སྤོབས་པ་མཐའ་ཡས།
ངུར་སྨྲིག་གསེར་གྱི་སྒ་ཆས་རང་ལུས་ལ་བརྗིད་ཀྱང༌། །
ངེས་འབྱུང་སྲབ་ཀྱིས་མ་ཟིན་རང་སེམས་ཀྱི་རྟ་རྒོད། །
ཐར་བའི་གླིང་དུ་བགྲོད་པའི་བཞོན་པ་ཞིག་མིན་ཕྱིར། །
ལྟུང་བ་སྡེ་ལྔའི་བསྲུང་སྡོམ་བཤགས་གསུམ་གྱིས་ཅི་བྱ། །
འཇིག་རྟེན་ཆོས་བརྒྱད་ཟེར་བའི་དགྲ་བོ་ཡིས་བསྐོར་ནས། །
ཆགས་སྡང་མཚོན་ཆ་རྩུབ་མོས་བར་མེད་དུ་གཙེས་སྐབས། །
རྒྱུ་འབྲས་མན་ངག་བདུན་གྱི་མདུང་ཡུ་ནས་ཤོར་བས། །
མར་གྱུར་སེམས་ཅན་ཟེར་བའི་ཁ་ཕོ་དེས་ཅི་བྱེད། །
སྒྲོ་ལར་ལྗང་ཁུའི་རིན་ཐང་ལྕི་མོ་དེའི་འོག་ཏུ། །
ལུས་དང་སེམས་ཀྱི་ངལ་བ་བརྒྱ་ཕྲག་ཅིག་བརྟེན་སྐབས། །
ཀུན་རྫོབས་སྒྱུ་མའི་དཔེ་བརྒྱད་བློ་ཐོག་ནས་བགྲངས་ཡང༌། །
དོན་དམ་དབུ་མའི་ངལ་གསོ་སེམས་གཏིང་ན་མི་འདུག །
རྫུན་སྣང་འཁྲུལ་བའི་འོག་འགྱུ་རྨི་ལམ་གྱི་འཁྲིག་སྦྱོར། །
བདེན་བདེན་དྭངས་མའི་བརླན་ཐིགས་འདོམ་བར་ན་བཞུར་དུས། །
སྦྱོར་བ་དྲུག་གི་ལམ་ལ་ཕྱིར་དྲན་ཞིག་བྱུང་ཡང༌། །
སྙིང་ཁུངས་འགྱོད་པས་གདུང་བའི་ཉེར་ལེན་དུ་གྱུར་སོང༌། །
ཕྲ་རགས་རྟོག་པའི་འོག་འགྱུ་འཇབ་འགྲོས་ལ་མཁས་པས། །
ཞི་གནས་བཞག་ཐབས་དགུ་ཡི་ར་བ་ལས་བརྒལ་ནས། །
ནང་དུ་ཡང་དག་འཇོག་གི་ཁྱིམ་སྦུག་ཏུ་ཞུགས་དུས། །
རྣམ་སྣང་ཆོས་བདུན་ཟེར་བ་སེངྒེ་ཡི་གསོབ་ཙམ། །
ཚིག་ཁ་ལྷོད་དགོས་ཀྱི་འདུག་མ་གཏོགས། གཞན་ཚིགས་བཅད་ཡག་པོ་ཞིག་བྲིས་འདུག
སྐར་ཆེན་ལགས། ངས་ཚིགས་བཅད་དེ་འདྲ་རྩོམ་མི་ཤེས་མོད། ཉིན་ཤས་སྔོན་ཞིག་ལ་དྲྭ་གྲོགས་ཤིག་གིས་རྡ་རམ་ས་ལའི་བེ་རི་འཇིགས་མེད་དབང་རྒྱལ་དང་ཨ་མེ་རི་ཁར་གནས་སྡོད་༸ཐྲྤཀླུ་སྨྱོན་ཧེ་རུ་ཀ་ཟེར་བའི་གྲྭ་རྒོད་འདི་ཚོས་གྲྭ་བའི་གླུ་འདྲ་བོ་རྐྱང་རྐྱང་བྲིས་ཡོང་ནས་ད་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་གི་རྩོམ་དེབ་ཟེར་དུས་ཡི་ག་འགག་པ་ཞིག་བཟོས་སོང་ཟེར་ནས་སྡིག་དམོད་བྱེད་ཀྱིན་འདུག ངས་གྲྭ་བའི་གླུ་ཟེར་བ་དེ་ག་འདྲ་ཞིག་ཡིན་ནམ་བསྙམས་བྱུང་། གྲྭ་བའི་གླུའམ་དེ་འདི་འདྲ་ཞིག་མིན་ནམ་སྙམ་ནས་ང་རང་གིས་འདི་གཉིས་འབྲི་ཁུལ་བྱས་པ་ཡིན།
གབ་ཚིག་བཀྲ་ཤིས་དགུ་བརྩེགས།
དཔྱིད་ཟླ་གསུམ་ལ་བཀྲེས་སྡུག་མི་དགོས།།
མར་དོ་གཉིས་ཀྱི་ཨོ་ལོ་བཀྲ་ཤིས།།
དགུན་ཟླ་གསུམ་ལ་འཁྱགས་སྡུག་མི་དགོས།།
རྩིད་པ་ནག་པོ་མགུལ་བཟི་བཀྲ་ཤིས།།
དབྱར་ཟླ་གསུམ་ལ་ཆར་གདུགས་མི་དགོས།།
