བོད་མིས་རང་ལུས་མེར་བསྲེགས་བྱེད་པ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན། Posted on 2012-11-19 By ཁ་བརྡ་ 5 Comments on བོད་མིས་རང་ལུས་མེར་བསྲེགས་བྱེད་པ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན། རྟེན་འབྱུང་ནས། འཛམ་གླིང་ཟླུམ་པོ་འདིའི་སྟེང་གི་སྐྱེ་བོ་ཚང་མས་རང་དབང་ལ་མཐོང་ཆེན་དང་གཙིགས་ཆེར་འཛིན་པའི་དུས་སྐབས་འདིར་བོད་ཕྱི་ནང་གི་བརྩེ་བའི་སྤུན་ཟླ་ཕོ་མོ་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པར་བརྟེན་ཆབ་སྲིད་ཀྱི་གནས་བབ་ཞིག་གི་སྒང་ནས་སྐད་ཆ་བཤད་ན་ལས་སེམས་བཟང་ཙམ་དང་ཕྱོགས་ལྷུང་གིས་འགྲིག་མི་འགྲིག་སོགས་ཀྱི་བསམ་ཚུལ་བཤད་བསྡད་པ་ནི་དོན་དངོས་སུ་འགྱེལ་བའི་སྒང་ལ་རྡོག་བརྫིས་དང་། གཞན་ཡང་དཔེར་ན་མི་ཉམས་ཆུང་ཞིག་ལ་གཞན་གྱིས་བཙན་དབང་གིས་ལུས་པོའི་སྟེང་ནས་ཤ་རྡོག་རེ་རེ་གྲིས་གཏུབ་ནས་ངན་གསོད་བྱེད་སྐབས་ཁ་ནས་ཨ་ཚ་འབྱིན་ན་ཨ་ཚ་མ་ཟེར་ཟེར་བ་དང་གཅིག་མཚུངས་ཆགས་ཡོད། རྒྱ་གཞུང་གིས་ང་ཚོའི་སྤུན་ཟླ་མང་པོ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཀྱི་སྡུག་བསྔལ་ཤུགས་དྲགས་ལ་རྒྱུན་རིང་བ་དེ་དང་མེར་བསྲེགས་བའི་སྡུག་བསྔལ་གཉིས་མཚུངས་བསྡུར་བྱེད་ན་ས་གནམ་གྱི་ཁྱད་པར་ཡོད་ལ། བཙོན་ཁང་ནང་ནས་ངན་གསོད་བྱས་པའི་གྲངས་འབོར་དང་མེར་བསྲེགས་པའི་གྲངས་ཀ་གཉིས་ཡང་ས་གནམ་གྱི་ཁྱད་པར་ཡོད་པ་ཤེས་དགོས། སྔོན་ཆད་རྒྱ་གཞུང་གིས་ཁྲིམས་འགལ་དང་སྡུག་རྩུབ་ཐོག་གཞན་ཡུལ་བཙན་བཟུང་སྐབས་ཤི་བའི་དམག་མི་རྣམས་ལ། སྐྱེ་བ་རླབས་ཆེ་ཞིང་ཤི་བ་གཟི་བརྫིད་ཆེ་ཟེར་ནས་བསྟོད་གླུ་བཏང་བ་དང་འདྲ་གཟུགས་ཀྱི་རྡོ་སྐུ་མང་པོ་བཟོས་ནས་མངའ་སྡེ་སོ་སོར་སྐྱེ་བ་རླབས་ཆེ་ཚུལ་དང་ཤི་བ་གཟི་བརྫིད་ཆེ་བའི་དྲིལ་བསྒྲགས་ཤུགས་ཆེར་བྱས་པ་རེད། འོན་ཀྱང་ང་ཚོའི་བརྩེ་བའི་དཔའ་བོ་དཔའ་མོ་དེ་དག་གི་སྙིང་སྟོབས་དང་ཀུན་སློང་སྤྱོད་ལམ་བཅས་ཚང་མས་ཐོག་ནས་རྒྱ་གཞུང་གི་མི་གསོད