སྲིད་འཛིན་ཨོ་བྷ་མས་ཨེ་ཤི་ཡའི་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས།
༄ ༅། །སྲིད་འཛིན་ཨོ་བྷ་མ་བསྐྱར་འདེམས་བྱུང་རྗེས་ཕྱོགས་བསྐྱོད་དང་པོ་དེ་ཨེ་ཤི་ ཡའི་ནང་བསྐྱང་རྒྱུའི་ཐག་གཅོད་གནང་བ་ནི་ཨེ་ཤི་ཡ་གཙོ་བོར་གྱུར་པའི་ཕྱི་འབྲེལ་ གྱི་སྲིད་བྱུས་འཛིན་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད། ཨེ་ཤི་ཡའི་གླིང་ཆེན་ཧྲིལ་པོ་དང༌། ལྷག་དོན་བོད་ནང་དེའི་སྐོར་དོ་སྣང་ཤུགས་ཆེ་བྱེད་ངེས་རེད། ད་རེས་ཁོང་ནང་པ་ཤུགས་ཆེ་ཡོད་པའི་རྒྱལ་ཁབ་ཀམ་པོ་ཌི་ཡ་དང་ཐའེ་ལེནཌ་གཉིས་ནང་ ཕེབས་ཀྱི་ཡོད། དེ་བཞིན་ཁོང་བྷར་མར་ཕེབས་མཁན་ཨ་རིའི་སྲིད་འཛིན་དང་པོ་དེ་ཆགས་རྒྱུ་ཡིན། བྷར་མ་ཡང་ནང་པ་ཤུགས་ཆེ་ཡོད་པའི་རྒྱལ་ཁབ་ཅིག་རེད།
ཨོ་བྷ་མ་བྷར་མའི་ནང་ཕེབས་ཀྱི་ཡོད་པ་ནི་བོད་མི་ཚོར་དམིགས་བསལ་འབྲེལ་བ་ཆགས་ ཡོད། གང་ཡིན་ཟེར་ན་བོད་མི་ཚོས་རྒྱ་ནག་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ ཀྱི་འབད་རྩོལ་ཁག་ལ་བྷར་མའི་རང་དབང་འཐབ་རྩོད་པ་ཚོས་དོ་སྣང་ཞིབ་ཚགས་བྱེད་ཀྱི་ ཡོད། ཐེངས་འདིའི་འཚམས་གཟིགས་ནི་ལྕམ་ཨང་སང་སུ་ཀིས་དབུ་འཁྲིད་པའི་མང་གཙོ་དང་རང་ དབང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཆེན་པོ་ཞིག་ཡིན། ལྕམ་ཨང་སང་སུ་ཀིས་སྲིད་འཛིན་ཐེན་སུན་དང་མཉམ་འབྲེལ་གྱིས་གཉན་འཕྲང་ཆེ་བའི་ ཁོར་ཡུག་འོག་ཇུན་ཊའི་དྲག་པོའི་སྲིད་གཞུང་དང་མཉམ་ཕྱག་ལས་གནང་གི་ཡོད། བྷར་མའི་མི་མང་དང་ཁོ་ཚོའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་གཉིས་ཀས་དཀའ་སྡུག་ཚད་ མེད་མྱང་ཡོད། ༨༨༨༨ ཀྱི་གྱེན་ལངས་ལ་༡༩༨༨ ཟླ་ ༨ ཚེས་ ༨ ཉིན་བྱུང་བའི་མང་གཙོའི་ལས་འགུལ་ཞིགདྲག་གནོན་ཚབས་ཆེན་ཕོག་པ་མ་ཟད། ཇུན་ཊའི་དམག་མིས་བྷར་མའི་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་བསད་བཏང་བ་ དང༌། ཕྱི་ལོ་ ༡༩༩༠ ལོའི་འོས་བསྡུ་ཆེན་མོ་བརྒྱ་ཆ་ཚད་མཐོའི་སྒོ་ནས་རྒྱལ་ཁ་བྱུང་ཡང་ལྕམ་ཨང་སང་སུ་ ཀི་མི་ལོ་ ༡༥ རིང་བཟང་བཙོན་དུ་བཅུག་པ་རེད། ཁོང་གི་ཡབ་ཨང་སན་ནི་དེང་རབས་ཀྱི་བྷར་མའི་རྒྱལ་ཁབ་སྲོལ་གཏོད་མཁན་ཡིན་རུང༌། ཁོང་ཡང་ཕྱི་ལོ་ ༡༩༤༧ ལོར་དམར་བསད་བཏང་བ་རེད།
