༄།། བརྩེ་བའི་སྲིད་སྐྱོང་མཆོག་ལ།
ཁྱེད་རང་དང་། དེ་བཞིན་བོད་ཀྱི་འགོ་འཁྲིད་གཞན་པ་བློ་བཟང་སྙན་གྲགས་དང་། རྒྱ་རི་བློ་གྲོས། ཟམ་གདོང་རིན་པོ་ཆེ་ལ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་ནང་ལ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོང་བར་གནོད་འཚེ་བཟོ་བ་དེར་ཁོང་ཁྲོ་ཚབས་ཆེན་འདོན་ཆེད་ཡི་གེ་འདི་ཕུལ་བ་ཡིན། ཁྱེད་དང་ཁྱེད་ཀྱི་ཤོག་ཁག་ཚོས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་ཞབས་ཞུ་སྡེ་ཚན་དང་། དེར་རྒྱབ་སྐྱོར་དང་དཀའ་ལས་རྒྱག་མཁན་གྱི་ཨ་རིའི་བོད་མི་ལས་བྱེད་པ་རྣམས་ལ་དམའ་འབེབས་དང་གནོད་ཚབ་ཆེ་བའི་བྱ་སྤྱོད་སྤེལ་བ་དེ་ངེས་པར་དུ་འཕྲལ་མར་མཚམས་འཇོག་བྱ་དགོས།
ངས་ད་དུང་བོད་པར་དམིགས་པའི་ཨ་རིའི་རོགས་དངུལ་དེ་དག་བེད་སྤྱོད་ལོག་པར་གཏོང་ཚུལ་སྐྱོན་བརྗོད་ཤུགས་ཆེ་ཡོང་བ་འདི་ཤེས་ཀྱི་ཡོད།
ཨ་རིའི་གྲོས་ཚོགས་ཀྱིས་ལོ་མང་དཀའ་ལས་བརྒྱབ་་ནས་སྲིད་འཛིན་སྡེ་ཁག་ལ་གདེང་སྤོབས་དང་གནོན་ཤུགས་སྤྲད་ནས་བོད་ལ་དབང་སྒྱུར་མཁན་རྒྱ་ནག་དམར་ཤོག་དབང་འཛིན་པ་ཚོར་ཁ་གཏད་འཐབ་རྩོད་བྱེད་མཁན་གྱི་བོད་པ་རྣམས་ལ་སྐྱབས་བཅོལ་དང་། དཔལ་འབྱོར་ཡར་རྒྱས་ཀྱི་རོགས་རམ། དེ་བཞིན་དུས་ཡུན་རིང་པོ་དགོས་པའི་རོགས་རམ་གཞན་པ་རྣམས་ཐོབ་ཡོད། གལ་ཏེ་ཨ་རིའི་རོགས་རམ་རྣམས་བེད་སྤྱོད་ལོག་པར་བཏང་ཡོད་པའམ། དེ་ཡང་རྒྱ་ནག་དམར་ཤོག་དང་བོད་པའི་དབང་ཆ་སྒྱུར་མཁན་རྣམས་ཀྱི་ཁ་ལ་ཕྱིན་ཡོད་ཚེ། ངས་དེ་དག་ཤེས་པར་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན།
ཐོབ་པར་དཀའ་བའི་ཨ་རིའི་ཕྱི་རྒྱལ་རོགས་དངུལ་དེ་དག་རྒྱ་ནག་དམར་ཤོག་ལ་འཐབ་རྩོད་བྱེད་མཁན་རྒྱ་ནག་དམངས་གཙོ་རྩོད་ལེན་པ་དང་། ཆོས་འཁོར་ཚོགས་པ། དེ་བཞིན་ཡུ་གུར་མི་རིགས་སོགས་ལ་སྤྲོད་དགོས། ཁོང་ཚོས་རྒྱ་ནག་ནང་ལ་རང་དབང་དང་དམངས་གཙོ་གོང་འཕེལ་ཡོང་བར་འགོག་རྐྱེན་བཟོ་མཁན་གཙོ་བོ་ནི་དམར་ཤོག་གི་ལམ་ལུགས་དེ་ཡིན་པའི་ཁུངས་སྐྱེལ་དང་ངོས་འཛིན་གསལ་པོར་བྱས་ཡོད། བོད་པའི་འགོ་ཁྲིད་རྣམས་དང་མི་འདྲ་བར། ཁོང་ཚོས་ལངས་ཕྱོགས་བརྟན་པོར་འཛིན་ཞིང་། རུལ་བསུང་དང་བཙན་དབང་གི་དབང་འཛིན་པ་དང་མཉམ་སྦྲེལ་བྱ་རྒྱུར་འདོད་པ་མེད།
བོད་མི་རང་བསྲེགས་གཏོང་མཁན་༧༥རྣམས་ཀྱིས་ཁྱེད་ཚོས་རྩོད་ལེན་བྱེད་པའི་སྲིད་འཇུས་ཏེ། རྒྱ་ནག་དམར་པོའི་རྒྱལ་ཁབ་ནང་ལ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞིག་ཡོང་ཆེད་ལས་འགུལ་སྤེལ་གྱི་མེད། དེ་ལས་ལྡོག་ཏེ། རང་དབང་དང་། མི་རིགས་རང་ཐག་རང་གཅོད། དེ་བཞིན་རྒྱ་ནག་ཁྲིམས་འགལ་གྱི་བཙན་འཛུལ་མཚམས་འཇོག་ཡོང་ཆེད་ཁོང་ཚོས་རང་སྲོག་བློས་གཏོང་བྱས་ཡོད།
ཨ་རིའི་གྲོས་ཚོགས་ནང་གི་བོད་པའི་གྲོགས་པོ་ཚོས་ཁོང་ཚོའི་དམིགས་ཡུལ་ལ་རྒྱབ་སྐྱོར་ཡོད་པ་དང་། ཁོང་ཚོ་རྐྱེན་ལམ་དུ་ཤོར་བར་མྱང་ངན་དང་། ཁོང་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། དེ་མཚུངས་ངས་ཁྱེད་རང་དང་ཁྱེད་ཀྱི་ཤོག་ཁག་ཚོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱིས་བོད་མི་དམངས་ལ་གུ་ཡངས་བའི་བགྲོ་གླེང་དང་རང་དབང་གི་གནས་ཚུལ་སྤྲོད་ལེན་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པ་འདིར་ལྐོག་གཡོ་ངན་ཇུས་སྤེལ་ན་དེར་བཟོད་སྒོམ་བྱེད་ཀྱི་མིན། ངས་ད་དུང་བོད་ཕྱི་ནང་གཉིས་ནས་ཨ་རིའི་རོགས་རམ་ལེན་མཁན་རྣམས་ལ་ལྟ་རྟོག་ཞིབ་ཚགས་བྱས་ནས་རོགས་རམ་དེ་དམིགས་ཡུལ་ཐོག་སྐྱོད་པ་དང་། དེ་དག་ཨ་རིའི་ཁེ་ཕན་ལ་མཐུན་པའི་ཐོག་ནས་བེད་སྤྱོད་ཡོང་བར་ལྟ་རྟོག་ནན་པོ་བྱེད་ཀྱི་ཡིན།
ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ།
ཌ་ན་རོ་རར་སྦ་ཆར། (Dana Rohrabacher)
ཡི་གེ་སྔ་ཕྱི་གཉིས་བསྐུར་བ་གཤམ་གསལ་ལྟར་རེད།
གོང་གསལ་ཡི་གེ་དེ་ལ་བཀའ་ཤག་ནས་ཡིག་ལན་གནང་བ་ཨིན་བོད་སྐད་གཉིས་ཐོག་ཡོད་པ་གཤམ་གསལ།
གནས་ཚུར་འདི་ཚབ་ཆེན་རེད་འདུག གང་ལྟར་བོད་འདི་རླུང་རྟ་རྒུད་པའི་དུས་རེད་འདུག
ད་ཡིན་ན་རྙོག་དྲ་ཆེན་པོ་ཞིག་གི་འགོ་བརྩམས་འདུག
འདིར་ལྟས་ན་བོད་མི་༧༥ལྷག་གིས་རང་ལུས་མེ་སྲེགས་ཀྱི་ལས་འགུལ་ལ་ནུས་པ་ཞིག་མ་ཐོན་པའི་རྒྱུ་མཚན་ཡང་གསལ་བཤད་བྱེད་ཐུབ་ས་རེད། གང་ལྟར་རྒྱུ་མཚན་གསལ་བོ་བཟོ་རྒྱུ་གལ་ཆེན་རེད།
༼ཨ་རིའི་གྲོས་ཚོགས་ནང་ལ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོང་བར་གནོད་འཚེ་བཟོ་བ་དེར་ཁོང་ཁྲོ་ཚབས་ཆེན་འདོན་ཆེད་ཡི་གེ་འདི་ཕུལ་བ་ཡིན།༽འདི་ནི་ང་ཚོས་ནན་གཏན་བྲོས་གླིང་བྱས་ན་
བཀུར་འོས་ཁ་བརྡའི་འགན་ཡོད་ལྷན་རྒྱས་ལགས། གནད་དོན་འདིས་ཐེ་ལ་མཆན་བཀག་ན་བཟང་།
དྲང་བདེན་དང་དངོས་ཡོད་གནས་ཚུལ་བོད་མི་ཡོངས་ཀྱིས་ཤེས་རྒྱུ་གལ་ཆེ་ལ་ཐོབ་ཐང་ཡང་ཡོད། དེ་སྒུག་ནས་བསྡད་ཡོད།
རེད་ཨ་རིས་སྔ་ཕྱི་བར་གསུམ་ལ་རོགས་རམ་གནང་བ་དེ་དག་རྒྱ་བོད་མཉམ་གནས་ཆེད་སྤྲད་མིན་པོ་གསལ་པོ་རེད། དེ་གསལ་བཤད་གནང་འདུག་ད་ནི་བཟུང་རོགས་དངུལ་དེ་དག་གཞོན་ནུ་ལ་ཁ་ཐུག་གནང་ན་ཡག་ཤོས་རེད།
གོང་དུ་ཡི་གེ་དེའི་ནང་་ཤོག་ཁག་ཟེར་བ་དེ་ལ་གོ་རྒྱུ་ཅི་ཡོད་ན་དངོས་གནས་ཤེས་ཀྱི་མི་འདུག། བོད་ལ་ཆབ་སྲིད་ཚོགས་པ་ཤོག་ཁག་དེ་འདྲ་ནས་མེད་དེ་ནས་ཤོག་ཁག་ཟེར་ན་ཅི་ལ་གོ་དགོས་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག།
དེ གནས་ཚུལ་ཡག་པོ་རེད། ཨ་རི་གཞུང་གི་ལྟ་བ་མི་དེས་བཤད་པ་ནང་བཞིན་བོད་རང་གཙན་ལ་རྒྱབ་སྐྱོར་ཡོད་ན་ཡག་ཤོས་རེད། དེ་རྙོག་གྲ་གལ་རེད་མི་འདུག་འུར་ལངས་དགོས་དོན་མི་འདུག
་་་་་་ ཁོང་ཚོས་རྒྱ་ནག་ནང་ལ་རང་དབང་དང་དམངས་གཙོ་གོང་འཕེལ་ཡོང་བར་འགོག་རྐྱེན་བཟོ་མཁན་གཙོ་བོ་ནི་དམར་ཤོག་གི་ལམ་ལུགས་དེ་ཡིན་པའི་ཁུངས་སྐྱེལ་དང་ངོས་འཛིན་གསལ་པོར་བྱས་ཡོད། ་་་་ཟེར།
སྲིད་སྐྱོང་བློ་སེང་ལགས་ནས་རང་ཉིད་དག་འབུད་གནང་བ་ཐུགས་རྗེ་ཆེ། དག་འབུད་གནང་བ་ལྟར་གཙང་མ་ཡིན་པའི་རེ་བ་ཡོད། ཡིན་ན་ཡང་སྲིད་སྐྱོང་ནས་རང་ཉིད་དག་’འབུད་གནང་བ་ལས་བཙན་བྱོལ་བོད་གཞུང་དག་འབུད་གནང་བ་གལ་ཆེན་པོ་རེད།་་་ཁོང་ནི་གཞུང་ཞིག་གི་འགན་འཛིན་རེད།་་་གཞུང་གིས་དོན་དག་འདིའི་ནང་ལ་ཇུས་གཏོགས་གནང་མེད་དམ། གོ་ཐོས་ལ་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཨེ་ཤར་ཡ་རང་དབང་རྒྱང་བསྒྲགས་ལས་ཁུངས་ལ་ཆེད་སྐྱོད་ཀྱིས་དེའི་ལས་བྱེད་རྣམས་ཚོགས་འདུར་བཀུག་ནས་་ང་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་མ་བྱེད་རོགས་ཞེས་གསུངས་པ་རེད་ཅེས་ནས་གྲགས་བཞིན་པ་འདི་ཅི་རེད། ཁོང་མ་སྐྱོད་པ་རེད་དམ་ཡང་ཁོང་སྒེར་ངོས་ནས་སྐྱོད་པ་རེད། ཡང་སྐལ་ལྡན་བློ་གྲོས་ནས་ཨེ་ཤར་ཡ་རྒྱང་བསྒྲགས་ལས་ཁུངས་ཀྱི་རྒྱ་མོ་འགོ་ཁྲིད་དེ་ཁྲིད་ནས་རྡ་རམ་ས་ལར་སྐྱོད་ནས་བོད་གཞུང་དཔོན་རིགས་ཐུག་འཕྲད་བྱས་ནས་ང་ཕོད་ལས་གནས་ནས་འབུད་རྒྱུའི་ཐག་གཅོད་བྱས་པ་རེད་གཏམ་ཡན་ཡང་འདུག་་་འདི་དག་ཀྱང་དག་འབུད་བྱེད་དགོས་པ་མ་རེད་དམ། སྲིད་སྐྱོང་ལགས་ནས་རང་ཉིད་གཅིག་པོ་དག་འབུད་གནང་ནས་ཁ་རོག་གེར་བཞག་ན་གཞུང་ལ་འགན་འཁུར་གྱི་མེད་པའི་ཚོར་བ་ཞིག་འདུག
འདིས་དངོས་གནས་གནག་སེ་ལབ་འདུག་གདའ། ཨ་རིས་གཞུང་གིས་རོགས་སྐྱོར་སྤྲད་པའི་དངུལ་དེ་དག་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་དུ་འཛུལ་སླད་དུ་བཀོལ་བར་མི་འགྲིག་པའི༷་གསལ་བཤད་བྱས་འདུག
དོན་དག་གསུམ་བཤད་འདུག
༡༽ ཨ་རིས་བོད་ལ་རོགས་སྐྱོར་སྤྲད་པ་དེ་རྒྱ་ནག་གུང་ཁྲན་གྱི་ཁ་གཏད་ཅིག་ཏུ་གསོ་སྐྱོང་གི་ཆེད་དུ་ཡིན་པ།
༢༽ དེ་འདྲ་བའི་དངུལ་དེར་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་དུ་མཛུལ་སླད་དུབཀོལ་ན་རྒྱ་ནག་ཁ་བཏད་བཅོག་ཐུབ་མཁན་ཡུར་གུར་སོགས་ལ་སྤྲོད་སྲིད་པ།
༣༽ བོད་ནང་དུ་སྐྱ་སེར་བདུན་ཅུ་ལྷག་གིས་རང་སྲོག་མེ་རུ་སྦར་བ་དེའི་རྒྱབ་ལྗོངས་སྦས་སྐུང་བྱས་པ།
བཅས་རེད།
དེ་ཐམས་ཅད་ཀྱི་འགག་རྩ་དེ་ནི་རང་བཙན་མ་རྩོད་པ་དེ་ལ་ཐུག་འདུག་
མི་འདིས་ཅི་ཞིག་བཤད་ཀྱི་ཡོད་་པ་རེད། འདི་ནི་ཨ་རིའི་གནད་ཡོད་མི་སྣ་ཞིག་གི་སྐད་ཆ་འདྲ་པོ་ཁྱོན་ནས་མི་འདུག སྐབས་འཚོལ་བའི་ཡིག་འཁྱམ་འདྲ་པོ་ཞིག་འདུག
ད་ཟམ་གདོང་དང་ཟླ་ཚེ་ཤར་ཁུག་ཁྱེད་ཅག་གིས་གཞོན་ལྷན་སོགས་རང་བཙན་རྩོད་མཁན་དག་ལ་བཀའ་འགལ་དང་དམ་ལོག་རེད་ཟེར་ནས་བསྡོད་ཅིག
ང་ཕོད་འཇིགས་མེད་སྐོར་གྱི་གནས་ཚུལ་ལ་འདྲི་བརྩད་ཀྱི་ཡི་གེ་དང་དེའི་ཡིག་ལན།
༄།། བརྩེ་བའི་སྲིད་སྐྱོང་མཆོག་ལ།
ཁྱེད་རང་དང་། དེ་བཞིན་བོད་ཀྱི་འགོ་འཁྲིད་གཞན་པ་བློ་བཟང་སྙན་གྲགས་དང་། རྒྱ་རི་བློ་གྲོས། ཟམ་གདོང་རིན་པོ་ཆེ་ལ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས། ཨ་རིའི་གྲོས་ཚོགས་ནང་ལ་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོང་བར་གནོད་འཚེ་བཟོ་བ་དེར་ཁོང་ཁྲོ་ཚབས་ཆེན་འདོན་ཆེད་ཡི་གེ་འདི་ཕུལ་བ་ཡིན། ་་་་་་་་་་་་་་་་་་་་་་་་་་
ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ།
ཌ་ན་རོ་རར་སྦ་ཆར། (Dana Rohrabacher)
ཆབ་སྲིད་ནང་ལ་རང་དོན་མེད་པར་གཞན་ཕན་ག་ལ་ཡོད།
སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་བྱོས་ཞེས་པ་འདི་ལྟ་བུ་ལ་བརྗོད་རྒྱུ་ཡོད་པ་རེད། ཨ་རི་སྲིད་འཛིན་སོ་བདུན་པ་Richard Nixon ཡིས་རྒྱ་ནག་གཞུང་ལ་གནའ་འབྲེལ་བཞག་པ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་སུ་ཞིག་གིས་ཀྱང་ང་ཚོར་རྒྱབ་སྐྱོར་བྱས་མེད། རང་བཙན་དང་རང་སྐྱོང་གང་ལ་ཡང་་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཡོད་པའི་གཏམ་གསོན་པོ་ཞིག་ཀྱང་བཤད་མྱོང་མེད། ཨ་སྒོར་ཡུ་གུར་བ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སུ་ལ་སྤྲད་ཀྱང་འགལ་བ་མི་འདུག །གང་ལྟར་སུས་གུང་ཁྲན་རིང་ལུགས་གཏོར་ཐུབ་ན་གཅིག་གྱུར་གྱི་འདོད་པ་ནི་དེ་ཁོ་ན་རེད། རྒྱ་ནག་གི་བཙན་འཛུལ་ལ་བོད་མི་བདུན་བཅུ་དོན་བརྒྱད་ཀྱིས་རང་ལུས་མེར་སྲེག་གིས་ཞི་རྒོལ་བྱས་ཀྱང་ནུབ་ཕྱོགས་འགོ་ཁྲིད་ཚོ་དལ་བཅགས་སེ་ཁུ་སུམ་མེར་འདུག་པ་འདིས་གསལ་བསྟན་བྱས་ཡོད། བོད་རེ་བས་འཆི་ཟེར་བ་འདི་མ་བྱས་ན་ལེགས། དེ་བས་རང་བཙན་རྩོད་ལེན་པ་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རང་བཙན་ལ་ནུས་པ་ཐོན་པ་ཞིག་བྱེད་པར་མཛོད། རང་སྐྱོང་འདོད་པ་དག་གིས་ཀྱང་དེ་བཞིན་དུ་མཛོད། མཛད་རྗེས་དང་ནུས་བ་ཐབས་ལམ་གང་ཡང་སྟོན་རྒྱུ་མེད་པར་བསྐུར་འདེབས་བྱེད་པ་དེའི་རིགས་མེད་ན་བཟང་། བསམ་བློའི་ཁ་ཕྱོགས་མ་མཐུན་པར་ཐབས་ལམ་མ་འདྲ་བ་ཡོང་ངེས་ལ་ཡོད་དགོས་པ་ཞིག་ཀྱང་རེད། འདི་འདྲའི་གནས་སྐབས་བོད་པའི་ངག་རྒྱུན་ལ” མང་ཁ་ཉུང་ལེན”ཞེས་དེང་རབས་ཀྱི་མ་རྩ་རིང་ལུགས་ཀྱི་རང་བཞིན་ལྡན་བའི་དམངས་གཙོའི་བསྒྲིགས་གཞི་དེ་མེད་རུང་། བསམ་ཚུལ་གྲོས་བསྡུར་བྱས་ཏེ་གནད་དོན་ཐག་གཅོད་ཀྱི་གོམས་གཤིས་སྔ་མོ་ནས་རྐང་ཚུགས་ཡོད་པས་སྔ་མེད་གསར་ཐོན་གྱི་ལྟ་བ་སྡོམ་པོ་ཞིག་མ་རེད། སྒང་བ་བོད་པ་ཚང་ད་ངོ་མ་བསམ་ཐག་གཅོད་རན་ལ་སླེབས་འདུག །།
ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་ཌ་ན་རོ་རར་སྦ་ཆར། Dana Rohrabacher ལགས་ཀྱིས་འོག་གི་གནད་དོན་འདི་ཐེངས་གཉིས་སམ་ནན་གྱིས་གསུངས་དོན་གྱི་རྒྱབ་ལྗོངས་ཅི་ཞིག་རེད། ད་དུང་ངོ་ཐོག་གི་དོན་རྐྱེན་ཤེས་མཁན་ཡོད་ན་ཀུན་ལ་གསལ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་རེད།
