ཤར་ཕྱོགས་ཁུག་རྟ།
༄༅།། ཕྱི་ལོ ༢༠༠༩ ནས་ད་བར་བོད་མི་ ༧༢ རང་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་བོད་མི་ཚོས་ཡང་ཡང་གསལ་བཏོན་གནང་བ་ལྟར། རྒྱ་ནག་གིས་ཐུན་རིན་རྫོང་བློན་ཆོས་ཞང་ཏང་ཨུ་ཟེར་བ་ནས་སྤེལ་བའི་དྲག་སྤྱོད་ཡིག་ཆ་དོན་ཚན་བདུན་འཁོད་པའི་ནང་བོད་མི་ཚོར་ཐ་ན་རང་གི་རྩ་བའི་བླ་མའི་སྐུ་པར་ཙམ་ཡང་ཉར་དབང་མེད་པ་གསལ་སྟོན་བྱས་འདུག དྲག་སྤྱོད་ཡིག་ཆ་དེའི་ནང་བོད་མི་མང་ལ་སྲིད་དབང་སྒེར་འཛིན་གཞུང་གི་འཇིགས་སྐུལ་བྱ་སྟངས་ནི་འཛམ་གླིང་གི་མི་རྣམས་ཀྱི་བློ་ཡིད་དུ་ཤོང་ཐབས་བྲལ་བ་ཞིག་ཡིན་པ་གསལ་སྟོན་བྱས་འདུག དེར ༡ ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནམ་རྒྱུན་སྲུང་སྐྱོབ་བྱ་རྒྱུ། ༢ ཁུལ་རྫོང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ཆོས་ལུགས་བྱ་འགུལ་སྤེལ་དགོས། ༣ ནན་ཏན་སྒོས་སློབ་སྦྱོང་དང་རྒྱུན་འཁྱོངས་ངང་འབྲེལ་ཡོད་ཀྱི་ཆོས་ལུགས་ཤེས་བྱར་ནན་ཏན་མཐའ་འཁྱོངས་བྱེད་དགོས། ༤ མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོབ་དང། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ངོ་རྒོལ་བྱ་དགོས། ༥ དགོན་པའི་ནང་དུ་ཏཱ་ལའི་འདྲ་པར་འཇོག་པར་ངོ་རྒོལ་བྱ་དགོས། ༦ ཁྲིམས་ལྟར་དགོན་པའི་བྱ་བའི་བདག་གཉེར་ཤུགས་སྣོན་བྱ་དགོས། ༧ ལོ་ཚད་མ་རན་པའི་བྱིས་པར་རབ་བྱུང་སྒྲུབ་པར་གཏན་འགོག་བྱ་རྒྱུ། ཞེས་འཁོད་ཡོད། བོད་མིས་རང་སྐྱོང་གི་བསམ་འཆར་རྒྱ་གཞུང་ལ་སྤྲད་པ་དང། དབུ་མའི་ལམ་གྱི་སྲིད་བྱུས་ཁ་ཞེ་གཉིས་མེད་ཀྱིས་རྒྱུན་འཁྱོངས་གནང་སྟེ་མི་ལོ་ཧྲིལ་བོ ༣༣ འདས་པའི་རིང་རྒྱ་གཞུང་གིས་བོད་མིའི་གུ་ཡངས་དང་བསམ་ཤེས་ལ་ངོས་ལེན་ཁྱོན་ནས་མེད་པར། བོད་མི་རྣམས་འགྲོ་བ་མིའི་གྲལ་དུ་མི་བརྩི་བའི་བྱ་སྤྱོད་འདི་རིགས་ནི་རང་སྲེག་གི་གདམ་ག་བསྟུན་མར་དང་དུ་ལེན་དགོས་པའི་རྐྱེན་དངོས་གནས་དེ་ཆགས་ཡོད།
