གློག་བརྙན། ཁྱི་རྒན།
འཁྲབ་ཁྲིད་པ། པདྨ་ཚེ་བརྟན།
སྟོན་དུས། ཕྱི་ཟླ་ ༡༡ ཚེས་ ༡༧། རེས་གཟའ་སྤེན་པའི་དགོང་དྲོ་ཆུ་ཚོད་ ༦ །
སྟོན་ཡུལ། ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭའི་སོ་ཞེལ་ སན་སི་ (Social Science) ཁང་པ། ཚོགས་ཁང་ཨང་ ༥༢༠༦ །
བལྟ་གླ། རིན་མེད།
གློག་བརྙན་མ་བསྟན་གོང་། བོད་ཟས་མཉམ་རོལ།
གློག་བརྙན་བསྟན་རྗེས། འཁྲབ་ཁྲིད་པར་དྲི་བ་དྲི་ལན།
གློག་བརྙན་དེའི་ནང་དོན་གཙོ་བོ་ཇི་ཡིན་ཤེས་མཁན་ཡོད་ན་མཚམས་སྦྱོར་ཞིག་བྱེད་རོགས།
གློག་བརྙན་འདི་ནི་ལྗང་བུས་བྲིས་པའི་རང་མོས་སྙན་ངག་ཅིག་དང་འདྲ་སྟེ། སྒྱུ་རྩལ་ལ་རོལ་མྱོང་ཐུབ་མཁན་གྱི་གང་ཟག་དམིགས་བསལ་བ་འགར་བྲོ་བ་ཞིག་མྱོང་རྒྱུ་ཡོད་ན་ལས། ང་འདྲ་བའི་ཕལ་བ་དག་ལ་ནི་ཧ་ཅང་ཉོབ་ཅིང་གཉིད་བྲོ་བ་ཞིག་ལས་མི་འདུག རྡ་སར་བོད་ཀྱི་གློག་བརྙན་དུས་སྟོན་ཚུགས་སྐབས་བསྟན་སོང་བར། མི་རྣམས་ཀྱིས་ཧ་ཅང་རྩ་ཆེ་ཞིང་ལྟ་རིན་ཡོད་པར་བསམས་ཏེ་འཚང་ཁས་ཚོགས་ཁང་ནང་འདུག་སྟེགས་ཀྱང་མི་རེག་པའི་ཚོད་དུ་འདུག་མོད། གློག་བརྙན་གྲོལ་དུས་མི་རྣམས་ཀྱི་ངོ་གདོང་ལས་ཐང་ཆད་ཅིང་། ཞེ་མེར་བའི་རྣམ་འགྱུར་ལས་ཅི་ཡང་མི་སྣང་། དེ་ཡང་ཡུལ་གཅིག་ལ་པར་ལེན་གྱི་ཁ་ཕྱོགས་རྒྱུན་རིང་པོར་གཏད་ཅིང་། སྐད་ཆར་སྒྱུ་རྩལ་གྱི་ཉམས་མེད་ལ། ཁོར་ཡུག་གི་བཀོད་བཞེངས་ཧ་ཅང་ཉུང་བ། འཁྲབ་པ་པོར་སྒྱུ་རྩལ་གྱིས་མི་འདང་བ་སོགས་སྐྱོན་གྱིས་གང་བར་མཐོང་། སྐད་ཆ་གཞན་ཞིག་བཤད་ན། འཁྲབ་འཁྲིད་པས་རྒྱས་བོད་ཀྱི་འབྲོག་པ་གྲོང་ཁྱེར་ཅན་དུ་བསྒྱུར་བའི་སྲིད་བྱུས་ལ་ཟུར་ཟ་བྱས་ཤིང་། གནམ་ས་གང་དུའང་མ་སླེབས་ཤིང་། ཡ་ང་ཞིང་ཐབས་སྐྱོ་བའི་དེང་གི་འབྲོག་པའི་འཚོ་བ་མཚོན་ཐབས་བྱས་པ་འདྲ། ལྷག་པར་ཁྱི་རྒན་གྱི་བདག་པོ་གཉིས་ལས་གཅིག་གིས་འཚོང་ཐབས་དང་། གཅིག་གིས་མཐའ་གཅིག་ཏུ་མི་འཚོང་བ་དེས། མི་རབས་གསར་རྙིང་གི་བསམ་པ་མཚོན་ཞིང་། མཐར་ཁྱི་རྒན་བསད་པ་དེས་རྒྱའི་དངུལ་དངོས་ཀྱི་བསླུ་བྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་འབྲོག་རྒན་དག་གི་བསམ་པ་མཚོན་པ་ཡིན་པ་འདྲ། གཞན་ཡང་སྦག་སྦག་གི་སྒྲ་རྣ་བར་གཟན་ཞིང་། ཡུལ་ལུང་མི་སྡུག་པ། གྲོང་དང་གྲོང་མཐའི་ལམ་མི་བཟང་ཞིང་། ཆུ་སྙིགས་ཀྱིས་གང་བ། ནམ་དུས་ཀྱང་སྟོན་མཇུག་བདམས་པ་དེས་ཀྱང་འཁྲབ་འཁྲིད་པས་བོད་ཀྱི་ད་ལྟའམ། ལྷག་པར་དུ་འབྲོག་པའི་འཚོ་བ་གསལ་སྟོན་བྱས་པ་འདྲ། འདི་ནི་ངའི་རྨོངས་ཚོད་ཙམ་ལས། འཁྲབ་འཁྲིད་པའི་དགོངས་པ་མིན་པས་ངེས་པར་མཁྱེན་པར་མཛོད། །