ལྕམ་ཨང་སང་སུ་ཀིའི་འཐབ་རྩོད་ཀྱི་ངོ་བོ་དང་ཉམས་མྱོང་རྣམས་ནོ་བྷལ་ཞི་བདེའི་ གཟེངས་རྟོགས་བཞེས་མཁན་གཅིག་མཚུངས་ཡིན་པ་བོད་ཀྱི་དབུ་ཁྲིད་ྋགོང་ས་ྋསྐྱབས་ མགོན་ཆེན་པོའི་མཛད་རྣམ་དང་འདྲ་ཆོས་ཡོད། བཙན་དབང་འོག་རང་གི་མི་མང་དང་ལུང་པ་བྲལ་དགོས་བྱུང་རུང་ྋགོང་ས་ྋསྐྱབས་མགོན་ ཆེན་པོ་མཆོག་གིས་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་འགོ་འཛུགས་ཕྱག་བསྟར་གྱིས། ཆོས་དང་སྲིད་ཀྱི་སྒྲིག་འཛུགས་གཉིས་ཐ་དད་འབྱེད་རྒྱུ་དང༌། མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་སྐུ་ དབང་རྩིས་སྤྲོད་གནང་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ལག་བསྟར་བྱེད་བཞིན་པའི་མང་གཙོའི་ལམ་ལུགས་འདི་དག་མིག་ དཔེ་འོས་པ་ཞིག་ཆགས་ཡོད། སྲིད་འཛིན་ཨོ་བྷ་མས་གོ་སྐབས་འདི་དང་བསྟུན་ནས་རྒྱ་ཆེ་ས་ནས་ནང་ཆོས་དང་མང་ གཙོའི་ལམ་ལུགས་གཉིས་མཉམ་གནས་ཐུབ་པའི་གསལ་སྟོན་གནང་དགོས། བྷར་མ་དང་ཐའེ་ལེནཌ་གཉིས་ཀྱི་མི་མང་དང་འདྲ་བར་བཙན་བྱོལ་བོད་མི་ཚོས་ཀྱང་མང་ གཙོའི་ལམ་ལུགས་འཛུགས་སྐྲུན་བྱས་ཡོད། བྷར་མའི་ནང་སེར་མདོག་ཅན་གྱི་གསར་བརྗེ་བྱུང་བ་ལྟར་འདས་པའི་མི་ལོ་དྲུག་ཅུའི་ རིང་བོད་པའི་དགེ་འདུན་པ་ཚོ་ཡང་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ སྤེལ་མཁན་གཙོ་བོའི་ཁོངས་ཆགས་ཡོད།
སྲིད་འཛིན་ཨོ་བྷ་མས་ཚོགས་ཆེན་བཅོ་བརྒྱད་པར་བསྐོ་གཞག་བྱུང་བའི་རྒྱ་ནག་གི་ འགོ་ཁྲིད་གསར་པ་ཚོ་དང་བོད་དོན་གླེང་སློང་ཤུགས་ཆེ་ཙམ་གནང་དགོས། འདས་པའི་ལོ་མང་རིང་བོད་མི་ཚོས་དྲང་བདེན་ཡོང་བའི་ཞུ་འབོད་བྱེད་བཞིན་པ་དང༌། རང་སྐྱོང་དང་ཆོས་དད་རང་དབང་དགོས་པའི་མངོན་འདོད་བཏོན་ཡོད། ད་བར་བོད་མི་ ༧༢ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་རང་ལུས་མེར་བསྲེགས་གཏོང་མཁན་ ༧༠ བྱུང་བ་དང༌། ཟླ་བ་འདིའི་ནང་ཉིན་གཅིག་རང་ལ་མི་ལྔས་རང་ལུས་མེར་བསྲེགས་བཏང་ཡོད། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཐུན་མོང་གི་མངོན་འདོད་ནི་ྋགོང་ས་མཆོག་བོད་ ལ་ཕྱིར་གདན་འདྲེན་ཞུ་རྒྱུ་དང༌། བོད་མིར་རང་དབང་བསྐྱར་གསོ་དགོས་པ་གཉིས་ཡིན། བོད་མི་ཚོས་འདས་པའི་མི་ལོ་བཅུ་ཕྲག་ལྔའི་རིང་མང་གཙོའི་ལམ་ལུགས་དང་འཚེ་བ་མེད་ པའི་ལྟ་གྲུབ་རྒྱུན་སྐྱོང་བྱས་ཡོད། ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རི་ཁེ་ལིན་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་ གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་ཡོད་གནས་ནན་བརྗོད་གནང་བ་དང༌། ཉེ་སྔོན་ཨ་རིའི་རྒྱ་ནག་གཞུང་ཚབ་པ་གྷེ་རི་ལོཀ་བོད་ཀྱི་ས་ཁུལ་ཁག་ཏུ་ཆེད་ཕེབས་ གནང་ཡོད། ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་གསུམ་ནང་འཚམས་གཟིགས་འདི་ནས་འགོ་ཚུགས་ཏེ་འབྱུང་ འགྱུར་ལོ་བཞིའི་ནང་ཨོ་བྷ་མ་སྲིད་གཞུང་གིས་ཨེ་ཤི་ཡ་གཙོ་བོར་བཟུང་བའི་ཕྱི་ འབྲེལ་གྱི་སྲིད་བྱུས་དེ་དོན་སྙིང་ལྡན་པ་ཞིག་ཡོང་བར་རྒྱ་ནག་དང་མཉམ་བོད་དོན་ གླེང་སློང་གནང་དགོས།
བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཨ་རིའི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་ གྲུབ་དང་ཡོངས་སུ་མཐུན་པ་མ་ཟད། འཐབ་བྱུས་ཀྱི་ཆ་ནས་ཀྱང་གལ་གནད་ཅན་ཞིག་ཆགས་ཡོད། རྒྱ་ནག་དཔལ་འབྱོར་ཆེན་པོའི་རྒྱལ་ཁབ་ནས་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོར་ཡར་ ཐོན་བྱེད་པ་དེ་ཨ་རི་གཙོས་འཛམ་གླིང་ཧྲིལ་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན། རྒྱ་ནག་ནང་བརྟན་ལྷིང་ཡོང་མིན་དང༌། ཨེ་ཤི་ཡའི་ནང་ཞི་བདེ་ཡོང་མིན་གྱི་ཚོད་བལྟ་ངོ་མ་དེ་རྒྱ་ནག་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་ལ་མིང་དོན་མཚུངས་པའི་རང་ སྐྱོང་གི་ཐོབ་ཐང་སྤྲད་མིན་དེ་ཆགས་ཡོད། བོད་དོན་དཀའ་རྙོག་སེལ་ན་རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་ཡོང་བར་ཡང་ཕན་ཐོགས་ ཡོད། དེ་ལྟར་བྱུང་ན་བོད་མི་ཚོས་སླར་ཡང་སྲོལ་རྒྱུན་ལྟར་ཨེ་ཤི་ཡའི་མི་འབོར་ས་ཡ་མང་ པོའི་འཚོ་རྟེན་དང་འབྲེལ་བ་ཡོད་པའི་བོད་ཀྱི་གཙང་ཆུ་དང༌། རང་བྱུང་ཐོན་ཁུངས་ཁག་སྲུང་སྐྱོབ་བྱེད་ཐུབ་པའི་གནས་བབ་བསྐྲུན་ཐུབ།
