དེ་་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ་བོད་མདོ་སྨད་བླ་བྲ
དཔའ་བོ་ཁོང་གི་ཕའི་མིང་ལ་ཀླུ་འབུམ་རྒྱལ་དང་མ་མིང་ལ་འབྲུག་མོ་མཚོ་ཞུ་བ་དང་། ཁོང་གི་སྤུན་མཆེད་ཀྱི་མིང་ལ་བཀྲ་ཤིས་རྒྱ་མཚོ་དང་། སྒྲོལ་མ་སྐྱིད་འབོད་ཀྱི་ཡོད་པ་དང་། བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་། བྱིས་པ་གཉིས་ཡོད་པའི་གཅིག་གི་མིང་ལ་ལྷ་གོ་ཟེར་གྱི་ཡོད་འདུག
དཔའ་བོ་ཁོང་ནི་མི་གཤིས་ཧ་ཅང་བཟང་བས་དུས་རྒྱུན་དུ་འཛུམ་ཤིག་ཤིག་ཏུ་སྡོད་པ་ཞིག་ཡིན་པས། སྡེ་མི་ཀུན་ཀྱང་ཧ་ཅང་དགའ་སའི་མི་སྣ་ཞིག་ཡིན་ལ། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་སྡུག་ལ་དོ་སྣང་ཆེ་ཞིང་བོད་དོན་སྐོར་གླེང་སྐབས་ཚོར་ཤུགས་རྣོ་ལ་སེམས་ཁུར་ཆེས་ཆེར་ཡོད་མཁན་ཞིག་ཡིན་ཚུལ་འ
གནས་ཚུལ་འདྲེན་བཀོད་ཡོང་ཁུངས། lhase sonam ངོ་དེབ།
ཀི་ཧི་ཧི། ཤུ་ཤུ་ཤུ། སྭ་སྭ། གདོང་དམར་བོད་ཀྱི་རྒྱུད་པ། སྲོང་བཙན་སྒམ་པོའི་ཚ་རྒྱུད། སྒལ་ཚིགས་མ་འཁྱོག་དྲང་པོ། རྐང་མར་དྲོན་པོ་ཅན་པོ། མི་རིགས་ལ་རྒྱའི་བདག་པོ། སྒང་པ་བོད་པ་ངར་མ། ཀི་ཧི་ཧི། ངོ་སོ་བསྟོད། ཁྱོད་ཀྱི་མེ་ལྕེ་ལྷབ་ལྷབ་འབར་བ་དང་སྒང་པ་བོད་པའི་ལས་དབང་སྤོབས་པ་ཆེ་ནས་ཆེ་རུ་བསྐྱེད་། ཀི་ཧོ་ཧོ། སྭ་སྭ། ཁྱོད་ཀྱི་མེ་ལྕེས་ཞོབ་ནང་། རྒྱ་དམར་གྱི་བླ་ཚེ་སྲོག་གསུམ་ཨགྣ་ཡེ་སྭ་ཧྭ། དེ་དག་དང་མཉམ་དུ། བོད་མིན་བོད་ཏུ་བརྫུ་བ། བོད་པར་བརྙས་བཅོས་གཏོང་བ། འདས་པོར་ཁྲེལ་དགོད་བྱེད་པ། ས་ཡ་དྲུག་པོར་བླུན་པོ། བྱིས་པ། བསམ་མེད་དུ་རྩིས་མཁན། བོད་ལུས་རྒྱ་སེམས་ཅན། ཨོ་རྒྱན་ཉི་མ། ཚངས་དབྱངས། ཕུར་ཚེ་རིང་། ཟུར་གནས་སོགས་དེ་དང་དེ་འདྲ་བའི་བླ་ཚེ་སྲོག་གསུམ་མ་ར་ཡ། རྗེ་ཡི་མགུར་ལྷ་བཅུ་གསུམ། བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་བོད་པར་དཀར་བའི་རྫུ་འཕྲུལ་གྱི་བདག་པོ་ཁྱོད་ཚོས་བྱ་ར་བྱོས་ཤིག ཀི་ཧོ་ཧོ།།།
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
རྒྱལ་གཅེས་དཔའ་བོ་ཚེ་རིང་དོན་འགྲུབ་ཁོང་། །
འོད་དཔག་མེད་ཀྱི་ཞིང་དུ་མྱུར་སྐྱེ་ཤོག །