ལྟ་བའི་གོ་སྐབས་མ་བྱུང་། འོན་ཀྱང་ལྟ་མྱོང་མཁན་ཚོས་བཤད་ན། དམར་པོའི་བསམ་བློ་ལ་རྒྱབ་བཅོལ་ནས་བོད་པ་གླེན་ལྐུགས་ཡིན་པ་ཐ་ན་བུ་ཕྲུག་འཁོར་བ་དེ་ཆུང་མ་ལས་ཁྱོ་གར་འབྲེལ་བ་ཡོད་པ་དེ་ཙམ་ཡང་ཧ་མི་གོ་བ་ཡིན་ཚུལ།དེ་ནས་ཀླ་ཀློའི་གདུག་རྩུབ་ཅན་དང་སེམས་ཁམས་མ་དང་བ་ཡིན་ཚུལ་་སོསོའི་སྒོ་ཁྱི་ལོ་ཉི་ཤུ་ཅན་ཞིག་ཀྱང་ཐག་སྐེས་གསོད་མཁན་སོགས་ཡིན་ཚུལ་བསྟན་འདུག་ཟེར། ཡང་རྒྱ་ནག་འཐབ་ཆོག་གཅིག་བསྒྱུར་ལས་ཁུངས་ཀྱི་ལས་ཀའི་རྣམ་གྲངས་ལས་གཅིག་ཡིན་ཚུལ་་དང་ཁོང་ཚོའི་རེ་བ་ལྟར་བཟོ་བཅོས་ཐེངས་བཅུ་གསུམ་བྱས་ཚུལ་ཞིག་ཐོས།གློག་བརྙན་མཐོང་ན་གཞི་ནས་ཞིབ་ཕྲ་བཤད་ངེས་ཡིན།འོད་སྡེར་བཙོང་རྒྱུ་ཨ་ཡོད་ན།
འཁྲབ་ཁྲིད་པ་ཁོང་གི་བརྩམས་སྒྲུང་<>དང་གློག་བརྙན་<>གཉིས་ཀྱི་མཇུས་འབྲས་ཐད་ནས་མི་རྣམས་ལ་གློ་ཡུལ་ལས་འདས་པའི་ཚོར་བ་སྤྲོད་པའི་མཚུངས་ཆོས་མང་པོ་འདུག གཞན་ཞིག་ནི་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གྱིས་མཚོན་མདངས་ལ་དམིགས་གསལ་གྱིས་ཁྱད་གཤིས་བསྐྲུན་གྱི་མེད་པ་དང་། སྐད་ཆའི་ཐད་ནས་ཧ་ཅང་ཉུང་ཉུང་ཡིན་པའི་གློག་བརྙན་འཁྲབ་ཁྲིད་བྱས་འདུག
ངས་བསམ་ན་པདྨ་ཚེ་བརྟན་གྱི་གློག་བརྙན་གྱི་གཞི་རྩའི་ཁྱད་ཆོས་དེ་བསམ་བློའི་ཆ་ན་འདུག བསམ་བློ་ནི་ཁོང་ནི་འཁྲབ་གཞུང་མི་སྣའི་རྣམ་འགྱུར་དང་། སྐད་ཆ། ཁོར་ཡུག་གི་ཁྱད་པར་བཅས་ཀྱིས་སྟོན་གྱི་འདུག གཅིག་བྱས་ན་འདི་ནི་བརྩམས་སྒྲུང་དང་གློག་བརྙན་འཁྲབ་གཞུང་གཉིས་ཀྱི་ཁྱད་ཆོས་མཉམ་བསྡེབས་བྱས་པའི་གསར་གཏོད་ཅིག་ཡིན་སྲིད།
ཁོང་གི་<>དང་། <>གང་ཡིན་ཡང་། ཁྱད་ཆོས་འདི་ཡོད་པ་འདྲ། གཞན་ཞིག་ནི་རྡ་སར་འཚོགས་པའི་བོད་ཀྱི་གློག་བརྙན་དུས་སྟོན་གྲུབ་རྗེས་ང་ཚོ་ཁག་ཅིག་གིས་གློག་བརྙན་<>དང་གཞན་དག་མང་པོའི་ཐད་ལབ་གླེང་བྱས་པ་ཡིན། མང་ཆེ་ཤོས་ཀྱིས་ངེས་པར་ཏུ་ཆབ་སྲིད་ཀྱི་ཚོར་སྣང་ཡོད་པའི་འགྲེལ་བཤད་རྒྱག་གི་འདུག ངས་བསམ་ན་འདི་ཡང་དག་པ་མ་རེད།