(ཁྱེད་དང་ཁྱེད་ཀྱི་ཤོག་ཁག་ཚོས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་རླུང་འཕྲིན་ཞབས་ཞུ་སྡེ་ཚན་དང་། དེར་རྒྱབ་སྐྱོར་དང་དཀའ་ལས་རྒྱག་མཁན་གྱི་ཨ་རིའི་བོད་མི་ལས་བྱེད་པ་རྣམས་ལ་དམའ་འབེབས་དང་གནོད་ཚབ་ཆེ་བའི་བྱ་སྤྱོད་སྤེལ་བ་དེ་ངེས་པར་དུ་འཕྲལ་མར་མཚམས་འཇོག་བྱ་དགོས།)
(དེ་མཚུངས་ངས་ཁྱེད་རང་དང་ཁྱེད་ཀྱི་ཤོག་ཁག་ཚོས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱིས་བོད་མི་དམངས་ལ་གུ་ཡངས་བའི་བགྲོ་གླེང་དང་རང་དབང་གི་གནས་ཚུལ་སྤྲོད་ལེན་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པ་འདིར་ལྐོག་གཡོ་ངན་ཇུས་སྤེལ་ན་དེར་བཟོད་སྒོམ་བྱེད་ཀྱི་མིན།)
སྤྱང་ཤོག་དང་འབྲོག་ཕྲུག་lhamotsering་ལ་སོགས་པའི་གཞན་གྱིས་ཅི་ཟེར་ལ་རི་བོང་ཅལ་འགྲོག་བྱེད་མི་བླ་འདར་གསུམ་གྱི་སྙན་ལམ་དུ་ སྐུ་ཅི་ཡིག་ཁྱམས་དེ་འདྲ་གཞིག་ལ་ཡིད་ཆེད་དེ་མ་གནང་རོགས་།།་ང་ནི་ཁྱེད་གསུམ་མགྱོགས་པོ་བླ་འཆད་དེ་་་བླ་འགུག་ཚེ་འགུག་བྱེད་རྒྱུ་འཁལ་གྱི་རེད་བསམ་ནས་སེམས་འཁྲལ་ཞེ་པོ་གཅིག་ལང་གི་འདུག།།།།ཧ་ཧ་ཧ་ཧི་ཧི་ཧི་
ངས་བསམ་ན་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་ཡིན་ཟེར་བའི་Dana Rohrabacherའདི་ཡག་ག་གཞིག་གཏན་ནས་རེད་མི་འདུག་་ཅིག་བྱས་ན་ཁོ་པས་ཨ་རིའི་གསང་བ་ཆེན་པོ་གཞིག་ཕྱི་གྱར་བྱས་པར་ངོས་འཛིན་བྱས་ཆོག་པ་འདུག་སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་བྱོས་ཞེས་པ་ཅི་ནས་ཀྱང་བདེན་པ་རེད།།།
མི་གཅིག་ལས་གནས་ནས་འབུད་པར་གྲོས་ཚོགས་ལ་ཞུས། གྲོས་ཚོགས་ཀྱིས་གནས་ཚུལ་ངོ་མ་མ་ཤེས་པར་བསྒྲགས་གཏམ་སྤེལ་ནས། བོད་གཞུང་གིས་སྨྲ་བརྗོད་རང་དབང་སྤྲད་ཀྱི་མེད་པའི་ཞྭ་གཡོག གནས་ཚུལ་དེ་བོད་གཞུང་དང་བོད་མི་དམངས་ལ་གནོད་པ་དང།྿རྒྱ་གཞུང་ལ་དགོས་པ་དེ་ཆགས་སོང།
དེ་ཀརྨ་རྒྱ་མཚོ་དང་ཇམ་དབྱངས་ནོར་བུའི་དམིགས་ཡུལ་འགྲུབ་པ་རེད། རྐྱེན་རྩ་བཟོ་མཁན་འཇིགས་མེད་ངག་ཕོད་འབུད་ཚར་བ་དང། དེའི་ཐོག་ལ་འོག་ཁྲིད་རྒྱ་མོ་དང། ཀརྨ་རྒྱ་མཚོ། སྐལ་ལྡན་བློ་གྲོས་སོགས་ལས་ཀ་ན་འབུད་ནས་ཨེ་རླུང་ཁང་དེ་གཙང་མ་བཟོ་དགོས། ད་རུང་ཨེ་རླུང་ཁང་གི་ལས་བྱེད་པ་འགོ་ཁྲིད་སུས་གྲོས་ཚོགས་ལ་ཡིག་གེ་སྤྲད་ནས་གནས་ཚུལ་ལོག་པ་བཤད་མཁན་དང། ཡི་གེ་བྲིས་མཁན་སོགས་རྩད་བཅད་ནས་དེ་ཚོའི་དམིགས་ཡུལ་ག་རེའི་ཐོག་ནས་བྱས་པ་ཡིན་མིན་ཁྱོ་ཚོའི་མིང་དང་བྱས་ཉེས་ཐེར་བཏོན་བྱ་རྒྱུ་ཡིན། རྒྱ་ནག་དུ་ཡོད་པའི་ཚེ་རིང་འོད་ཟེར་ནས་གནས་ཚུལ་མགོ་མ་ཚོད་པར་འཇིགས་མེད་ཀྱི་རྒྱབ་རྩ་ལངས་ཏེ་ཡི་གེ་གང་དུ་བཀྲམས་པ་དེ་ཡིས་སྐྱོན་ཆེན་པོ་ཆགས་སོང་པ་རེད། གནས་ཚུལ་གསལ་དུ་མ་ཕྱིན་བར་དུ་ཨེ་རླུང་ཁང་ནས་འོད་ཟེར་དང་ཁོང་གི་ཁྱོ་ཀའི་ལས་ཚན་བཏང་བཞིན་པ་གནས་སྐབས་མཚམས་འཇོག་བྱེད་དགོས།
ཨེ་རླུང་གི་ལས་བྱེད་པ་ཚོས་མི་གཅིག་གི་དོན་དུ་བོད་གཞུང་དང།་བོད་གཞུང་ལ་ཨ་རིའི་རོགས་རམ་ལ་གནོད་འཚེ་བཟོས་སོང་བ་རེད།་་ཨེ་རླུང་གི་ལས་བྱེད་པ་ཕན་མེད་དེ་ཚོ་མཉམ་དུ་གཙང་མ་བཟོ་དགོས།་
ཨ་རི་ལ་དགོས་བ་ནི་བོད་བཙན་མིན་ལ་རྒྱ་བོད་གྲོས་མོལ་ཡོང་བ་དེ་ལས་ཀྱང་མིན་པ་ནི་མངོན་གསལ་རེད། དྲ་མོ་བསམ་ན་གལ་སྲིད་རྒྱ་བོད་གྲོས་མོལ་བྱུང་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་ལོག་པའི་ཉིན་མོ་རྒྱ་གར་དང་ཨ་རི་སོགས་ནས་གོང་ས་མཆོག་ས་མཚམས་ལ་མ་སླེབས་སྔོན་ག་རེ་གནང་ཡོང་མི་ཤིས་བ་དེ་རེད།
གནད་དོན་འདི་ང་ཕོད་འཇིགས་མེད་ལགས་ཨེ་རླུང་ཁང་གི་འགོ་གཙོ་ནས་གནས་དབྱུངས་བཏང་བ་ལས་བྱུང་བ་ཞིག་རེད་འདུག། ཉེ་འཆར་དྲ་སྟེང་འདིར་ཁུངས་ལུང་གསལ་པོ་རང་མེད་པའི་དེའི་སྐོར་རྩོམ་ཡིག་ཞིག་སྤེལ་སོང་ལ་དྲ་མཆན་པ་ཚོས་ཀྱང་ཤོག་ཁག་གསུམ་དུ་དགྱེས་ནས་མཆན་བརྒྱ་ཕྲག་རྒལ་བ་བཏབས་སོང་། ད་ཆ་ག་ལེར་ག་ལེར་གསལ་དུ་གསལ་དུ་འགྲོ་ཡི་འདུག་ལ་བར་ལམ་ཨེ་རླུང་ཁང་གི་གཏམ་གླེང་དང་གྲོ་གླེང་ཐོག་ཆབ་སྲིད་དཔྱད་བརྗོད་པའི་མི་སྣ་གདན་འབོད་ཐད་ཀྱང་དེ་སྔོན་དང་མི་འདྲ་བའི་ཕྱོགས་འགལ་ལྟ་གྲུབ་པའི་མི་སྣ་གདན་འབོད་མི་བྱེད་པའི་རྒྱུ་མཚན་ལ་གཞིག་ན། ནང་ཁུལ་ནས་གནོན་ཤུགས་ཡོད་པ་འདྲ་ཞིག་འདུག་ལ་སྐལ་ལྡན་བློ་གྲོས་ཀྱི་བྱ་སྤྱོད་དང་འཇིགས་མེད་ལགས་གནས་དབྱུངས་གཏོང་སྟངས་ལ་གཞིག་ན་འདིའི་ནང་བཤད་མི་ཤེས་པའི་གསང་བ་ཞིག་ཡོད་པ་འདྲ། བྱས་ཙང་Dana Rohrabacher ལགས་ཀྱིས་ཡི་གེ་འདི་ཡང་འདི་དང་འབྲེལ་བ་ཡོད་པ་གསལ་གསལ་ཐིང་ཐིང་རེད་འདུག། མ་གཞི་ཨ་རི་གཞུང་གི་འགྲོ་གྲོན་བཏང་ནས་ཨེ་རླུང་ཁང་དེ་བཙུགས་པའི་དམིགས་ཡུལ་གསལ་ཐག་གཅོད་གསུངས་འདུག། འོན་ཀྱང་བསམ་བློ་གུ་དོག་པའི་ཤོག་ཁག་དང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་སྙིང་བྲང་གསུམ་གྱིས་མགོ་གཏད་རིང་ལུགས་པ་ཚོས་ག་དུས་ཡིན་ཡང་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱས་ཏེས། སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་ལ་གནོད་རབས་དང་བར་གྱི་བཙན་ལ་གནོད་རབས་ཀྱིས་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་ཡང་གླེང་རྒྱུར་ཞེད་སྣང་དང་དོགས་པ་སྐྱེ་དགོས་པ་བཟོས་ཡོད་པ་རེད། དེས་ན་ཨ་རི་གཞུང་ལ་རེ་འབོད་ཞིག་ཞུ་རྒྱུར་ཨེེ་རླུང་དེ་བོད་དང་བོད་མི་རིགས་ཀྱི་རྩ་དོན་ཆེད་བཙུགས་ཡོད་ན་འདྲ་མཉམ་གྱི་ཐོབ་ཐང་འོག་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་གྱིས་སྨྲ་བརྗོད་རང་དབང་གཙང་མ་གླེང་སའི་གླེང་སྟེགས་ཞིག་བསྐྲུན་རོགས་གནང་།
རླུང་བསྔགས་ནས་བཤད་པར་བདེན་པ་གཅིག་འདུག ཨེ་རླུང་གི་ལས་བྱེད་པ་དེ་ཚོས་བོད་ནང་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེ་ལ་འབུལ་མཁན་དཔའ་བོ་དེ་ཚོའི་སྐོར་གསར་འགྱུར་ནང་རྒྱང་བསྒྲགས་ཡག་པོ་མ་བྱས་པའི་ཁར། དཔའ་བོ་དེ་ཚོའི་སྐོར་ཙམ་གྲོས་ཚོགས་ལ་ཞུས་མྱོང་མེད། ཡིན་ནའང་སྔོན་མ་གྲོས་ཚོགས་ཀྱིས་ཨེ་རླུང་ཁང་གི་དངུལ་རྩིས་ཉུང་དུ་བཏང་རྒྱུའི་སྐོར་ཐོན་པའི་སྐབས་སོ་སོའི་སྒེར་གྱི་དོན་ལ་ཐུག་དུས་གྲོས་ཚོགས་ལ་ཡར་རྒྱུགས་མར་རྒྱུགས་བྱས་་པ་དང་བོད་གཞུང་དང་སྤྱི་འཐུས། བོད་མིའི་ཚོགས་སྡེ་ཁགལ་རེ་བ་བྱས་པ་ལྟར་རོགས་རམ་བྱས་ཡོད་པ་རེད། ད་རེས་བསྐྱར་ནས་ངག་ཕོག་འཇིགས་མེད་ཀྱི་སྐོར་གྲོས་ཚོགས་ལ་ཞུས་པ་དེ་ནི་སླར་ཡང་ཁོང་ཚོ་སྒེར་གྱི་ཁེ་ཕན་ལ་ཐུག་པ་གསལ་པོ་ཡིན་བྱས་པ་དེས་སྒེར་ལ་ཁེ་ཕན་ཐོག་ཀྱི་ཡོད་ནའང་༧གོང་ས་མཆོག་གི་དབུ་ཁྲིད་པའི་བོད་གཞུང་ལ་ནག་ཉེས་བཟོས་པ་མ་ཚད། རྒྱ་གཞུང་ལ་དགོས་པ་དེ་བྱུང་ཡོད། ད་དུང་ཁྱོད་ཚོས་སྨྲ་བརྗོད་རང་དབང་སྤྲོད་མེད་པ་དང། གནས་ཚུལ་དེའི་རྒྱབ་ལ་བོད་གཞུང་ཡོད་པ་རེད་ཟེར་བའི་འཛུལ་གཏམ་མང་པོ་བཀྲམས་ན་ང་ཚོ་གསར་འགྱུར་ཉན་པ་པོ་ཞིག་གིས་ཀྱང་གྲོས་ཚོགས་ལ་ཁྱེད་ཚོས་ལེ་རིམ་ཀྱི་སྐྱོན་ཆ་དང། ལས་བྱེད་པའི་སྤུས་ཚད། ཁག་ཅིག་གིས་ལས་རིམ་ནང་སོ་སོའི་ལྟ་བ་ཁོ་ན་བཤད་་མཁན་སོགས་སྐྱོན་ཆ་རྣམས་སྙན་གསེང་ཞུ་རྒྱུའི་ཐོབ་ཐང་ཡོད་ཀྱི་རེད།་ཨེ་རླུང་ཁང་གི་ལས་ཀའི་ཐོག་ལ་ཐུད་ཤོར་དང་སྐྱོན་ཆ། སྤྱི་ཚོགས་ཐོག་ལ་བསམ་ཚུལ་མང་པོ་ཡོད་པ་སེམས་ལ་བཞག་ནས་ལས་འབྲས་དཔངས་བཞག་གིས་སོ་སོའི་ལས་ཀ་ཡག་པོ་བྱོས། རང་གཞན་གཉིས་ཕན་ཡོང་གི་རེད། དེ་མིན་ན་རྙོགས་ཁྲ་ཆེ་རུ་ཕྱིན་ན་བོད་སྤྱི་པའི་ལས་དོན་ལ་གནོད་རྒྱུ་མ་ཚད། ཨེ་རླུང་ཁང་ལ་སྤྱི་ཚོགས་ནང་མཐོང་ཚུལ་ཡོད་པ་དེ་བདེན་པ་ཆགས་ཀྱི་རེད།
ཟླ་འདིའི་ཚེས་༢༡ ཉིན་དེའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ནང་ཁུལ་གནད་དོན་སྐོར་ལ་བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད།
བོད་མིའི་སྒྲིག་འཛུགས་ནང་རོགས་དངུལ་བེད་ལོག་བྱས་རིགས་གཏན་ནས་མེད་པར་ཕྱི་གསལ་ནང་གསལ་ཡིན་པར་ང་ཚོར་གདེང་སྤོབས་ཆེན་པོ་ཡོད། སྤྱི་ཚོགས་བདེ་དོན་དང་འཛུགས་སྐྲུན་ཆེད་གནང་སོན་བྱུང་བའི་རོགས་དངུལ་ཨ་སྒོར་རེ་རེ་བཞིན་རྩིས་ཞིབ་འཕེར་བ་ཡོད་པ་མ་ཟད། རོགས་ཚོགས་སོ་སོར་རྩིས་ཁྲ་འབུལ་དགོས་ལྟར་རོགས་དངུལ་བེད་སྤྱོད་ཇི་བཏང་གི་རྩིས་ཁྲ་ཆ་ཚང་དང་ཁ་གསལ་འབུལ་བཞིན་ཡོད།
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་རེད། ཕྲན་ནས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་གལ་ཆེའི་ལས་དོན་འདིའི་ཐོག་དངུལ་དངོས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞེས་འཁོད་ཡོད་པ་རེད།
ཆབ་སྲིད་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་ཏོག་ཙམ་ཡོད་ན་ཨ་རིའི་དམིགས་འབེན་གསལ་པོ་ཤེས་ངེས། རྒྱ་ནག་དེ་རྡུལ་ཕྲན་གྱི་གོ་འཚོན་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་ནས་འཛམ་གླིང་གཙོ་འཛིན་ཨ་རིའི་ཁ་གཏད་དུ་ལངས་ཀྱི་ཡོད་པ་རེད། ཨ་རིས་རྒྱ་ནག་དང་ཚོང་འབྲེལ་གྱི་འཆམ་ལྡོག་བྱས་པ་མ་གཏོག་དོན་དངོས་མིག་གི་ཐལ་རྡུལ་ཡིན་པ་རེད། མིག་གི་ཐལ་རྡུལ་དེས་ཨ་རི་གཉིད་སྐྱིད་དུ་འཇུག་གི་མེད་པ་རེད་ལ་ཐབས་ལམ་སྣ་མང་གིས་འདོན་ཐབས་བྱེད་ཀྱི་ཡོད་པ་རེད། དཔེར་ན་སྔ་མོ་ར་ཤི་ཡཱ་ཨ་རིའི་ཁ་གཏད་དུ་ལངས་དུས་ཨ་རིས་ཐབས་ཤེས་ཡོད་དགུ་བཏོན་ནས་བྷིན་ལ་ཏན་གྲོགས་པོར་བརྟེན་ནས་ཏ་ལི་བྷཱན་ཤོག་ཁག་བེད་སྤྱོད་བྱས་པ་རེད། བྱས་ཙང་སྲིད་དོན་ཚན་པའི་བྱ་བྱེད་དེ་རང་རེད། གང་ལྟར་ཏང་གི་དམར་ཤོག་སྲིད་གཞུང་དེ་མགོ་རྟིང་མ་ལོག་ན་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་མི་སྲིད་ལ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྐྱབས་རེ་ཞུས་མ་ཞུས་མེད་པ་རེད། བོད་རེ་བས་ཕོངས་ཟེར་བ་དེ་འདི་རང་རེད། དེས་ན་ཏང་གི་དམར་ཤོག་སྲིད་གཞུང་མགོ་རྟིང་བསློག་རྒྱུར་ཐབས་ཤེས་སྣ་མང་ལ་བརྟེན་དགོས་པར་འདོད།
ཨ་རི་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་ཡོངས་རྫོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་བ་མགཏོགས། རྒྱ་འོག་རང་ལྗོངས་ལ་མོས་མཐུན་མེད་སྐོར་སྔོན་མ་ནས་གོ་བྱུང་ད་ཕལ་ཆེར་བདེན་བཟོ་འདུག །བོད་པ་འདི་ཚོ་སྙིང་རྗེ། ད་དགྲ་དངོས་གནས་ནང་ན་ཡོད་དང་སྤྱི་ན་ཡོད་ཧ་གོ་ས་མ་རེད་ཀོ
ཨེ་རླུང་ཁང་གིས་ཀརྨ་རྒྱ་མཚོའི་ལེ་ཚན་ནང་འཇམ་དབྱངས་ནོར་བུ་དཔྱད་གླེང་པ་མེད་པ་བཟོས་པ་དེ་སྨྲ་བརྗོད་རང་དབང་མེད་པ་ཟེར་ན་ཐལ་ཆ་ཆེ་དྲག་པ་རེད། འཇམ་དབྱངས་ནོར་བུ་དང་ཀརྨ་རྒྱ་མཚོ་གཉིས་ཀྱིས་ལེ་ཚན་ནང་རང་བཙན་གྱི་ལྟ་བ་ཤུགས་ཆེན་པོ་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་མེད་པའི་འཁྱོག་བཤད་ཁོ་ན་དང། རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱ་རྒྱུར་བྱ་ར་བྱས་ན་བསྡད་མཁན་ཞིག་རེད། རྒྱལ་བ་རིན་པ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་་ལ་སྐྱོན་འཛུགས་བྱེད་རྒྱུ་བྱུང་ན་ཁོང་གཉིས་ལམ་ལངས་ཚར་བ་རེད། ད་ལྟའི་དུས་སྐབས་དེར་བོད་ནང་ཛ་དྲག་གི་སྐབས་རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ཁ་གཏད་མ་རེད། བོད་ཡུལ་བཙན་འཕྲོག་བྱས་ཏེ་བཙན་བྱོལ་དུ་གྱར་དགོས་པ་དང། རང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་བསད་མཁན་རྒྱ་མི་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་རྒྱ་མིས་ལངས་ལངས་པ་དང།གཞི་མེད་སྐྱོན་བཙུགས་བྱེད་བྱེད་པ་རེད། ཁྱེད་རང་གཉིས་ཀྱི་རྒྱ་མའི་རྒྱབ་རྩར་ལངས་དགོས་དོན་ཨེ་དོན་ནམ། སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབས་དང་མཚན་ཤས་བཟོས་ན་ཁྱེད་རང་རྒྱ་མི་ལས་སྡུག་གི་རེད།
