ཅོག་རོང་གི་མྱི།
ཀྭ་ཡེ་ཁོ་བོ་དྲ་ཐོག་སླེབས་ཙ་ན།
ཁ་བརྡ་ནང་གི་མཆན་པ་ཐ་ཐོར་ཚོས།
ག་ཡང་རྐུབ་ཀྱག་མ་བརྟན་མ་ཚུགས་ཞེས།
ང་ཕོད་གནས་ནས་དབྱུངས་ཞེས་ག་ཆད་སྨྲ།
ཅ་ཅོ་འདོན་ལ་དགའ་བའི་འོ་སྐོལ་རྣམས།
ཆ་རྒྱུས་ཡོད་མེད་མི་ལྟ་བཤད་ལ་དགའ།
ཇ་ཡུན་ཙམ་གྱི་བསམ་བློ་རེ་བཏང་ནས།
ཉ་དང་འདྲ་བའི་ལྕེ་དེ་ད་གདོད་འགུལ།
ཏ་ལ་ལ་འདྲའི་ཉམས་ཆུང་མར་མེ་ལ།
ཐ་ཤལ་རླུང་གིས་བདས་ནས་བསད་པ་ལྟར།
ད་ལྟའི་ཀླད་པ་མེད་པར་དྲར་འཁྱམ་པའི།
ན་གཞོན་མི་བུ་འདི་དག་གྱི་རེ་ན།
པ་ཤི་བླ་རྒན་འཛམ་གླིང་ཡུལ་གྲུར་ཉུལ།
ཕ་ས་ཕ་ཤུལ་རྒྱ་མི་ཇག་པར་གཏད།
བ་ཕྲུག་འདྲ་བའི་རྩམ་ཟན་འོ་སྐོལ་གྱིས།
མ་ཡི་ནུ་ཞོ་དྲན་ནས་ས་མཐར་ལྷུང་།
ཙ་ར་བཅད་ནས་རྒྱབ་ནི་གས་ཀྱང་རུང་།
ཚ་བའི་མེ་དཔུང་རང་ལུས་བསྲེགས་ན་ཡང་།
ཛ་ལང་རྒྱ་ཡི་གཞུང་ལ་རྒོལ་ནུས་པའི།
ཝ་ལྟར་མི་ཞུམ་ང་ཚོའི་དཔའ་བོར་སོམས།
ཞ་ཞ་སྒྱིད་དང་འཕྲེད་འཕྲེད་ཁ་དག་གིས།
ཟ་སྒོ་ཕྱེ་ནས་བསགས་པའི་རྒྱུ་ནོར་རྣམས།
འ་མོ་ཉིད་ཀྱི་རང་བཞིན་མ་ཤེས་ཏེ།
ཡ་གིའི་སྟེང་ནས་མ་གིའི་ཐང་ལ་ལྷུང་།
ར་རྡང་གཅིག་གི་ར་གུ་ར་ཕྲུག་ལྟར།
ལ་རྒྱ་མ་འཆོར་འོ་སྐོལ་བོད་པ་ཚོ།
ཤ་སྡུག་འབུ་སྡུག་མ་བྱེད་མཐུན་སྒྲིལ་གྱིས།
ས་འབར་རྡོ་འབར་བྱས་ནས་སྤྱི་ཚིས་སྒྲུབས།
ཧ་ཅང་གདམས་རྒྱུ་བཤད་རྒྱུ་མང་དྲགས་ན།
ཨ་མའི་བུ་ཡི་ཐུགས་ལ་འགལ་ན་ཕོངས།
ཧ་ཅང་མི་སྨྲའི་བརྟུལ་ཞུགས་བཟུང་བཟུང་ན།
ཨ་སྐྱ་ང་ཡིས་ཚོད་ཅིག་མ་ཟིན་ཐལ།
ཀྭ་ཡེ་ཁོ་བོའི་དྲྭ་གྲོགས་དང་། །
ཁ་བརྡའི་ནང་གི་མཆན་པ་ཚོས། །
ག་ས་ག་ལ་ཤོད་བཞིནཔའི། །
ང་ཕོད་གནས་དབྱུངས་གསལ་ཆ་སྟོནད། །
པ་ཤི་བླ་རྒན་འཛམ་གླིང་ཡུལ་གྲུར་ཉུལ།
ཆིག་འདིའི་གོ་བ་ག་རེ་རེད། གསལ་བཤད་བྱེད་རོགས།
ཏ་ལ་ལ་འདྲའི་ཉམས་ཆུང་མར་མེ་ལ།
འདི་ཡང་གང་རེད།
འ་མོ་ཉིད་ཀྱི་རང་བཞིན་མ་ཤེས་ཏེ། ཞེར་བ་གང་ཡིན་ནམ།