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
རྒྱལ་གཅེས་དཔའ་བོ་ཚེ་རིང་དོན་འགྲུབ་མཆོག །
ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག །
བོད་པའི་འཐབ་རྩོད་ཀྱི་རེ་བ་མ་བརླག་པ་བྱེད་དགོས།
བོད་དོན་རྒྱབ་སྐྱོར་བ་ཏེ་ལི་རིན་པོ་ཆེ་ལ་རྒྱལ་སྤྱིའི་བོད་དོན་དམིགས་བསལ་ཚོགས་ཆེན་ཐོག་དགོངས་ཚུལ་གང་བྱུང་ཞེས་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས། “ཚོགས་ཆེན་འཚོགས་པ་དེ་ཐེངས་དང་པོ་མ་རེད། ལོ་གཉིས་རེ་གསུམ་རེའི་མཚམས་སུ་འཚོགས་ཏེ་ཕན་ཚུན་ཚོགས་པ་གསར་པ་ངོ་སྤྲོད་དང་།
མི་གསར་པར་འབྲེལ་བ་ཡོང་གི་ཡོད་པ་རེད། རྒྱལ་ཁབ་སོ་སོའི་ཆབ་སྲིད་གནས་སྟངས་དང་དཔལ་འབྱོར་གནས་སྟངས་མི་འདྲ་བ་རེད་མོད ང་ཚོ་འདིར་འཛོམས་པའི་དམིགས་ཡུལ་གཙོ་བོ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ག་འདྲ་དགོས་ཀྱི་འདུག། ༧སྐྱབས་མགོན་རིན་པོ་ཆེའི་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་དགོས་པའི་དགོངས་གཞིའི་ཐོག་ང་ཚོས་ག་རེ་བྱེད་ཐུབ་ཀྱི་འདུག དེའི་ཚོའི་ཐོག་ང་ཚོ་འདིར་འཛོམས་ནས་བགྲོ་གླེང་བྱས་པ་རེད། ང་ཚོགས་བཅར་བྱས་པ་ཐེངས་གསུམ་པ་དེ་ཡིན། དེའི་ནང་ནས་ཡག་ཤོས་ད་ཐེངས་བྱུང་སོང་བསམས་སོང་། ད་ལྟ་བོད་ནང་ཛ་དྲག་གི་གནས་ཚུལ་ཆགས་ཡོད་པས། ཚང་མས་དེ་ཧ་གོ་བ་དང་། སེམས་ཤུགས་ཆེ་རུ་སོང་བ་རེད། ༧སྐྱབས་མགོན་རིན་པོ་ཆེས་ཁ་སང་བཀའ་སློབ་གནང་སྐབས། ཁྱེད་རང་ཚོ་དྷ་སར་རླུང་གཙང་མ་བསྡུ་ཡི་ཡོང་བ་མ་རེད། ཕར་ཕྱིན་པ་དང་མཐོང་རྒྱུ་མེད་པ་མ་ཡིན་པར། འཐབ་རྩོད་བྱས་ཏེ་ལས་ཀ་ཤུགས་ཆེ་རུ་གཏོང་དགོས་པ་རེད་ཅེས་བཀའ་སློབ་གནང་སོང་། འདིར་ཕེབས་པ་ཚང་མས་ལས་འགུལ་ཏན་ཏན་བྱེད་རྒྱུ་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།
བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་སོགས་ཧ་ཅང་ཛ་དྲག་རེད། སྐྱབས་བཅོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བའི་ངོས་ནས་ལས་འགུལ་ག་རེ་དགོས་པ་རེད་དགོངས་ཀྱི་ཡོད་ཅེས་དྲིས་པར།