འདི་ནི་གནད་ཆེ་བའི་ལས་ཀ་ཡིན་པས། དྲ་གྲོགས་ཁོག་ནས་ཅི་དྲན་ཁ་ནས་མ་བཤད་པར་བསམ་བློ་ཡག་པོ་གཏོང་དགོས།
དྲ་གྲོགས་ཚོས
ང་ཕོད་བུའི་དོན་རྐྱེན་དེ་ཐོག་མར་དོན་རྐྱེན་ཆུང་ཆུང་ཞིག་རེད། ཨ་རི་ལ་ལས་ཀ་ཤོར་ཟེར་བ་ད་ལྟའི་དུས་འདིར་རྒྱུན་ལྡན་རེད། དོན་རྐྱེན་ཆུང་ཆུང་དེ་ལྗང་མྱུག་བཞིན་མགོ་འབུས་ནས་ལོ་མ་རྒྱས་དོན་ནི་ལས་ཀ་ཤོར་སྟངས་ཐད་ས་བསྒྲགས་གནམ་བསྒྲགས་བྱས་པའི་དབང་གིས་རེད། ང་ཕོད་བུ་ཁོ་རང་གི་ངོས་ནས་བཤད་ན། ལས་ཀ་ཤོར་སྟངས་དེ་ལ་བསམ་མནོ་དྲུག་གསུམ་བཅོ་བརྒྱད་བཏང་ཡོད་ངེས་རེད། ཡིན་ནའང་ལོ་ནི་དྲུག་ཅུའི་རྩེར་སོན། མི་རྒས་རྫི་དིབ་བཞིན་པའི་སྐབས་དེར་ལས་ཁུངས་ནས་སྤྲང་རྒན་ཞིག་ཕྱི་ལ་འབུད་པ་ལྟར་འབུད་སྟངས་དེ་ཅི་ཙམ་བལྡད་ཀྱང་ཁོག་གིས་འཇུ་ཁག་པོ་རེད། ཡིན་ནའང་སྟབས་ལེགས་པ་ཞིག་ལ་ཁོ་རང་མགོ་ཁྲིད་བྱེད་བཞིན་པའི་སྐབས་སུ་ལས་ཁུངས་ནང་དུ་གཉེན་ཉེ་གྲོགས་པོའི་འཁོར་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད། ཡ་ད། དུང་ཕྲུག་འོ་མས་གསོས་པ་དེ། དགྲ་ཆུ་སྲིན་བྱུང་དུས་མ་ཕན་ན། གསོས་ཀྱང་སྟོང་པ་རེད་ཟེར་བའི་དཔེ་ལྟར་འཁང་ར་དང་མི་འདོད་པའི་སྐད་ཆ་དེ་དག་དབུགས་ནས་དབུགས་སུ་བརྒྱུད། གཉེན་རྣམས་ཀྱིས་ཚོར། གྲོགས་རྣམས་ཀྱིས་གོ། རིམ་པས་ང་ཕོད་བུ་དཀར་འདོན་གྱི་ལས་འགུལ་ཞིག་སྤེལ་སོང་། ཚེ་རིང་འོད་གསལ་ལགས་ཀྱིས་ང་ཕོད་བུའི་སྐོར་ལ་རྩོམ་ཡིག་ཞིག་སྤེལ་སོང་། སྐབས་དེ་དུས་ངས་ཁ་བརྡའི་མཆན་ནང་དུ་ཁོང་གིས་སྡོམ་ཚིག་འགོད་རྒྱུ་སྔ་དྲག་སོང་ཅེས་བྲི་རྒྱུ་བྱུང་། དེ་རིང་རོ་ར་སྦ་ཆར་གྱིས་སྲིད་སྐྱོང་ལ་སྐྱོན་བརྗོད་ཀྱི་ཡི་གེ་འདྲ་བ་དེ་བཏང་བས་གཅིག་བྱས་ནས་ཚེ་རིང་འོད་གསལ་ལགས་ལ་འགྱོད་པ་ཟིལ་བ་ཙམ་ཡང་ཡོད་སྲིད་པ་རེད། གང་ལགས་ཟེར་ན་ཆེ་རིང་འོད་གསལ་ཁོང་གི་སྐད་ཆ་ལ་ལྗིད་ཁོག་ཡོད་པ་དང་། ལྗིད་ཁོག་དེ་ཡང་མོ་རང་རང་གིས་བརྩོན་པས་བསྒྲུབས་པ་ཡིན་པས་དོན་དེར་ངས་གུས་བསྐུར་དང་བརྩི་མཐོང་ཡོད། དེ་ལྟར་ཆེ་རིང་འོད་གསལ་གྱིས་ང་ཕོད་དཀར་འདོན་སྐོར་ལ་རྩོམ་སྤེལ། དེ་རི་མཐོ་ས་གཙང་སོགས་ལ་དབྱིན་ཡིག་ཐོག་བཀོད། བོད་དོན་རྒྱབ་སྐྱོར་བ་ཀྲུའུ་རུད་ཀྱིས་དོན་དེར་རྒྱབ་སྐྱོར་གྱི་རྩོམ་སྤེལ། ཨེ་རླུང་ཚང་ནང་གི་ང་ཕོད་གཉེན་ཉེ་གྲོགས་སོགས་ཀྱིས་ཁ་པར་ཕར་གཏོང་ཚུར་གཏོང་མང་པོ་ཞིག་བྱས་པར་བརྟེན་རིམ་པས་རོ་ར་སྦ་ཆར་ཁྲོས་པའི་འབྲུག་སྐད་འདི་གྲགས་ཡོང་བར་འདོད། དོན་ངོ་མར་བོད་གཞུང་དང་ང་ཕོད་ཕྱིར་འབུད་ཐད་འབྲེལ་བ་ཡོད་ན་དེ་ཡང་ང་ཕོད་ཀྱི་ལས་སྤུས་དང་ལོ་ཚད་ལས་ཡུན་སོགས་དང་འབྲེལ་བ་ཡོད་སྲིད་པ་ལས། ལམ་གཉིས་ཀྱི་དགོངས་པ་མཐུན་མི་མཐུན་དང་འབྲེལ་བ་ཡོ་རེད་བསམ་གྱི་མི་འདུག གང་ལགས་ཟེར་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་གཞོན་ནུདང་སློབ་ཕྲུག་ཚོགས་པ་སོགས་ཡོད་པ་དང་དེ་དག་གི་བྱེད་སྒོ་ལ་བོད་གཞུང་ནས་འགོག་རྐྱེན་གང་ཡང་བཟོ་ཡི་མེད་པ་གསལ་པོ་རེད། ལྷགས་པར་དུ་མང་གཙོ་དང་ཁྲིམས་ལུགས་ཀྱི་ཤེས་བྱ་ཟབ་པའི་ད་ལྟའི་སྲིད་སྐྱོང་འདིས་དེ་བས་བྱེད་པ་མི་འདུག ཞོར་འཕྲོས་ཞིག་གླེང་ན། ང་ཕོད་བུའི་ལས་ཀ་ལ་གདེངས་འཇོག་རྣལ་མ་ཞིག་བྱེད་ཐུབ་མཁན་ནི་བོད་ཡིག་ཤེས་མཁན་གྱི་ཤེས་ཡོན་ཅན་རྣམས་རེད། གང་ལགས་ཟེར་ན་ལས་ཁུངས་དེ་བོད་སྐད་དང་བོད་ཡིག་ཐོག་ནས་གཉེར་བཞིན་ཡོད་པ་རེད། ཁོང་མུ་མཐུད་ལས་ཀ་ལ་འཇོག་མིན་བོད་ཡིག་འབྲི་ཀློག་བྱེད་མཁན་ཁྲོད་འོས་བསྡུ་བྱས་ན་དེ་ལས་ལྷགས་པའི་མཇལ་བྱེད་མེད་པ་རེད། འོན་ཀྱང་དེ་དཀའ་མོ་རེད། རོ་ར་སྦ་ཆར་གྱི་སྐད་ཆའི་ནང་ཨ་རིའི་ཁེ་ཕན་དང་མཐུན་མིན་ཟེར་བ་ཞིག་འདུག སྤྱིར་ཨ་རི་མི་ཆེན་རེ་རེའི་ཁོག་ཏུ་ཁེ་ཕན་འཚོལ་སྟངས་མི་འདྲ་བ་རེ་ཡོད་པ་ང་ཚོས་ལོ་རྒྱུས་ལ་བལྟས་ན་ཤེས། རྒྱང་རིང་ས་ནས་ནས་བཤད་ན་བོད་ཀྱི་ཁེ་ཕན་དང་ཨ་རིའི་ཁེ་ཕན་འབྲེལ་ཡོད་པ་གསལ་པོ་རེད། འོན་ཀྱང་ཨ་རིའི་ཁེ་ཕན་དེ་བོད་ཀྱི་ཁེ་ཕན་ཆེན་པོ་དང་འབྲེལ་བའི་ངེས་པ་མེད་པ་རེད། གང་ལྟར་གོང་ས་མཆོག་དང་སྲིད་སྐྱོང་གཙོས་ང་ཚོ་བོད་པ་རྣམས་ཀྱིས་འགྲོ་གིན་འགྲོ་གིན་བལྟ་གིན་བལྟ་གིན་བོད་ཀྱི་ཁེ་ཕན་མི་ཤོར་བ་དང་དཔའ་བོ་དཔའ་མོ་དེ་ཚོའི་མངོན་འདོད་འགྲུབ་ཐུབ་པ་ཞིག་ལ་ཤུགས་རྒྱག་དགོས་པར་འདོད།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་རྙོག་དྲ་དེ་འོད་ཟེར་ཞེས་མང་པོས་མཐེ་བོང་བསྒྲེངས་སའི་བུད་མེད་དེ་དང་ཨེ་ཤི་ཡའི་དབུས་པ་ཁག་ཅིག་གི་ངན་བྱུས་ཀྱིས་ཆེན་པོ་བཟོས་པ་རེད། ང་ཕོད་འཇིགས་མེད་ཕྱིར་འབུང་གཏོང་དོན་གསང་བའི་དོན་རྐྱེན་ཡོད་ངེས་ལ།་གལ་ཏེ་མེད་ན་རྒྱལ་ས་ཝ་ཤི་ཀྲོན་ཀྱི་སྐུ་དྲག་ཚོས་སྣང་མེད་ཆེ་མདོག་བྱ་མི སྲིད།་བོད་མི་ཕལ་བ་ཚོས་གོ་ཐོས་ཚད་མར་བཟུང་ནས་ལ་བཤད་ལུང་བཤད་བྱེད་པ་འདི། བོད་མི་ང་ཚོ་ད་དུང་མུན་པའི་ཀློང་དུ་ཡོད་པའི་དཔེ་མཚོན་རེད།
ཨ་རི་རླུང་འཕྲིན་དང་ཨེ་ཤིས་ཡ་རང་དབང་རླུང་འཕྲིན་གཉིས་སྐུ་དྲག་ཚོ་ཁག་ཅིག་དང་ཁྱིམ་ཚང་འདྲེས་མ་ཁག་ཅིག་གིས་བཟུང་ཡོད་པ་ཤེས་བསལ་རེད། ཨེ་ཤི་ཡ་རླུང་འཕྲིན་ཁང་དུ་ཁམས་སྐད་སྡེ་ཚན་ལས་གཞན་མདོ་སྨད་དང་དབུས་གཉིས་ས་ཕྱོགས་གཅིག་དང་གཉེན འབྲེལ་ཁག་ཅིག་གིས་བཟུང་ཡོད།ཨ་རི་རླུང་འཕྲིན་ཁང་ནི་ངོ་ཤེས་དང་ཁྱིམས་འདྲིས་ཡོད་ན། བོད་ཡིག་བཤད་མི་འོས།་བོད་སྐད་ཡག་པོ་བཤད་མི་ཤེས་པ་ཚོ་ཡང་ལས་བྱེད་ལ་ལེན་པ་རེད་ཟེར།་
ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གཉིས་ནང་དུ་མི་བརྒྱ་མ་ཟིན་ཙམ་ཡོད་ཀྱང་།་གཞུང་གི་དངུལ་དང་ཐོབ་ཐང་ཆ་ཚང་བ་བཟའ་མྱི་རྣམས་ནི་སྐུ་དྲག་གི་མི་ཚང་ཡིན་གི མདུན་ལ་ཕུད་ནས་མི་ཡིས་མཐོང་བ་ཚོ་གླ་བ་རེད་ཅེས་ཁུངས་ལུང་དག་མོའི་ཡིག་ཆ་འགུ
མི་མང ཕལ་བས་མི་ཤེས་པ་མང་རྐྱེན།་ང་ཕོད་ཀྱི་བུ་རྒྱང་ཕུད་བཏང་བ་དེའི་རྒྱབ་ཀྱི་གནས ཚུལ བསམ བློ གཏོང དགོས
ང ཕོད ཀྱི བུ ལས ཀ ཤོར བ དང བོད གཞུང ལ ཁག བཀྲུ མཁན དང པོ དེ སུ ཡིན པ ཡོད།
༡༠༽ པདྨ་འཕྲིན་ལས་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༣ གི་ཆུ་ཚོད་ ༢༠ སྐར་མ་ ༢༨
ཁྲིམས་རྩོད་པ་རག་ཡོད་མེད་མི་ཤེས། འོན་ཀྱང་ཁྲིམས་གཏུག་བྱེད་རྒྱུ་ཡིན་པ་ཐག་གི་ཆོད་ཡོད་འདུག། ཤེས་ནོ་ཡིན་ན་ལས་ཁུང་ནང་གི་ལས་བྱེད་བོད་པ་ཞིག་ལ་དོགས་པ་བྱེད་གྱིན་ཡོད་པ་འདྲ། མི་འགྱིངས་པར་གནས་ཚུལ་གསལ་པོ་ཆག་གི་བསམས། ཡིན་ནའང་ད་རེས་ཚེ་རིང་འོད་གསལ་ལགས་ཀྱི་ང་ཕོད་འཇིག་མེད་གྱི་སྐོར་ལ་བྲིས་པའི་བསམས་ལ་ཐད་པ་མེད། རྒྱུ་མཚན་ནི་ང་ཕོད་གནས་དབྱུངས་དང་འགྲེལ་གནས་ཚུལ་གཞན་བཤད་མི་དགོས་པ་མང་པོ་ཞིག་བསླབས་འདུག། དེ་དག་ནི་ང་ཕོད་གྱི་ལས་ཀ་དང་འབྲེལ་བ་ཡོད་གྱི་མ་རེད་བསམས། དཔེར་ན་གོང་ས་མཆོག་དང་བཙན་བྱོལ་བསྐོར་མང་པོ་ཞིག་བསླབས་འདུག། འདི་དག་ནི་ས་གནས་རང་གི་འགྲོ་ལུགས་དང་འགྲོ་སྟངས་གསལ་པོ་མ་ཤེས་པ་རང་རེད་མ་གཏོགས་གཞན་གང་ཡང་མ་རེད།
༢༥༽ བསྟན་དར་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༣ གི་ཆུ་ཚོད་ ༢༡ སྐར་མ་ ༤༢
ངོ་ལུག་གིས་བཤད་པར་བདེན། ཚེ་རིང་འོད་ཟེར་ལགས་ཀྱིས་གནས་སྟངས་མགོ་མ་ཚོད་གོང་ལ་སྔ་ཐོན་རྒྱབ་དྲག་སོང། ལས་ཁུངས་ནང་གི་གནས་ཚུལ་ཚང་མ་ཚེ་རིང་འོད་ཟེར་ལགས་ཀྱི་ཤེས་པ་མ་རེད། ཨ་རིའི་ནང་ལ་ཁྲིམས་ཡོད་པ་རེད་ང་ཕོག་བུ་ལགས་ཀྱིས་ཁྲིམས་བཏུགས་བྱེད་རྒྱུ་ཐག་གཅོད་འདུག་དེ་ཐོབ་ཐང་རེད་ལ་འོས་པ་རེད། འོན་ཏང་ལས་བྱེད་པ་དང་ཕྱི་ལོག་གི་མི་ཚོད་གནས་ཚུལ་ཛ་མ་ཚོད་པར་འུར་ལངས་ན་ལེགས་པོ་མིན་པ་རེད། དགེ་ལས་གནོད་ཆེ་བ་ཡོད་ནི་རེད། གཙོ་བོ་ངག་ཕོད་བུ་ལགས་ཀྱིས་ཨེ་ཤི་ཡའི་འགོ་ཁྲིད་བྱས་པའི་རིང་ལ་འ༷གན་ཡོད་པའི་ལས་ཀ་ག་རེ་བྱས་ཡོད་མེད་ལྟ་དགོས་ནི་རེད། ད་ལྟ་ངག་ཕོད་བུ་ལགས་ཀྱི་ཚབ་ཏུ་སྟོབས་རྒྱལ་བཞག་པ་དེ་ངོ་མ་མ་རེད་ཟེར་ངོ་མ་འཚོལ་གྱི་ཡོད་པ་འདྲ། ངོ་མ་འཚོལ་གྱི་ཡོད་ན་བོད་ནང་གི་བོད་མི་དེ་ཚོར་སེམས་ལ་འཁོར་མཁན་ཞིག་དང་ཨ་རི་གཞུང་གི་དངུལ་ཆུ་བཟོད་དུ་མ་བཏང་མཁན་་་གྱི་ལས་ཀ་འགན་འཁུར་མཁན་ཞིག་དང་གསར་འགྱུར་གྱི་ལས་རིམ་ཡར་རྒྱས་གཏོང་ཐུབ་མཁན་གྱི་འཇོན་ཐང་ཅན་ཞིག་་འཚོལ་རོགས་དེ་ནི་ང་ཚོའི་རེ་བ་དེ་ཁོ་ན་དང་ད་ལྟའི་བོད་ནང་དུ་ཛ་དྲག་ཆེ་བའི་སྐབས་དགོས་ངེས་ཤིག་ཀྱང་ཡིན། འགན་འཁུར་ཐུབ་པའི་མི་དེ་འདྲ་ཞིག་བྱུང་ན་བོད་ཨ་སུ་སླེབས་ཀྱང་ཁྱད་པར་སྤུ་ཙམ་མེད་ཞུ་ནེ་ཡིན།
འོ་ཡ་ད་རྙོག་ཁྲ་བཟོས་འདུག ཨ་རི་འུ་ཐུག་དགོས་བཟོས་ཤག སྒོར་མོ་མང་པོ་བཀག་ས་རེད། སྐལ་ལྡན་བློ་གྲོས་ད་འགྲེལ་བཤད་གང་རྒྱབ་ག།
ང་ཕོད་འཇིགས་མེད་ཀྱི་དཔྱད་མཆན་ནང་དུ།མི་མང་པོས་གནས་ཚུལ་ཁ་གསལ་མ་རའཏོགས་པར་ཐོལ་བཤད་བྱེད་པ་ཁག་ཅིག་ཡོད་པས། ངས་གསལ་འགྲེལ་ཞིག་བྲིས་ཚེ་ཕན་ཡོང་བསམ།
ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དེའི་ཁྲོད་དུ་བོད་མིའི་སྒྲིག་འཛུགས་དང་༧རྒྱལ བ་རིན་པོ་ཆེ་ཡོད་མདོག་གིས་དགོས་འདྲི་བྱེད་པ་དེ་ཁུངས་མེད་ལུགས་མེད་རེད།
ཨ་རི་གྲོས་ཚོགས་འཐུས་མི་དེའི་རྣ་རྩར་སྐྱེལ་མཁན་བོད་མི་སུ་ཡིན་ན་བོད་སྤྱི་བའི་ཆིག་སྒྲིལ་དང་ནང་གསེས་ཛ་དྲག་གི་གནས་བབ་ལ་བོད་གཞུང་ལ་རྒོལ་བའི་ལས་ཀ་གཟབ་གཟབ་བྱ་དགོས།
སྒྲིག་འཛུགས་ཐོར་བཤིགས་མི་འགྲོ་བའི་ཆེད་དུ་བོད་མི་སོ་སོས་བསམ་བློ་ནན་ཏན་གཏོང་བ་གལ་ཆེ་བས། གནས་ཚུལ་གསལ་ཁ་ཡོད་དང་མེད་ཀྱི་བར་དུ་མདའ་དཀྲུག་ཕུ་དཀྲུག་བྱ་མི་འོས།
ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་ལས་བྱེད་འདེམས་བསྐོ་དེ་བོད་མིའི་སྒྲིག་འཛུགས་ལ་ལས་འགན་ཡོད། ཨ་རིའི་རོགས་དངུལ་དེ་བོད་ནང་གི་རྒྱ་ཆེའི་མི་མང་གི་ཆེད་དུ་རེད། མི་ཁ་ཤས་ཀྱིས་ཝ་མོའི་སྤྱོད་པ་འཁྲབ་ཚེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་སྣང་མེད་གྱུར་བ་རེད།
ཨེ་ཤ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་འདེམས་སྟངས་དང་ལས་བྱེད་ནར་ཚགས་བྱེད་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བསམ་བློ་ཏན་ཏན་གཏོང་དགོས། ད་སྔ་བོད་ནང་གི་བོད་མི་ཚོས་རྣ་བ་གཏོད་སའི་ལས་ཁུངས་འདི་གཉིས་ནང་ངོ་ཤེས་དང་ནང་མི་ཕན་ཚུན་གྱི་འབྲེལ་བའི་སྐུ་དྲག་ཁག་ཅིག་གིས་བཟུང་ཡོད་པ་བེདན་པ་རེད། ལས་བྱེད་དེ་ཚོའི་རིགས་ད་ལྟ་རྒྱུ་ཐོག་ལ་བརྒྱབ་ཏེ་བསྡད་ཞོར་ལས་ཀ་མ་གློད་པར་ཡོད་པས། ཨ་རིའི་གཞུང་གི་མ་དངུལ་མ་འཕར་བར་དུ་ལས་བྱེད་གསར་བ་ལེན་ཐབ་ཀྱིན མེད། ཉེ་བའི་ལོ་ཤས་ནང་གི་ལས་བྱེད་གསར་བ་ཚང་མ་གླ་བའམ་ཉིན་གླ་ཡིན་པ་དང། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ རོགས དངུལ་དེའི་ཁྲོད་ཀྱི་ལས་ཀ་མི་གཏོང་བའི་ལས་བྱེད་རྙིང་བ་གཅིག་གི་གླ་ཕོགས་དང ཐོབ་ཐང་།་ཁེ་ཕན་དེ་ལས་བྱེད་གསར་བའམ་གླ་བ་མི་་ལྔ་དྲུག་གི་གླ་ཕོགས་ཀྱི་ཚད་རེད།བོད་མི་ཕལ་བ་ཚོས་མཐོང་བཞིན་པའི་རྒྱབ་མདུན་དུ་ཉམས་ཞིབ་བྱེད་ས་མང་ལེ་ཡོད།
ཨ་རིའི་གཞུང་གིས་བོད་དོན་རོགས་དངུལ་སྡོམ་རྩིས་ལས་ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་མ་དངུལ་ཡང་བརྩི་བཞིན་ཡོད་པ་ལས།བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་མདངུལ་ལས་ཨ་སྒོར་ས་ཡ་ཁ་ཤས་ཤིག་ཨ་དང་ཨེ་ལ་སྤྲོད་བཞིན་པའི་འགན་འདི་ལས་བོད་ནང་གི་རྒྱ་ཆེའི་མི་མང་གཙོ་བོ་བཟུང་ནས་ཨ་དང་ཨེ་གཉིས་ཀྱི་ལས་བྱེད་རྣ།ས་སྙོམས་སྒྲིག་བྱ་དགོས་ཀྱང་། ལས་བྱེད་རྙིང་པ་ཚོས་མི་སེར་ཐོབ་ཐང་ཁྱེར་ནས་བོད་གཞུང་ཁྲིམས་སྦྱོར་བྱེད་ངེས་པ་རེད།་