བྲག་ཕུག་ནང་ལ་གླུ་ལེན་བཀྲ་ཤིས།།
སྟོན་ཟླ་གསུམ་ལ་དཀའ་སྡུག་མི་དགོས།།
བྱུ་རུ་དམར་པོའི་རྩེ་ཏོག་བཀྲ་ཤིས།།
ཁ་ལ་སླེབས་དུས་སྣ་སྙུག་བཀྲ་ཤིས།།
རྐང་པ་མེད་པར་གོམ་ལོང་བཀྲ་ཤིས།།
ཁ་མིག་མེད་པར་ཁུངས་འཛུལ་བཀྲ་ཤིས།།
ཁོག་ལ་སླེབས་དུས་སྣབས་ལུད་བཀྲ་ཤིས།།
མེད་ཐབས་མེད་པའི་ནོར་བུ་བཀྲ་ཤིས།།
བཀྲ་ཤིས་དགུ་བརྩེགས་སྲིད་པའི་ནོར་འདིས།།
བཀྲ་ཤིས་ཡངས་པའི་འཇིག་རྟེན་ཁྱོན་འདིར།།
བཀྲིས་སྐྱེ་འགྲོ་རྒྱ་མཚོས་བཀང་ཡོད།།
སྤྱི་ལོ་1993 ལོར་བྲིས། དུས་རབས་གསར་པའི་སྙན་ངག་པ་ཞིག་གི་སྙིང་ཁམས་ནས་འཕོས་པའི་ཟུངས་ཁྲག་ལས་བདམས། བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ།
སྤྱི་ལོ་ 1996ལོར་འབྲས་སྤུངས་བློ་གསལ་གླིང་དཔེ་སྐྲུན་ཁང་དུ་བསྐྲུན།
ཚིག་གི་ཚོན་རིས་ཁྲ་ཆུང་མིག་གི་དཔྱིད༎
དོན་གྱི་སྙིང་པོ་སྟོང་གསལ་ནམ་མཁའི་ཁམས༎
སྙན་པའི་ཚིག་རྒྱན་རྣ་བའི་དགའ་སྟོན་ཏེ༎
ལས་མེད་གློག་ཀླད་པ་ཚོའི་མགྲོན་སྟོན་དངོས༎
བེ་རུ་སྨྱོན་པས་སྤྱི་འཐུས་ཁྲི་སྟེང་ནས། །
མཇེ་ཡི་སྙན་ངག་འབྲི་བ་མི་མཛའ་ཞིང་། །
དགེ་ལུགས་དགེ་བཤེས་སྟོད་འགག་སེར་པོའི་འོག །
ཉམས་ལེན་མི་བྱེད་ཉ་ཉོག་འབྲི་བའང་མཚང་། །
དགུ་རོང་གྲུབ་ཆེན་མཇེ་ཡི་སྙན་ངག་སྡང༌༎
འབྲུག་པའི་གྲུབ་ཆེན་སྟུ་ལ་ཐུགས་གཙིགས་ཆེན༎
བེ་རི་སྨྱོན་པ་སྨྱོ་གཏམ་བཤད་ལ་དགའ༎
འདི་གསུམ་ལས་མེད་དྲྭ་རྒྱའི་མགྲོན་སྟོན་ཡིན༎
འཁྲུལ་སྣང༌།
ཡ་ཀི་རྩ་གསུམ་ལྷ་ཡུལ་མན་ཆད་ནས།།
མ་ཀི་རྡོ་རྗེའི་དམྱལ་ཁམས་ཡན་ཆད་ན།།
བྱ་བྱེད་བསྣོལ་མ་འཐབ་པའི་འཁྲུལ་སྣང་འདི།།
སྒྱུ་རྩལ་སྙན་ངག་སྨྲ་བའི་ལྟད་མོ་ཞིག།
ཕ་རྒན་མུ་གེས་ཤི་བའི་དུར་ས་ན།།
བུ་རྒྱུད་ཕྱུག་པོས་ཐུགས་སྤྲོ་བཏང་བྱས་ཏེ།།
རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་པ་ཡིས།།
རྣམ་ཤེས་འཁྱམས་པོ་འགུག་པའི་མགྲོན་བརྡར་སྨྲ།།
མ་རྒན་ཆང་སར་ཆས་པའི་རྟེན་འབྲེལ་ཐོག།
བུ་མོས་བྲོ་གར་ཁྲབ་པའི་གླུ་གཞས་ཀྱིས།།
ཆང་དང་སྦིས་རག་མཆོད་པའི་སྐུ་མགྲོན་ཚོར།།
སེམས་ཁམས་རླུང་གིས་བཀྱགས་པའི་འཁྲུལ་སྣང་སྟེར།།
ཡོད་ཚད་མཇེ་ཡིས་ཕུང་པའི་སྔགས་རྒན་དང༌།།
དད་རྫས་སྟུ་རིན་སྤྲོད་པའི་གྲུབ་རྫུན་གཉིས།།
རྨོངས་དད་བྲག་གི་བཙན་རྫོང་བརྩེགས་པའི་ནང༌།།
བག་མེད་ཤ་ཆང་རོལ་བའི་འཁོར་ཚོགས་རྒྱས།།