གལ་སྲིད་ཨ་རིས་རྒྱ་ནག་དང་མཉམ་བོད་དོན་གླེང་སློང་གྲུབ་འབྲས་ལྡན་པ་ཞིག་བྱེད་ ཐུབ་ན། རྒྱ་གར་དང༌། བལ་པོ། འབྲུག་པ། སོག་པོ་བཅས་བོད་མི་དང་ཆོས་རིག་གོམས་སྲོལ་གཅིག་པ་ཡིན་པ་མི་འབོར་ས་ཡ་མང་པོའི་ དགའ་བསུ་ཐོབ་རྒྱུ་རེད། གནས་ཚུལ་ཐོན་གསལ་ལྟར་ན་ད་ལྟའི་ཆར་རྒྱ་ནག་ཁྱོན་ཡོངས་ལ་ནང་པ་ས་ཡ་སུམ་བརྒྱ་ ལྷག་ཡོད་པ་དང༌། ཨེ་ཤི་ཡའི་ཁུལ་གཞན་དུའང་ས་ཡ་མང་པོ་ཡོད། བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་ཨ་རིས་རྒྱ་ནག་དང་མཉམ་དོན་ ཕན་ལྡན་པའི་འབྲེལ་གཏུགས་བྱེད་རྒྱུ་དེ་རྒྱ་རིགས་ཤེས་ཡོན་ཅན་ཚོའི་ལངས་ཕྱོགས་ དང་ཡང་མཐུན་པ་ཡིན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་གྱེན་ལངས་བྱུང་སྐབས་ད་ཆ་བཙོན་ཁང་ནང་ཡོད་པའི་ནོ་ བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོས་གཙོས་པའི་རྒྱ་རིགས་ཤེས་ཡོན་ ཅན་དང༌། རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བཅས་ཀྱིས་ཡོངས་གྲགས་ཐོག་རྒྱ་ནག་གཞུང་ལ་མཚན་ འཁོད་སྙན་ཞུ་ཕུལ་སྟེ། བདེན་པ་མ་ཡིན་པའི་ཕྱོགས་གཅིག་གི་དྲིལ་བསྒྲགས་མཚམས་འཇོག་དགོས་པ་དང༌། གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་ནི་ད་ལྟའི་ཆར་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་མང་པོའི་བསམ་ཚུལ་ཡིན་ལ། གཞིས་བཞུགས་བོད་མིའི་མངོན་འདོད་ཀྱང་ཡིན། དེར་བརྟེན་གནད་དོན་འདིའི་ཐད་སྲིད་འཛིན་ཨོ་བྷ་མས་ནུས་པ་འདོན་ཐུབ་ན་ཨེ་ཤི་ཡ་ གཙོ་བོར་བཟུང་བའི་ཕྱི་འབྲེལ་གྱི་སྲིད་བྱུས་ལ་འགྲོ་བ་མྀའི་ཐོབ་ཐང་སྲུང་ སྐྱོབ་ཀྱི་ནུས་པ་ཐོན་ཐུབ།
– མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་འགོ་ཁྲིད་དང་ྋགོང་ས་མཆོག་གི་ ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་ཡུལ་སྲིད་སྐྱོང་བློ་བཟང་སེང་གེས་སྤེལ།