བོད་མི་ཕལ་བ་ཚོས་ཉམས་ཞིབ་ཀྱི་ཚད་དེ་མིག་གིས་མཐོང་སའི་ཁྱོན་མ་ཡིན་པར་མིག་གིས་མི་མཐོང་སའི་ཁྱོན་ལ་འགྲོ་དགོས་པ་འདུག
ཡག་སྡུག་ག་རེ་བྱུང་ཡང་ཨ་རི་གཞུང་དང་གཞན་དག་གིས་ང་ཚོའི་ཐོག་བཟུང་བའི་ལྟ་ཚུལ་དང་སྲིད་ཇུས་ག་རེ་ཡིན་པ་གསལ་པོ་ཤེས་ན་ཡག་གི་རེད། ང་ཚོའི་མི་རིགས་ཀྱིས་ག་དུས་ཡིན་ཡང་ཕམ་ཁ་ཆེན་པོ་ཉོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་གཞན་ལ་རེ་སྟོང་ཚོད་མེད་དུ་བཅིངས་པའི་རང་གཤིས་རྫོབ་བོ་དེ་ཡིན།
ཨ་རིའི་རོགས་དངུལ་རང་བཙན་འཐབ་རྩོད་ཐོག་གཏོང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ནའང་འདྲ། གཞོན་ལྷན་གྱིས་རང་བཙན་གཙང་མ་རྩོད་ཀྱིན་ཡོད་ཟེར་གི་ཡོད་ནའང་འདྲ། དབུས་བོད་མིའི་སྒྲིག་འཛུགས་གཞུང་གིས་དུས་དང་གནས་བབ་གཙོ་བོར་བཟུང་སྟེ་སྲིད་ཇུས་འཛིན་པ་ལས་ཁ་སྟོང་ནང་གི་ཚིག་སྟོང་གང་བྱུང་དུ་བསྒྲགས་ན་ཡོང་གི་མ་རེད།
རང་བཙན་གི་སྲིད་ཇུས་འཛིན་རྒྱུ་ནི་སྐད་ཆ་སྟོང་པ་ཁོ་ནའི་ཡོང་གི་མ་རེད། ཁོག་པའི་ནང་གྲ་སྒྲིག་དགོས་གི་རེད། འཆར་གཞི་དགོས་གི་རེད། སྟོབས་ཤུགས་དགོས་གི་རེད། ནུས་པ་དགོས་གི་རེད། ལག་རྩལ་དང་འཐབ་རྩལ་དགོས་གི་རེད། ལོ་རྒྱུས་གི་ཤེས་བྱ་དང་ཁྲིམས་ལུགས་གི་ཤེས་བྱ་དགོས་གི་རེད། རྨང་གཞིའི་ཆ་རྐྱེན་དེ་དག་འཐུས་ཚང་དང་གྲ་སྒྲིག་ཨང་སར་ཡོད་ན་ད་གཟོད་རང་བཙན་ལ་གོམ་པ་རྒྱག་ན་འོས།
རང་རེའི་ཚོགས་པ་ག་གེ་མོས་རང་བཙན་རྩོད་པ་ནི་དཔེ་བཞག་ན་ལྷམ་མེད་རྐང་རྗེན་བྲག་ལ་འཛེགས་པ་དང་། གྲུ་གཟེངས་མེད་པར་གཙང་བོར་བརྒལ་པ། མཚོན་ཆ་མེད་པར་དམག་ལ་ཞུགས་པ། མྱུ་གུ་མེད་པར་རྩོམ་ཡིག་འབྲི་བ་སོགས་དང་ཆད་མེད་གཅིག་འདྲ་རེད་ཅེས་བཤད་ན་མ་ཆོག་པ་མེད། གྲ་སྒྲིག་གང་ཡང་མེད་པར་གནས་བབ་འདི་འདྲ་ཞིག་གི་འོག་ནས་ང་ཚོའི་རང་གི་ནང་སྙིང་རང་ཉིད་ལ་ངེས་པར་བྱས་ན་དགའ་གི་རེད།
གྲ་སྒྲིག་གང་ཡང་མེད་པའི་རང་བཙན་ཁས་ཆེ་པ་ཁག་ཅིག་གིས་ཨེ་ཤ་ཡ་རང་དབང་གླེང་མོལ་བརྒྱུད་ནས་རང་བཙན་གི་ཚིག་མཚོན་མེ་སྒྱོགས་དེ་པེ་ཅིང་གཞུང་ལ་མི་འཕེན་པར། ཐབས་ཤེས་གང་ཡོད་བཏོན་ནས་རྡ་རམ་ས་ལར་འཕེན་རྒྱུ་འབད་བརྩོན་བྱེད་གི་འདུག ཚབས་གནས་ཅོལ་ཆུང་གི་བྱ་ངན་འདི་ཡང་ཨ་རིའི་ཕྱི་སྲིད་ལྟ་ཞིབ་ཞིབ་ཚོགས་ཀྱིས་མཁྱེན་པ་གནང་ན་ལེགས།
ཐུ་བ་རྒྱ་མཚོ་ལཊ། མྱུ་གུ་མི་དགོས་བར་གློག་ཀླད་ནང་རྩོམ་ཡིག་འབྲི་བ་དང་། མཚོན་ཆ་མེད་པར་ལག་འཛིང་བྱེད་པ། གྲུ་གཟེངས་མེད་པར་རྨ་ཀླིང་བརྐྱལ་བ་སོཊ་ཡོད་པ་གཞི་འཛིན་རེད་དོ།
ང་ཕོད་ལ་བྱས་རྒྱུ་མང་པོ་འདུག་ག་་་་་་་སྔོན་མ་ཞིག་ལ་ཨེ་རླུང་ཚང་གི་ཁམས་པའི་བུ་མོ་དེ་ལ་ལྐོག་ལས་བྱས་ནས་བུ་གུ་འཁོར་སོང་པ་རེད། དེའི་ཕྱིར་ཁོ་བ་ལས་ཁུངས་ནས་ཕྱིར་འབུད་བྱེད་ཀི་ཡིན་ཟེར་དུས་། ཨེ་རླུང་ཚང་གི་བོད་པ་ཚང་མས་མ་འགྲོ་ཟེར་ནས་ཞུ་འཐེན་པ་རེད། ཁ་ཤས་ཀྱིས་མིག་ཆུ་ཡང་བཏང་བ་རེད། དེ་ནས་ཁམས་མོ་ཕྱི་ལ་བཏོན་ནས་ཁོ་བ་བསྡད་པ་རེད། མ་གཞི་རྒྱ་རི་རིན་པོ་ཆེ་དང་ང་ཕོད་གཉིས་ཁྱི་དང་བླ་འདྲ་བོ་དགྲ་ཁ་གཏད་ཡིན་པ་། ད་ཐང་གི་འདི་རྒྱ་རིའི་ཆོ་འཕྲུལ་ཞིག་ཡིན་ནི་མིན་ན་་་་རྒྱ་རི་ལ་ལས་ཀ་མེད་ནས་བསྡད་འདུག་ག མདོར་ན་སྐུ་དྲག་དང་མི་དྲག་བར་གི་འཐབ་རྩོད་རེད་ཡ་་་་་་་་་་་་་་་་་་་་་་་
སྲིད་སྐྱོང་བློ་བཟང་སེང་གེ་ནས་བསྒྲགས་གཏམ་སྤེལ་བའི་ནང་། ང་ཕོད་འཇིགས་མེད་ལས་ཁུངས་ནས་ཕུད་པ་འདི་དང་ཁོང་ཉིད་བར་ལ་འབྲེལ་བ་གང་ཡང་མེད་ཅེས་ཚིག་ཐག་ཆོད་པོས་གསུངས་འདུག སྙིང་རྗེ། གཏམ་འཆལ་སྤེལ་མཁན་དེ་ཚོ་རི་བོང་ཅལ་འདྲོག་རང་རེད།
རེད། ཆོས་དར་ལགས།
་མྱུ་གུ་མེད་པར་གློག་ཀླད་དུ་རྩོམ་ཡིག་འབྲི་ཆོག་གི་ཡོད་པ་རེད། འདི་ནི་ལོ་ཁ་ཤས་ནང་དར་འཕེལ་བྱུང་བ
འི་དཔེ་གསར་ཐོན་རྫས་ཅིག་རེད། མ་ཟད་གློག་ཀླད་བཀོལ་སྤྱོད་བྱེད་མཁན་དང་མི་བྱེད་མཁན་གཉིས་ལས་མི་བྱེད་མཁན་མང་གི་རེད།
རེད། མཚོན་ཆ་མེད་པར་ལག་འཛིང་བྱེད་མཁན་ཡོད་པ་རེད། ལོ་རྒྱུས་ཐོག་རྒྱལ་ཁབ་ཀྱི་དབང་ཆ་འཕྲོག་རྩོད་འཐབ་འཛིང་ནང་མཚོན་ཆ་མེད་པར་གཡུལ་སར་དམག་ལ་ཞུགས་པ་རྣམས་ནི་གླེན་པ་ཁ་ནག་དང་དཔའ་བོ་ལག་ལྡུམ་ཟེར་གི་རེད། རྒྱལ་ཁ་ཐོབ་པའི་ལོ་རྒྱུས་གཅིག་ཀྱང་མེད། མི་རྣམས་ཀྱིས་འཕྱ་སྨོད་ཡང་བྱེད་གི་རེད།
རེད། གྲུ་གཟིངས་མེད་པར་རྒྱུག་ཆུ་ཆུང་ཆུང་ལ་བརྐྱལ་རྒྱག་མཁན་ཡོད་པ་རེད། ཡིན་ན་ཡང་། ངས་ཤོད་པའི་གཙང་བོ་དེ་རྒྱུག་ཆུ་ཆུང་ཆུང་ཞིག་གཏན་ནས་མ་རེད། འཛམ་གླིང་གི་གཙང་བོ་ཆེ་ཤོས་དང་བཞུར་རྒྱུན་རྩུབ་ཤོས་དེ་རེད། གལ་སྲིད་དེ་ལ་མཆོངས་མཁན་ཞིག་ཡོད་ན་ཤི་རྒྱུ་ཕར་ཟད་ཐ་ན་ཤི་བའི་རོ་ཡང་ལག་ཏུ་མི་སོན།
ཐུ་རྒྱ་ལགས། མེད་པ་མིན་པ་ཁས་བླང་བ་ལ་དགའ་བོ་ཡོད། ནུས་བ་ཆེ་ཆུང་ཡོད་མེད་ལ་མུས་མཐུན་ཡོད། ད་ནི་ཉལ་རན་སོང་བའི་བདེ་བར་སྨོན།
ད་རེས་ཉོག་དྲ་འདི་ང་ཚོས་ཚུར་སོ་སོའི་ཕྱོགས་ལ་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་རེད། ཕར་གཞན་ལ་སྐྱོན་བརྗོད་བྱེད་པའི་དུས་ཞིག་མ་རེད།།
ཡི་གེ་འདི་ཧ་ཅང་ནན་པོ་ཞིག་བྲིས་འདུག་ འོན་ཀྱང་གཞུང་གི་གནས་ཡོད་མི་སྣ་ཞིག་གི་བྲིས་པའི་ཡི་གེ་རྩ་བ་ནས་འདྲ་པོ་མིན་འདུག་ ལྷག་པར་དུ་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་དངོས་ནས་ཡིན་ན་ ཁ་རྡུང་དེ་འདྲ་བཏང་དགོས་དོན་གང་ཡིན་ནམ་ དེ་ཁྲིམས་མཐུན་ཡིན་ནམ་ སྐུ་ཞབས་ཚོགས་གཙོ་ཁྱེད་ཀྱིས་་ཁྱེད་དང་ཁྱེད་ཀྱི་ཤོག་ཁག་ཚོས་ཞེས་པའི་ཤོག་ཁག་དེ་བོད་མི་ས་ཡ་དྲུག་གི་ཚབ་ཡིན་པསམཐོང་ཆུང་དེ་འདྲ་གནང་བར་ང་ཚོ་བོད་མི་མང་ཆེ་བ་བློ་ཕམ་ཆེན་པོ་བྱུང་ དེར་བརྟེན་རྗེས་སུ་དགའ་དུས་དངུལ་གྱི་རོགས་རམ་དང་གསེར་གྱི་གཟིངས་རྟག་ཀྱང་མི་དགོས་ལ་ སྡུག་དུས་ཞིབ་འཇུག་མ་བྱས་གོང་ནས་ཁ་རྡུང་ཀྱང་མེད་པ་ཞུ་ འཇུག་ཏུ་སྐུ་ཞབས་ཚོགས་གཙོ་ཁྱེད་ལ་ཞུ་རྒྱུར་ད་བར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ རྗེས་སུ་དེ་ལྟར་གནང་མ་ཐུབ་ནའང་ང་ཚོ་བོད་མི་ཚོ་སྐལ་པ་མ་སྟོང་བར་འཇིག་རྟེན་དེའི་སྟེང་གནས་ངེས་ཡིན་པས་མཁྱེན་ མཁྱེན་ མཁྱེན་
སྐར་མ་རྒྱ་མཚོ་ཞེས་པ་དེས་ཡི་གི་ཡག་པོ་ཀློག་ཤེས་ཀྱི་མིན་འདུག་ཀྱང་ སྙོག་དྲ་ཆེན་པོ་བཟོ་ཐུབ་ཀྱི་འདུག་
ཨ་རིའི་ཕྱིའི་རོགས་རམ་ཐེབས་རྩ་དེ། རྒྱ་ནག་དམར་ཕྱོགས་ཚོགས་པར་འཐབ་རྩོད་བྱེད་མཁན་ཏེ་རྒྱ་རིགས་མང་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཡུ་གུར་བ་བཅས་ཀྱིས་རྒྱ་ནག་དམར་ཕྱོགས་ཚོགས་པ་མང་གཙོ་ཅན་དུ་བསྒྱུར་རྒྱུ་དང་། རང་དབང་གི་ཆེད་དུ་དཀའ་ངལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་ལ་གཏོང་དགོས་ངེས་ཡིན་ཞིང་། ཁོང་ཚོ་ནི་ལྐོག་ཟ་བ་མེད་པ་བཟོ་འདོད་མེད་པ་དང་། དབང་ཆ་གཅིག་བསྡུས་ཀྱི་གཞུང་གི་སྒྲོམ་རྟེན་ལ་ལངས་མཁན་གྱི་བོད་པའི་དཔོན་རིགས་དང་འདྲ་པོ་མེད་ཟེར། གོང་གསལ་འདི་བཞིན་ཨ་རི་གྲོས་ཚོགས་འཐུས་མིའི་བཤད་པས་སྐད་ཆ་དེའི་ཆ་ཤས་ཞིག་རེད། འོ་ན་༧གོང་ས་མཆོག་ནས་དུས་རྟག་ཏུ་རྒྱལ་སྤྱིའི་སྒང་དུ་གསུངས་སྐད་མཐོན་པོས་ངང་ནས་ང་ཚོར་མང་གཙོ་ཡང་དག་པའི་ལམ་ཁར་འགྲོ་གྱི་ཡོད་ཚུལ་གསུངས་གྱི་ཡོད་ལ་དོན་དངོས་ཡང་དེ་རང་ཡིན་པར་དོན་གྱི་གྲུབ་ཡོད། ཁྱེད་ཚོས་ཞིབ་འཇུག་ཡག་པོ་ཞིག་གནང་དང་། དབང་ཆ་གཅིག་བསྡུས་ཀྱི་གཞུང་གི་སྒྲོམ་རྟེན་ལ་ལངས་མཁན་གྱི་བོད་པའི་དཔོན་རིགས་དང་འདྲ་པོ་མེད་ཟེར་བ་འདི་ཡིས་སུ་ལ་སྐྱོན་འཛུགས་བཟོས་འདུག་གམ། འོ་ན་བོད་པའི་སྲིད་སྐྱོང་དང་བཀའ་ཟུར་སོགས་རེད་པེས། མདོར་ན་ངས་གོ་བ་ནོར་མེད་ན་༧གོང་ས་མཆོག་རང་ལ་ཡང་ཟུར་ཟ་མང་པོ་བཟོས་འདུག་བསམ་གྱི་འདུག །ད་དུང་ཤེས་དགོས་པ་གལ་ཆེར་ཞིག་ནི་ཁོས་ལྟ་གྲུབ་འདི་འདྲ་ཞིག་ཁུར་ནས་བཤད་དགོས་དོན་གང་ཡིན་ནམ། ཁོ་ལ་འདི་ལྟར་ཤོད་ཞེས་བརྒྱུད་བསྐུལ་བཟོ་མཁན་སུ་ཡིན་སོགས་ངེས་པར་དུ་མཁྱེན་རྟོགས་དགོས་གལ་མི་ཆེ་འམ། ཁོས་གང་བཤད་པ་ནི་བཙན་བྱོའི་སྒྲིགས་འཛུག་ནང་དུ་མདུང་བརྩེ་བསྐོར་འདུག་པ་ལས་ཨེ་ཤི་ཡ་རླུང་འཁྲིན་ཁང་གི་གནད་དོན་ནི་ཁ་གཡར་བ་ཙམ་ལས་རྒྱུ་མཚན་གཙོ་བོར་གང་ཡང་འཛིན་མི་འདུག །ད་དུང་ཁོས་འདི་ལྟར་བཤད་འདུག །
བོད་མི་༧༥ རང་ལུས་མེར་སྲེག་བཏང་བ་དེ་ཁྱེད་ཚོས་སྲིད་བྱུས་བཟུང་ནས་རྩོད་བཞིན་པའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་འོག་ནས་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་ཅིག་ཆགས་རྒྱུའི་ཐོབ་ཐང་གི་ཆེད་དུ་མ་རེད། ཁོང་ཚོས་རང་ཉིད་རང་གིས་བསད་པ་དེ། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་། རྒྱ་གཞུང་གིས་ཁྲིམས་འགལ་གྱི་དབང་སྒྱུར་དེ་མཇུག་བསྡུས་པའི་ཆེད་དུ་རེད། འོ་ན་བོད་གཞུང་གིས་སྲིད་ཇུས་འདིར་ནོར་འཁྲུལ་ཅན་ཞིག་ཡིན་པར་འདོད་མཁན་དང་དེའི་ཕྱོགས་གཏོགས་དག་གིས་ཁོ་ལ་བརྒྱུད་བསྐུལ་བཟོས་པར་འདོད་མཁན་དག་གིས་གཟིགས་ཚུལ་དེ་ཏག་ཏག་མིན་ནམ། །
འདྲི་རྩད་ཀྱི་ཡི་གེ་དེས་གནས་ལུགས་ཤིག་བཤད་མི་འདུག་ལ། འདི་ལྟའི་གཞི་མེད་ཀྱི་གླེང་གཞི་
བཟོ་བ་ནི། རང་གཞུང་ལ་ཐུབ་ཚོད་བཏང་བ་ལས་གཞན་ཅི།
གོང་གསལ་གྲོས་ཚོགས་འཐུས་མིའི་འགན་ཁུར་མེད་པས་ཉོག་གཏམ་དེ་དང་། དེའི་བརྒྱུད་བསྐུལ་དང་རྒྱབ་སྐྱོར་མཁན་དག་ལ་འདི་ལྟར་ལོང་བ་ཆུའི་ནང་འཆང་པ་བཞིན་བཟོ་དགོས་པའི་གནད་དོན་ནི་གཙོ་བོ་ནི་བཙན་བྱོལ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་དག་གིས་ཆེ་མཐོང་ལ་མིག་ནང་ཚེར་མ་ནང་བཞིན་དུ་སོང་ནས་ཡིན་པར་ས་རིས་ཐང་གསལ་ཞིག་ཆགས་འདུག །བཤད་ཚུལ་འདིའི་ཤུགས་ནས་༧གོང་ས་མཆོག་གིས་མཚན་དངོས་སུ་སྨོས་མ་ནུས་པ་ཙམ་ལས་དོན་དངོས་ཟུར་ཟ་ཡིན་པ་ཡང་གསལས་པོ་རེད་བསམ་གྱི་འདུག །རྒྱུན་མཚན་མཆན་གོང་མའི་ནང་གསལ་བ་བཞིན་ཡིན། མདོར་ན་ཤེས་དགོས་པ་གལ་གནད་ཞིག་ནི་རྙོག་གླེང་འདི་དང་དོན་རྐྱེན་འདིའི་ནང་དུ་རྒྱ་དམར་གྱིས་ལག་པ་བཅངས་ཡོད་པར་དོགས་པས་རང་བཞིན་ཡིན་པས་ཚང་མིའི་ཡིད་གཟབས་བྱོས། ད་དུང་གྲོས་ཚོགས་འཐུས་མི་དེའི་ལོ་རྒྱུས་ཡང་ཤེས་དགོས་པ་འདོད། ཁོ་ནི་ཀ་ལི་ཕོང་ནེ་ཡ་མངའ་སྡེ་ནས་ཡིན་པ་དང་ལོ་མང་སྔོན་ནས་བོད་དོན་རྒྱབ་སྐྱོར་བཟོས་ཡོད་རུང་། དེང་སོང་ཨ་རི་གྲོས་ཚོགས་ནང་དུ་བོད་དོན་གླེང་སློང་སྐབས་སུ་ཕན་པ་ལས་གནོད་ཚབ་ཆེ་བས་མི་སྣ་ཞིག་ཡིན་པ་ཡང་ཤེས་དགོས། ཁོས་བཙན་བྱོའི་སྒྲིག་འཛུགས་ལ་རྒྱ་དམར་གྱིས་ངན་སྨས་ལྟར་བཟོ་དགོས་གང་ཡིན་ནམ། རྣམ་དཔྱོད་དང་གོ་བ་ཕྲན་བུར་ཡོད་མཁན་ཞིག་ཡིན་ན་ཁོས་བཤད་སྟངས་འདི་རང་གིས་ཐོག་ནས་ཁོ་དང་ཁོའི་ཕྱོགས་གཏོགས་པ་དག་དམར་རྗེན་མ་དོན་གྱི་མི་འདུག་གམ། འདི་ཡིས་བསྐོར་དགོས་གལ་བྱུང་ན་མང་ཙམ་དང་གསལ་ཙམ་འབྲི་ངེས་ཡིན། །
རོག་ར་དཔའ་ཆེན་འདི་ནམ་རྒྱུན་ནས་རྒྱ་མིའི་ཆོས་འཁོར་སྒོམ་སྒྲུབ་སོགས་ཀྱི་ཐད་རྒྱ་ནག་ལ་ཚིག་ངར་པོའི་ངང་ནས་ལབ་མཁན་ཞིག་ཡིན་པ་གསར་འགྱུར་སོགས་ཀྱི་ནང་ནས་འགའ་ཤས་མཐོང་། དེར་བརྟེན་སྐད་ཆ་ཁ་རི་ཁ་ཐུག་ལ་ལབ་མཁན་དེ་འདྲ་མིན་ནམ་སྙམ། ཐེངས་འདིར་སྲིད་སྐྱོང་ལ་མ་བརྟག་མ་དཔྱད་གོང་ནས་སྐད་ཆ་མང་པོ་ཞིག་བཟོས་འདུག་པ་དེ་ནམ་རྒྱུན་ནས་དབུ་མའི་ལམ་ལ་དགའ་པོ་མེད་པའི་རྐྱེན་གྱིས་ཡང་ཡིན་སྲིད། གང་ལྟར་ཨ་རི་ནི་མང་གཙོའི་རྒྱལ་ཁབ་ཆེན་པོ་ཡིན་པས་མི་གཅིག་གི་ཁ་ལ་བལྟས་ནས་སྡོད་ས་མེད་ལ། བསྡད་ཀྱང་འབྲས་མེད་རེད། གང་ལྟར་ཀྱང་། སྐལ་ལྡན་བློ་གྲོས་བློ་གྲོས་ཆེ་དྲག་པའམ། འབེན་པ་སྟོབས་རྒྱལ་སྟོབས་ཆེ་དྲག་པ། ཡང་མིན་ན་ང་ཕོད་འཇིགས་མེད་འཇིགས་མེད་སེང་གེའི་ཁྲི་ནས་བབས་འདོད་མེད་པ་གང་གི་རྐྱེན་ཡིན་མི་ཤེས་མོད་རྙོག་དྲ་ཆེན་པོ་ཞིག་བཟོས་འདུག བོད་ཉག་ཕྲ་བའི་སྐབས་འདིར། བོད་ཀྱི་སྐྱེས་བུ་ཆེན་པོ་ཚོ་དབུ་སྙུང་གི་ཡོད་ཀྱི་རེད། སྙིང་རྗེ། ད་དུང་དཔའ་བོ་དཔའ་མོ་དེ་ཚོ། བདེ་བར་ཅན་དུ་སྐྱེ་བར་སྨོན།