སྔགས་ནག་གཅོད་པས་ལྷ་འདྲ་གཡབ་མོ་བྱེད།།
བསམ་མེད་བྱིས་པས་ཁྱི་སྨྱོན་རྡོ་ཡིས་རྡུང༌།།
རྙོག་འཛིང་གཡབ་མོ་བྱེད་སའི་གྲུ་ག་འདིར།།
ལྷིངས་འཇགས་རེ་བ་མཚན་མོའི་རྨི་ལམ་ཙམ།།
བེ་རུ་སྨྱོན་པ་རྒྱ་གར་ལྷོ་ཕྱོགས་སམ། །
ཡང་ན་དེ་ལས་གཞན་པའི་ས་ཆ་རུ། །
བེ་སྣབས་དྲུད་ནས་དབྱངས་ཅན་དགའ་མ་ཡི། །
མྱོས་བུམ་སྙིང་ལ་དྲན་བཞིན་གང་དུ་ཡོད། །
བེ་རི་སྨྱོན་པའི་ཆགས་རྩེད་འབྲི་ལུགས་དང་།།
དགུ་རོང་གྲུབ་ཆེན་བེ་རུ་སྡང་ལུགས་གཉིས།།
ཚུར་ནས་བལྟས་ན་ལྟད་མོ་འདུག་མོད་ཀྱང་།།
དོན་དུ་བསམ་ན་དགད་མོ་འཆོར་ས་ཞིག།
གཅིག་གིས་མཇེ་དང་མོ་མཚན་གཉིས་ཀྱི་འབྲེལ།།
བྱུང་ལུགས་གསལ་བོ་མི་ཤེས་བྲིས་པ་མཛེས།།
གཅིག་གིས་མཇེ་དང་མཚན་མའི་འབྲེལ་བ་ཤེས།།
ཡིན་ཡང་དེའི་སྐོར་ལ་རྩོམ་ལུགས་མི་ཤེས་ཀི།
གཅིག་གི་སྨོན་པའི་དབང་གིས་བྲིས་པ་དང་།།
གཅིག་གི་ལུས་དང་ལུས་སྤྱར་སྤྱད་པ་གཉིས།།
ཞིབ་དུ་བསམ་ན་སྤྱད་དང་བྲིས་པ་གཉིས།།
འདི་བཙོག་གན་སྡུག་ཟེར་ས་ཡོད་དུ་མེད།།
དེ་ལས་རང་རང་རིག་པའི་ཤེས་རྩལ་གྱི།།
གང་ཞིག་འབྲི་རྩོམ་དེ་ནི་འགྲན་འོས་ཀྱང་།།
སེམས་ཀྱི་སྙིགས་རོ་འདི་རུ་མི་འཕྱོ་བར།།
ཁ་བརྡའི་རོ་མྱོང་བྱས་ན་མི་ལེགས་སམ།།
ཡིན་ཡང་དེའི་སྐོར་རྩོམ་ལུགས་མི་ཤེས་ཀི། བཅོས་ནོར།
གྲྭ་སྨྱོན་གྲུབ་སྨྱོན་མང་པོས་ཁྱིམ་འདི་ཁེངས།།
མཇེ་སྟུའི་སྙན་ངག་བྲིས་ནས་ཁ་ལྕེ་འགྲན།།
གཅིག་ལས་གཅིག་ལྷག་སྨྱོན་པའི་བརྟུལ་ཞུགས་མཁས།།
མ་སྨྱོས་བ་རྣམས་སྨྱོན་པ་ཆགས་ལ་ཁད།།
བླ་སྤྲུལ་སྨྱོན་པས་འདི་ན་གསུངས་ཆོས་གནང་།།
དགེ་བཤེས་སྨྱོན་པས་འདི་ན་བརྒལ་ལན་བྱེད།།
སྤྱི་འཐུས་སྨྱོན་པས་འདི་ན་ལབ་བརྡོལ་བྱེད།།
མ་སྨྱོས་པ་རྣམས་འདི་ལས་གཟུར་ན་དགའ།།
སྨྱོས་དང་མ་སྨྱོས་མཚམས་ནས་སྲུང་མ་འབྱོར།།
འཕྲིན་ལས་མྱུར་བའི་མགོན་པོ་ཕྱག་གཉིས་པ།།
འདི་ནི་སྨྱོན་པའི་གླུ་བ་མང་བོ་ཞིག།།
ཁ་བརྡའི་ནང་ན་སྨྱོས་དེ་འགད་རབས་འདུག།
འཐུ་དང་ནུས་པ་ཅན་གྱི་ཕྱག་གཉིས་པ།།
སྐྱོབས་པའི་ཐུགས་རྗེ་མ་ཆུང་འཕྲིན་ལས་པ།།
བོད་མིའི་གྲངས་ཀ་ཉུང་བའི་སྒང་འདི་ལ།།
བོད་པ་རེ་ཟུང་སྨྱོས་ན་འཕོང་ནི་ཞིག།
སྒྱུ་རྩལ་ཚིག་གི་གྲུབ་ཆེན་དགུ་རོང་པ༎
བེ་འཁྱམས་ཤར་ནུབ་འཛམ་གླིང་བསྐོར་བའི་མཐར༎
ད་ལྟར་དཔོན་སའི་འདྲ་འབག་ཙམ་གོན་ནས༎
སྤྲ་སྤྲེལ་མང་བའི་དྷ་སའི་ནགས་ན་འཆིས༎
མགོན་པོ་རང་ཉིད་རང་གི་མགོན་ཡིན་ཏེ།།