ཏེ་ལོ་རིན་པོ་ཆེས། “ང་ཚོས་བྱེད་རྒྱུ་ཡོད་པ་ཚང་མ་བྱས་དང་བྱེད་བཞིན་པ་རེད། ང་ཚོའི་རེ་བ་དང་ཡིད་ཆེས་དུས་ནམ་ཡང་མ་བརླག་པ་དགོས་པ་རེད། དེ་བརླགས་ན་ད་སྔ་བར་དཀའ་ལས་བརྒྱབ་པ་དེ་འཕྲོ་བརླག་དང་། མ་འོངས་པའི་དམིགས་ཡུལ་འགྲུབ་རྒྱུ་ཁག་པོ་རེད། བོད་ཕྱི་ནང་ཚང་མའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་རྒྱལ་ཁབ་དང་། ཆབ་སྲིད་པ། ཚོང་པ་སུ་ཡིན་ཡང་གཙོ་བོ་རེ་བ་དང་ཡིད་ཆེས་མ་བརླག་པ་དགོས་པ་རེད། ཆབ་སྲིད་དང་ཆབ་སྲིད་པ་འགྱུར་བ་འགྲོ་ཡི་རེད། ཉེ་ཆར་རྒྱ་ནག་ནང་ཆབ་སྲིད་པ་འགྱུར་བ་སོང་བ་རེད་ལ། ཆབ་སྲིད་པ་འགྱུར་བ་སོང་བ་དང་མཉམ་དུ་ཆབ་སྲིད་འགྱུར་བ་འགྲོ་ཡི་རེད། ཆབ་སྲིད་ཡག་ཕྱོགས་དང་སྡུག་ཕྱོགས་གཉིས་ཀའི་འགྱུར་བ་ཡོད་པ་རེད། ཡིན་ཡང་ང་ཚོས་ཡག་ཕྱོགས་ལ་རེ་བ་བྱེད་ཀྱི་ཡོད་པ་རེད། ང་ཡིན་ན་རེ་བ་བརླག་གི་མེད་ལ། འགྱུར་བ་འགྲོ་རྒྱུར་ཡིད་ཆེས་ཡོད། དམར་ཤོག་དང་པོ་ཨུ་རུ་སིར་དར་བ་རེད་ལ། དེའི་སྐབས་དམར་ཕྱོགས་འཐོར་གྱི་རེད་བསམ་ཡོད་པ་མ་རེད། ཡིན་ཡང་༡༩༩༡ ལོར་འཐོར་བ་རེད། སོག་པོའི་ནང་དམར་ཤོག་འཐོར་བ་རེད། ཤར་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་དམར་ཤོག་འཐོར་བ་རེད། ད་ལྟ་དམར་ཤོག་རྒྱ་ཆེ་ཤོས་དང་སྟོབས་ཆེ་ཤོས་རྒྱ་ནག་རེད། ཁོ་རང་ཚོའི་ནང་དུ་མི་མང་ལ་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། བོད་ནང་ནས་ལས་འགུལ་བྱེད་རྒྱུ་ཡོད་པ་ཚང་མ་བྱས་པ་དང་། ད་ལྟ་རང་སྲོག་གཏོང་གི་ཡོད་པ་རེད། དེ་བློ་ཕངས་པོ་རེད་མོད། དེ་ལ་བསྟེན་ནས་ང་ཚོ་སེམས་ཤུགས་འཕར་གྱི་ཡོད་པ་རེད་”ཅེས་གསུངས་སོང་།
རང་ལུས་མེར་སྲེག་དེ་ཕངས་པོ་རེད། མཚམས་འཇོག་དགོས་སྐོར་གསུང་མཁན་དང་། ལས་འགུལ་མུ་མཐུད་དགོས་སྐོར་སོགས་བསམ་ཚུལ་འདྲ་མིན་རེད། དེའི་ཐོག་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས། “བསམ་ཚུལ་མང་པོ་རེད། ཡིན་ནའང་མི་གྲོངས་པ་བཞིན་མི་ཐོག་གསར་པ་སླེབས་ཀྱི་ཡོད་པ་རེད། སྤྱིར་བཏང་ཕངས་པོ་རེད་མོད། ཁོང་ཚོའི་ཀུན་སློང་དང་། བདེན་པའི་དམིགས་ཡུལ་ཞིག་ཡོད་པས། ད་ལྟའི་བར་བོད་མི་བདུན་ཅུ་ལྷག་གིས་རང་སྲོག་བཏང་བ་དེ་གཏོང་གོ་ཆོད་པ་དང་། ད་དུང་རང་དབང་ནང་ཡོད་མཁན་ཚོས་ལས་འགུལ་དེ་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་”ཅེས་གསུངས་སོང་།།