ར་རྡང་གཅིག་གི་ར་གུ་ར་ཕྲུག་ལྟར། འདི་ག་རེ་རེད།
ཀ་ཁ་བཙན་གྱིས་ཚིག་མགོར་བཞག་ཙམ་ལས།།
ཁ་ཚིག་དོན་ལྡན་སྦྱོར་བའི་རྩལ་མ་འབྱོར།།
ག་ཚད་ཀློག་ན་དེ་ཚད་གོ་དཀའ་བ།།
ང་ཡི་མྱིག་འདི་གཉིད་ལ་གཏོང་སྤྱད་ཙམ།།
ཀ་རྩོམ་འདི་ཡི་མཛེས་ཆ་ནི། །
རྫ་ཆག་ལྷུ་ལག་སྒྲིག་པ་བཞིན། །
རྡོ་ཆག་བཙན་གྱིས་སྒྲིག་པ་བཞིན། །
ཁ་ལུད་སླར་ཡང་མིད་པ་བཞིན། །
ཀ་རྩོམ་འདི་ཡི་མཛེས་ཆ་ནི། །
ཁ་ལུད་སླར་ཡང་མིད་པ་བཞིན། །
ག་དར་ཕྲོད་ལས་བླངས་པ་བཞིན། །
ང་རོ་ཁྱི་གུས་སྒྲོགས་པ་བཞིན། །
ཅ་ཅོ་ཚོད་མེད་འདོན་པ་བཞིན། །
ཆ་འཇོག་མེད་པའི་སྐད་ཆ་བཞིན། །
ཇ་རོ་རྙིང་པ་སྤུངས་པ་བཞིན། །
ཉ་རུས་སྐམ་པོ་མུར་བ་བཞིན། །
ཏ་ལའི་ལོ་མ་རྙིང་པ་བཞིན། །
ཐ་མག་ཟད་རོའི་ཕུང་པ་བཞིན། །
ད་ར་རྙིང་པ་འཐུང་པ་བཞིན། །
ན་རེར་ཤི་བའི་མཇེ་ནག་བཞིན། །
པ་ཕ་རྒད་པོའི་ཁ་སྤུ་བཞིན། །
ཕ་མ་རྒན་པོའི་ཧབ་པན་བཞིན། །
བ་ཕྱུགས་ལྕི་བ་རློན་པ་བཞིན། །
མ་རྩ་མེད་པའི་ཚོང་པ་བཞིན། །
ཙནྡན་སོལ་བར་གཏོང་བ་བཞིན། །
ཚ་བའི་ཡུལ་གྱི་ཤ་རུལ་བཞིན། །
ཛ་ཛོར་བྱིས་པའི་སྣབ་ལུད་བཞིན། །
ཝ་ལྤགས་རྙིང་ཟད་སོང་བ་བཞིན། །
ཞྭ་མོ་རྐང་པར་གྱོན་པ་བཞིན། །
ཟ་མ་མགོ་ལ་བྱུགས་པ་བཞིན། །
འ་ཆད་འུ་ཐུག་བྱུང་བ་བཞིན། །
ཡ་ཡུད་མ་རབས་སྤྱོད་པ་བཞིན། །
ཀ་མེད་སུམ་ཅུ་འགྲོ་སྟངས་ཤེས་ཙམ་གྱིས།
ཁ་སྟོང་ཚིག་སྟོང་རྫོགས་མཐར་མེད་པ་ཞིག །
ག་ས་གང་ནས་དྲ་འབུ་འདི་ཚོས་བཤད། །
ང་རང་དབང་མེད་ངང་ནས་ཁྲེལ་དགོད་ཤོར། །
ཀ་ཁའི་སུམ་བཅུའི་གཟུགས་ཀྱི་ཡོལ་གོང་ནས།
ཁ་བའི་ལྗོངས་ཀྱི་ལས་དབང་གང་ཡོད་རྣམས།
ག་ཆད་འུ་ཐུག་ཇི་ཙམ་སྨྲས་ཀྱང་རུང།
ང་ནི་མི་གཡོ་མི་འགུལ་ཙུག་པུར་འདུག
ཀ་བ་བུམ་པ་རྩོད་པའི་རིགས་ལམ་དེར། །
ཁ་ལ་བྱང་ནས་གང་བྱུང་ཁ་འཁྱམ་གཡུག །
ག་དུས་ཡིན་ཡང་རང་ལྟ་མཆོག་འཛིན་མཁན། །