ཕྱག་གཉིས་པོ་ནི་རང་ཉིད་ཁོ་ནའི་གྲོགས།།
རང་མགོ་རང་གིས་འཁྱོངས་ན་དེས་ཆོག་ཡིན།།
གཞན་མགོ་འཁྱོངས་པའི་ཤ་བཏགས་བྱེད་དོན་མེད།།
ཡོད་ན་དེས་ཆོག་ལྷ་ཀླུ་གཉན་གསུམ་ཡིན།།
བསྟན་པའི་མིང་འཛིན་བསྟན་འཛིན་དགྲ་སེར་དག།
དམིགས་མེད་སྟོང་པའི་དབྱིངས་སུ་བསྒྲལ་རན་འདུག།
མཐུ་དང་ནུས་པ་བསྐྱེད་པའི་དུས་ལ་བབས།།
དམངས་ཀྱིས་སྤྱི་ཡི་འཐུས་མིར་བསྐོས་ན་ཡང་།།
གནའ་བོའི་དཔོན་གྱི་གོ་ས་ཐོབ་སྣང་ཅན།།
སྤྱི་འཐུས་དང་ནི་དཔོན་པོའི་ཁྱད་པར་ཙམ།།
མི་ཤེས་རྨོངས་རྒན་འདི་འདྲར་གཟབ་པར་འཚལ།།
བེ་རི་སྨྱོན་པ་འཇིགས་མེད་དབང་རྒྱལ་ལགས། །
བེ་སྣབས་ལྟ་བུའི་སྤྱི་འཐུས་ལས་ཀ་དེ། །
བེ་ཏོ་ཤིང་བཞིན་འགུག་རྒྱུ་མེད་ན་ཡང་། །
བེ་ཅོན་ཐོགས་པའི་སྤྲང་པོའི་ཡན་ཙམ་རེད། །
ཁུ་བྱུག་གསུང་སྙན་དབེན་པའི་རི་གྲོང་འདིར༎
སྤྲ་སྤྲེལ་འཚང་ཁ་ཆེ་བས་སུན་མོད་ཀྱང༌༎
དེ་རིང་སྙན་འཇེབས་ངག་གི་སྒྱུ་རྩལ་བ༎
འགའ་ཞིག་དྲྭ་རྒྱའི་ནང་ནས་མཇལ་འདི་སྤྲོ༎
ཨེ། བེར་འཇིགས་ལགས། དེ་རིང་ཁྱེད་ཀྱང་འདིར་ཕེབས་འདུག ཞོགས་ཟས་ཇ་དང་སྒོ་ང་བག་ལེབ་ལ། །མགོ་སྐོར་བཏང་ནས་ཧིན་སྒོར་ཆིག་བརྒྱ་བླངས། །ཞེས་པའི་ཁྱེད་ཀྱིས་བྲིས་པའི་སྙན་ངག་ཅིག་ངའི་བློ་ངོ་ན་ད་དུང་འབྱར་བསྡད་འདུག ཡུག་ས་མ་དེས་ཁྱེད་ལ་འཇིགས་སྐུལ་བྱས་སྟབས་ཁྱེད་མན་ཇུ་ཏྲི་ལར་ཕེབས་སྐབས་སྒོའི་ཕྱིར་ཕེབས་ཕོད་ཀྱིན་མེད་པ་རེད་ཟེར་བ་ཞིག་ཐོས་བྱུང་། དེ་བདེན་པ་རེད་དམ།
དེ་བཞིན་ཁྱེད་སྐད་གྲགས་ཆགས་སྤྱད་ཀྱི་སྙན་ངག་ཅིག་བྲིས་པ་དེའི་མིང་དྲན་གྱིན་མི་འདུག གང་ལྟར་མན་ཇུ་ཏྲི་ལིའི་མཛེས་མ་དེ་རེད། མཛེས་མ་དེའི་སྐོར་དེང་སང་གོ་རྒྱུ་འདྲ་འདུག་གམ།
གྲྭ་རྐྱང་ཡིན་དུས་བན་ཆུང་འཁོར་མ། །
སྤྱི་འཐུས་ཡིན་དུས་མཛེས་མ་འགུག་མ། །
ལྷོ་མཐའི་ཡུལ་ནས་སྙན་ངག་འབྲི་མ། །
རྡ་སའི་གྲོང་ནས་ཆབ་སྲིད་འཁྲབ་མ། །
ལ་ལས་འབད་པ་ཆེན་པོས་ལེན་དཀའི། །
དགེ་བཤེས་མིང་སྐམ་ལེ་ལོས་ལོན་མ། །
སྨྱོན་པ་ཞིག་གི་མིང་ལ་འཇུས་ནས། །
མཁས་པ་ཞིག་གི་ནང་དོན་ལྡན་མ། །
དོན་གྱི་བབས་སོ་ཆ་རྒྱུས་མི་ལྡན་མོད༎
ཚིག་གི་སྤོབས་པ་མཐོ་བའི་དྲ་གྲོགས་ལགས༎
ཉམ་ཆུང་བེ་སྨྱོན་མ་ཇུ་ཊིག་ལའི་གྲོང༌༎
སྐྲག་ནས་ནང་ལ་འཛུལ་དགོས་མ་འཆིས་ཏེ༎
དེ་སྔོན་དགེ་ཕྲུག་ཡིན་པའི་གྲྭ་ཟུར་གྱི༎
རྒྱ་སྟག་ངར་མ་འདྲ་བའི་ཕོ་གསར་མང༌༎
འགག་ལ་ཐུག་ན་ནན་ཧྲན་དཔའ་བོ་བཞིན༎