བོད་ས་ཡོངས་སུ་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྟོན་བཞིན་པའི་ཁྲོད་རང་སྲེག་གཏོང་མཁན་གྱི་ནང་མིར་གཡོ་འགུག་བསླུ་ཐབས་ཀྱིས་རྒྱ་སྒོར་ཕོན་ཆེ་སྤྲོད་ངེས་ཀྱི་ཆེས་ཐབས་རྡུག་གི་བྱ་སྤྱོད་ལག་བསྟར་བྱས་ཡོད་པ་མ་ཟད། ས་གནས་གཞུང་གིས་རང་སྲེག་གཏོང་མཁན་གྱི་མངོན་འདོད་དང་རྦད་དེ་རྒྱབ་འགལ་ཕྱིན་པའི་གནས་སྟངས་འདི་རིགས་མུ་མཐུད་ལག་བསྟར་བྱས་པ་ཡིན་ན། བོད་མི་ཚོར་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་ལ་ཡིད་ཆེས་གཏན་བརླག་འགྲོ་གཞི་ཆགས་ཀྱི་རེད་ལ། དོན་ཚན་དེ་དག་ནི་རྩ་ཁྲིམས་དོན་ཚན་སུམ་བཅུ་སོ་དྲུག་པར་འགལ་འདུག་པ་མ་ཟད། དེའི་གསལ་འགྲེལ་”སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཤེས་བྱའི་ལྟ་དེབ”་ནང་གི་”ཆོས་ལ་དད་པ་བྱེད་པའི་རང་དབང་ཟེར་བ”དང་རྦད་དེ་རྒྱབ་འགལ་ཕྱིན་འདུག་པས་རྒྱ་ནག་དབུས་སའི་གཞུང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་དག་ཐེར་ངེས་པར་དུ་བྱས་ཏེ་ས་གནས་བློན་ཆོས་མི་མང་དགོངས་སེལ་ཞུ་དགོས།
༧གོང་ས་ཆེན་པོ་དང་དབུས་སྒྲིག་འཛུགས་ནས་དོན་དམ་གྱི་རང་སྐྱོང་འཚོལ་སྒྲུབ་བྱེད་པའི་ནང་ས་གནས་ཁག་ཏུ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་འདི་རིགས་ནི་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་གཞིའི་གེགས་རྐྱེན་དངོས་གནས་དེ་རེད་ལ། འཕོས་ལ་ཉེ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཡི་སྐབས ༡༨ པའི་གུང་ཏང་གི་ཚོགས་ཆེན་ཐོག་གི་གཏམ་བཤད་དོན་ཙན་བཅུ་གཉིས་ཅན་དེ་རྫུན་མའི་ཕུང་བོར་སྒྲུབ་བྱེད་ཅིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་རེད། དེས་ན་ས་གནས་དཔོན་རིགས་ཀྱི་དྲག་སྤྱོད་བསྒྲགས་ཡིག་འདི་དག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཁ་ཕྲལ་དང། སྤྱི་ཚོགས་བརྟན་བརླིང་གཏོར་བཤིག ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལམ་ལྷོང་མི་འབྱུང་བའི་འགོག་རྐྱེན་ངོ་མར་ངོས་འཛིན་བྱེད་བཞིན་ཡོད་ན། རྒྱ་ནག་གཞུང་ནས་འཕྲལ་དུ་སྐྱུག་བྲོ་བའི་བྱ་སྤྱོད་འདི་རིགས་ལ་དག་ཐེར་ཡོང་བ་ནན་སྐུལ་ཞུ་རྒྱུ་དང་། དེ་བཞིན་ས་གནས་འབྲེལ་ཡོད་བོད་རིགས་ལས་བྱེད་ཚོས་ཀྱང་རང་གི་མི་རིགས་ཀྱི་ལར་ཞེན། བོད་མིའི་རྒྱུ་འབྲས་རིག་གནས་ལ་ཕྱིན་ཅི་མ་ལོག་པར་ཚུལ་མཐུན་དྲང་བདེན་གྱི་ལམ་ཁར་བསྐྱོད་རྒྱུར་ཅི་ནས་ཀྱང་མནོ་བསམ་གཏོང་གལ་ཆེ་བའི་དུས་ལ་བབ་འདུག།
