རེབ་ཐོག་མདའ།
རི་བོ་མཐོན་པོ་ཡི་སྐེད་པ་ཞིག་ན།།
མི་རིགས་སྣ་འཛོམས་ཀྱི་སྡེ་ཞིག་ཡོད་གི།
སྡེ་གྲོང་ཆུང་ཆུང་གི་ཁྲོམ་ལམ་དོག་མོ།།
ནུབ་ཕྱོགས་བུ་མོ་ཚོའི་མཆིན་པ་གླན་ས།།
ཧ་ལོ་དབྱིན་སྐད་ཅིག་ཕར་ལ་འཕངས་དུས།།
ཨ་མདོ་བུ་ཆུང་ལ་འཛུམ་གྱིས་བསུ་མཁན།།
ཧ་ཝར་སློབ་ཆེན་ན་སློབ་གཉེར་བྱེད་པའི།།
ཨ་རིའི་བུ་མོ་དེ་སེམས་ནས་དྲན་གི།
ཧ་ཅང་ཚུལ་མཐུན་གྱི་གཤིས་ཀའི་ཁྲོད་ནས།
ཨ་མདོའི་བུ་ཆུང་ང་ཁོ་མོས་གཅེས་ཀི།
ཧ་ལམ་ཆོལ་གསུམ་གྱི་བུ་མོའི་དབུས་ན།།
ཨ་ལ་འདི་འདྲ་ཞིག་ཡོད་ཚོད་མི་འདུག།
ཨ་མདོ་བུ་མོ་དེས་མཛེས་མདོག་བསྟན་པས།།
ཁམས་པའི་མཛེས་མ་དེའི་རང་སྣང་མཐོ་བས།།
དབུས་ཀྱི་བུ་མོ་དེས་ཀྲོག་ཀྲོག་བྱས་པས།།
ཨ་རིའི་བུ་མོ་ལ་འགྲོགས་དགོས་བྱུང་སོང་།།
ཨ་ཅེ་འབྲོག་མོ་ཚོས་བཟང་རབས་བཤད་ཀྱང་།།
ཧ་ལམ་བུ་མོ་འདིའི་ཡག་རབ་མི་འདུག།
ཨ་མའི་བུ་མོ་འདིའི་སྐྲ་ལོ་སེར་ཡང་།།
ཧ་ཅང་ཉམ་ཆུང་གིས་ཕྱི་ནང་བརྒྱན་འདུག།
ཨ་རིའི་བུ་མོ་ཚོས་ཡག་བཙོག་གླེང་བ།།
ཧ་ཅང་རྒྱུན་ལྡན་གྱི་རྡ་སའི་ཁ་བརྡ།།
ཨ་རིའི་མྱི་དག་ལ་ལྟ་བ་མཐུན་མིན།།
ཧ་ལམ་མ་འགྲོགས་ན་ཤེས་ཚོད་མི་འདུག།
ཨ་རི་ལུང་པ་ལ་འགྲོ་འདོད་མེད་ཀྱང་།།
ཨ་རིའི་བུ་མོ་ལ་འགྲོགས་ན་སྐྱིད་ཀི།
ཧ་ཅང་བྱང་ཆ་དང་ཉམས་མྱོང་ཕྱུག་པོ།།
ཧ་ལམ་བོད་མོ་ཚོས་འཇོན་མདོག་མ་རེད།།
ཨ་རག་སྦི་རག་གི་བཟི་ཁའི་ཁྲོད་ནས།།
ཧ་ཅང་བྱང་ཆའི་ངང་སྐེ་ལ་འཐམ་དེ།།
ཨ་མདོའི་བུ་ང་ལ་འོ་རེ་བྱས་ན།།
ཧང་སང་ཧོན་ཐོར་ངང་བདག་ལ་མ་བལྟ།།
ཨ་རིའི་བུ་མོ་ཡིས་འོ་རེ་བྱས་པ།།
ཧ་ལམ་ཁོ་མོ་ཚོའི་གོམས་གཤིས་ཡིན་འགྲོ།
ཨ་ཅག་ཁྱོད་རང་གི་མིག་ལ་གཟེར་ན།།