རྒྱབ་གཅིག་མཆོང་གཅིག་བྱེད་མིན་ཐེ་ཚོམ་མེད༎
མ་ཇུ་ཊིག་ལའི་སྙན་ངག་དབྲི་ས་ཡི༎
འཛངས་མའི་ཁྱད་ཆོས་ལྡན་པའི་བུ་མོ་དེ༎
ད་ཀོ་ལྔ་བཅུའི་རྒན་པོའི་ཆུང་མ་ལ༎
ནུབ་ཕྱོགས་ཨ་རིའི་ཡུལ་དུ་ཕེབས་ལ་ཉེ༎
མཇལ་ཁ་འདོན་ན་མ་ཇུ་ཊིག་ལར་ཕེབས༎
འབྲེལ་བ་གནང་ན་ཞལ་པར་ཨང་གྲངས་འཚོལ༎
རབ་བྱུང་གྲྭ་བའི་སྙན་ངག་སྡང་བ་ལས༎
རང་བྱུང་མཛེས་པའི་བཞིན་རས་ཨེ་མཇལ་ལྟོས༎
དགུ་རོང་གྲོགས་པོས་མི་བཤད་དགུ་བཤད་ཀྱིས༎
བེ་རི་སྨྱོན་པ་བ་རེ་བེ་རེ་བྱས༎
བན་ཆུང་བཙུན་པའི་རིགས་ལ་སྡང་བ་འདིས༎
བན་ལོག་གྲུབ་པའི་གོ་འཕང་འཛེགས་སམ་སྙམ༎
ཨོ་བེར་འཇིགས་ལགས། དེ་སྔོན་ངེད་ཚོའི་ཁ་བརྡ་དྲྭ་རྒྱ་འདིའི་ནང་དུ་ད་ལོ་བོད་ནང་དུ་ཞི་རྒོལ་ལ་རྒྱ་མིའི་དྲག་གནོན་བྱས་པར་རྡ་རམ་ས་ལའི་བོད་མི་ཚོས་ངོ་རྒོལ་ཁྲོམ་སྐོར་བྱས་ཤིང་ས་གནས་དེའི་ཟས་ཁང་མགྲོན་ཁང་རྣམས་སྒོ་རྒྱག་དགོས་པའི་རེ་བ་བཏོན་སྐབས་བོད་ཀྱི་ཟས་ཁང་ཡིན་ནམ་མགྲོན་ཁང་ཡིན་ཅམ་ཅིག་སྒོ་མ་བརྒྱབ་པར་བརྟེན་གསར་འབྱོར་བ་ཁ་ཤས་དེར་སོང་ནས་སྒོ་རྒྱ་དགོས་ལབ་སྐབས། དགེ་ལུགས་སྤྱི་འཐུས་སླེབས་ནས་གསར་འབྱོར་བ་ཚོ་ལ་ཁྱེད་ཚོས་གསོལ་མགྲོན་ཁང་འདི་ཚོ་ལ་རྙོགས་དྲ་བཤད་ན་རྒྱ་གར་པུ་ལི་སི་ལ་རྩིས་སྤྲད་རྒྱུ་ཡིན་ནམ་ཅིག་བཤད་པ་རེད་ཟེར་བའི་སྐོར་ལ་ང་ཚོས་མང་པོ་ཞིག་བཤད་པ་ཡིན། དགེ་ལུགས་སྤྱི་འཐུས་དེ་ཁྱེད་རེད་དམ། དགེ་ལུགས་སྤྱི་འཐུས་ཤིག་གིས་དེ་འདྲ་ཞིག་བཤད་པ་རེད་དམ། འདིར་གནད་དོན་དེ་ལ་བརྟེན་ནས་ལ་ལ་ཞིག་གིས་དགེ་ལུགས་པས་མི་གསོད་ཚུལ་དང་། ཆོས་རྒྱུད་ཚང་མ་ལ་བརྩི་བཀུར་མེད་ཚུལ། གོང་ས་མཆོག་ལ་ངོ་རྒོལ་བྱས་ཚུལ་སོགས་ཀྱི་ཁ་རྡུང་དྲག་པོ་རེ་ཡང་བཏང་སོང་།
ད་ཁྱོད་ཚོས་གེ་སར་གྱི་སྒྲུང་གླུ་འདྲ་བ་ཤ་སྟག་འབྲི་མ་འདུག དེ་ལས་གནད་དོན་ཡོད་པ་རེ་གསུངས་རོགས་དང་།
གེ་སེར་ལྷ་སྒྲུང་བྲིས་ཀྱང་ཚིག་གི་མཛེས་ཉམས་ལྡན་ན་འགྲིག།
ཆབ་སྲིད་ལོ་རྒྱུས་བཤད་ཀྱང་གནས་ལུགས་ལྡན་ན་འགྲིག།
དགེ་ལུགས་སྤྱི་འཐུས་གླེང་ཀྱང་སུ་ཡིན་ཤེས་ན་འགྲིག།
བོད་དོན་དར་རྒུད་དཔྱོད་དུས་གནས་ཚུལ་དག་ན་འགྲིག།
འགྲིག་དང་མི་འགྲིག་གང་ཞིག་བཤད་ཀྱང་བོད་མི་ཚོས།།
རང་ཉིད་བོད་དུ་སྐྱེས་ནས་བོད་ལ་དགའ་ན་འགྲིག་པ་ཡིན།།
རང་གིས་བོད་ཡིག་བྲིས་དེ་བོད་དོན་བསམ་ཚུལ་སྤེལ་ན་འགྲིག།
འདི་ནི་བོད་དུ་སྐྱེས་ཤིང་བོད་ལ་དགའ་བའི་ལྷ་ཀླུ་གཉན་གསུམ་གྱིས།།