བོད་མི་ཚོ་མགོ་མ་འཐོམ་ཞིག ཨ་རིའི་མི་ཡོངས་རྫོགས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ག་ལ་དགོས། ཨ་རིའི་གཞུང་དམངས་གཉིས་ཀའི་ནང་རྒྱ་གཞུང་ལ་བླ་དཀར་མཁན་ལོས་ཡོད། མི་གཅིག་གམ་དཔོན་ཅིག་གི་དེ་འདྲ་བཤད་པར་ཧ་ལས་དགོས་དོན་གང་ཡོད།
ཚོགས་གཙོའི་སྐད་ཆ་དེ་ནི་གནས་ཡོད་མི་སྣ་ཞིག་བཤད་པའི་སྐད་ཆ་འདྲ་པོ་མི་འདུག་ལ་འགན་ཁྱེར་བའི་སྐད་ཆ་ཞིག་དེ་བས་ཀྱང་འདྲ་པོ་མི་འདུག ལྷག་པར་དུ་ཨ་རི་གཞུང་གིས་ནམ་ཀུན་ནས་བོད་པར་རོགས་རམ་བྱེད་པ་ནི་༧གོང་ས་མཆོག་དང་།་བོད་མིའི་ཤེས་རིག་སྲུང་སྐྱོབ རང་དབང་བརྩོན་ལན་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་ལས་དམར་ཤོག་མགོ་རྟིང་སློག་རྒྱུའི་ཆེད་དུ་ཡིན་ལུགས་སུ་ཞིག་གིས་ཀྱང་ཤོད་ཀྱི་མེད། དེ་བས་གལ་གནད་ཆེ་བ་ཞིག་ལ་སྲིད་འཛིན་ཨོ་བྷ་མས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱས་ཚར་བ་རེད། དེ་ལྟ་བུའི་ལང་ཕྱོགས་ཤིག་གི་འོག་ནས་ཚོགས་གཙོས་བོད་པར་རོགས་དངུལ་བྱས་པ་དེ་རང་བཙན་བརྩོད་ལེན་པའི་ཆེད་དུ་རེད་ཟེར་ན་ནང་འགལ་ཆགས་པ་རེད།
གཉིས་ནས། ཡང་སྙིང་རང་རླུང་འཕྲིན་ཁང་དུ་ནང་འཁུལ་སྙོག་གླེང་ག་རེ་ཡོད་པ་རེད། རྒྱུ་མཚན་གང་རེད། སྙོག་གླེང་གི་འབྱུང་རྩ་གང་རེད། ད་ལྟ་ང་ཚོའི་མིག་ལམ་དུ་བཤམས་པའི་གསར་འགྱུར་དག་ནི་ལྐོག་འགྱུར་གྱི་སྐད་ཆ་ཤ་སྟག་རེད། ཡང་སྙིང་གནད་དོན་ངོ་མ་གང་ཡིན་མིན་སུས་ཀྱང་ཤེས་ཀྱི་མི་འདུག དེས་ན་ད་གསར་འགོད་པ་ཚོས་གནས་ཚུལ་ངོ་མ་རྒྱུ་མ་ཕུ་འདེད་བྱེད་རྒྱུ་གལ་ཆེན་པོ་རེད། དེ་མིན་གནད་དོན་དངོས་མ་ཤེས་པར་དཀྲོག་གཏམ་རྒྱག་པ་ནི་རི་བོང་བཅའ་སྒྲོགས་རང་རེད།
ཨེ་རླུང་ཁང་གིས་ཀརྨ་རྒྱ་མཚོའི་ལེ་ཚན་ནང་འཇམ་དབྱངས་ནོར་བུ་དཔྱད་གླེང་པ་མེད་པ་བཟོས་པ་དེ་སྨྲ་བརྗོད་རང་དབང་མེད་པ་ཟེར་ན་ཐལ་ཆ་ཆེ་དྲག་པ་རེད། འཇམ་དབྱངས་ནོར་བུ་དང་ཀརྨ་རྒྱ་མཚོ་གཉིས་ཀྱིས་ལེ་ཚན་ནང་རང་བཙན་གྱི་ལྟ་བ་ཤུགས་ཆེན་པོ་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་མེད་པའི་འཁྱོག་བཤད་ཁོ་ན་དང། རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱ་རྒྱུར་བྱ་ར་བྱས་ན་བསྡད་མཁན་ཞིག་རེད། རྒྱལ་བ་རིན་པ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་་ལ་སྐྱོན་འཛུགས་བྱེད་རྒྱུ་བྱུང་ན་ཁོང་གཉིས་ནམ་ལངས་ཚར་བ་རེད། ད་ལྟའི་དུས་སྐབས་དེར་བོད་ནང་ཛ་དྲག་གི་སྐབས་རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ཁ་གཏད་མ་རེད། བོད་ཡུལ་བཙན་འཕྲོག་བྱས་ཏེ་བཙན་བྱོལ་དུ་གྱར་དགོས་པ་དང། རང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་བསད་མཁན་རྒྱ་མི་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་རྒྱ་མིས་ལངས་ལངས་པ་དང།གཞི་མེད་སྐྱོན་བཙུགས་བྱེད་བྱེད་པ་རེད། ཁྱེད་རང་གཉིས་ཀྱི་རྒྱ་མིའི་རྒྱབ་རྩར་ལངས་དགོས་དོན་ཨེ་ཡོད་ན་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབས་དང་མཚན་ཤས་བཟོས་ན་ཁྱེད་རང་རྒྱ་མི་ལས་སྡུག་གི་རེད།
ང་ཕོད་བུའི་དོན་རྐྱེན་དེ་ཐོག་མར་དོན་རྐྱེན་ཆུང་ཆུང་ཞིག་རེད། ཨ་རི་ལ་ལས་ཀ་ཤོར་ཟེར་བ་ད་ལྟའི་དུས་འདིར་རྒྱུན་ལྡན་རེད། དོན་རྐྱེན་ཆུང་ཆུང་དེ་ལྗང་མྱུག་བཞིན་མགོ་འབུས་ནས་ལོ་མ་རྒྱས་དོན་ནི་ལས་ཀ་ཤོར་སྟངས་ཐད་ས་བསྒྲགས་གནམ་བསྒྲགས་བྱས་པའི་དབང་གིས་རེད། ང་ཕོད་བུ་ཁོ་རང་གི་ངོས་ནས་བཤད་ན། ལས་ཀ་ཤོར་སྟངས་དེ་ལ་བསམ་མནོ་དྲུག་གསུམ་བཅོ་བརྒྱད་བཏང་ཡོད་ངེས་རེད། ཡིན་ནའང་ལོ་ནི་དྲུག་ཅུའི་རྩེར་སོན། མི་རྒས་རྫི་དིབ་བཞིན་པའི་སྐབས་དེར་ལས་ཁུངས་ནས་སྤྲང་རྒན་ཞིག་ཕྱི་ལ་འབུད་པ་ལྟར་འབུད་སྟངས་དེ་ཅི་ཙམ་བལྡད་ཀྱང་ཁོག་གིས་འཇུ་ཁག་པོ་རེད། ཡིན་ནའང་སྟབས་ལེགས་པ་ཞིག་ལ་ཁོ་རང་མགོ་ཁྲིད་བྱེད་བཞིན་པའི་སྐབས་སུ་ལས་ཁུངས་ནང་དུ་གཉེན་ཉེ་གྲོགས་པོའི་འཁོར་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད། ཡ་ད། དུང་ཕྲུག་འོ་མས་གསོས་པ་དེ། དགྲ་ཆུ་སྲིན་བྱུང་དུས་མ་ཕན་ན། གསོས་ཀྱང་སྟོང་པ་རེད་ཟེར་བའི་དཔེ་ལྟར་འཁང་ར་དང་མི་འདོད་པའི་སྐད་ཆ་དེ་དག་དབུགས་ནས་དབུགས་སུ་བརྒྱུད། གཉེན་རྣམས་ཀྱིས་ཚོར། གྲོགས་རྣམས་ཀྱིས་གོ། རིམ་པས་ང་ཕོད་བུ་དཀར་འདོན་གྱི་ལས་འགུལ་ཞིག་སྤེལ་སོང་། ཚེ་རིང་འོད་གསལ་ལགས་ཀྱིས་ང་ཕོད་བུའི་སྐོར་ལ་རྩོམ་ཡིག་ཞིག་སྤེལ་སོང་། སྐབས་དེ་དུས་ངས་ཁ་བརྡའི་མཆན་ནང་དུ་ཁོང་གིས་སྡོམ་ཚིག་འགོད་རྒྱུ་སྔ་དྲག་སོང་ཅེས་བྲི་རྒྱུ་བྱུང་། དེ་རིང་རོ་ར་སྦ་ཆར་གྱིས་སྲིད་སྐྱོང་ལ་སྐྱོན་བརྗོད་ཀྱི་ཡི་གེ་འདྲ་བ་དེ་བཏང་བས་གཅིག་བྱས་ནས་ཚེ་རིང་འོད་གསལ་ལགས་ལ་འགྱོད་པ་ཟིལ་བ་ཙམ་ཡང་ཡོད་སྲིད་པ་རེད། གང་ལགས་ཟེར་ན་ཆེ་རིང་འོད་གསལ་ཁོང་གི་སྐད་ཆ་ལ་ལྗིད་ཁོག་ཡོད་པ་དང་། ལྗིད་ཁོག་དེ་ཡང་མོ་རང་རང་གིས་བརྩོན་པས་བསྒྲུབས་པ་ཡིན་པས་དོན་དེར་ངས་གུས་བསྐུར་དང་བརྩི་མཐོང་ཡོད། དེ་ལྟར་ཆེ་རིང་འོད་གསལ་གྱིས་ང་ཕོད་དཀར་འདོན་སྐོར་ལ་རྩོམ་སྤེལ། དེ་རི་མཐོ་ས་གཙང་སོགས་ལ་དབྱིན་ཡིག་ཐོག་བཀོད། བོད་དོན་རྒྱབ་སྐྱོར་བ་ཀྲུའུ་རུད་ཀྱིས་དོན་དེར་རྒྱབ་སྐྱོར་གྱི་རྩོམ་སྤེལ། ཨེ་རླུང་ཚང་ནང་གི་ང་ཕོད་གཉེན་ཉེ་གྲོགས་སོགས་ཀྱིས་ཁ་པར་ཕར་གཏོང་ཚུར་གཏོང་མང་པོ་ཞིག་བྱས་པར་བརྟེན་རིམ་པས་རོ་ར་སྦ་ཆར་ཁྲོས་པའི་འབྲུག་སྐད་འདི་གྲགས་ཡོང་བར་འདོད། དོན་ངོ་མར་བོད་གཞུང་དང་ང་ཕོད་ཕྱིར་འབུད་ཐད་འབྲེལ་བ་ཡོད་ན་དེ་ཡང་ང་ཕོད་ཀྱི་ལས་སྤུས་དང་ལོ་ཚད་ལས་ཡུན་སོགས་དང་འབྲེལ་བ་ཡོད་སྲིད་པ་ལས། ལམ་གཉིས་ཀྱི་དགོངས་པ་མཐུན་མི་མཐུན་དང་འབྲེལ་བ་ཡོ་རེད་བསམ་གྱི་མི་འདུག གང་ལགས་ཟེར་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་གཞོན་ནུདང་སློབ་ཕྲུག་ཚོགས་པ་སོགས་ཡོད་པ་དང་དེ་དག་གི་བྱེད་སྒོ་ལ་བོད་གཞུང་ནས་འགོག་རྐྱེན་གང་ཡང་བཟོ་ཡི་མེད་པ་གསལ་པོ་རེད། ལྷགས་པར་དུ་མང་གཙོ་དང་ཁྲིམས་ལུགས་ཀྱི་ཤེས་བྱ་ཟབ་པའི་ད་ལྟའི་སྲིད་སྐྱོང་འདིས་དེ་བས་བྱེད་པ་མི་འདུག ཞོར་འཕྲོས་ཞིག་གླེང་ན། ང་ཕོད་བུའི་ལས་ཀ་ལ་གདེངས་འཇོག་རྣལ་མ་ཞིག་བྱེད་ཐུབ་མཁན་ནི་བོད་ཡིག་ཤེས་མཁན་གྱི་ཤེས་ཡོན་ཅན་རྣམས་རེད། གང་ལགས་ཟེར་ན་ལས་ཁུངས་དེ་བོད་སྐད་དང་བོད་ཡིག་ཐོག་ནས་གཉེར་བཞིན་ཡོད་པ་རེད། ཁོང་མུ་མཐུད་ལས་ཀ་ལ་འཇོག་མིན་བོད་ཡིག་འབྲི་ཀློག་བྱེད་མཁན་ཁྲོད་འོས་བསྡུ་བྱས་ན་དེ་ལས་ལྷགས་པའི་མཇལ་བྱེད་མེད་པ་རེད། འོན་ཀྱང་དེ་དཀའ་མོ་རེད། རོ་ར་སྦ་ཆར་གྱི་སྐད་ཆའི་ནང་ཨ་རིའི་ཁེ་ཕན་དང་མཐུན་མིན་ཟེར་བ་ཞིག་འདུག སྤྱིར་ཨ་རི་མི་ཆེན་རེ་རེའི་ཁོག་ཏུ་ཁེ་ཕན་འཚོལ་སྟངས་མི་འདྲ་བ་རེ་ཡོད་པ་ང་ཚོས་ལོ་རྒྱུས་ལ་བལྟས་ན་ཤེས། རྒྱང་རིང་ས་ནས་ནས་བཤད་ན་བོད་ཀྱི་ཁེ་ཕན་དང་ཨ་རིའི་ཁེ་ཕན་འབྲེལ་ཡོད་པ་གསལ་པོ་རེད། འོན་ཀྱང་ཨ་རིའི་ཁེ་ཕན་དེ་བོད་ཀྱི་ཁེ་ཕན་ཆེན་པོ་དང་འབྲེལ་བའི་ངེས་པ་མེད་པ་རེད། གང་ལྟར་གོང་ས་མཆོག་དང་སྲིད་སྐྱོང་གཙོས་ང་ཚོ་བོད་པ་རྣམས་ཀྱིས་འགྲོ་གིན་འགྲོ་གིན་བལྟ་གིན་བལྟ་གིན་བོད་ཀྱི་ཁེ་ཕན་མི་ཤོར་བ་དང་དཔའ་བོ་དཔའ་མོ་དེ་ཚོའི་མངོན་འདོད་འགྲུབ་ཐུབ་པ་ཞིག་ལ་ཤུགས་རྒྱག་དགོས་པར་འདོད།
དྲ་གྲོགས་ཚོ། ཐུགས་ཁྲེལ་མ་གནང་། རྒྱ་ནག་ལ་ན་ཟུག་སློང་བའི་ལག་ཆ་བོད་ལས་ལྷག་ཅིག་ཨ་རི་ལ་ཡོད་པ་མ་རེད། ཡི་གེ་འདི་འདྲ་ཕྱིར་སྒྲོགས་བྱེད་པ་ནི་ཁོང་ཚོའི་ཕྱི་ཚུལ་གྱི་ཐབས་ཇུས་ཤིག་ཡིན་པ་ལས་དོན་དངོས་ཀྱི་བསམ་བློ་ཞིག་མ་རེད། རྒྱ་ནག་དང་ཨ་རིའི་ཚོང་དོན་ལ་ཐད་གར་ཤུགས་རྐྱེན་མི་ཐེབ་པའི་ཆེད་དུ་སྐབས་སྐབས་སུ་འདི་འདྲའི་སྐད་ཆ་བསམ་བཞིན་དུ་སྒྲོགས་པ་རེད། སྔོད་ཆད་ཅིག་ལ་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་རྒྱག་རྒྱུ་ཡིན་པའི་སྐད་ཆ་ཞིག་ཀྱང་སྤེལ་བ་རེད། དེ་དག་གནས་སྐབས་ཀྱི་དགོས་མཁོ་རེད། འབུ་ཆུ་ལ་གཡུག་པ་དེ་གསེར་ཉ་ཆུ་ཁར་འདོན་པའི་ཆེད་དུ་རེད་ཡ།
ཡག་སྡུག་ག་རེ་བྱུང་ཡང་ཨ་རི་གཞུང་དང་གཞན་དག་གིས་ང་ཚོའི་ཐོག་བཟུང་བའི་ལྟ་ཚུལ་དང་སྲིད་ཇུས་ག་རེ་ཡིན་པ་གསལ་པོ་ཤེས་ན་ཡག་གི་རེད། ང་ཚོའི་མི་རིགས་ཀྱིས་ག་དུས་ཡིན་ཡང་ཕམ་ཁ་ཆེན་པོ་ཉོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་གཞན་ལ་རེ་སྟོང་ཚོད་མེད་དུ་བཅིངས་པའི་རང་གཤིས་རྫོབ་བོ་དེ་ཡིན།
ཨ་རིའི་རོགས་དངུལ་རང་བཙན་འཐབ་རྩོད་ཐོག་གཏོང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ནའང་འདྲ། གཞོན་ལྷན་གྱིས་རང་བཙན་གཙང་མ་རྩོད་ཀྱིན་ཡོད་ཟེར་གི་ཡོད་ནའང་འདྲ། དབུས་བོད་མིའི་སྒྲིག་འཛུགས་གཞུང་གིས་དུས་དང་གནས་བབ་གཙོ་བོར་བཟུང་སྟེ་སྲིད་ཇུས་འཛིན་པ་ལས་ཁ་སྟོང་ནང་གི་ཚིག་སྟོང་གང་བྱུང་དུ་བསྒྲགས་ན་ཡོང་གི་མ་རེད།
རང་བཙན་གི་སྲིད་ཇུས་འཛིན་རྒྱུ་ནི་སྐད་ཆ་སྟོང་པ་ཁོ་ནའི་ཡོང་གི་མ་རེད། ཁོག་པའི་ནང་གྲ་སྒྲིག་དགོས་གི་རེད། འཆར་གཞི་དགོས་གི་རེད། སྟོབས་ཤུགས་དགོས་གི་རེད། ནུས་པ་དགོས་གི་རེད། ལག་རྩལ་དང་འཐབ་རྩལ་དགོས་གི་རེད། ལོ་རྒྱུས་གི་ཤེས་བྱ་དང་ཁྲིམས་ལུགས་གི་ཤེས་བྱ་དགོས་གི་རེད། རྨང་གཞིའི་ཆ་རྐྱེན་དེ་དག་འཐུས་ཚང་དང་གྲ་སྒྲིག་ཨང་སར་ཡོད་ན་ད་གཟོད་རང་བཙན་ལ་གོམ་པ་རྒྱག་ན་འོས།
རང་རེའི་ཚོགས་པ་ག་གེ་མོས་རང་བཙན་རྩོད་པ་ནི་དཔེ་བཞག་ན་ལྷམ་མེད་རྐང་རྗེན་བྲག་ལ་འཛེགས་པ་དང་། གྲུ་གཟེངས་མེད་པར་གཙང་བོར་བརྒལ་པ། མཚོན་ཆ་མེད་པར་དམག་ལ་ཞུགས་པ། མྱུ་གུ་མེད་པར་རྩོམ་ཡིག་འབྲི་བ་སོགས་དང་ཆད་མེད་གཅིག་འདྲ་རེད་ཅེས་བཤད་ན་མ་ཆོག་པ་མེད། གྲ་སྒྲིག་གང་ཡང་མེད་པར་གནས་བབ་འདི་འདྲ་ཞིག་གི་འོག་ནས་ང་ཚོའི་རང་གི་ནང་སྙིང་རང་ཉིད་ལ་ངེས་པར་བྱས་ན་དགའ་གི་རེད།
གྲ་སྒྲིག་གང་ཡང་མེད་པའི་རང་བཙན་ཁས་ཆེ་པ་ཁག་ཅིག་གིས་ཨེ་ཤ་ཡ་རང་དབང་གླེང་མོལ་བརྒྱུད་ནས་རང་བཙན་གི་ཚིག་མཚོན་མེ་སྒྱོགས་དེ་པེ་ཅིང་གཞུང་ལ་མི་འཕེན་པར། ཐབས་ཤེས་གང་ཡོད་བཏོན་ནས་རྡ་རམ་ས་ལར་འཕེན་རྒྱུ་འབད་བརྩོན་བྱེད་གི་འདུག ཚབས་གནས་ཅོལ་ཆུང་གི་བྱ་ངན་འདི་ཡང་ཨ་རིའི་ཕྱི་སྲིད་ལྟ་ཞིབ་ཞིབ་ཚོགས་ཀྱིས་མཁྱེན་པ་གནང་ན་ལེགས།
ཡི་གེ་འདི་ཧ་ཅང་ནན་པོ་ཞིག་བྲིས་འདུག་ འོན་ཀྱང་གཞུང་གི་གནས་ཡོད་མི་སྣ་ཞིག་གི་བྲིས་པའི་ཡི་གེ་རྩ་བ་ནས་འདྲ་པོ་མིན་འདུག་ ལྷག་པར་དུ་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་དངོས་ནས་ཡིན་ན་ ཁ་རྡུང་དེ་འདྲ་བཏང་དགོས་དོན་གང་ཡིན་ནམ་ དེ་ཁྲིམས་མཐུན་ཡིན་ནམ་ སྐུ་ཞབས་ཚོགས་གཙོ་ཁྱེད་ཀྱིས་་ཁྱེད་དང་ཁྱེད་ཀྱི་ཤོག་ཁག་ཚོས་ཞེས་པའི་ཤོག་ཁག་དེ་བོད་མི་ས་ཡ་དྲུག་གི་ཚབ་ཡིན་པསམཐོང་ཆུང་དེ་འདྲ་གནང་བར་ང་ཚོ་བོད་མི་མང་ཆེ་བ་བློ་ཕམ་ཆེན་པོ་བྱུང་ དེར་བརྟེན་རྗེས་སུ་དགའ་དུས་དངུལ་གྱི་རོགས་རམ་དང་གསེར་གྱི་གཟིངས་རྟག་ཀྱང་མི་དགོས་ལ་ སྡུག་དུས་ཞིབ་འཇུག་མ་བྱས་གོང་ནས་ཁ་རྡུང་ཀྱང་མེད་པ་ཞུ་ འཇུག་ཏུ་སྐུ་ཞབས་ཚོགས་གཙོ་ཁྱེད་ལ་ཞུ་རྒྱུར་ད་བར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ རྗེས་སུ་དེ་ལྟར་གནང་མ་ཐུབ་ནའང་ང་ཚོ་བོད་མི་ཚོ་སྐལ་པ་མ་སྟོང་བར་འཇིག་རྟེན་དེའི་སྟེང་གནས་ངེས་ཡིན་པས་མཁྱེན་ མཁྱེན་ མཁྱེན་