ཧད་དེ་བདག་ཕྱོགས་སུ་བལྟ་དགོས་ཨེ་འདུག།
ཨ་ལ་སྐྱེས་གཟུགས་དེ་ཉ་མོ་འདྲ་བ།།
ཧ་ཅང་སྤྲོ་སྣང་གི་དགོང་མོ་ཞིག་ལ།།
ཨ་རོགས་ངེད་གཉིས་ཀ་ཞབས་བྲོ་རྒྱག་དུས།།
ཧ་ཅང་གསལ་བོ་ཞིག་མཐོང་རྒྱུ་བྱུང་སོང་།།
ཧ་སེམས་ཆེ་མདོག་གི་མིག་གཉིས་བགྲད་ནས།།
ཨ་ལ་ཁོ་མོ་ཡི་གཟུགས་པོ་མཐོང་དུས།།
ཧ་ལམ་མགོ་བོ་ནས་རྐང་མཐིལ་བར་དུ།།
ཨ་ཨ་ཡུད་ཙམ་ལ་རྦད་དེ་སྦྲིད་ཐལ།།
ཨ་རོགས་བུ་མོ་དེ་ཐེངས་གཅིག་རུམ་པས།།
ཧ་ལམ་མཚན་མོ་འདིས་ཁུ་སུམ་དེ་ཡང་།
ཨ་མའི་བུ་མོ་དེའི་སྐད་གདངས་སྙན་མོས།།
ཧ་ལམ་དཀྲོག་ཡོད་པ་བདེན་རབ་ཡིནའགྲོ།
ཨ་རི་བུ་མོ་དེ་ཤ་མདངས་དཀར་པོ།།
ཨ་མདོ་བུ་ང་ཡིས་བྲང་ལ་གླན་དུས།།
ཧ་ཅང་སྙན་འཇེབས་ཀྱི་ངག་གི་དབྱངས་རྟའི།།
ཧ་ལམ་ཁྱིམ་མཚེས་ཚོར་ན་ཟུག་བསླང་ཡོད།།
ཨ་རི་བུ་མོ་ལ་ཉིན་འགའ་འཕྲད་པས།།
གཏམ་རྒྱུད་ཐུང་ཐུང་ཞིག་འདི་ལ་འཆད་ཡོད།།
ཨ་མདོ་བུ་ཆུང་གི་དྲང་མོ་འཆད་ན།།
རྩལ་དྲུག་འཛོམས་ས་དེ་ནུབ་ཀྱི་བུ་མོ།།
ཕྱི་ལོ ༢༠༡༢ ཟླ ༡༡ ཚེས ༡༤་དགོང་མོར། གྲོགས་པོ་ཞིག་ཨ་རིའི་བུ་མོ་ཞིག་དང་འགྲོགས་པའི་གཏམ་རྒྱུད་ཡིན།
ཨ་རིའི་བུ་མོ་དེ་དུངས་སེམས་ཆེ་ཡང་། །
ཨ་ཁ་ད་ལྟ་དེ་ད་གླེང་རན་མིན། །
ཨ་མདོ་རེབ་གོང་ཕྱོགས་ཀྱི་བདེ་སྡུག་དེ ། །
ཨམ་ཕྲུག་རེབ་ཐོག་གིས་གླེང་བར་མཛོད་ཅིག །
གླེང་བར་མཛོད་ཅིག་ལབ་ན་སྔོན་མ་གླེང་བའི་དོན་མིན་པ་ཡིད་དུ་ཟུངས།
ཨ་མདོ་བུ་མོ་དེས་མཛེས་མདོག་བསྟན་པས།།
ཁམས་པའི་མཛེས་མ་དེའི་རང་སྣང་མཐོ་བས།།
དབུས་ཀྱི་བུ་མོ་དེས་ཀྲོག་ཀྲོག་བྱས་པས།།
ཨ་རིའི་བུ་མོ་ལ་འགྲོགས་དགོས་བྱུང་སོང་།།
དེ་འདྲ་ཨ་ཡིན་ནམ།
ཨ་མདོ་བུ་མོ་ལས་མཛེས་པ་མི་འདུག །