སེམས་དང་བསམ་པའི་གླེང་མོལ་བྱས་པ་ནོར་འཁྲུལ་བྱུང་ན་འཐོལ་ལོ་གཤེགས།།
འགྲོ་ཞོར་འདུག་ཞོར་གཞུང་ཆེན་བཀླགས་ནས། །
སྟོད་འགག་སེར་པོ་རྒྱབ་ལ་གྱོན་མ། །
སྤྱི་འཐུས་ཤིག་གི་མིང་བྱང་བཏགས་ནས། །
མགྲོན་ཁང་ཞིག་གི་སྒོ་སྲུང་ཉན་མ། །
གོང་གི་སྒྲོལ་བསྟོད་རྩོམ་སྟངས་སྤྱད་པའི། །
ཚིག་བཅད་འབུལ་ས་བེ་སྨྱོན་ཡིན་མ། །
རྡ་སའི་གྲོང་གི་སྤྱི་འཐུས་བླ་རྒན། །
ཀུ་རེ་འདི་ཚོར་བཟོད་པ་སྒོམ་མ། །
མཛེས་མ་མཐོང་ན་སྡོམ་པ་བརྗེད་མ། །
སྙན་ངག་འབྲི་དུས་འདུལ་བ་བརྗེད་མ། །
ཟ་ཁང་ཉུལ་དུས་གོ་གནས་བརྗེད་མ། །
ཕྲག་པ་སེར་དུས་ཡོན་ཏན་བརྗེད་མ། །
དགུ་རོང་གྲུབ་ཆེན་ཁ་མཁས་བཤད་མ།།
གཏམ་ལ་ཀུ་རེ་ཆེ་ན་སྐྱིད་མ།།
བདེན་རྫུན་དབྱེ་བ་ཡོད་ན་རིག་མ།།
སེམས་པ་བསམ་པ་མཐུན་ན་བདེ་མ།།
ཁ་དང་ཁོག་པ་འདྲེས་ན་བརྩེ་མ།།
ལུས་དང་གྲིབ་མ་གཤིབ་དུས་ལས་མ།།
རྒྱུ་དང་གོ་ས་མ་རེག་གླེན་མ།།
དྲ་ཐོག་འདི་ནས་ཤེས་སོང་དྲ་མ།།
སྒྱུ་མའི་འཇིག་རྟེན་འདི་ནས་སྐྱེ་མ།།
བོད་དོན་བཤད་རྒྱུར་དགའ་བ་བདེན་མ།།
དུས་ཚོད་ཁོམ་ལོངས་ཆེ་བ་བདེན་མ།།
མ་མ་ནུ་མ་འོ་མ་འཐུང་མ།།
མ་བུ་སྐྱིད་སྡུག་གཅིག་པ་བདེན་མ།།
མ་གྱུར་མ་རུ་བསྒོམ་མ་བདེན་མ།།
མ་འགྱངས་མ་འགོར་འཕྲད་མ་བདེན་མ།།
ཨ་རིའི་སྒྲ་སྐད་བོད་སྐད་བརྙན་འཕྲིན་ནང་། །
ཨ་མདོ་པདྨ་རྡོ་རྗེའི་ལས་གྲོགས་ཏེ། །
ཨ་ཅག་འཕྲིན་ལས་ཆོས་སྒྲོན་མཚར་སྡུག་གིས། །
ཨ་མདོའི་བུ་ངའི་ཡིད་སེམས་དབང་མེད་ཕྲོགས། །
ཞལ་རས་དཀར་གསལ་དུང་གི་ཟླ་བའི་ངོས། །
དགོད་པའི་ཉམས་དང་འཛུམ་པའི་ཚེམས་ཕྲེང་དང་། །
འཇོ་སྒེག་ལུས་ཀྱི་འཁྲི་ཤིང་བཞད་པའི་ངོགས། །
ལང་ཚོའི་མེ་ཏོག་མིག་གི་བཅུད་དུ་སྨིན། །
ཉིད་ཀྱིས་གྱེར་བའི་བོད་དོན་གསར་འགྱུར་དག །
བདག་གི་རྣ་བར་བྱམས་པའི་གསུང་སྐད་བཞིན། །
ནམ་ཡང་མཛེས་སྡུག་ཅིག་གི་བློས་བསླངས་ལས། །
རྙོག་ཟིང་འཁོར་བའི་ངང་ཚུལ་ཡེ་ནས་བྲལ། །
ཚེ་གཅིག་སྐྱ་ཡའི་སྐལ་བ་བྲལ་ན་ཡང་། །
ཉིན་གཅིག་ལུས་སེམས་ལྷོད་པོར་མཉམ་གནས་ཀྱི། །
གོ་སྐབས་ཐེངས་ཤིག་བདག་གིི་སྙིང་དབུས་སུ། །
ནམ་ཡང་སྲིད་པའི་གངས་རི་བཞིན་དུ་བརྟན། །
ཨ་ཕོ་དགུ་རོང་གྲུབ་ཆེན་གཞན་ཡུལ་གྱི།།
ཨ་རིའི་གསར་འགོད་དེ་ལ་སེམས་ཤོར་ན།།
ཨ་སྒོར་ལྗང་ཁུ་འཐིག་པོ་ཡོད་རྒྱུ་ན།།
ཨ་ཅག་དེ་ཉིད་ཁྱེད་ལ་ཐོབ་ངེས་ཡིན།།
ཡིན་ཡང་དགུ་རོང་གྲུབ་ཆེན་གྲུབ་རྟགས་ཅན།།