ཅལ་འདྲོགས་པ་དག་དང་ཉོག་དྲ་བ་དག མིན་ཚུལ་གསུང་ན་གསར་འགྱུར་གྱི་རང་དབང་རྩོད་ཀྱིན་པ་ལས་ཅི་ཡང་མ་རེད། ཡིན་ཚུལ་གསུང་ན་བོད་ཀྱི་རྩ་དོན་གྱི་ཁ་ཕྱོགས་སྒེར་བདག་ཅན་ལ་སྒྱུར་གྱིན་ཡོད་པ་རེད། གང་ལྟར་རང་རང་གི་རྣམ་དཔྱོད་དང་ཤེས་ཡོན་གྱིས་མ་ལྡང་བ་ན་༧སྤྱིའི་ནོར་བུ་གོང་ས་མཆོག་གི་མཚན་ལ་ལག་པ་འཆང་མ་ཡོང་། འདི་ནི་ཉེན་བརྡ་ཙམ་ཡིན།
མདོར་ན་ངས་གོ་བ་ནོར་མེད་ན་༧གོང་ས་མཆོག་རང་ལ་ཡང་ཟུར་ཟ་མང་པོ་བཟོས་འདུག་བསམ་གྱི་འདུག །ད་དུང་ཤེས་དགོས་པ་གལ་ཆེར་ཞིག་ནི་ཁོས་ལྟ་གྲུབ་འདི་འདྲ་ཞིག་ཁུར་ནས་བཤད་དགོས་དོན་གང་ཡིན་ནམ། ཁོ་ལ་འདི་ལྟར་ཤོད་ཞེས་བརྒྱུད་བསྐུལ་བཟོ་མཁན་སུ་ཡིན་སོགས་ངེས་པར་དུ་མཁྱེན་རྟོགས་དགོས་གལ་མི་ཆེ་འམ། ཁོས་གང་བཤད་པ་ནི་བཙན་བྱོའི་སྒྲིགས་འཛུག་ནང་དུ་མདུང་བརྩེ་བསྐོར་འདུག་པ་ལས་ཨེ་ཤི་ཡ་རླུང་འཁྲིན་ཁང་གི་གནད་དོན་ནི་ཁ་གཡར་བ་ཙམ་ལས་རྒྱུ་མཚན་གཙོ་བོར་གང་ཡང་འཛིན་མི་འདུག །ད་དུང་ཁོས་འདི་ལྟར་བཤད་འདུག །
བོད་མི་༧༥ རང་ལུས་མེར་སྲེག་བཏང་བ་དེ་ཁྱེད་ཚོས་སྲིད་བྱུས་བཟུང་ནས་རྩོད་བཞིན་པའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་འོག་ནས་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་ཅིག་ཆགས་རྒྱུའི་ཐོབ་ཐང་གི་ཆེད་དུ་མ་རེད། ཁོང་ཚོས་རང་ཉིད་རང་གིས་བསད་པ་དེ། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་། རྒྱ་གཞུང་གིས་ཁྲིམས་འགལ་གྱི་དབང་སྒྱུར་དེ་མཇུག་བསྡུས་པའི་ཆེད་དུ་རེད། འོ་ན་བོད་གཞུང་གིས་སྲིད་ཇུས་འདིར་ནོར་འཁྲུལ་ཅན་ཞིག་ཡིན་པར་འདོད་མཁན་དང་དེའི་ཕྱོགས་གཏོགས་དག་གིས་ཁོ་ལ་བརྒྱུད་བསྐུལ་བཟོས་པར་འདོད་མཁན་དག་གིས་གཟིགས་ཚུལ་དེ་ཏག་ཏག་མིན་ནམ། །
གོང་གསལ་གྲོས་ཚོགས་འཐུས་མིའི་འགན་ཁུར་མེད་པས་ཉོག་གཏམ་དེ་དང་། དེའི་བརྒྱུད་བསྐུལ་དང་རྒྱབ་སྐྱོར་མཁན་དག་ལ་འདི་ལྟར་ལོང་བ་ཆུའི་ནང་འཆང་པ་བཞིན་བཟོ་དགོས་པའི་གནད་དོན་ནི་གཙོ་བོ་ནི་བཙན་བྱོལ་གཞུང་དང་འབྲེལ་ཡོད་དབུ་ཁྲིད་དག་གིས་ཆེ་མཐོང་ལ་མིག་ནང་ཚེར་མ་ནང་བཞིན་དུ་སོང་ནས་ཡིན་པར་ས་རིས་ཐང་གསལ་ཞིག་ཆགས་འདུག །བཤད་ཚུལ་འདིའི་ཤུགས་ནས་༧གོང་ས་མཆོག་གིས་མཚན་དངོས་སུ་སྨོས་མ་ནུས་པ་ཙམ་ལས་དོན་དངོས་ཟུར་ཟ་ཡིན་པ་ཡང་གསལས་པོ་རེད་བསམ་གྱི་འདུག །རྒྱུན་མཚན་མཆན་གོང་མའི་ནང་གསལ་བ་བཞིན་ཡིན། མདོར་ན་ཤེས་དགོས་པ་གལ་གནད་ཞིག་ནི་རྙོག་གླེང་འདི་དང་དོན་རྐྱེན་འདིའི་ནང་དུ་རྒྱ་དམར་གྱིས་ལག་པ་བཅངས་ཡོད་པར་དོགས་པས་རང་བཞིན་ཡིན་པས་ཚང་མིའི་ཡིད་གཟབས་བྱོས། ད་དུང་གྲོས་ཚོགས་འཐུས་མི་དེའི་ལོ་རྒྱུས་ཡང་ཤེས་དགོས་པ་འདོད། ཁོ་ནི་ཀ་ལི་ཕོང་ནེ་ཡ་མངའ་སྡེ་ནས་ཡིན་པ་དང་ལོ་མང་སྔོན་ནས་བོད་དོན་རྒྱབ་སྐྱོར་བཟོས་ཡོད་རུང་། དེང་སོང་ཨ་རི་གྲོས་ཚོགས་ནང་དུ་བོད་དོན་གླེང་སློང་སྐབས་སུ་ཕན་པ་ལས་གནོད་ཚབ་ཆེ་བས་མི་སྣ་ཞིག་ཡིན་པ་ཡང་ཤེས་དགོས། ཁོས་བཙན་བྱོའི་སྒྲིག་འཛུགས་ལ་རྒྱ་དམར་གྱིས་ངན་སྨས་ལྟར་བཟོ་དགོས་གང་ཡིན་ནམ། རྣམ་དཔྱོད་དང་གོ་བ་ཕྲན་བུར་ཡོད་མཁན་ཞིག་ཡིན་ན་ཁོས་བཤད་སྟངས་འདི་རང་གིས་ཐོག་ནས་ཁོ་དང་ཁོའི་ཕྱོགས་གཏོགས་པ་དག་དམར་རྗེན་མ་དོན་གྱི་མི་འདུག་གམ། འདི་ཡིས་བསྐོར་དགོས་གལ་བྱུང་ན་མང་ཙམ་དང་གསལ་ཙམ་འབྲི་ངེས་ཡིན། །
བོད་མི་ཚོ་མགོ་མ་འཐོམ་ཞིག ཨ་རིའི་མི་ཡོངས་རྫོགས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ག་ལ་དགོས། ཨ་རིའི་གཞུང་དམངས་གཉིས་ཀའི་ནང་རྒྱ་གཞུང་ལ་བླ་དཀར་མཁན་ལོས་ཡོད། མི་གཅིག་གམ་དཔོན་ཅིག་གི་དེ་འདྲ་བཤད་པར་ཧ་ལས་དགོས་དོན་གང་ཡོ
ཚོགས་གཙོའི་སྐད་ཆ་དེ་ནི་གནས་ཡོད་མི་སྣ་ཞིག་བཤད་པའི་སྐད་ཆ་འདྲ་པོ་མི་འདུག་ལ་འགན་ཁྱེར་བའི་སྐད་ཆ་ཞིག་དེ་བས་ཀྱང་འདྲ་པོ་མི་འདུག ལྷག་པར་དུ་ཨ་རི་གཞུང་གིས་ནམ་ཀུན་ནས་བོད་པར་རོགས་རམ་བྱེད་པ་ནི་༧གོང་ས་མཆོག་དང་།་བོད་མིའི་ཤེས་རིག་སྲུང་སྐྱོབ རང་དབང་བརྩོན་ལན་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་ལས་དམར་ཤོག་མགོ་རྟིང་སློག་རྒྱུའི་ཆེད་དུ་ཡིན་ལུགས་སུ་ཞིག་གིས་ཀྱང་ཤོད་ཀྱི་མེད། དེ་བས་གལ་གནད་ཆེ་བ་ཞིག་ལ་སྲིད་འཛིན་ཨོ་བྷ་མས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱས་ཚར་བ་རེད། དེ་ལྟ་བུའི་ལང་ཕྱོགས་ཤིག་གི་འོག་ནས་ཚོགས་གཙོས་བོད་པར་རོགས་དངུལ་བྱས་པ་དེ་རང་བཙན་བརྩོད་ལེན་པའི་ཆེད་དུ་རེད་ཟེར་ན་ནང་འགལ་ཆགས་པ་རེད།
གཉིས་ནས། ཡང་སྙིང་རང་རླུང་འཕྲིན་ཁང་དུ་ནང་འཁུལ་སྙོག་གླེང་ག་རེ་ཡོད་པ་རེད། རྒྱུ་མཚན་གང་རེད། སྙོག་གླེང་གི་འབྱུང་རྩ་གང་རེད། ད་ལྟ་ང་ཚོའི་མིག་ལམ་དུ་བཤམས་པའི་གསར་འགྱུར་དག་ནི་ལྐོག་འགྱུར་གྱི་སྐད་ཆ་ཤ་སྟག་རེད། ཡང་སྙིང་གནད་དོན་ངོ་མ་གང་ཡིན་མིན་སུས་ཀྱང་ཤེས་ཀྱི་མི་འདུག དེས་ན་ད་གསར་འགོད་པ་ཚོས་གནས་ཚུལ་ངོ་མ་རྒྱུ་མ་ཕུ་འདེད་བྱེད་རྒྱུ་གལ་ཆེན་པོ་རེད། དེ་མིན་གནད་དོན་དངོས་མ་ཤེས་པར་དཀྲོག་གཏམ་རྒྱག་པ་ནི་རི་བོང་བཅའ་སྒྲོགས་རང་རེད།
ཨ་རིའི་ཕྱི་ལྟར་དུ་རྒྱ་ནག་ལ་བསྟུན་མཁས་བྱེད་བཞིན་པའི་ཟོལ་ཡོད་ཀྱང་། དོན་དུ་དམར་ཤོག་ལམ་ལུགས་རྩ་གཏོར་བཏང་ནས་དམངས་གཙོ་ཕྱོགས་སུ་བསྒྱུར་འདོད་ཤུགས་ཆེན་པོ་ཡོད། དེའི་ཕྱིར་སྔ་མོ་གློ་སྒྲིག་འཛུགས་དང་བོད་རང་བཙན་རྩོད་ལེན་པ་དང་ཡུ་གུར་སྒྲིག་འཛུགས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བརྒྱུད་ལམ་འདྲ་མིན་ཐོག་བྱེད་བཞིན་ཡོད།
ཡིན་ན་ཡང་། བོད་དོན་ཐོག་ལ་རོགས་རམ་ཤུགས་ཆུང་དུ་འགྲོ་བཞིན་ཡོད། རྒྱུ་མཚན་ནི། ང་ཚོས་ཁོང་ཚོའི་མངོན་འདོད་ལྟར་འགྲུབ་ཐུབ་ཀྱི་མེད། སྤྱིར་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་དེ་ཐུན་མོང་གི་མངོན་འདོད་དེ་རེད།
ཨེ་རླུང་ཁང་གིས་ཀརྨ་རྒྱ་མཚོའི་ལེ་ཚན་ནང་འཇམ་དབྱངས་ནོར་བུ་དཔྱད་གླེང་པ་མེད་པ་བཟོས་པ་དེ་སྨྲ་བརྗོད་རང་དབང་མེད་པ་ཟེར་ན་ཐལ་ཆ་ཆེ་དྲག་པ་རེད། འཇམ་དབྱངས་ནོར་བུ་དང་ཀརྨ་རྒྱ་མཚོ་གཉིས་ཀྱིས་ལེ་ཚན་ནང་རང་བཙན་གྱི་ལྟ་བ་ཤུགས་ཆེན་པོ་འཁྱེར་ནས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་མེད་པའི་འཁྱོག་བཤད་ཁོ་ན་དང། རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱ་རྒྱུར་བྱ་ར་བྱས་ན་བསྡད་མཁན་ཞིག་རེད། རྒྱལ་བ་རིན་པ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་་ལ་སྐྱོན་འཛུགས་བྱེད་རྒྱུ་བྱུང་ན་ཁོང་གཉིས་ནམ་ལངས་ཚར་བ་རེད། ད་ལྟའི་དུས་སྐབས་དེར་བོད་ནང་ཛ་དྲག་གི་སྐབས་རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ཁ་གཏད་མ་རེད། བོད་ཡུལ་བཙན་འཕྲོག་བྱས་ཏེ་བཙན་བྱོལ་དུ་གྱར་དགོས་པ་དང། རང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་བསད་མཁན་རྒྱ་མི་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་རྒྱ་མིས་ལངས་ལངས་པ་དང།གཞི་མེད་སྐྱོན་བཙུགས་བྱེད་བྱེད་པ་རེད། ཁྱེད་རང་གཉིས་ཀྱི་རྒྱ་མིའི་རྒྱབ་རྩར་ལངས་དགོས་དོན་ཨེ་ཡོད་ན་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་རྒྱལ་བ་རིན་པ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབས་དང་མཚན་ཤས་བཟོས་ན་ཁྱེད་རང་རྒྱ་མི་ལས་སྡུག་གི་རེད།
དྲྭ་གྲོགས་ཡོངས་ལ་མཚམས་འདྲི་ཞུ།
གོང་གསལ་མཆན༥༥པ་འདི་སྐལ་བཟང་ཀྱིས་མཆན་ནས་ཐད་ཀ་བཤུས་པ་ཞིག་ཡིན། གཟིགས་དང་དཔྱད་གཞི་ཡག་པོ་གསུངས་འདུག །
དྲ་འབུ་ཁ་ཤས་ཀྱིས་སྔོན་ཆད་བཀའ་ཟུར་ཟམས་གདོངས་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེངྒེ་གཉིས་ཀྱིས་ཨེ་ཤི་ཡ་རླུང་འཁྲིན་ཁང་ལ་བསྐྱོད་བརྗོད་བྱས་པ་དང་། རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་ལ་མཇལ་འཕྲད་བྱས་ཚུལ་སོགས་གཞིར་མེད་སྨྱོས་བཤད་མང་པོ་ཞིག་བཟོས་པ་དེ་དག་ལེན་ཆ་ཚང་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་འདུག་པར་དེ་གཟིགས་ན་ཤེས་ཐུབ། སྤྱིར་ཨེ་ཤི་ཡ་རླུང་འཁྲིན་ཁང་ནི་བཙན་བྱོལ་བོད་གཞུང་གིས་འབད་པ་ལ་བརྟེན་ནས་བཙུགས་པ་ཞིག་ཡིན་པ་དང་། དེ་ཡང་བོད་དོན་ལ་ཕན་ཐོག་ཏུ་རེ་ནས་བཙུགས་ཡོད་པ་གསལ་པོ་རེད། ཡིན་ཡང་དེང་སྐབས་རླུང་ཁང་ནང་དུ་ལས་ཀ་བྱེད་མཁན་རེ་ཟུང་ནས་གོང་ཞུས་དམིགས་ཡུལ་དེ་དག་ལས་ལྡོག་ཏེ་རང་གཞུང་ལ་སྐྱོན་འཛུགས་དང་། ཕྱོགས་རིས་གདོན་གྱིས་ཟིན་པའི་བྱ་སྤྱོད་ཐལ་ཤལ་རིགས་མང་པོར་ཡོང་གྱི་ཡོད་པ་ལ་གཞིགས་ན་མནག་ཐོག་བཙགས་ཁེལ་དགོས་ངེས་རེད། དེ་ཡང་རང་གཞུངས་ནས་གནང་འོས་པ་ཞིག་ལོས་ཡིན། གོང་གསལ་དྲ་འབུ་དག །ཧ་སོང་མདོག་དང་ཧོན་འཐོར་མདོག་མ་བཟོ་ཤིག
དང་པོ། བོད་པ་ཚང་ལ་སྡུག་བསྔལ་གསུམ། །སྤྲུལ་ལོག་དམ་ལོག་མང་མང་ནས། །ཕ་ཆོས་གསེར་གྱི་ཉིང་ཁུ་འདིར། །ཕོར་ཆུས་དོན་དུ་བརྗེ་བའི་སྡུག །གཉིང་པ། ཕྱི་དགྲ་མི་རྒོལ་ཕུ་ནུར་རྒོལ། །རང་རིགས་ལ་རྒྱལ་ཅན་ལ་སྨོད། །ཆོ་ཁ་ཆོས་ལུགས་གཏིང་ནད་དེའི། །དམ་ཚིག་འོ་མཚོ་ཕྲག་དམར་བསྒྱུར། །གསུམ་པར། ཆབ་དཔལ་རིགས་གསུམ་བདག་དབང་ཆེད། །གཅེས་པའི་ལུས་སྲོག་མེ་ལ་སྦར། །བསྔགས་བརྗོད་གྲུབ་འབྲས་བདེན་རྒྱབ་སོགས། །འདོད་དོན་ལས་ལྡོག་ལོག་འགྲེལ་མང་། །ཨུ་ཧུ་ཧུ་་་་་་་་་་་ཕྱི་ནང་གིས་དགྲ་བགེགས་འདི་དག་མ་ར་ཡ་ཕཊ་་་་་་་་་་་་་་་་་་་་་་་་་
དྲ་གྲོགས་ཚོས་ཐུགས་གཞིགས་ལེགས་པོ་གནང་རོགས་གནང་། མ་བརྟག་པའི་བབ་ཅོལ་རིགས་མ་མང་ན་ལེགས།།འདིར་ཨེ་རླུང་ཁང་གི་གསར་འགོད་པ་ཟེར་བ་ཚོས།རང་གིས་བཟོས་པའི་པོད་པའི་སྤྱི་ཚོགས་ཀྱི་གསར་འགྱུར་སྟེ།ཨ་རིའི་བོད་ལ་རོགས་སྐྱོར་གྱི་དངུལ་ཟ་རྒྱུ་མང་དྲག་ནས་ལྟོ་བ་མ་བདེ་བ། བོད་པའི་སྤྱི་ཚོགས་དང་བོད་གཞུང་གི་མགོར་ཚུར་འགེབས་བཞིན་པ། རྩ་ཉིན་ནས་ཟོས་ལྕི་བ་སྲིབ་ལ་གཏོང་མཁན། ལྟོ་རྒྱབ་བོད་ཐོག་ནས་ཕུད། ནང་སྙིང་རྒྱ་མི་ལ་ཉེ་བའི་ལས་པྱེད་མཁན་རྐྱང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གནས་སྟངས་འདིའི་རིགས་ལོ་ངོ་༨ཀྱི་གོང་རོལ་ནས་རྟོགས་ཡོད་ཀྱང་། གསར་འགོད་པ་འདི་རིགས་ལ་སྙིང་རྗེ་ཡུལ་དུ་དམིགས་ནས་ཕྱིར་འབུད་ཀྱི་དགོངས་གཞི་བཟུང་ཡོད་པ་མ་རེད། ཨེ་རླུང་ཁང་གིས་ཨེ་རླུང་ཁང་ལ་ད་ལྟ་བྱུང་བཞིན་པའི་གནས་སྟངས་འདི་ཕྱིར་བསྒྲགས་མི་བྱེད་པའི་རྒྱུ་མཚན་གང་ཡིན།རྡ་རམ་ས་ལ་ནས་ཇོ་མོ་ཚོར་བཙན་གྱི་སྡོམ་པ་ཤོར་དུ་འཇུག་གི་འདུག་་ཅེས་སྐལ་ལྡན་བློ་གྲོས་དང་ཟླ་བ་སྒྲོལ་མ།དཔལ་ལྡན་རྒྱལ་གསུམ་གྱིས་ཆེད་དམིགས་གསར་འགྱུར་བྱས་ནས་བཏང་སོང་། ད་ལྟ་སྐལ་ལྡན་བློ་གྲོས་ཀྱིས་ང་ཕོད་བུ་ལ་རྒྱབ་སྐྱོར་མ་བྱས་པ་དང་།དཔལ་ལྡན་རྒྱལ་གྱིས་རྒྱབ་སྐྱོར་ཡི་གེར་ས་ཡིག་བརྒྱག་ཏུ་བཅུག་ནས།ང་ཕོད་བུ་ལ་སྤྲད་དེ་ཨ་རི་གྲོས་ཚོགསསུ་ཕུལ་རྗེས།ཨ་རི་གྲོས་ཚོགས་ཀྱིས་བོད་གཞུང་ལ་བརྙས་བཅོས་དང་ཐུབ་ཚོད་བཏང་ཡོང་དུས།བོད་པའི་སྤྱི་ཚོགས་ཀྱི་ཤེས་དགོས་པའི་གསར་འགྱུར་ཆེན་པོ་འདི་དག་ཨེ་རླུང་ཁང་གིས་བོད་མི་དམངས་ལ་མི་བསྒྲགས་པའི་རྒྱུ་མཚན་ཅི་ཡིན། ཨེ་རླུང་ཁང་གི་ལྟོ་གཟན་ཁྱེད་ཚོས་ ཨ་རི་གྲོས་ཚོགས་ལ་ས་ཡིག་བརྒྱབ་པའི་སྙན་ཞུའི་སྟེང་གསར་འགོད་རང་དབང་མི་འདུག