ང་རྒྱལ་གོང་བུ་ཅན་ཚོ་ཡིད་རེ་མུག །
ཀ་ལི་གསལ་བྱེད་སུམ་ཅུར་གྲོགས་རྟེན་བཞིན།
ཁ་འཇམ་ཁོང་རྩུབ་ཚིག་གི་ཤན་གྲི་དེ་
ག་དུས་ཡིན་ཡང་མི་ལ་སྟོན་འདོད་ཀྱང།
ང་ཡི་སྣང་བར་ཇག་རྩ་སྐམ་པོར་གྱུར།
ཀ་རྩོམ་བྱུང་ཚད་འདིར་བྲིས་ཤོག །
ཁ་བའི་ཁ་སྐད་ཡོད་ཚད་ཤོད། །
ག་རེ་བཤད་ཀྱང་ཞེད་མི་དགོས། །
ང་ཚོ་རང་གི་ཁ་སྐད་རེད། །
དགེ་ཆོས་ཀྱི་ཀ་རྩོམ་ཉམས་ཅུང་ཙམ་བྱུང་། སྙན་པོ་འདུག མུ་མཐུད་ཤུགས་རྒྱོབ་ཤོག་ཨ།
ཀ་ར་ལྟ་བུའི་ཚིག་ལ་དགའ་པའི་བོད་པ་ཚོ། །
ཁ་ཁོག་བར་ན་ལྕེ་གཉིས་སྐྱེས་པའི་བོད་པ་ཚོ། །
ག་ལ་ཕྱིན་ཡང་བཀྲ་མ་ཤིས་པའི་བོད་པ་ཚོ། །
ང་ཡི་རིགས་ཀྱི་འདྲེ་ལས་སྡིག་པ་སུས་མི་ཤེས། །
ཀ་ཁ་སློབ་པ་གཞན་མགོ་སྐོར་བྱེད་རེད། །
ཁ་ལ་མ་ཎི་འདོན་པ་གོམས་སྲོལ་རེད། །
ག་ལ་ཐུག་དུས་མེད་པ་འགྲོ་སྟངས་རེད། །
ང་ཚོའི་དྲྭ་འབུ་འགའ་ལ་ཐང་ཆད་སོང་། །
སྔ་མའི་མུ་འགོད།
ར་མ་རྐང་ཆག་གོམ་འགྲོས་བཞིན། །
ལ་རྩེའི་འཇག་སྐྱ་རླུང་འཁྱེར་བཞིན། །
ཤ་རུལ་འཁོར་བའི་སྦྲང་བུ་བཞིན། །
ས་སྟེང་འདི་ཡི་གད་སྙིགས་བཞིན། །
ཧ་ཧ་བགོད་པའི་འུག་པ་བཞིན། །
ཨ་ཇོ་རྒན་པོའི་སྣབ་ལུད་བཞིན། །
ཧ་ལམ་རྒུད་པའི་མཐར་ཐུག་བཞིན། །
ཨ་ཙི་ཟེར་དགོས་ཐུག་པ་བཞིན། །
ཡ་ཡ་ཁྱེད་ཅག་ལ་ཐ་སྙད་ཀྱི་འགྲེལ་བཤད་ཅིག་རྒྱག་
ཏ་ལ་ལ། སྒྲོན་མེའམ་མར་མེའི་དོན། དཀོན་མཆོག་ཏ་ལ་ལའི་མདོ་ལྟ་བུའོ།
པ་ཤི། པཀིཥ་ཡང་ཟེར། སོག་སྐད་དེ་བོད་ཀྱི་བླ་མ་རྒྱ་ནག་ཏུ་ཕྱིན་ཏེ་ཆོས་བཤད་ནས་ཐོབ་པའི་གོ་ས་ཞིག་ཡིན། དགེ་རྒན་ནམ་སློབ་དཔོན་གྱི་དོན་ལ་ཡང་འཇུག
ཙ་ར་བཅད། ལྕག་གིས་གཞུ་བའི་དོན་ལ་གོ
ཛ་ལང་། སྤྱོད་པ་རྩིང་པོ་དང་གོམས་གཤིས་ངན་པ་ལ་གོ་དགོས།
འ་མོ་ཉིད། བོན་པོའི་སྟོང་ཉིད་ཀྱི་མིང་།
ཨ་སྐྱ། མི་ནག་སྐྱ་བོ།
གོང་གི་ཐ་སྙད་འདི་དག་བདག་སློབ་ཆུང་འགྲིམས་དུས་སྦྱངས་བ་ཡིན་པས་ཁྱེད་ཚོས་མ་གོ་ན་ཁག་མེད།
