ཕ་ཡུལ་དྲ་རྒྱ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨིན་ཇིའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་བོད་མིའི་དགེ་འདུན་པ་སྟོབས་ལྡན་ཞུ་བ་ཞིག་གིས་ ཚེས་ ༡༥ ཉིན་ཕ་རན་སིར་ཡོད་པའི་བོད་ཀྱི་དགོན་པ་ནཱ་ལན་ཌ་ཞེས་པར་རང་ལུས་མེར་སྲེག་གིས་གྲོངས་ཡོད་འདུག ཁོང་གིས་ཁ་ཆེམས་ཀྱི་ཡི་གེ་ཞིག་ཀྱང་བཞག་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་ཡང་མཉམ་དུ་ཡོད་ལུགས་སོགས་ཀྱི་གནས་ཚུལ་གོ་རྒྱུ་འདུག་མོད་ཞིབ་གསལ་མ་ངེས། དགེ་འདུན་པ་དེ་ནི་ད་ལྟ་དགུང་ལོ་ ༣༨ ཡིན་འདུག
གནས་ཚུལ་དེ་བདེན་ཚེ་དངོས་གནས་ཀྱི་རླབས་ཆེན་རེད།
མེ་སྲེག་བཏང་མཁན་ཡིན་ན་མཉམ་འབྲེལ་རགྱལ་ཚོགས་ལ་ཤོག དོན་མེད་གང་བྱུངདུ་མེར་སྲེག་མ་གཏོང་རོགས་
གུས་ནི་ཕ་རན་སིར་གཏན་སྡོད་བོད་མི་ཞིག་ཡིན་པས་ གནས་ཚུལ་དེ་རིགས་གོ་ཐོས་མ་བྱུང་བས་བདེན་རྫུན་བཤད་པར་དཀའ་ གལ་སྲིད་བདེན་ཚེ་རླབས་ཆེན་རེད་ ཡིན་ཡང་རང་སྲེག་བྱེད་ཡུལ་ཅུང་ནོར་འདུག་བསམ། དོན་མེད་ཀྱི་ས་ཆ་ཞིག་ཏུ་རང་བསྲེགས་གནང་བ་ལས་ རྒྱ་ཡི་གཞུང་ཚབ་མདུན་དང་ ཡང་ན་ མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བཏང་ན་ལེགས་བསམ།
དྲག་གནོན་འོག་གི་བོད་མི་སུ་རང་ལུས་མེར་བསྲེགས་བཏང་ན་པར་དང་གནས་ཚུལ་མྱུར་དུ་དྲ་ཐོག་མཐོང་ཐུབ་ཕཱ་རན་སི་ནས་བོད་མིས་རང་ལུས་མེར་སྲེག་བཏང་ན་གསལ་ཆ་གང་ཡང་་མེད་པ་གང་ཡིན་ནམ།
གྲྭ་བ་དེའི་པར་མཐོང་སོང་། མཚན་ལ་དོན་ལྡན་ཞུ་བ། ཧྥི་རན་སིའི་་་་་་་་ན་ལན་ཊ་དགོན་པ་ནས་རེད། ཁོང་ལོ་༣༨་རེད།
གནས་ཚུལ་དེ་བདེན་པ་རེད། བོད་པ་ཡིན་ས་མ་རེད། BBCརྒྱ་ཡིག་དྲ་ངོས་སུ་བོད་རྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དབྱིན་ཇི་བ་ཞིག་ཡིན་ཚུལ་དང་མེ་སྲེག་བཏང་ས་ཧྥ་རན་སི་ནས་རེད་ལབ་འདུག
གསར་འགྱུར་གང་བཀོད་རུང་དང་པོ་བདེན་རྫུན་གང་ཡིན་ལེགས་ཉེས་དབྱེར་འབྱེད་བྱས་རྗེས་འདིར་བཀོད་རོགས། གཞན་རྗེས་ཕྱོགས་འདིར་བཀོད་པའི་གསར་འགྱུར་ལ་ཡང་ཡིད་ཆེས་བྱེད་མི་ཐུབ་པ་འགྱུར་ཉེན་འདུག། དེ་འདྲ་སོང་གོང་དུ་དབྱིན་ཇིའི་མི་སེར་ཡིན་པའི་བོད་པའི་དགེ་འདུན་པ་ཟེར་བ་འདི་བདེན་པ་རྩ་བ་ནས་མ་རེད། ཁོང་གི་པར་ལ་གཟིགས་དང་བོད་པའི་དགེ་འདུན་པ་་རེད་དང་མ་རེད་གསལ་པོ་ཤེས་ནུས།
དྲྭ་ཐག་འདི་གནོན་དང་ཁོང་གི་སྐུ་པར་ཡོད། https://www.facebook.com/photo.php?fbid=493540387343317&set=a.410029602361063.94478.409722539058436&type=1&theater
བོད་དོན་ལ་འཐིམ་བཞིན་པའི་སྐྱེ་བུ་དམ་པ་འདི་ཚོ་ལ་མགོ་བོ་སྒུར་ནས་གུས་ཕྱག་འཚལ། རྒྱ་བོད་དབྱིན་སོགས་གང་ནས་ཡིན་ན་ཡང་ཁྱད་པར་དབྱེ་བ་སྤུ་ཙམ་མེད། བོད་དོན་ལ་འཐིམ་བ་གཅིག་པ་རེད། བླ་མ་དཀོན་མཆོག་གིས་གཟིགས།