ལས་ཀ་ལ་འགོག་རྐྱེན་དང་གནོན་ཤུགས་སྤྲད་རབ་མང་པོ་བྲིས། གསར་འགྱུར་བཤད་རྒྱུར་ཕྱོགས་ཞེན་གྱི་བསམ་བློས་ང་ཚོར་གནོན་ཤུགས་སྤྲད་ཡོང་ནས། ང་ཚོས་དྲང་བདེན་གྱི་ལས་ཀ་ལ་གནོད་པ་ཐེབས་པ་དང་སྐྱོན་བརྗོད་བྱེད་པཞིན་འདུག་ཟེར། ད་ལྟ་བཙན་བྱོལ་བོད་གཞུང་དང་བོད་ཀྱི་སྲིད་སྐྱོང་ལ་།ཨ་རི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚན་པའི་ཚོགས་གཙོའི་མཚན་ཐོག་ནས་ཡི་གེ་བསྐུར་ཡོང་དུས། ཁྱེད་ཚོས་གསར་འགྱུར་ནང་རྩ་བ་ནས་མི་བཤད་པའི་རྒྱུ་མཚན་ཅི་ཡིན། ཁྱེད་རང་ཚོར་གསར་འགྱུར་ལ་སྟངས་འཛིན་གྱི་དབང་ཆ་འདི་སུས་སྤྲད་པ་ཡིན།བོད་ཕྱི་ནང་གི་མང་ཚོགས་ལ། བོད་ལ་བྱུང་བཞིན་པའི་ཛ་དྲག་གནས་སྟངས་ཁག་ཤེས་རྟོགས་བྱེད་རྒྱུའི་ཐོབ་ཐང་ལྟོ་གཟན་ཁྱེད་ཚོས་མེད་པར་བཏང་ན་ཆོག་གམ།ཐོབ་ཐང་ཅེས་པ་ལྟོ་གཟན་ཁྱེད་ཚོ་རྐྱང་བར་ལབ་རྒྱུའི་དབང་ཆ་དམིགས་གསལ་བ་དེ་སུས་སྤྲད་སོང།ཨ་རི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚན་པའི་ཚོགས་གཙོ་མཆོག། ང་ཚོ་བོད་ཕྱི་ནང་གི་བོད་མི་ཚང་མས་ཀྱང་ཁྱེད་ལ་སྙན་ཞུ་ཞིག་གྲ་སྒྲིག་ཞུ་བཞིན་ཡོད། ཁྱེད་ཀྱིས་ཨེ་རླུང་ཁང་གི་གསར་འགོད་པ་ཚོར་ཡང་མིང་ནས་བོས་ཏེ། གཙང་ཕྱག་ཞིག་གནང་རོགས་གནང་།སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་ནང་གསལ་ལྟར། “ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་རེད། ཕྲན་ནས་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གིས་གལ་ཆེའི་ལས་དོན་འདིའི་ཐོག་དངུལ་དངོས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་གསུངས་འདུག་པ་ལས་ལྷག་ཅིག་ང་ཚོ་བོད་ཕྱི་ནང་གི་བོད་མི་སྙོམ་ཆུང་ཚོར་ཁྱེད་ལ་འདི་ལས་ལྷག་ཅིག་ཞུ་རྒྱུམེད།དེ་བས་ཁྱེད་ཀྱིས་་ཨེ་རླུང་ཁང་གི་གསར་འགོད་པ་ཚོར་ཡང་ལྟ་རྟོག་ནན་པོ་དང་དེ་དག་ཤེས་པར་བྱས་ནས་ཐག་གཅོད་བྱ་རྒྱུ་ཀྱང་མ་རྗེད་པ་གནང་རོགས་གནང་ཞུ་པ་ལགས།གལ་སྲིད་སྐྱོང་མཆོག་གི་གསལ་བསྒྲགས་དེས་མ་འཐུས་ན། མ་གཞི་བོད་མི་ཚོས་ཁྱེད་ལ་ཞུ་སྙན་ཞིག་འབུལ་ངེས་ཡིན་པ་མཁྱེན་པར་མཛོད་ཅིག ཨེ་རླུང་ཁང་གི་ཀརྨ་རྡོ་རྗེ་དང་དཔལ་ལྡན་རྒྱལ། གཙོས་ལྕགས་མོ་འཚོ་ལ་སོགས་ང་ཕོད་བུ་ལ་ཤ་ཚ་ཡོད་ནས་མིག་ཆུ་བཏོན་ཏེ་ཞུ་འབོད་བྱེད་མཁན་ཁྱེད་ཚོ་དང་། སྐལ་ལྡན་བློ་གྲོས་གཙོས་ང་ཕོད་བུ་ལ་རྒྱབ་སྐྱོར་མེད་མཁན་ཁྱེད་ཚོས་བོད་སྤྱི་ཚོགས་འདི་ཁྲག་དཀྲིགས་རྣག་དཀྲིགས་བྱེད་ཐུབ་གི་མ་རེད།སྲིད་སྐྱོང་མཆོག་གིས་ “ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ནང་ཁུལ་གནད་དོན་སྐོར་ལ། བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་། ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད།” ཅེས་པའི་གསུངས་དེ་ཉིད་རྡོ་རྗེ་བཀའ་ཉག་གཅིག་ལགས་སོ།རླུང་འཕྲིན་ཁང་གི་དྲ་འབུ་ལྟོ་གཟན་ཁྱོ་ཚོས་ད་དུང་བོད་གཞུང་དང་སྒྲིག་འཛུགས་ལ་གནོད་གཞིར་གྱུར་བའི་དྲ་མཆན་འགོད་རྒྱུ་འཚམས་མི་འཇོག་ན། ཐབས་ཤེས་རིམ་པས་ཡོང་གི་རེད། རང་ཚོས་བྲེལ་བ་མ་ཆེ་བལྟོས་ཤོག
ངག་ཕོད་ངག་རང་དྲགས་ནས།
ཆབ་མདོ་བསྐྱལ་ནས་ཕེབས་བྱུང་།
འཇིགས་མེད་དོན་མེད་གཏམ་གྱི།
ལུང་ཆུང་སྐད་ཀྱི་བརྒྱངས་སོ།
དྲ་གོགས་ཚོས་བསམ་བློ་ཞིག་གཏོང་དང། ཨ་རི་གྲོས་ཚོགས་ཀྱི་འཐུས་མི་དེས་སྐད་ཆ་ལ་ཉོན་དང། ད་གསལ་པོ་རེད། ཁོང་གི་སྐད་ཆ་དེ་འཇམ་དབྱངས་ནོར་བུ་དང་རྐ་མ་རྒྱ་མཚོ་ཡི་སྐད་ཆ་རེད་མ་གཏོགས་གཞན་གང་ཡང་མ་རེད། རྒྱུ་མཚན་ནི་ཟླ་ཁ་ཤས་སྔོན་ལ་རྐ་མ་རྒྱ་མཚོ་ཡིའི་རེ་གཟའ་ཉི་མའི་གཏམ་གླེང་སྒོ་རྒྱབ་ཚར་བ་རེད། དེས་རྐྱེན་གྱི་འཇམ་དབྱངས་ནོར་པོ་དང་བཀའ་ཟུར་བསོད་ནམ་སྟོབས་རྒྱལ་འོན་ཀྱང་མི་ཁ་ཤས་ཞིག་གི་ལག་ནས་ལས་ཀ་ཤོར་བ་རེད། འདི་དག་ཚང་མ་རང་གི་ལྟོ་གོས་དང་འབྲེལ་བ་ཧ་ཅང་ཡོད་རེད། དེ་འདྲ་ཡིན་ཙང་རང་བཙན་ཁ་ལ་འཁྱེར་ནས་རང་གི་རང་དོན་སྒྲུབས་གི་ཡོད་རེད།
རྩ་བའི་ཆ་ནས་བསྒྱུར་ལེགས་པོ་བྱུང་མི་འདུག ནམ་རྒྱུན་ས་གཙང་རི་མཐོ་ཞེས་བརྒྱུད་ལམ་ཁག་ན་ཡོད་པའི་ཁ་ན་གྲར་གནས་བསྡོད་ཚེ་རིང་ཤཀྱ་ལགས་ཀྱིས་ཡི་གེ་འདི་རིགས་ཡག་པོ་བསྒྱུར་བཞིན་འདུག
གནད་འདི་རིགས་དྲ་ཐོག་སྤེལ་བ་བཟང་མོད། ཤེས་དང་མི་ཤེས་མཁན་ཚང་མས་མེད་མིག་མ་བཏོན་ན་མི་བཟང་ངམ། རབ་ཡིན་ན་མཚམས་འདི་ནས་མཆན་བུ་འདེབས་པའི་སྒོ་མོ་དེ་བརྒྱབ་བཞག་ན་མི་ཡག་གམ།
ངག་ཕོད་ཕ་བུ་གཉིས་པོ།
དོལ་རྒྱལ་རིགས་རྒྱུད་མིན་ནམ།
ཕ་ཡིས་རྒྱལ་བཙོངས་ལྷག་མ།
བུ་ཡིས་མཇུག་སྐྱོངས་གནང་ངམ།
ད་ང་ཡིས་ཅིག་བྲིས་གི་ཡིན་
སྤྱིར་དྲང་ལྡན་དང་ཁ་གསལ་གཏིང་གསལ་དགོས་ངེས་ཀྱང་ཨ་མི་རེ་ཀ་རྒྱབ་་དུ་ཁྱེར་ནས་བོད་མིའི་ཉམ་ཆུང་གཞུང་ལ་རྡིག་ར་དཀུལ་བ་དང་ལྷགས་པར་དུ་བོད་མིའི་ཁྲིམས་ཞིབ་པ་ཡོད་ཞིན་དུ་བྱེད་གཏང་འདི་ནི་ཡིད་མ་རང་པ་ཞིག་རེད་ལ་ད་ལྟའི་གནས་སྐབས་ལ་དྲ་སྟིང་ལ་འབུར་དུ་དོན་པ་ནི་བྱི་བ་ཆུང་ངོའི་བྱེད་བབས་ཞིགས་ལ་མངོན།
དེ་བདག་ནི་གློ་འཕམས་གི་རང་ཞིན་ཞིགས་རེད་མཉམ། ལྷགས་པར་དུ་མི་ཆེན་རྣམས་ནས་ཆེ་ས་ལ་དགོང་པ་ཞེས་ནས་ཆུང་ས་བློས་མ་ཐོང་པ་ནི་ཐད་བས་གཡོགས་པའི་མེ་དོངས་དང་འདྲ། དེ་བས་གནས་སྐབས་རང་གི་ཚན་སྙན་བློས་གཏང་ནས་གཞན་གི་གུས་གུར་ཐོབ་པ་བྱས་ན་ཕུགས་རྒྱང་རིང་པོ་ལ་རྒྱ་ཁ་ཐོབ་ནི་དོན་མི་ཟབ་པ་ཞིགས་རེད།
རང་ལ་དཔོན་གནས་དགོས་ནགཞན་གི་གུས་གུར་ཐོབ་དགོས་པ་ནི་ཁྱེད་མཁས་པ་ཆེན་པོ་རྣམས་ནས་གསུང་རྒྱུན་ཞིགས་རེད་
གནད་དོན་འདི་འདྲའི་རིགས་ལ་བགྲོ་གླེང་བྱེད་དུས་དངོས་མིང་མ་སྦས་པར། འགན་འཁུར་གྱི་རྣམ་འགྱུར་མ་བོར་བའི་ཐོག་ནས་བགྲོ་བྱེད་རྒྱུ་གལ་ཆེ་བ་དེ་དྲ་འབུ་རྣམས་དང་རྩོམ་སྒྲིག་པ་ཟུང་ལ་ཞུ་འདོད་བྱུང།
ངེད་ནས་གསར་འགྱུར་འདི་བཀླགས་པ་དང་གློ་བུར་དྲི་བ་གཅིག་སླེབས་པ་ནི། གྲོས་ཚོགས་འཐུས་མིའི་བཀའ་མོལ་འདི་ལ་ཁུངས་ག་ཚོད་ཡོད་མེད་དེ་རེད། སྐབས་དོན་ང་ཕོད་གླེང་རྒྱུ་ལས་རོགས་དངུལ་བེད་ལོག་ཏུ་སྤྱོད་ཀྱི་ཡོད་མདོག་མདོག་བཤད་འདུག་པ་འདི་ཉེན་ཁ་ཚ་བོ་ཞིག་རེད། འཐུས་མི་འདིས་ཞིབ་འཇུག་བྱས་ཏེ་བཤད་པ་རེད་དམ་ཡང་ན་རྒྱུད་སྐུལ་བྱས་ཏེ་བཤད་པ་རེད། འཐུས་མི་འདི་དང་འོད་ཟེར་གྱི་རྩོམ་ཡིག་དེ་གཉིས་ལ་ཚ་ཁ་མིན་ཙམ་མ་གཏོགས་ཅིག་བྲོ་ཡ་ཡོད་པ་གཅིག་མཚུངས་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། ཁོས་ཞིབ་འཇུག་བྱས་མེད་པས་རྟགས་མཚན་གསལ་བོ་འདུག གང་ཡིན་ཞེ་ན། དྲང་བདེན་དང་གནས་ལུགས་ཀྱི་ཚད་འཛིན་ས་ལྟ་བུར་གྱུར་བའི་བློ་གྲོས་ཀྱི་གཏེར་མཛོད་ཟམ་གདོང་རིན་པོ་ཆེའང། ཆབ་སྲིད་པ་སྤྱི་མཚུངས་ཁྲོད་མཚན་འབོད་བྱས་འདུག་པ་ནི་ཧ་ལས་པའི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། དེ་ཙམ་ཞུ།།
་་་་་་་ འཇམ་དབྱངས་ནོར་པོ་དང་བཀའ་ཟུར་བསོད་ནམ་སྟོབས་རྒྱལ་འོན་ཀྱང་མི་ཁ་ཤས་ཞིག་གི་ལག་ནས་ལས་ཀ་ཤོར་བ་རེད། འདི་དག་ཚང་མ་རང་གི་ལྟོ་གོས་དང་འབྲེལ་བ་ཧ་ཅང་ཡོད་རེད། དེ་འདྲ་ཡིན་ཙང་རང་བཙན་ཁ་ལ་འཁྱེར་ནས་རང་གི་རང་དོན་སྒྲུབས་གི་ཡོད་རེད། ་་་་་་ཟེར་བ་འདི་ལ་དྭོགས་པ་ཆེན་པོ་ཟ་བཞིན་ཡོད་ལགས།
དྲ་གྲོགས་ལྷན་རྒྱས་སྐུ་ཁམས་བཟང་། ངག་ཕོད་ལས་ཀ་ནས་ཕུད་ནའང་འདྲ། དབྱུགས་པ་ཡིན་ནའང་འདྲ། ཁོ་མི་གཅིག་གི་ལས་གནས་ཙམ་ལས་བོད་གཞུང་གི་ཆགས་འཇིགས་གནས་ཚུལ་དང་། གཞིས་བཞུགས་བོད་མིའི་ཛ་དྲག་གི་གནས་བབས་སོགས་ལ་དོ་ཕན་ཅི་ཡང་མི་མཐོང་བས་ནང་ཁུལ་རྩོད་རེས་བྱས་བསྡད་ན། དགོས་པ་ཅི་ཡང་མི་མཐོང་། ཡིན་ནའི་འདོད་ཆགས་སངས་ཐབས་སུ་མུད་མཐུད་ནས་ཡིན་ད།
་་་་་་དེས་ན་ཨ་རི་གཞུང་ལ་རེ་འབོད་ཞིག་ཞུ་རྒྱུར་ཨེེ་རླུང་དེ་བོད་དང་བོད་མི་རིགས་ཀྱི་རྩ་དོན་ཆེད་བཙུགས་ཡོད་ན་འདྲ་མཉམ་གྱི་ཐོབ་ཐང་འོག་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་གྱིས་སྨྲ་བརྗོད་རང་དབང་གཙང་མ་གླེང་སའི་གླེང་སྟེགས་ཞིག་བསྐྲུན་རོགས་གནང་། ་་་་ཟེར།
ཨེ་རླུང་སྒོ་མ་རྒྱབ་སྔོན་ལ། ཁ་བརྡའི་མཆན་འབྲི་བཀག་ན་ཕན་ཐོགས་མི་ཆེའམ། ལགས། དྲྭ་བདག་ཚོ།
ཕྱོགས་གཞན་ཞིག་ནས་བཤད་ན། ཁོས་ཞིབ་འཇུག་བྱས་མེད་པས་རྟགས་མཚན་གསལ་བོ་འདུག གང་ཡིན་ཞེ་ན། དྲང་བདེན་དང་གནས་ལུགས་ཀྱི་ཚད་འཛིན་ས་ལྟ་བུར་གྱུར་བའི་བློ་གྲོས་ཀྱི་གཏེར་མཛོད་ཟམ་གདོང་རིན་པོ་ཆེའང། ཆབ་སྲིད་པ་སྤྱི་མཚུངས་ཁྲོད་མཚན་འབོད་བྱས་འདུག་པ་ནི་ཧ་ལས་པའི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ཟེར། ཧཧཧཧཧཧ།
ད་ནས་རྒྱ་གཞུང་བདམས་ཁ་གཅིག་ལས་མེད། བོད་རང་བཙན་སྤྲོད་དང་། རྒྱ་ནག་མང་གཙོར་བསྒྱུར་རྒྱུ་ཙམ་མོ།
ང་ཕོད་འདི་ཕའི་ལམ་དུ་འགྲོ་གི་ཡོད་ས་རེད་་་་་ཡང་དར་དམར་ཞིག་འོག་ནས་ཕ་རོལ་དུ་འགྲོ་དགོས་ན་ཨ་ཁ་ཁ་
ཉིན་འགར་བྲེལ་ཟིང་ཆེ་བས་ཁ་བརྡར་ཁ་གཏམ་གློད་རྒྱུ་མ་ཁོམ། དེ་རིང་འདིར་མཆན་མང་དག་ཅིག་སྤེལ་ནས་འདུག་པར་ཡ་རེ་མཚན།
གནད་དོན་འདི་སྣང་མེད་དུ་བཞག་ན་མི་ལེགས་པར་སེམས། ཚང་མས་ཚིག་ཐག་བཅད་ནས་ཡི་གེ་འབྲི་བའི་དུས་མིན་ལ། གོ་སྐབས་དམ་འཇིན་གྱིས་རང་རྒྱལ་ལྐོག་བཤད་བྱེད་པའི་དུས་ཀྱང་དེ་བས་མིན།
གངས་ཅན་པ་ང་ཚོ་གཉན་ཕྲང་གི་དུས་སྐབས་འདིར་ང་ཚོ་བརྟག་དཔྱད་དང་དབྱེ་ཞིབ་ལ་འཇུག་དགོས་པའི་དུས་ཚོད་ཛ་དྲག་ཅིག་རེད་སེམས།
་་་་ གངས་ཅན་པ་ང་ཚོ་གཉན་ཕྲང་གི་དུས་སྐབས་འདིར་ང་ཚོ་བརྟག་དཔྱད་དང་དབྱེ་ཞིབ་ལ་འཇུག་དགོས་པའི་དུས་ཚོད་ཛ་དྲག་ཅིག་རེད་སེམས། ཟེར།
གོང་གསལ་མཆན་༣༨་དང་༥༧་གཉིང་སྐར་ཁུང་དྲ་ནང་དུ་མཆན་བཀོད་ནས་ཞགས་གཅིག་ཟིན་སོང་ཡང་ད་དུང་དཀག་འདུག །མ་ཟད་ཉིན་ཤས་སྔོན་དུ་གནས་ཚུལ་འདི་དངོས་བདེན་ཡིན་ཚེ་བོད་མིའི་སྒྲིགས་འཛུགས་ལ་རྒྱུ་མཚན་ཡོད་རྒྱུ་རེད་བཅས་པ་ཞིག་བཀོད་རུང་མེད་པར་བཟོས་སོང་། ད་ཡོད་ངཕོད་འཇིགས་མེད་དང་འབྲེལ་བས་མཆན་བུ་དག་ལ་གཟིགས་དང་། རང་གཞུང་དང་ཟམས་གདོངས་རིན་པོ་ཆེ་ལ་ཁ་བཏང་རིགས་གང་ཡིན་བཀོད་པ་ལས་དེ་མིན་ནག་བསུབས་བཏང་གྱི་འདུག །སྐར་ཁུང་དྲ་བདག་ལ་ཟེར་གྱི་ཡོད། །
སྲིད་སྐྱོང་མཆོག་ངོ་མས་ཡ་མཚར་རེད། ཁོང་གིས་བོད་པའི་སྤྱི་ཚོགས་ནང་དང་བོ་བསྒྲགས་གཏམ་སྤེལ་ནས་དཀར་བཏོན་བྱས་པ་ལས། ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ད་ཡོད་འགན་འཛིན་ལ་གསལ་བཤད་དང་ཁུངས་འདེད་བྱེད་དགོས་ལས། ང་ཚོའི་མང་ཚོགས་ཀྱིས་ཁོང་ལ་བརྡ་འདེད་བྱེད་རྒྱུ་ལས་ལྡོག་ནས། སྲིད་སྐྱོང་དང་དེའི་བར་གྱི་གསལ་བཤད་ལ་སྒུག་ནས་བསྡད་ཡོད།
མཆན་སྒོ་སྒོ་མ་རྒྱབ་ན་ལེགས་མི་ཚང་མས་བསམ་ཚུལ་བཤད་ན་ལེགས་དེ་མིན་གསལ་པོ་ཞིག་ཆགས་ཀྱི་མ་རེད་
བཀའ་ཤག་ཕྱི་གསལ་ནང་གསལ་ཡིན་ན་ཚོགས་སྡེ་གཞན་རྣམས་ཀྱང་ཕྱི་གསལ་ནང་གསལ་ཡིན་དགོས།
ཁ་སངས་ན་གོ་བདེ། ནམ་སངས་ན་འགྲོ་བདེ། ཟེར་བ་རེད
ཨ་རིའི་གྲོས་ཚོགས་འཐུས་མི་ཌ་ནཱ་རོ་བྷ་ཆཱར་ལགས་སུ།