གོང་གསལ་ཆེད་རྩོམ་འདི་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༤ ཉིན་ཝལ་སིཊིཊ་དུས་དེབ་ནང་འགྲེམས་སྤེལ་ཞུས་ཡོད།
(འདས་པའི་ལོ་མང་རིང་བོད་མི་ཚོས་དྲང་བདེན་ཡོང་བའི་ཞུ་འབོད་བྱེད་བཞིན་པ་དང༌། རང་སྐྱོང་དང་ཆོས་དད་རང་དབང་དགོས་པའི་མངོན་འདོད་བཏོན་ཡོད།)
གོང་དུ་སྲིད་སྐྱོང་གིས་འདི་ལྟར་བཤད་འདུག
སུའི་ཆེད་དུ་བཀའ་མོལ་གནང་གི་ཡོད་ན། སུའི་ངོ་སྲུང་གི་ཡོད་ན། སུའི་བླ་བཙོང་གི་ཡོད།
སྲིད་སྐྱོང་སྲིད་སྟེགས་ནས་རྒྱང་འབུད་རྒྱག་རན་གྱི་འདུག
ཕྱི་དགྲ་མི་བཅོམ་ནང་མྱི་འདུལ།།
དགོས་བ་མི་གླེང་མི་དགོས་གླེང་།།
མཚོ་མོ།
་་་་་་་ ་་་་་་་་་་་
དགྲ་བོ་རྒོད་ལ་བཞག་ནས།།
ནང་བློན་ལྐོག་གསོད་བྱེད་མཁན།།
མཚོ་མོ།
སྲིད་སྐྱོང་མཆོག་གི་ཞུ་བསྐུལ་དེ་ཡག་པོ་རེད།
མཚོ་མོ་དེ་སྨྱོ་མོ་ཞིག་ཡིན་པ་འདྲ།
འདྲེ་མོ་་་་་་་་་་་་་་་་་་་མཚོ་མོ།
རྒྱ་ནག་ཞི་བའི་ཐོག་ནས་འགྱུར་བ་འགྲོ་བའི་འགོག་རྐྱེན་ཆེ་ཤོས་ནི་འདས་པའི་མི་ལོ་སུམ་ཅུའི་རིང་དུ་རྒྱ་ནག་མི་སེར་གྱིས་འཛམ་བུ་གླིང་གི་མི་རྣམས་ལ་ལྷམ་དང་། ལྷམ་གདན། གཅིན་གདན། ཉལ་གདན་སོགས་བཟོས་ནས་བྱུང་བའི་ཁེ་བཟང་གི་དངུལ་ཕལ་ཆེ་བ་དཔོན་རིགས་ཚོའི་ནང་མི་དང་ནང་མི་དང་འབྲེལ་བ་ཡོད་པའི་འབྱོར་ལྡན་ཚོའི་སྒོར་ཁུག་ནང་ཡོད་པས། གལ་སྲིད་སྲིད་ཇུས་ལྷུག་ཏུ་གཏོང་བ་དང་ཆབ་སྲིད་བསྒྱུར་བཅོས་བྱས་ན་མང་ཚོགས་ཀྱིས་ཁོང་ཚོའི་སྒོར་ཁུག་འཕྲོག་ཡོང་བསམ་པའི་དངངས་སྐྲག་ཞིག་ཡོད་པ་དེ་རེད། ཡིན་ནའང་ཤིས་ཅིང་ཕིང་གི་བུ་མོ་ནི་ཨ་རིར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། སྤུན་མཆེད་ཕལ་ཆེ་བ་ནུབ་ཕྱོགས་རྒྱལ་ཁབ་ཏུ་གནས་སྤོ་བྱས་ཚར་བས་གཅིག་བྱས་ན་ཁོ་ཡིས་འགྱུར་བ་ཞིག་བཏང་ནས་མིང་ཞིག་འཇོག་ཨེ་ཐུབ་བལྟ་སྲིད། མི་དེའི་རྣམ་པ་ཡང་ཨུ་རུ་སུ་འགྱུར་བ་གཏོང་མཁན་དབྱེ་ལི་ཆིང་ཟེར་བ་དེ་འདྲ་ཙམ་འདུག