འཇིགས་མེད་བློ་གྲོས་ལགས་སུ།
པ་ཤི་བླ་རྒན་འཛམ་གླིང་ཡུལ་གྲུར་ཉུལ་ཞེས་པའི་དོན་ནི་ཆོས་འཛམ་གླིང་བ་རྣམས་ལ་འཆད་པའི་ཆེད་དུ་ཉིན་ཚན་ཁོར་མོ་ཡུག་ཏུ་ཡར་མར་ལ་འགྲོ་བཞིན་པའི་༧སྐྱབས་མགོན་རིན་པོ་ཆེས་གཙོས་པའི་ས་དགེ་བཀའ་རྙིང་གི་བླ་ཆེན་ལ་སོགས་ཀྱི་མཛད་པ་འཕྲིན་ལས་བཅས་ལ་གོ་དགོས།
མེ་ཏོག་དཀར་པོ་ལགས་སུ།
ཉ་དང་འདྲ་བའི་ཁ་དེར་བདག་པོ་རྒྱོབ།
དགོངས་དག གོང་དུ་ཀ་ཆད་འདུག་པས་འདི་ཡར་སྦྱོར༼ཀ་ར་ཐུག་པར་བཏབ་པ་བཞིན། ༽
ཀ་རྩོམ་བྲིས་ན་མཚམས་འཇོག་མི་ཤེས་མེ་དཀར་གློའུ་རྒན། །
ཁ་བཙོག་བཤད་ན་ཆགས་སྨྱོན་ངོ་མ་མེ་དཀར་གློའུ་རྒན། །
ག་ལ་ཐུག་དུས་ཅི་ཡང་མི་འཇོན་མེ་དཀར་གློའུ་རྒན། །
ང་ལས་སྐྱོ་བའི་མི་ལྡང་རྩ་མེད་མེ་དཀར་གློའུ་རྒན། །
འ་མོ་ཉིད། བོན་པོའི་སྟོང་ཉིད་ཀྱི་མིང་རེད་ཟེར། ཟེར།
ང་ལས་སྐྱོ་ཟེར་དུས་འདྲེ་ཁྱོད་སྐྱོ་པོ་ཡོད་པ་ཁས་བླངས་འདུག་ག
ཧཧ་ཧ་ཧཧ་
གློའུ་རྒན་མ་རེད་བློང་རྒན་རེད།
བློང་ཁ་གློང་ན་བློང་རྟགས་ཡོད།
མེ་འདྲེ་གཉིས་འི་བློང་བཞེད་ལ།།
རླུང་ཟིག་བརྩང་ན་འདོད་བཞག་ཐལ།
ཀ་རྩོམ་འབྲི་ན་ཐ་སྙད་དགོས།
ཁ་བརྡ་བྱེད་ན་བསམ་བློ་དགོས།
ག་རེ་སྒྲུབ་ནའང་ཡོན་ཏན་དགོས།
ང་ཁྱེད་མེད་པར་འདི་གསུམ་སྲུངས།
ཀ་མད་སུམ་ཅུ་ཤེས་ཙམ་དང་། །
ཁ་བདེེ་ལྕེ་བདེ་ཡོད་ཙམ་གྱིས། །
ག་རུའང་ཀ་རྩོམ་འབྲི་མོད་ཀྱང་། །
ང་འདྲའི་ཀ་བཤད་ག་ལ་འོང་། །
ཀ་ངོ་ཡིག་ངོ་མི་ཆོད་གནམ་སྐྱ་འདྲ་བ། །
ཁ་བཙོག་ངོ་བཙོག་འབག་གི་རྗེས་འགྲོ། །
ག་ལེར་ཉལ་ནས་སྡོད་ལ་དེ་ཡིས་ཧྲ་པ། །
ང་དང་མེ་དཀར་རླུང་བརྩང་ཅི་བྱ། །
ཀ་རྩོམ་འབྲི་ལ་ཐ་སྙད་མི་དགོས་ཤིང་། །
ཁ་བརྡ་བྱེད་ལ་བསམ་བློ་མི་དགོས་པའི། །
ག་ནས་བལྟས་ཀྱང་དཔེ་རུ་འོས་པ། །
ང་ཡི་གྲོགས་པོ་མེ་དཀར་འཁྲིགས་སེ་རེད། །
ག་ནས་བལྟས་ཀྱང་དཔེ་རུ་འོས་པ། །
རྐང་ཆག