ཏེ་ལོ་རིན་པོོ་ཆེ་ནི་ ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་གི་ཁལ་མུཀ་མི་རིགས་ཡིན་པ་དང་། ཁོང་ནང་པའི་སྤྱི་འཐུན་ཚོགས་པ་དང་། མོ་སི་ཀོ་བོད་སྐྱོབ་ཚོགས་པ། ཐུ་ཝ་བོད་དོན་ཚོགས་པ་དང་། ཁལ་མུཀ་བོད་དོན་ཚོགས་པ་བཅས་ཀྱི་འཐུས་མི་དང་། སློབ་སྟོན་པའི་ངོས་ནས་ཚོགས་བཅར་གནང་ཡོད་པ་རེད།
བོད་དོན་རྒྱབ་སྐྱོར་བ་མཱོ་སུ་ཀོ་བོད་ཁང་གི་སྐུ་ཚབ་ནཱ་ཡ་བྷེལ་ཀེན་ལ་ཚོགས་འདུ་དང་། བོད་དོན་ལས་འགུལ་སྐོལ་ལ་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས། “ཚོགས་ཆེན་འདིའི་ཐོག་ཁོར་ཡུག་གི་སྐོར་དེ་གལ་ཆེན་པོ་རེད། ཁོར་ཡུག་གི་སྐོར་གྱི་རྙོག་དྲ་ཨ་རི་དང་། འཇལ་མན། ཨུ་རུ་སི་སུ་སོགས་འཛམ་གླིང་གང་སར་ཡོད་པས། དེ་ལ་ཤུགས་སྣོན་རྒྱག་དགོས་པ་རེད”ཅེས་དང་། “ང་ཚོའི་ངོས་ནས་གཙོ་བོ་སེམས་མ་ཕམ་པར། རིག་པ་ཡག་པོ་བཏང་། བོད་པ་ཚང་མ་ཆིག་སྒྲིལ་གལ་ཆེན་པོ་རེད། རྒྱ་ནག་གི་དཔོན་རིགས་བརྗེ་པོ་བརྒྱབ་པ་དང་། རྒྱལ་ཁབ་ཚང་མའི་སྲིད་དོན་པ་འགྱུར་བ་འགྲོ་ཡི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་དང་། སྲིད་སྐྱོང་བློ་བཟང་སེང་གེས་ཉིན་རྟག་པར་བོད་དོན་ལ་ལས་ཀ་གནང་གི་ཡོད་པ་རེད། བོད་པ་ཚང་མས་སོ་སོའི་སྒོར་ཁུག་ལ་བསམ་བློ་མ་བཏང་བར། དེ་བཞིན་ལས་ཀ་བྱས་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་”ཅེས་གསུངས་སོང་།
ཁོང་གིས་བོད་པའི་རང་ལུས་མེར་སྲེག་གི་ལས་འགུལ་སྐོར་གསུང་དོན། “རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ཚོ་དཔའ་བོ་དཔའ་མོ་རེད། ཡིན་ཡང་དེ་ཕངས་པོ་རེད། བོད་པ་མི་གྲངས་ཉུང་ཉུང་རེད། མི་ཚེ་དེ་རྩ་ཆེན་པོ་རེད་ལ། མ་ཤི་བར་དུ་ལས་ཀ་བྱེད་ཐུབ་ཀྱི་རེད། མིའི་ཚེ་རྫོགས་སོང་ན་ལས་ཀ་ཚར་པ་རེད། ཡིན་གཅིག་མིན་གཉིས་ལས་ཀ་བྱས་ཏེ། བོད་མི་རིགས་དྲན་པ་མ་བརྗེད་པར་འདུག་དགོས་པ་རེད་”ཅེས་དང་། “རྒྱ་ནག་གི་དཔོན་རིགས་འགྱུར་བ་འགྲོ་ཡི་ཡོད་པ་རེད། ང་ལ་རེ་བ་ཡོད། ང་ཚོ་ཨུ་རུ་སིའི་དམར་ཤོག་འོག་ལོ་༨༠ བསྡད་པ་ཡིན། མི་རབས་བཞི་ལྔ་བརྗེ་པོ་བརྒྱབ་པ་རེད། སོ་སོས་ཕྲུ་གུར་སློབ་སྦྱོང་སྤྲད། ཆོས་དང་རིག་གཞུང་ལ་བདག་པོ་བརྒྱབ་སྟེ་བསྡད་པ་རེད། སྡུག་བསྔལ་མང་པོ་མྱངས་པ་རེད་མོད། ད་ལྟ་རང་དབང་ཐོབ་པ་རེད། ང་ལ་མི་རིགས་ཀྱི་སྤོབས་པ་ཆེན་པོ་ཡོད། བོད་པ་ཚང་མས་དེ་བཞིན་བྱས་ན་རེ་བ་ཡོད་པ་རེད་”ཅེས་གསུངས་སོང་།།
ཟླ་འདིའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དམིགས་བསལ་ཚོགས་ཆེན་གྲོལ་བ་དང་། བཅར་འདྲི་ཞུས།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༡༡, ༡༩’ )
ངོ་ལུག་གི་བསམ་ཚུལ་ལ་ལེགས་སོ་བགྱིའོ་ཡིན།
རང་བརྗེད་ཀྱི་སྙིང་སྟོབས་བླ་ན་མཐོ་བའི་རྒྱལ་གཅེས་པ་ཁྱོད་ཚོས། བཙན་པོའི་གདུང་རྒྱུད་ཀྱི་ལ་ཞེན་སྙིང་ལ་བཅིངས་ཏེ་ད་ལྟའི་རང་དབང་དང་འབྱུང་འགྱུར་གྱི་བདེ་དོན་ལ་དམིགས་ཏེ་རང་ལུས་མེར་བསྲེགས་གཅིག་རྗེས་གཉིས་མཐུད་དུ་བྱུང་རྗེས། བོད་པ་མཁས་རློམ་རྣམས་ཀྱི་ཚིག་ལྐུགས། ཞལ་བདེ་རྣམས་ཀྱི་ལྕེ་སྐམ་ནས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཞེ་ཁྲེལ་བའི་གནས་སུ་བཀོད་ཡོད། ཁྱེད་ཅག་གི་སྙིང་སྟོབས་དང་བློ་ཐག་རྦད་བཅད་ཀྱིས་རང་སྲོག་འཚེ་མེད་ཞི་བའི་ལམ་ནས་འདི་ལྟར་བོད་དོན་ཏུ་ཕུལ་ཚེ། ཞེ་རྩ་བརྣག་ཞིང་ཞེ་རྒྱུད་གྱོང་བའི་བོད་མི་འགས། ཁྱེད་ཅག་ལ་བྱིས་པ་བསམ་མེད་དང། བསམ་བློ་མ་སྨིན་པའི་དར་མ་ཞེས་བབ་ཅོལ་གྱི་གླེང་འདེབས་ཀྱིན་ཡོད། གང་ལྟར་དམན་པ་བདག་གིས་ཁྱེད་ཅག་འདི་ལྟར་བཞུད་པ་ལ་དགའ་བ་མི་སྒོམ་ཡང་། སེམས་ཁོང་གི་ཆེས་གཏིང་ཟབ་ས་དང་རྒྱ་ཆེ་ས་ནས་མྱ་ངན་གུས་འདུད་ཞུ། བདག་གཞན་བརྗེ་བའི་སེམས་བསྐྱེད་དམ་པ་ཡིས།།རང་གི་ལུས་དང་ལོངས་སྤྱོད་ཡོངས་བཏང་རྣམས།།གང་དུ་སྐྱེས་བའི་སྐྱེ་བ་ཐམས་ཅད་དུ།།ཚུལ་བཞིན་སྤྱོད་པའི་རང་དབང་ཐོབ་པར་ཤོག།
༄བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།
དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།