དབྱངས་ཅན་འབངས།
བོད་ནང་བོད་མི་རྣམས་རྒྱ་ནག་གི་གདུག་རྩུབ་སྲིད་ཇུས་ལ་སྡུག་བསྲན་ཐུབ་ཐབས་བྲལ་བའི་གནས་ཚུལ་དངོས་ཡོད་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་གི་ཤེས་རྟོགས་ཐུབ་སླད་དང་བོད་ས་ཁྱོན་ཡོངས་ལ་ཆོས་སྲིད་རང་དབང་གི་ཉི་མ་མྱུར་དུ་འཆར་སླད། ད་བར་དཔའ་འཛངས་རྟུལ་ཕོད་ཅན་གྱི་སྐྱེས་བུ་དམ་པ་བདུན་ཅུ་བརྒལ་བས་རང་གི་བདེ་སྐྱིད་ཡོངས་སུ་དོར་ནས་གཅིག་ཏུ་གཞན་ཕན་འབའ་ཞིག་གི་བསམ་པས་སྤོས་མེ་ཙམ་ཡང་མི་བཟོད་པའི་ལུས་པོ་འདི་མེ་དཔུང་གི་ཚག་སྒྲ་དང་ཚིག་སྒྲས་གཏུམ་ཟིན་ཀྱང་། དེའི་དབུས་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་མེ་དཔུང་གི་ཚ་ངར་ཡང་ཟིལ་གྱིས་གནོན་བཞིན་ ༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་སོགས་ཀྱིས་འབོད་སྒྲས་འཛམ་གླིང་གི་ཁྱོན་ཡོངས་སུ་བཀང་ཏེ། ང་ཚོ་དང་ལུས་ཀྱི་འབྲེལ་ཐག་ཆད་ཟིན་ཀྱང་། ང་ཚོས་མི་རབས་ནས་མི་རབས་བརྒྱུད་ཀྱང་སེམས་བསམ་པའི་གཏིང་ནས་དུས་ནམ་ཡང་ཁོང་རྣམ་པར་གུས་བརྩི་འདོར་མི་སྲིད་ལ་བརྗེད་པ་ནི་དེ་བས་ཀྱང་མི་སྲིད་ཅིང་། ཁོང་ཚོའི་བཞེད་འདོད་འཛམ་གླིང་མི་མང་གིས་ཤེས་སུ་འཇུག་དགོས་པ་ནི་ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་རྣམས་ཀྱི་ལས་འགན་གཡོལ་ཐབས་མེད་པ་དང་བཟློག་མི་ནུས་པ་ཞིག་ཆགས་ཡོད། ལྷག་པར་དུ་བོད་མི་རྩམ་གཟན་པ་རྣམས་མཐུན་སྒྲིལ་གོང་བུ་གཅིག་ཏུ་གྱུར་ཏེ་རང་དབང་འཐབ་རྩོད་ཀྱི་ངོ་བོ་སྲ་བརྟན་ཇེ་ཆེ་དང་ནུས་པ་ཇེ་རྣོར་གཏོང་དགོས་པ་ལས། སྔ་མ་ལྟར་དེ་ནས་ངར་དུས་འདི་ནས་བལྟས། འདི་ནས་ངར་དུས་དེ་ནས་བལྟས་བསྡད་པ་ལྟ་བུས་ང་ཚོའི་འཐབ་རྩོད་ལ་གསོན་ཤུགས་ཤིག་ནམ་ཡང་མི་ཡོང་བར་ངེས།
དེས་ན། ང་ཚོས་ད་ལྟ་རང་ཐོག་འཁྲི་བའི་བྱ་བ་གལ་ཆེ་ཤོས་ནི་ཕ་མེས་ཡང་མེས་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་བཟང་པོ་དག་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་པ་གཞིར་བྱས། དེང་རབས་ཀྱི་ཤེས་བྱ་དག་ལ་ཡང་མ་རྨོངས་ཤིང་ཁྱད་གསོད་མ་བྱས་པར་སྦྱངས་ནས་བོད་ཀྱི་བདེན་དོན་རྩོད་རྒྱུ་དེ་ང་ཚོའི་སྙིང་དབུས་ནས་ནམ་ཡང་མི་བརྗེད་པར་སྔར་སོང་ད་འགྲོའི་ལས་འགུལ་ལྷོད་ལྷོད་པོ་དེས་མ་འདངས་པར་ངོས་འཛིན་ཐོག་རྣོ་ངར་ལྡན་པའི་ལས་འགུལ་སྤེལ་དགོས་པ་དུས་ལ་བབ་པ་མ་ཟད་འཕྱིས་གྲབས་འདུག་གོ། ཕྱི་ཟླ་ ༡༡ ཚེས་ ༡༣ དགོང་མོའི་ཆུ་ཚོད་ ༡༡.༡༦ ལ།
བོད་མི་བཅུ་ཕྲག་བདུན་ཙམ་གྱིས་རང་དབང་གི་ཁྱད་དུ་རང་ལུས་མེར་སྲེག་བཏང་བ་བཞིན་
གནད་ཀ་ཆེ་སའི་སར་བྷོམ་བཅུ་ཕྲག་བདུན་ཙམ་གཏོར་ན་ཨང།