་ལག་དམར་ཚོ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཁྱད་དུ་འཕགས་ཡོད་མོད། ཆབ་སྲིད་ནག་པོའི་ཀུན་སློང་བསམ་ངན་སྦྱོར་རྩུབ་ཀྱིས་ང་ཚོའི་དཔའ་བོ་དཔའ་མོ་དེ་དག་གི་ལས་འགུལ་གྱི་ཁ་ཕྱོགས་གཞན་དུ་བསྒྱུར་བར་ཐབས་བརྒྱ་ཇུས་སྟོང་གིས་འབད་བཞིན་ཡོད་པ་འདི་ང་ཚོ་བོད་མི་ཚང་མས་ཤེས་དགོས་པའི་མི་ཚད་མྱོང་བ་ཐོན་དགོས་པའི་གནད་དོན་ཞིག་ཡིན། མདོར་ན་རང་དབང་ནི་རང་སྲོག་ལས་ཀྱང་རྩ་ཆེན་ཡིན་པར་བརྟེན་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་གནང་བ་རེད། སྣ་ཚོགས།
དྲ་ཐོག་འདིར་རྩོམ་ཐུང་རེ་ཙམ་དང་མཆན་རེ་འགའ་འགོད་ནས་བོད་དུ་ཡོད་པའི་མེར་སྲེག་ གི་ལས་འགུལ་ཁ་ཕྱོགས་བསྒྱུར་དྭོགས་ནི། ང་ཚོ་བོད་པའི་ཁ་དཔེར་རི་བོང་གནམ་རྡིབ་དང་གླ་བ་ རྩ་ཟད་ཀྱི་སྡུག་བསྔལ་རང་དུ་ཟད། ཡང་ཁ་གཅིག་ནས་རྒྱལ་བ་རིན་པོ་ཆེས་འགོད་ཐུབ་མིན་བཤད་ བསྡད་པ་རེད་ཡང་ཕྱོགས་གཅིག་ནས་དྲ་ཐོག་གི་མཆན་མཁན་ཚོས་ཡང་ཁ་ལོ་བསྒྱུར་འགྲོ་མི་ཡོང་ ངམ་སྙམ་པའི་དྭོགས་གཞི་ཡོད་བསྡད་པ་ལྟ་བུ་རེད། འདི་ཡང་མཐོ་དུས་མཐོ་ཚོད་མི་ཟིན་མཐོ་ གསེར་འབུའི་སྟེང་ནས་ཀི་ཤར་བྱས་དམའ་དུས་དམའ་ཚོད་མ་ཟིན་དམའ་ཐལ་ཕུངས་འོག་ཏུ་ གནས་ལམ་བཅས་ཟེར་བའི་དཔེ་ལྟར་མིན་འགྲོ་སྙམ། ངས་བཤད་རྒྱུར་དེ་སྔོན་མེར་བསྲེགས་ཟིན་ པའི་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཤི་ན་ཤི་གོ་ཆོད་པའི་རྐང་རྗེས་དང་གཟི་བརྗིད་ཡོད་ ཚོད་རེད་ཡིན་ཡང་ད་ནས་བཟུང་མེར་སྲེག་གཏང་རྒྱུ་དེ་སེམས་སྟེང་དུ་རྩ་བ་ནས་མ་དྲན་རོགས་ བྱས་ཞུ་རྒྱུ་ཡིན་ལ།དེ་ཅི་ཕྱིར་ན་ད་ནི་གྲངས་འབོར་བགྲངས་མང་ཉུང་ཙམ་ལས་དགོས་པའི་རང་ དབང་དང་རང་བཙན་ཐད་ལ་ཕན་ནུས་ཡོང་བར་ཁ་ཐེག་སུ་གང་གིས་བྱེད་མི་ཐུབ་པ་ནི་མིག་ མཐོང་ལག་ཟིན་དུ་སོང་བ་འདི་རེད། དེར་རྟེན་ངེས་པར་དུ་མེར་སྲེག་ལ་ཞེན་ཁ ་མེར་དགོས་ ཞེས་འབོད་བསྐུལ་ཞུ་གྱི་ཡོད།
རང་ལུས་མེ་སྲེག་མ་བཏང་རོག་་་གཞིས་ལུས་བོད་རིག་སྤུན་ཟླ་རྣམས་་་ང་ཚོས་མི་ལུས་གསོན་པོ་གཞུགས་ནས་ཕྱག་ལས་གནང་རོག་་་