ཁམས་པའི་བུ་མོ་ལས་ངར་བ་མི་འདུག །
དབུས་ཀྱི་བུ་མོ་ལས་མཁས་པ་མི་འདུག །
ཨ་རིའི་བུ་མོ་དང་འགྲོགས་དགོས་མི་འདུག །
ཧ་ཧ་ཀུ་རེ་ཡིན་ནོ།
ཨ་དཀར་ཨར་ནག་གི་དྲི་བསུང་ལྡང་ཞིང།
ཧ་ལས་ཧོང་འཐོར་གྱི་སྐད་ངག་སྙན་མོ།
ཨ་ར་ཧུ་ཤུ་དང་ཕན་ཚུན་བསྲེས་ཏེ།
ཧ་ཀྱང་ཆགས་ཚིག་གྱིས་ཁྱིམ་མཚེས་དཀྲོག་ལ།
ཨ་མ་དྲིན་ཅན་མའི་འོ་མ་ལས་ཞིམ་པའི།
ཧ་གོ་དོན་རྟོགས་ཀྱི་མྱོང་བ་དེ་འདྲ།
ཨ་མདོ་བུ་ཆུང་གི་སྟེང་དུ་བབས་དུས།
ཧ་ལམ་རང་ཚོད་ཅིག་ག་ནས་བཟུང་ཐུབ།
གཞིས་བཞུགས་ཨ་མདོས་རང་སྲོག་བོད་ཆེད་བཏང་།།
བྱེས་ཀྱི་ཨ་མདོས་རང་ལུས་ཕྱི་ལ་བཙོང་།།
གཞིས་བྱེས་ལྟ་བའི་ལང་ཕྱོགས་མི་འདྲ་བས།།
བོད་པ་ཚང་ལ་རེ་བ་ཧ་ཅང་ཆུང་།།
ཨ་མདོ་ཕོ་གསར་ཀྱི་སྐྲ་རིང་སྐད་སྙན།
ཨ་རིའི་་བུ་མོ་ཡི་རྐང་རིང་ལང་གཟུགས།
གཉི་གའི་ཆགས་སྐད་ཀྱི་ཨ་རིང་དང་ཨུ་རུང་།
ཁྱིམ་མཚེས་རྒན་རྒོན་གྱི་གཉིད་རིང་དཀྲོགས་སོང།
ཨ་མདོ་ཕྱོགས་ནས་མེ་བསྲེགས་བཏང་བ། །
ཨ་མདོའི་བུ་ཡིས་གོ་ཚོད་མི་འདུག །
ཨ་རིའི་བུ་མོ་ཞིག་ལ་ཐུག་རབས། །
ཨ་མདོའི་བུ་འདིས་ཤོད་རྐྱང་ཡེད་ཀི། །
སྤྱིར་ཡིན་ན་རྩོམ་འདི་བཀོད་པའི་དུས་ཚོད་ཏག་ཏག་ཞིག་འགྲིག་མ་སོང་། དང་སང་གི་དུས་འདིར་རྩོམ་འདི་འདྲ་སྤེལ་དེ་བསྡད་རྒྱུ་ནི་ནོར་འདུག། ངའི་རྩོམ་འདི་རྗེས་མནུར་རོགས་ཞེས་བཤད་དགོས་བསམ་ཡོད་མོད་འོན་ཀྱང་དྲན་པ་བརྗེད་སོང་བས་ཚང་མ་དགོངས་དག་ཞུ་གི་ཡིན།
ང་རང་རེབ་གོང་ཡིན། རེབ་གོང་གཙོ་བྱས་པའི་གཞིས་ལུས་དཔའ་པོ་དཔའ་མོ་དག་གི་རླབས་ཆེན་ཀྱི་ལས་རྗེས་དང་མཛད་པ་དག་ཐོས་ཡོད་བསམ་བློ་གཏོང་གི་ཡོད། གདུང་སེམས་མཉམ་བསྐྱེད་བྱེད་གི་ཡོད།