ཁ་མཁས་ཤོད་དང་ཐོབ་རྒྱུ་ཡོད་མ།།
ཁ་རྫུན་ཤོད་དང་བུ་མོ་འཁུགས་མ།།
ཁ་ལབ་རྒྱོབ་དང་སེམས་པ་བསླུ་མ།།
ཁ་ཁོག་མེད་ན་དགའ་བ་བདེན་མ།།
ད་ནི་བརྩོན་པ་བྱོས་དང་ཐོབ་ངེས་ཡིན།།
ཨ་ཕོ་དགུ་རོང་གྲུབ་ཆེན་སེམས་ཤོར་ན།།
ཨ་སྒོར་འཐིག་པོ་གྲ་སྒྲིག་བྱེད་དགོས་ན།།
ཨ་ཅག་དེ་ལ་མགྲོན་འབོད་ཐུབ་ངེས་ན།།
ཨ་ཕོ་བློ་སེམས་བདེ་ནས་འཚོལ་དུ་སོང་།།
ཁ་མཁས་བཤད་ན་བུད་མེད་འཁུགས་མ།།
ཁ་རྫུན་བཤད་ན་མོ་སེམས་བསླུ་མ།།
ཁ་ཁོག་མེད་ན་གཞུང་དྲང་དགའ་མ།།
ཁ་ནས་གང་འདོད་བཤད་ན་བདེ་མ།།
དགུ་རོང་གྲུབ་ཆེན་གྲུབ་རྟགས་ཆེ་མ།།
ད་ནི་སྟོན་རན་ཡིན་མ་བདེན་མ།།
འདི་ལ་གསལ་བཤད་མེད་པས་ནོངས་པ་སྟེ། །
ཨ་མདོའི་ཕོ་གསར་ཞིག་གི་ཚབ་བྱས་ནས། །
ཚིག་གི་ཕྲེང་བ་འགའ་ཞིག་སྤེལ་བ་ལས། །
དེ་ལ་ངེད་དང་འགལ་བ་གང་ཡང་མེད། །
མི་ལ་མི་ཚབ་བྱེད་པ་བཟང་ན་ཡང་།།
ཚིག་ལ་ཚིག་ཤོར་ཕྱིར་ལེན་མེད་པ་དང་།།
དོན་ལ་བཅོས་ནོར་བྱེད་པ་དཀའ་ན་ཡང་།།
བཟང་བོའི་ལས་ཤིག་གཞན་ཆེད་བྱས་པ་དེ།།
བོད་པ་ཚང་གི་ཁྱད་ཆོས་ཡིན་ངེས་སོ།།
zï-¼Û-«ôm-qÅ-uÛ-ºfÞÅ-FÛ-ÇeïGÅ-mÅü ü¤Wï-hP-¤²ïÅ-¤ºÛ-ljm-PG-ºƒÛ-z-¤²ïÅü üGPÅ-Tm-zôh-ˆÛ-zhï-ÇkÝG-¤Û-JÀïP-z¼ü ü¤²ïÅ-¤ºÛ-D-¤Vß-¿kG-q-ÁÛm-bà-¤²ïÅü üGmº-zôºÛ-hGï-zÁïÅ-fôÅ-hôm-zŤ-qÅ-hrhü üzŤ-hôm-ÇKô¤-qÅ-±ï-hP-Oæz-q-ljô¤ü ühïP-GÛ-hGï-zÁïÅ-IôP-ºhzÅ-EÛ-¿e¼-¥ã¾ü ü¤²ïÅ-¤ºÛ-D-ºhzÅ-¿kG-q-¾Å-ˆÛ-zTßhü ü
སྤོབས་པ་མཐོ་བའི་དྲ་གྲོགས་ལགས། ས་བྱི་ཞི་རྒོལ་སྐབས་ཕྲན་ཝཱ་ར་ཎཱ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་BED དགེ་འོས་འཛིན་གྲྭའི་ཕྱོགས་ཕེབས་དགེ་རྒན་ཆེན་མོ་བར་གདན་འདྲེན་ཞུས་པ་ལྟར། དབྱིན་ལེན་གྱི་རྒྱལ་ས་ལོན་ཌོན་ནས་རང་དོན་བློས་བཏང་བྱས་ཁུལ་གྱིས་བོད་ཀྱི་སྐད་ཡིག་རིག་གནས་ཐོག་ཕན་ཐོགས་ཅུང་ཟད་རེ་ཡོང་བྱས་ནས་ཝཱ་ར་ཎཱ་སིར་ཡོང་ནས་དེར་བསྡད་ཡོད། དེ་ཕྱོགས་ཀྱི་བི་ཎཱ་ར་སིའི་གནའ་བོའི་གྲོང་ཁྱེར་དང༌། མངའ་སྡེའི་གྲོས་ཚོགས་ཁང་ཡོད་ས་ལོཀ་ན་ཝཱ་སོགས་སུ་ལས་འགུལ་གྱི་སྣེ་ཁྲིད་ཞུས་པ་ཡིན། ཝཱ་ཎའི་ཁུལ་གྱི་དགེ་སློབ་དང་ཚོང་པ་དགེ་འདུན་ཀུན་མཉམ་རུབ་ཀྱིས་ལས་འགུལ་གྲུབ་འབྲས་ལྡན་པ་བྱུང་ཡོད། འགྲོ་གྲོན་ཡང་གཞུང་ནས་སྐར་མ་གཅིག་ཙམ་ལེན་མེད། རང་གི་དངུལ་ཁུག་ནང་ཧིན་སྒོར་ཁྲི་གཅིག་ཏག་ཏག་འདུག་