༢༠༡༢། ༡༡། ༡༤། ཉིན།
ས་གནས་དགོན་པ་ཁག་ཏུ་དམིགས་བསལ་དོ་དམ་བྱ་རྒྱུའི་དོན་ཚན་བདུན་ཅན་ལ་བསྒྱུར་ཐེབས་པ།
དང་པོ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནམ་རྒྱུན་སྲུང་སྐྱོང་བྱ་རྒྱུ།
འདི་ལ།
ཀྲུང་གོའི་གུང་བྲན་ཏང་གི་འགོ་འཁྲིད་ཤེས་སྤྱོད་གཉིས་ཀ་སློབས་དགོས།
གཉིས་པ། ཁུལ་དང་རྫོང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་དགོས།
འདི་ལ།
ཁུལ་དང་རྫོང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་མིན་པར། རང་དབང་གིས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་དགོས།
གསུམ་པ། ནན་ཏན་སྒོས་སློབ་སྦྱོང་དང་རྒྱུན་འཁྱོངས་ངང་འབྲེལ་ཡོད་ཀྱི་ཆོས་ལུགས་ཤེས་བྱ་ནན་ཏན་མཐའ་འཁྱོལ་བྱེད་དགོས།
འདི་ལ།
ཕན་ཐོགས་ཡོད་པའི་སྐད་ཡིག་སློབ་སྦྱོང་དང་རྒྱུན་འཁྱོངས་ངང་རང་གི་ཆོས་ལུགས་ཤེས་བྱ་ནན་ཏན་མཐའ་འཁྱོལ་བྱེད་དགོས།
མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། ཏཱ་ལའི་ཚོགས་པའི་ཁ་བྲལ་སིམ་འཛུལ་ངོ་རྒོལ་བྱ་དགོས།
འདི་ལ།
བཞི་བ། མེས་རྒྱལ་གཅིག་གྱུར་ཡོང་བར་དྲང་བདེན་དང་། ཏཱ་ལའི་ཚོགས་པའི་མང་གཙོ་ཡང་དག་པ་ཁྱབ་སྤེལ་བྱ་དགོས།
ལྔ་བ། དགོན་པའི་ནང་དུ་ཏཱ་ལའི་འདྲ་པར་འཇོག་པར་གཏན་འགོག་བྱ་རྒྱུ།
འདི་ལ།
དགོན་པའི་ནང་དུ་ཏཱ་ལའི་འདྲ་པར་སོགས་གཏན་འཇོག་བྱ་རྒྱུ།
དྲུག་པ། ཁྲིམས་ལྟར་དགོན་པའི་བྱ་བའི་བདག་གཉེར་ཤུགས་སྣོན་བྱ་དགོས།
འདི་ལ།
ཚུལ་མཐུན་ཁྲིམས་ལྟར་དགོན་པའི་བྱ་བའི་བདག་གཉེར་ལ་དཔལ་འབྱོར་མཁོ་སྒྲུབ་ཤུགས་སྣོན་བྱ་དགོས།
བདུན་པ། ལོ་ཚོད་མ་རན་པའི་བྱིས་པ་རབ་བྱུང་སྒྲུབ་པར་གཏན་འགོག་བྱ་རྒྱུ་དང་།
འདི་ལ།
ལོ་ཚོད་མ་རན་པའམ། དད་མེད་བྱིས་པ་རབ་བྱུང་སྒྲུབ་པར་གཏན་འགོག་བྱ་རྒྱུ།
བློན་ཆེ་ཞང་ཏང་ཨུ་དང་ཀརྡོས་སྤེལ། །
དེའི་ནང་ནམ་རྒྱུན་གྱི་བྱེད་ཐང་ཙམ་ལས་ཐ་སྙད་གསར་པ་ཞིག་ཡོད་པ་མི་འདྲ་ཡིན་ཡང་ངའི་
ཆབ་སྲིད་ཀྱི་གནད་ཁ་དང་གསར་འགྱུར་སོགས་ཞིབ་རྒྱས་ཧ་གོ་ཡི་མེད་པས་རྐྱེན་གྱིས་ཡིན་
ནའང་ཐང་