རྒྱ་ཁྱི་ཚོས་ཁྱི་སྐད་ཇི་ཙམ་རྒྱབ་ཀྱང་བོད་མི་རིགས་ཀྱིས་རང་དབང་འཐབ་རྩོད་མཚམས་འཇོག་ནམ་ཡང་བྱེད་ཀྱི་མ་རེད། བརྒྱ་ཆ་བརྒྱ་རང་དབང་ཐོབ་ངེས་རེད།
དྲ་ཐོག་འདིར་རྩོམ་ཐུང་རེ་ཙམ་དང་མཆན་རེ་འགའ་འགོད་ནས་བོད་དུ་ཡོད་པའི་མེར་སྲེག་
གི་ལས་འགུལ་ཁ་ཕྱོགས་བསྒྱུར་དྭོགས་ནི། ང་ཚོ་བོད་པའི་ཁ་དཔེར་རི་བོང་གནམ་རྡིབ་དང་གླ་བ་
རྩ་ཟད་ཀྱི་སྡུག་བསྔལ་རང་དུ་ཟད། ཡང་ཁ་གཅིག་ནས་རྒྱལ་བ་རིན་པོ་ཆེས་འགོད་ཐུབ་མིན་བཤད་
བསྡད་པ་རེད་ཡང་ཕྱོགས་གཅིག་ནས་དྲ་ཐོག་གི་མཆན་མཁན་ཚོས་ཡང་ཁ་ལོ་བསྒྱུར་འགྲོ་མི་ཡོང་
ངམ་སྙམ་པའི་དྭོགས་གཞི་ཡོད་བསྡད་པ་ལྟ་བུ་རེད། འདི་ཡང་མཐོ་དུས་མཐོ་ཚོད་མི་ཟིན་མཐོ་
གསེར་འབུའི་སྟེང་ནས་ཀི་ཤར་བྱས་དམའ་དུས་དམའ་ཚོད་མ་ཟིན་དམའ་ཐལ་ཕུངས་འོག་ཏུ་
གནས་ལམ་བཅས་ཟེར་བའི་དཔེ་ལྟར་མིན་འགྲོ་སྙམ། ངས་བཤད་རྒྱུར་དེ་སྔོན་མེར་བསྲེགས་ཟིན་
པའི་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཤི་ན་ཤི་གོ་ཆོད་པའི་རྐང་རྗེས་དང་གཟི་བརྗིད་ཡོད་
ཚོད་རེད་ཡིན་ཡང་ད་ནས་བཟུང་མེར་སྲེག་གཏང་རྒྱུ་དེ་སེམས་སྟེང་དུ་རྩ་བ་ནས་མ་དྲན་རོགས་
བྱས་ཞུ་རྒྱུ་ཡིན་ལ།དེ་ཅི་ཕྱིར་ན་ད་ནི་གྲངས་འབོར་བགྲངས་མང་ཉུང་ཙམ་ལས་དགོས་པའི་རང་
དབང་དང་རང་བཙན་ཐད་ལ་ཕན་ནུས་ཡོང་བར་ཁ་ཐེག་སུ་གང་གིས་བྱེད་མི་ཐུབ་པ་ནི་མིག་
མཐོང་ལག་ཟིན་དུ་སོང་བ་འདི་རེད། དེར་རྟེན་ངེས་པར་དུ་མེར་སྲེག་ལ་ཞེན་ཁ ་མེར་དགོས་
ཞེས་འབོད་བསྐུལ་ཞུ་གྱི་ཡོད།
རང་སྲོག་དོར་ཚར་བའི་ཉིན་མོར་རང་དབང་ཞིག་རག་ནའང་འབྲས་མེད་ཡིན།
རང་ལུས་མེ་སྲེག་མ་བཏང་རོག་་་གཞིས་ལུས་བོད་རིག་སྤུན་ཟླ་རྣམས་་་ང་ཚོས་མི་ལུས་གསོན་པོ་གཞུགས་ནས་ཕྱག་ལས་གནང་རོག་་་
རྒྱ་ཁྱི་ཚོས་ཁྱི་སྐད་ཇི་ཙམ་རྒྱབ་ཀྱང་བོད་མི་རིགས་ཀྱིས་རང་དབང་འཐབ་རྩོད་མཚམས་འཇོག་ནམ་ཡང་བྱེད་ཀྱི་མ་རེད། བརྒྱ་ཆ་བརྒྱ་རང་དབང་ཐོབ་ངེས་རེད།
ལུང་རྟོགས་ནས། གསུངཔ་བདེན་ནོ་