པ་དེ་ཡོངས་རྫོགས་ཞལ་འདེབས་ལ་ཕུལ་ནས་གཞན་ནས་ཞལ་འདེབས་བསྡུ་རུག་བྱས་པ་ཡིན། སྐབས་དེའི་རྡ་ས་གནས་བཞུགས་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་ཀྱིས་ག་རེ་གནང་ཡོད་མེད་ཐད། གནས་ལུགས་ཤེས་པ་དང་ཐུགས་འགན་ཡོད་པའི་མི་སྣ་ཞིག་ལ་སྐད་ཆ་ཞིབ་ཚ་བོ་ཞིག་དྲིས་ན་མཁྱེན་ངེས་ལས། ལྷག་བསམ་དང་སེམས་ཤུགས་ལྡན་ལ། གནས་ལུགས་དང་ཉམས་མྱོང་ཞན་པའི་མིའི་ཁ་ནས་ཐོན་ཚད་མ་བཟུང་ན་ཏག་ཏག་རང་ཞིག་བསྡད་ཀྱི་མ་རེད། ཡིན་ནའང་སྐད་ཆ་འདི་དྲ་གྲོགས་ཚོས་གསན་ཡོང་བསམ་པའི་རེ་བ་དེ་ཙམ་མེད། རང་ཉིད་ལ་སྤྱི་ཚོགས་ཀྱི་འགན་ཞིག་སླེབས་དུས་དེ་དུས་གཞི་ནས་གནས་ལུགས་འདི་ཤེས་ཀྱི་རེད།
འཛག་རབས་ཕུག་རབས་ཕོ་གསར་ཁ་ལ་མང༌༎
ཟེགས་རབས་ཉལ་རབས་མཛེས་ལྐོག་གཏམ་སྙན༎
དེ་བས་ལས་མེད་དྲ་གྲོགས་སྨྱོན་པ་ཚོའི༎
འགན་ཁུར་མེད་པའི་དྲ་གཏམ་ལྷག་པར་སྙན༎
ཟ་རབས་འཐུང་གདུགས་དཀར་ནང་ན་མང༌༎
མེད་རབས་ཆད་རབས་ཤེར་སྙིང་ནང་དུ་གསལ༎
བསད་རབས་གཏུབས་རབས་སེང་གདོང་མ་ལ་ཡོད༎
འདི་ཡང་ལས་མེད་དྲ་རྒྱའི་བརྗོད་གཞིར་བཟང༌༎
ཁ་རྩངས་སྤེན་པ་དེ་རིང་ཉི་མ་རེད༎
རེས་གཟའ་འདི་གཉིས་གཞུང་གི་གུང་སིང་རེད༎
ལས་མེད་སྒྱུ་རྩལ་སྨྲ་བའི་དྲ་གྲོགས་ཚོ༎
དབུ་སྐོར་ཞུ་རྒྱུའི་དུས་ཚོད་ཡག་ཤས་རེད༎
སང་ཉིན་གནང་ཉིན་དགོངས་པ་གནང་རོགས་གྱིས༎
འཇོན་དང་མི་འཇོན་ཁྱད་པར་མི་འབྱེད་པར༎
ལས་ཁུངས་འགྲིམས་པ་གཞུང་གི་སྒྲིག་འཛུགས་ཡིན༎
དེ་ཕྱིར་དྲ་རྒྱའི་ནང་ནས་མཇལ་བ་དཀའ༎
བེ་རི་ལགས་ཀྱིས་བྱས་རྗེས་བཞག་ན་ཡང་།།
གཞན་གྱིས་ཞབས་འདྲེན་མི་ཞུ་ངེས་པ་མེད།།
ད་ནི་གང་ཡིན་རྩ་གཅོད་མི་དགོས་པར།།
ཕྱིས་སུ་དེ་འདྲའི་ཕྱོགས་སུ་གཟབ་རྒྱུ་ནི།།
ང་ཚོ་རང་གཞན་ཚང་མས་དོན་ཆེན་རེད།།
ཨ་མའི་བུ། མིང་དོན་མཚུངས་བའི་གངས་རིའི་འཛངས་མ་འོད་ཟེར་ལ་བསྟོད་ཚིག་ལེགས་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། ཁོང་གི་ལ་རྒྱའི་སྙིང་སྟོབས་དང་བོད་མི་རིགས་རང་ལ་བཅངས་པའི་ཤ་ཞེན་ལ་བསམ་ཚེ་ཡ་ཆུང་གཡུ་ལོར་ཚ་དྲོད་འབར་ཞིང་། འདྲེན་བྱེད་གཉིས་ཀྱང་རི་མོ་བྲིས་པའི་གཟུགས་སུ་རེ་ཞིག་རིང་ཅེ་རེ་འདུག་པ་ལས་འོས་མེད། དྲང་པོའི་ལམ་ནས་དྲང་པོའི་རྗེས་སྙེག་པ། དྲང་སྲོང་བུ་མོ་འོད་དཀར་མཛེས་ལྡན་ལ། དྲང་སྲོང་ཆེན་པོ་བདེན་ཚིག་གྲུབ་པའི་ཚོགས། དྲང་པོའི་ལམ་དེ་བདེན་མཐའ་འཁྱོལ་བར་ཤོག།