ཟུར་གསལ་འདྲ་པར་དེ་ཕྱི་ཟླ་༡༡ ཚེས་༧ ཉིན་ཨ་མདོ་རྔ་བའི་སྒོ་མང་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་གྲྭ་རྡོ་རྗེ་ལགས་ཀྱི་འདྲ་པར་ཡིན། ཁོང་རང་ལུས་མེར་སྲེག་གཏོང་ས་དེ་ག་རང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་།ཕྱི་ཚེས་༨ ཉིན་ཁོང་གི་རུས་ཐལ་ཡིན་ཟེར་བའི་ཐལ་ལ་ནང་མིར་སྤྲད་ཡོད་པ་མ་གཏོགས་གཞན་གང་ཡང་རེག་མེད་པར་མ་ཟད། དམར་ཤོག་ཚོགས་ཆེན་མ་གྲོལ་བར་དུ་ཁོང་གི་ནང་མི་ལ་གཤིན་པོའི་འདས་མཆོད་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ས་གནས་དགོན་གྲོང་རྣམས་ལ་དམ་དྲག་ཤུགས་ཆེན་པོ་བྱེད་མུས་ཀྱིས་འགྲོ་འདུག་རང་དབང་ཙམ་པོ་ཡང་མེད་པར་བྱས་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་ ༡༣ ལ།
བོད་མི་ས་ཡ་དྲུག་གི་གཅེས་ཕྲུག་ཁྱོད་བོད་གངས་ཅན་མི་ལུས་རྟེན་བཟང་ཞིག་ཐོབ་པར་སྨོན།
འདི་འདྲའི་ལོ་ཆུང་ཞིག་གིས་རང་སྲོག་ཤོར་སོང་།བཙན་བྱོལ་ན་ནམ་ཡང་གཉིད་ནས་ཡོད་གཅེས་ཕྲུག་ལགས།
ཕྲུ་གུ་ཆུང་ཆུང་འདི་འདྲ་པོའི་ཆབ་སྲིད་མི་ཤེས་པ་ནི་བཤད་རྒྱུ་གང་ཡང་མེད་མོད། སྤྱིར་ཏང་
བསམ་ཚུལ་བཤད་ན་མེར་སྲེག་འདི་མཚམས་བཞག་ཐུབ་ན་ཤིན་ཏུ་ལེགས་པའི་ཚོད་དུ་འདོད།
ཁྱད་པར་དུ་རྗེས་སུ་འདི་ལྟ་བུའི་དོན་རྐྱེན་མི་ཡོང་བའི་སྨོན་ལམ་ཡོད་ལ་མ་ཚད་ཧ་ཀྱང་ཆུང་
དྲགས་པས་ཕྲུ་གུ་ལས་འགུལ་འདི་འདྲའི་ནང་བཞུགས་ན་རྒྱ་གུང་ཁྲན་གྱིས་བོད་པ་ལ་སྐྱོན་
འདོགས་ས་ངོ་མ་དེ་ཆགས་རྒྱུ་ནི་བཤད་མ་དགོས་པ་ལྟ་བུ་རེད། ཡིན་ཡང་སྐྱོན་འདོགས་ཙམ་
གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་གཏོར་རླག་བཏང་བ་ལ་ཤིན་ཏུ་དཀའ་བ་ཞིག་ཡིན་ཀྱང་དེ་ཡང་
དེང་དུས་རྩ་ཆེན་ནང་གི་ཡང་ཆེན་བརྩི་མཁན་ཡང་མང་པོ་ཡོད་པ་རེད།