བྱུང་མེད་པར་འདས་ཟིན་པའི་བརྒྱུད་ལམ་དག་ལ་ཕྱིར་མིག་རེ་གཟིགས་དང་མཁྱེན་ངེས་རེད། སྤྱིར་གོང་གསལ་དག་གིས་ལས་འགུལ་སྤེལ་བ་ལ་ཡིད་རང་དང་བསྔགས་བརྗོད་ཡོད་ལ། ཁྱོདཚོས་་དུས་ཚོད་མང་པོ་བོད་དོན་ཐོག་བཏང་དང་གཏོང་བཞིན་ཡོད་པ་ཡང་ཤེས་ཀྱིན་ཡོད། ཡིན་ན་ཡང་དྲང་བདེན་ནི་རྒྱལ་ཁའི་རྩ་བ་ཡི་པར་མ་བརྗེད་རོགས། བཟང་སྤྱོད་ནི་མི་ཡི་གཟི་བརྗིད་ཡིན་པར་མ་བརྗེད་རོགས། ཆིག་སྒྲིལ་ནི་དགྲ་རྒོལ་ཡི་སྟོབས་ཤུགས་ཡིན་པར་མ་བརྗེད་རོགས། གཞིས་བཞུགས་སྤུན་ཟླ་ནི་ང་ཚོས་རེ་བལྟོས་ཡིན་པར་དེ་ལས་མ་བརྗེད་རོགས། བསམ་འཆར་འདི་འགན་ཁུར་ཐུབ་པའི་སྤོབས་པ་དང་བཅས་ཏེ་བྲིས་པ་ཡིན། བདེན་མིན་དྲ་གྲོགས་ལྷན་རྒྱས་ཀྱིས་མིག་ཆེ་ཙམ་རེ་དགྲད་ཏེ་གཟིགས་རོགས།
བཀྲ་དོན་ལགས། འོ་ན་གསལ་བཤད་ཅིག་གནང་ན་དངོས་གནས་དགའ་ས་རེད། གཅིག་གསུངས་དང་།
ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཟེར་བ་བཞིན་
དྲ་གྲོགས་ཚོས་དྲ་ཐོག་ན་དུས་རྒྱུན་ཏུ་
ཁྱེད་སྡུག་ཁོ་བཟང་གི་ནང་རྩོད་བྱེད་བཞིན་པ་
ཅི་འདྲའི་སྐྱོའང་།
གྲོགས་པོ་ཚོ་ལ་ཞུ་རྒྱུ་ཞིག་ལ་།
རེབ་ཐོག་། སོག་མདའ་། དོལ་སྨྱོནགསུམ་ནི་ན་ནང་ད་ལོའི་རྩོམ་པ་པོ་།
གླུ་སྨྱོན་། འབའ་སྲས་་དགེ་མཐོང་ཁྱེད་ཚོ་གང་དུ་ཡིབས་ནས་ཡོད་།
རེབ་ཐོག་མདས་རྩོམ་སྙན་ཞིང་དོན་གྱིས་ཕྱུག་པ་ཞིག་བྲིས་འདུག འོན་ཀྱང་གོང་དུ་ཨ་དགེས་བཤད་པ་ལྟར་གངས་སྐྱིད་གཞུང་སྐྱིད་ཉལ་རྒྱག་པ་ནས་ཡོད་པ་ལྟ་བུའི་སྐད་ཆ་དེས་རྩོམ་ཡིག་དེའི་རིན་ཐང་གང་མཚམ་ཉེ་ཆུང་ལ་བཏང་ཡོད་པ་ལྟ་བུའི་མཐོང་ཚུལ་བྱུང་།