བོད་ལ་སྨན་པ་ནི་ནད་བརྒྱ་སྨན་གཅིག་ཡིན་པས་སྨན་གཅིག་པུ་དེ་བོད་པ་ཚོས་ངལ་བ་བྱས་ནས་བསྒྲུབ་རྒྱུ་ལས་གཞན་མེད་པ་ནི་ཐར་པ་བདག་ལ་རགས་ལས་དེ་ལས་ནི། གཞན་པའི་གྲོགས་བགྱིད་ཅི་ཡང་མ་མཆིས་སོ། ཅེས་པ་ལྟར་རང་དབང་གཙང་མའི་ས་བོན་ལ་མུ་མཐུད་ཆུ་ལུད་དྲོད་གཤེར་སྣོན་གལ་ཆེ།
གོང་ལ་ལབ་རྒྱུ་གཅིག་ཆད་འདུག རྒྱ་ནག་ལ་འགྱུར་བ་ཡོང་མིན་འགོ་དཔོན་གཅིག་པུར་རེ་བ་བཅོལ་བ་ནི་ནོར་ཁྲུལ་ཡིན་པ་ད་ལྟ་རྒྱ་མི་ཚོས་ཉིན་བཞིན་ངེས་ཤེས་གསལ་པོ་འགྲོ་བཞིན་ཡོད་མོད། འགྱུར་བ་གཏོང་འདོད་པའི་སྟོབས་ཤུགས་གཅིག་དང་། གཏོང་མི་འདོད་པའི་སྟོབས་ཤུགས་གཉིས་ཕན་ཚུན་སྦར་འདྲེད་བྱེད་པའི་སྐབས་སུ་འགོ་དཔོན་དེས་སུའི་ཕྱོགས་སུ་ལངས་མིན་དེ་གལ་ཆེན་པོ་ཡིན་པ་རེད།
ཤི་ཅིང་ཕིང་དང་ཨོ་སྦ་མ་གཉིས་ཀ་གཞན་དབང་འོག་ལྷུངས་པའི་སྒོ་ཁྱི་རེད། སྦྱིན་བདག་གི་གང་བཤད་མ་གཏོགས་རང་དབང་མེད། ཤི་ཅིང་ཕིང་གི་སྦྱིན་བདག་དམར་ཤོག་ཚོགས་པའི་སྤོ་ཏོ་དེ་ཚོ་རེད། ཨོ་སྦ་མའི་སྦྱིན་བདག་གྲོས་ཚོགས་དང་ཚོང་ཆེན་བདག་པོ་དེ་ཚོ་རེད། ཁོང་གཉིས་སྦྱིན་བདག་དེ་དག་གི་དོན་དུ་ཁྱི་རྒྱུག་རྒྱུག་བྱས་ནས་རྨུག་གི་རེད་མ་གཏོགས་རང་དབང་དང་རྣམ་དཔྱོད་སྟོན་ཐུབ་མཁན་མ་རེད། རེ་བ་མ་རྒྱོུབ།
རེ་བ་ངོ་མ་དེ་བོད་མི་དམངས་ལ་རྒྱོབ། རྒྱ་ནག་མི་དམངས་ལ་རྒྱོབ། ཁོང་རྣམ་གཉིས་ཁ་མཐུན་ན་སུས་ཀྱང་མི་ཐུབ། བྱས་ཙང་རྒྱལ་བ་རིན་པོ་ཆེས་ཆུ་ཚོད་བཅུ་བཞི་དཀའ་ལས་སྐྱོན་ནས་རྒྱ་རིགས་མི་དམངས་དང་བོད་མི་དམངས་ལ་གོ་སྐོན་གནང་གི་མིན་འདུག་གམ།
དངོས་གནས་མཁས་པ་རེད།
མཚོ་མོ་འདྲེ་མོ་འེ་ཡིན་ན།
ད་ཡང་བོད་རེ་བས་འཕོངས་ཟེར་བ་ལྟར།ཨ་རིར་རེ་བ་རྒྱབ་ནས་འདུག སྲིད་སྐྱོང་ཁོ་རང་ལ་ཁྱབ་བསྒྲགས་ཙམ་གྱི་ནུས་པ་ཡང་མེད་སོང་ནི་རེད་ལ། ཨ་རིས་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་པའི་རེ་བ་ནམ་ཡང་མེད།རྒྱ་ནག་ཁོ་རང་གི་སྲིད་ཇུས་ལ་ཁོ་རང་ཚོས་འགྱུར་བ་ཞིག་གཏོང་མ་ཐུབ་ན་ཨ་རིས་འགྱུར་བ་ཞིག་ནམ་ཡང་གཏོང་མི་ཐུབ། བོད་ནང་ནས་བཙན་བྱོལ་ལ་རེ་བ་རྒྱབ།བཙན་བྱོལ་གྱིས་ཨ་རིར་རེ་བ་རྒྱབ་རེ་བའི་རེ་བའི་མཐུད་འདུག