ཀརྨ་རྡོ་རྗེ་དང་དཔལ་ལྡན་རྒྱལ། སྐལ་ལྡན་བློ་གྲོས། ལྕགས་མོ་འཚོ། ཀརྨ་རྒྱ་མཚོ་ལ་སོགས་མགོ་བདེ་དྲན་སྐྱེན།ནང་ཁུལ་དབྱེན་སྦྱོར་གྱི་བྱེད་གཏེ། ང་ཆེ་ང་དྲག་གི་ང་རྒྱལ་ཅན་གྱི་གོང་བུ་འདི་དག་ཁྱེད་ཀྱིས་གསུངས་པ་ནང་བཞིན་ ཨེ་རླུང་ཁང་གི་བོད་སྐད་རླུང་འཕྲིན་ཞབས་ཞུ་སྡེ་ཚན་དང་། དེར་རྒྱབ་སྐྱོར་དང་དཀའ་ལས་རྒྱག་མཁན་གྱི་ཨ་རིའི་བོད་མི་ལས་བྱེད་པ་ཡིན་པར། བོད་པའི་མང་ཚོགས་ཀྱིས་ངོས་ལེན་ཡོད་པ་མ་རེད།།ཨ་རིའི་མི་སེར་རེད་དེ།ལས་ཀ་དྲང་བདེན་བྱེད་བཞིན་ཡོད་པ་མ་རེད། མི་འདི་དག་གི་བྱ་བྱེད་ཀྱི་དབང་གིས་ང་ཕོད་བུས་ཀྱང་རང་སྡུག་ས་ནས་བླངས་ཏེ་ཐོད་པར་བཀོད་པ་རེད། མི་འདི་དག་གིས་ཨེ་རླུང་ཁང་གི་ལས་བྱེད་ཚང་མ་ཤ་ཉེ་གཟའ་ཚང་དང་།ནང་མི་སྤུན་ཟླ།ལུང་ཚན་ཁག་སྒྲིག་བྱས་པ་ལ་རྐྱེན་བྱས་ནས་མཐའ་འཇུག་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་མིའི་སྒྲིག་འཛུགས་བར་ལའང་རྩོད་རྙོག་འདི་བྱུང་བ་ནི།ཨ་རིའི་མི་སེར་དུ་གྱུར་བའི་ཨ་བོད་།འདིའི་རིགས་མགོ་རུལ་རྣ་བས་མ་ཚོར་བའི་དཔེར།གྲོས་ཚོགས་འཐུས་མི་མཚོག་ལའང་བྱུང་མི་འདུག་གམ།ཁྱེད་རང་གིས་གསུངས་པའི་ཤོག་ཁག་ཅེས་པ་དེ་གཅིག་བཅོས་ན་གོང་གི་མི་འདི་ཚོས་ཁྱེད་ལ་ཞུས་པ་འདྲ་བོ་འདུག ཁྱེད་རང་ཨེ་རླུང་ཁང་ལ་ཕེབས་ནས་གཟིགས་ཞིབ་ཅིག་གནང་རོགས་གནང་དང་ཤོག་ཁག་ཅེས་པ་ཤེས་ཡོང་ངེས།ཨ་རིར་གཞུང་འབྲེལ་ལས་ཁུངས་གཅིག་གི་ནང་། ནང་མི་བུ་སྤུན་ལུང་ཚན་གཅིག་པ་རྐྱང་མ་གཏོགས་ལས་ཀ་བྱས་མི་ཆོག་པའི་ཁྲིམས་མེད་པ་འདྲ། ཨ་རི་དང་བོད་ཀྱི་བར་དམའ་འབེབས་དང་གནོད་ཚབ་ཆེ་བའི་བྱ་སྤྱོད་སྤེལ་མཁན་གྱི་མི་འདི་རིགས་ལས་གནས་ནས་ངེས་པར་དུ་འཕྲལ་མར་མཚམས་འཇོག་བྱེད་དུ་འཇུག་ཐུབ་ན་ལེགས་པོ་རེད།དེ་མིན་ཁྱེད་རང་ལའང་ང་ཕོད་བུ་བཞིན་མི་པཟོ་བའི་ངེས་པ་མི་འདི་དག་ལ་ཡོད་པ་མ་རེད།གཞན་ཡང་ཨ་རིའི་འཐུས་མི་མཆོག་ལ་ཞུ་རྒྱུར། སྤྱིར་ན་གནས་སྟངས་འདི་བོད་མིས་ལོ་ངོ་བཅུ་ལྷག་གི་གོང་ནས་གནས་སྟངས་འདི་ཤེས་ཡོད་པ་རེད་དེ། ཅམ་འཇོག་པྱས་ཡོད་པ་རེད། ཐེངས་འདིར་ཨ་རིའི་སྤྱི་ཚོགས་སུ་ཁོ་རང་ཚོས་སྐྱེལ་བ་རེད།ད་ནི་ཁྱེད་རང་གིས་ཨེ་རླུང་ཁང་ལའང་བོད་གཞུང་ལ་གསུངས་བ་ནང་བཞིན་གཙང་དག་ལེགས་པོ་ཞིག་མ་གནང་བ་ཡིན་ན། གཅིག་ནས་ཨ་རིའི་ཆེ་མཐོང་ལ་མཚན་ཤས་སུ་འགྱུར་བ་དང་།གཉིས་ནས་བོད་མིའི་སེམས་ལའང་རྨ་ཁ་བཟོས་ཚར་བས། མ་འོངས་བར་ཨེ་རླུང་མི་འདི་དག་གི་འཚོ་རྟེན་ཁོ་ནའི་ཆེད་གནས་དགོས་པ་མིན་ན། བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ཚོས་ཨེ་རླུང་ལ་ཡིད་ཆེས་བརླག་མི་སྲིད་པ་མ་རེད།སྐབས་དེར་ཨ་རིས་བོད་མིར་རོགས་སྐྱོར་བྱས་པ་མ་ཡིན་པར། བོད་པ་ཨ་རི་པ་ཁག་ཅིག་གི་འཚོ་ཐབས་ཐག་ཆོད་ཆེད་ལས་ཁུངས་འདི་བཙུགས་པ་ལྟ་བུ་ཞིག་ཏུ་གྱུར་འགྲོ་བ་རེད། རྒྱུ་མཚན་མེད་པ་མིན་དེ། ཐེངས་འདིར་མི་འདི་དག་གིས་ཁྱེད་རང་ལ་སྙན་ཞུ་ཕུལ། ཁྱེད་རང་ཡང་ཕྱོགས་གཅིག་རྐྱང་བའི་དབང་དུ་སོང་ནས། བོད་གཞུང་ལ་སྐད་ཆ་ཙམ་ཡང་མ་དྲིས།རྒྱུས་ལོན་ཡང་མེད་པར་ཐད་ཀར་སྙོམ་ཆུང་ཡིན་པའི་བོད་གཞུང་ལ།སྡིག་ར་སྐུལ་རྐྱང་བྱས་འདུག ད་ནི་ཞལ་ཁ་ཕྱིར་ཞོགས་ལ་ཨེ་རླུང་ཁང་ལ་རྟོགས་དཔྱད་དང་ལྷན་གད་བརྡར་གང་ལེགས་ཞིག་གནང་རོགས་ཞུས། ཁེས་གཉེར་ནང་མའི་ཤོག་ཁག་འདི་དག་གཙང་བཟོ་མ་བྱས་ན་བོད་མི་ཚོ་ཡང་སེམས་དག་གི་མ་རེད།མཐའ་ན།ཨམ་སྐད་དང་ཁམས་སྐད་གཉིས་ལ་འཕྲལ་སེལ་ལས་བྱེད་ཚོར་དུས་ཚོད་༡༠འཕར་བསྣོན་བྱས་པ།ཁམས་སྐད་སྡེ་ཚན་གྱིས་ཉིས་བགོས་ཀྱི་ལས་ཀ་ཚད་ལྡན་བསྒྲུབ་ཡོད་ནའང་།ཨམ་སྐད་སྡེ་ཚན་ནང་དཔལ་ལྡན་རྒྱལ་དང་ལྕགས་མོ་འཚོ་གཉིས་འཕར་སྥྱང་ཉམས་འབྲེལ་གྱི་ལྩགས་མོ་འཚོ་གཅིག་པུས་ཆུར་མིད་བྱས་ཏེ་མོ་རང་གི་ཆོ་གར་སྤྲད་པས། ཀེ་ཐོས་ཆུ་མ་མུད་ནས་བལྟས་ནས་བསྡད་ཡོད་པ་རེད།འདི་ནི་གནས་ཚུལ་ཆུང་ཙག་གི་རིགས་རེད། དེ་བས་ཨ་རི་གྲོས་ཚོགས་འཐུས་མི་ཁྱེད་ཀྱིས་ཁོ་རང་ཚོས་བསྐྲུན་པའི་གོ་སྐབས་ལེགས་པོ་འདི་བེད་སྤྱད་དེ་བརྟག་དཔྱད་གང་ལེགས་ཀྱིས་གཙང་ཕྱག་གང་ལེགས་གནང་ནས། ཨ་རིའི་ཆེས་མཐོང་མ་བརླག་པ་དང་ཀརྨ་རྡོ་རྗེ་དང་དཔལ་ལྡན་རྒྱལ། སྐལ་ལྡན་བློ་གྲོས། ལྕགས་མོ་འཚོ། ཀརྨ་རྒྱ་མཚོ་ལ་སོགས་མགོ་བདེ་དྲན་སྐྱེན།ནང་ཁུལ་དབྱེན་སྦྱོར་གྱི་བྱེད་གཏེ། ང་ཆེ་ང་དྲག་གི་ང་རྒྱལ་ཅན་གྱི་གོང་བུ།ཕྱིར་ངན་རྐྱེན་གྱི་སྣ་འདྲེན་འདི་དག་མཐར་སྤྲོད་ཀྱིས་བོད་མིའི་སེམས་རྩ་ཟིན་པ་ཞིག་བཟོ་རོགས་གནང་། གལ་སྲིད་དེ་ལྟར་མ་བྱུང་ན་འགོ་བྱེད་ཅི་ཙམ་བརྗེ་བོ་བརྒྱབ་ཀྱང་གནས་སྟངས་སྔར་མ་ནང་བཞིན་ལས་འགྱུར་ལྡོག་གང་ཡང་འབྱུང་རྒྱུ་ཡོད་པ་མ་རེད།མཐར་ཨ་རི་དང་བོད་པའི་གནས་སྟངས་ལ་མི་ཕན་པའི་སྟེང་།རྒྱ་ནག་གཞུང་གི་འདོད་སྟེང་ལ་རྟ་རྒྱུགས་ན་དེ་འཐུས་མི་ཁྱེད་ཀྱི་འདོད་དོན་ཡང་ཡིན་རྒྱུ་མ་རེད་སྙམ་ཡོད་ལགས།བསམ་བློ་ཞིབ་ཏུ་གཏོང་རོགས་གནང་ཨ་རིའི་འཐུས་མི་ལགས།ཁྱེད་ཀྱིས་བོད་གཞུང་དང་སྲིད་སྐྱོང་མཆོག་ལ་ལྐོག་གཡོ་ངན་ཇུས་སྤེལ་ན་དེར་བཟོད་སྒོམ་བྱེད་ཀྱི་མིན། ཞེས་གསུངས་པ་ནང་བཞིན། ཨེ་རླུང་ཁང་གི་ལྐོག་གཡོ་ངན་ཇུས་སྤེལ་ན་དེར་ཡང་བཟོད་སྒོམ་བྱེད་ཀྱི་མིན་པའི་དམ་བཅའ་ཞིག་ཀྱང་འབུལ་རོགས་ཞུ།
རྙོག་འདྲ་འདི་བཟོ་མཁན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་ཡིན་པ་ཡི་གེའི་གསལ་འདུག
་་་་ མི་འདི་དག་གིས་ཨེ་རླུང་ཁང་གི་ལས་བྱེད་ཚང་མ་ཤ་ཉེ་གཟའ་ཚང་དང་།ནང་མི་སྤུན་ཟླ།ལུང་ཚན་ཁག་སྒྲིག་བྱས་པ་ལ་རྐྱེན་བྱས་ནས་མཐའ་འཇུག་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་མིའི་སྒྲིག་འཛུགས་བར་ལའང་རྩོད་རྙོག་འདི་བྱུང་བ་ནི།ཨ་རིའི་མི་སེར་དུ་གྱུར་བའི་ཨ་བོད་།འདིའི་རིགས་མགོ་རུལ་རྣ་བས་མ་ཚོར་བའི་དཔེར།གྲོས་ཚོགས་འཐུས་མི་མཚོག་ལའང་བྱུང་མི་འདུག་གམ། ་་་ཟེར།
ལབ་རྒྱུ་གླེང་རྒྱུ་མང་བའི་ཁྱིམ་ནས་ཡོང་པའི་མི་ཞིག་འགོ་འཛིན་ལ་བཞག་ན་འདི་མ་གཏོགས་ཡོང་རྒྱུ་གང་ཡོད།ཕ་གི་ཚབ་དག་དག་ནོན་བཞག།
ལབ་རྒྱུ་གླེང་རྒྱུ་མང་བའི་ཁྱིམ་ནས་ཡོང་པའི་མི་ཞིག་འགོ་འཛིན་ལ་བཞག་ན་འདི་མ་གཏོགས་ཡོང་རྒྱུ་གང་ཡོད། ཟེར། ཡབ་ང་ཕོད་ཀྱང་སྙིང་རྗེས་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧ།
བློ་བཟང་སེང་གེ་ཨ་རི་ལ་རྒྱུགས་རྒྱུགས་པའི་གྲུབ་འབྲས་འདི་རེད། བོད་སྤྱི་བའི་དོན་དག་ཁོ་རང་གི་གྲོགས་པོ་བློ་བཟང་སྙན་གྲགས་སོགས་ཀྱི་གང་དྲན་དྲན་བྱས་པའི་སྐྱོན་རེད།
བློ་བཟང་སེང་གེས་རང་སྐྱོན་ཁས་ལན་གཏན་མི་བྱེད་པར། གནས་ཚུལ་ག་རེ་ཡིན་ན་རྒྱུ་མཚན་དང་དཔང་རྟགས་མིག་མི་སྟོན་པར། ལས་སླ་བོ་བྱས་ནས་མིན་དང་མེད་ལབ་ནས་འཇོག་གི་རེད། དཔེར་ན། ཐུབ་བསྟན་རིག་གིས་ཁོ་ལ་ལས་ཁུངས་ནང་བརྒྱ་ཆ་ག་ཚོད་བསྡད་ཡོད་མེད་དང་། ལས་ཁུངས་ནང་མ་བསྡད་པའི་རྐྱེན་ལས་གཞུང་དོན་འཐུས་ཤོར་ཕྱིན་ཡོད་མེད་དྲིས་སྐབས། འཐུས་ཤོར་བཏང་མེད་ལབ་པ་རེད། དེ་ནས་འགྲིག་རེད། དེ་འདྲས་ལས་སླ་མདོག་ལ། འཐུས་ཤོར་མ་བཏང་བའི་གནས་ལུགས་ག་རེ་ཡིན་མིན་བཤད་རྒྱུ་ཡོད་པ་མ་རེད། མི་ངན་འདི་ལ་བོད་མི་ཚང་མས་ལྟ་རྟོག་ནན་མོ་བྱེད་རྒྱུ་གལ་ཆེ་བར་མཐོང་།
ང་ཕོད་འཇིགས་མེད་སྐོར་གྱི་གནས་ཚུལ་དང་འབྲེལ་ནས་འཐུས་མི་ཞིག་གིས་བརྗོད་དོན་འདི་བོད་པ་ཚོར་བསམ་གནག་བྱས་པ་དེ་འདྲ་ཞིག་ཚོར་མ་སོང་། འདིའི་ནང་དུ་བདེན་དོན་མང་པོ་ཞིག་དོད་བསྡད་ཡོད་པ་མངོན་གསལ་རེད། ཟམ་གདོང་པ་གཙོས་པའི་མགོ་བདེ་དྲན་འཕྲུལ་མཁན་དག་གིས་ནམ་རྒྱུན་དབུ་མའི་ལམ་ལས་གཞན་ལ་རྒྱལ་ཁབ་གཞན་ནས་རྒྱབ་སྐྱོར་མེད་རབས་ལུང་པ་གང་བཤད་ནས། བོད་མའི་རྒྱ་ཆ་གོ་དགུ་ཙམ་ཞིག་མགོ་སྐོར་བཏང་བ་རེད། ད་རེས་འཐུས་མི་འདིས་ཟམ་གདོང་པའི་མིང་དང་བཅས་གསལ་བཤད་བཟོས་པ་འདིས། ཟམ་གདོང་ཤོག་ཁག་གི་རྫུན་རྐུབ་གཏོལ་བ་རེད། འདི་བརྒྱུད་བསྐུལ་བྱས་པ་མ་རེད་ལ་ཡིན་རྒྱུ་བ་དེ་བཤད་པ་རེད། ཞོར་དུ་བློ་བཟང་སེང་གེར་ལམ་ནོར་དེར་བཙན་བརྫངས་མ་བྱེད་ཅེས་པའི་བརྡ་ཙམ་བསྟན་པ་རེད། དེའི་ཕྱིར་སྲིད་སྐྱོང་མཆོག་གིས་འུར་རྒྱག་དགོས་དོན་ཡོད་མ་རེད། ད་ལྟའི་ཆ་ཆ་ལ་སྲིད་སྐྱོང་མཆོག་གིས་གནང་སྟངས་འགྲིག་བསྡད་ཡོད། ཐུབ་བསྟན་ལུང་རིགས་ཀྱིས་ཅིག་བཤད་པ་རེད་ཟེར་ན། ཐུབ་བསྟན་ལུང་རིགས་ཀྱི་མི་དགའི་ཞེ་གནད་བཤད་པ་ཙམ་རེད། ཡང་སྙིང་ཐུབ་བསྟན་ལུང་རིགས་ཤ་ཚ་སྙིང་རྗེ།
མི་འདི་དག་གིས་ཨེ་རླུང་ཁང་གི་ལས་བྱེད་ཚང་མ་ཤ་ཉེ་གཟའ་ཚང་དང་།ནང་མི་སྤུན་ཟླ།ལུང་ཚན་ཁག་སྒྲིག་བྱས་པ་ལ་རྐྱེན་བྱས་ནས་མཐའ་འཇུག་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་མིའི་སྒྲིག་འཛུགས་བར་ལའང་རྩོད་རྙོག་འདི་བྱུང་། ཟེར་བ་ནི་ཁུངས་མེད་དཀྲོག་གཏམ་མ་ཡིན་ནམ། ཡིད་ཆེས་དཀའ་བ་ལགས། སུའི་འཇོན་ན་དེ་ལ་དགའ་བསུ་ཞུ་དགོས་པ་ལས་དོན་མེད་ཀྱི་སྐྱེ་བོ་སྒེར་ལ་འདི་ལྟར་ཁུངས་མེད་ཀྱི་སྙོན་འཛུགས་བྱེད་པ་ནི་ཐ་ཤལ་བའི་བྱ་སྤྱོད་རང་རེད། ཀྱེ་མ་ཀྱི་ཧུད་ལས་ངན་བོད་པ་ཚང་།
རྗེ་དགེ་འདུན་གྲུབ་པས།
མ་རིག་འཐིབས་པོའི་ཁུང་དུ་མངོན་ཞེན་ཅིང་།།
གཞན་གྱི་ཕུན་ཚོགས་མཐོང་ཚེ་མི་བཟོད་པར།།
གདུག་པའི་དུག་གིས་མྱུར་དུ་ཁྱབ་བྱེད་པའི།།
ཕྲག་དོག་སྦྲུལ་གྱི་འཇིགས་པ་བསྐྱབ་ཏུ་གསོལ།།
ལྷག་བསམ་ཟོལ་མེད་ཀྱི་ལས་ཀ་བྱེད་མཁན་ཞིག་གི་ངོས་ནས་བལྟས་ན་དཀྲོག་གཏམ་ལས་བསླབ་བྱ་ལེན་རྒྱུ་མང་། ཡིན་ཡང་དཀྲོག་གཏམ་ཤོད་མཁན་ནི་བསླབ་བྱ་རྒྱག་མཁན་མ་རེད།
ཨ་རིིའི་གྲོས་ཚོགས་ཀྱི་འཐུས་མི་དེའི་སྐད་ཆ་ཁོངས་ལོང་ཡོད་པ་ཞིག་དང་ཞིབ་འཇུགས་ཡག་པོ་ཞིག་བྱེས་ཡོད་པ་ཞིག་མཐོང་མ་བྱུང། ལྷག་པར་དུ་སྲིད་སྐྱོང་མཆོག་དང་སྐུ་ཚབ་དོན་གཅོད་རྒྱ་རི་ཟམ་གདོང་བླ་མ་བཅས་ལ་སྐྱོན་བརྫོད་བྱེས་ཡོད་པ། ེདེ་བས་ཀྱང་རྒྱུ་མཚན་ཡོད་པ་ཞིག་མཐོང་མ་བྱུང། རྒྱུ་མཚན་ནི་འཐུས་མི་ཁོང་གི་འདིའི་སྐོར་ལ་སྐད་ཆ་འདྲི་ཡུལ་སུ་རེད། འོན་ན་ཁོང་ལ་སྙན་ཞུ་རྒྱུགས་མཁན་དང་ཡིག་གེ་གཏོངས་མཁན་དེ་དག་སུ་རེད། གནས་ཚུལ་འདིའི་སྒང་ནས་བོད་གཞུང་གི་འགོ་ཁྲིད་རྣམས་པ་སྐྱོན་བརྫོད་བྱེས་ཡོད་པ་དེ་རྒྱུ་མཚན་ག་རེ་ཡིན་མིན་ཁོང་ལ་སྙན་ཞུ་རྒྱགས་མཁན་སུ་ཡིན་མིན་དེ་གསལ་བོ་རེད། དྲ་གྲོགས་ཚོ་ལྟས་དང་ཁོང་གི་དེ་འདྲ་ཞིག་བཤད་འདུག། ང་ཚོ་མི་སེར་དང་རང་དབང་གཙོད་མཁན་ཟེར། ཨ་རི་གི་མི་སེར་སུ་རེད། རང་བཙན་གཙོད་མཁན་སུ་རེད།
སྡོད་ས་དཔྲལ་བར་བསྡད་ནས་མིག་ལ་ཐལ་བ་མ་བཏབས། བྱས་པ་རེད་ཨེ་རླུང་ཁང་དེ་ཨ་རི་གཞུང་གིས་རོགས་སྐྱོར་དང་འཛིན་སྐྱོང་འོག་ཡོད་ན་ཨ་རི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལམ་ལུགས་ཀྱི་ཁྲིམས་གཞི་འོག་འགྲོ་དགོས་པ་ལས། རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་ཅན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གློ་སྙིང་བྲང་གསུམ་གཏད་དེས་སྐྱབས་གནས་བརྟེན་པའི་མགོ་གཏད་རིང་ལུགས་པ་ཚོས་འདྲེ་ལག་བརྐྱངས་ནས་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་དར་སྤེལ་གཏོང་ས་མེད་པ་རེད། བྱས་ཙང་ཨ་རི་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོ་མཆོག་གི་ཡི་གེ་དེ་གནད་འགགས་གཅིག་རེད། མ་གཞི་ཟམ་གདོང་ཚང་ལམ་དབུ་མའི་སྲིད་སྟེགས་ནས་ཕེབས་ཟིན་པ་རེད་ལ་རྒྱ་རི་ཚང་ཡང་ལམ་དབུ་མའི་རྒྱ་བོད་འབྲེལ་མཐུད་སྐུ་ཚབ་ལས་རྐུབ་བརྡབ་བརྡབ་བཏང་ནས་ཕེབས་ཟིན་པ་རེད། འོན་ཀྱང་མི་མངོན་དབྱིངས་ན་བཞུགས་སྟེས་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ལ་གཟིགས་ནས་ནམ་ཞར་ཞར་ལ་བཞུད་ཟིན་པའི་དབང་ཆ་གང་ལ་གང་ཙམ་བེད་སྤྱོད་བྱེད་ཀྱི་མེད་དམ་སྙམ། དེས་ན་Dana Rohrabacher མཆོག་གིས་དོན་གྱི་སླད་དུ་མཚན་ནས་སྨྲས་འདུག་ན་སྲིད་སྐྱོང་མཆོག་ནང་བཞིན་ཟམ་གདོང་ཚང་དང་རྒྱ་རི་ཚང་བློ་བཟང་སྙན་གྲགས་སོགས་ཀྱིས་གསལ་བཤད་གནང་དགོས་པ་རེད། གསལ་བཤད་བརྒྱུད་ཨེ་རླུང་ཁང་ནང་ཁུལ་གྱི་ལས་བྱེད་ཕན་ཚུན་གཅིག་པུའི་རྩོད་རྙོག་ཡིན་ན་ལས་སླ་པོའི་ཐོག་ཐག་གཅོད་བྱེད་རྒྱུ་ཡོད་པ་རེད།
ང་ཕོད་འཇིགས་མེད་ཀྱི་དཔྱད་མཆན་ནང་དུ།མི་མང་པོས་གནས་ཚུལ་ཁ་གསལ་མ་རའཏོགས་པར་ཐོལ་བཤད་བྱེད་པ་ཁག་ཅིག་ཡོད་པས། ངས་གསལ་འགྲེལ་ཞིག་བྲིས་ཚེ་ཕན་ཡོང་བསམ།
ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དེའི་ཁྲོད་དུ་བོད་མིའི་སྒྲིག་འཛུགས་དང་༧རྒྱལ བ་རིན་པོ་ཆེ་ཡོད་མདོག་གིས་དགོས་འདྲི་བྱེད་པ་དེ་ཁུངས་མེད་ལུགས་མེད་རེད།
ཨ་རི་གྲོས་ཚོགས་འཐུས་མི་དེའི་རྣ་རྩར་སྐྱེལ་མཁན་བོད་མི་སུ་ཡིན་ན་བོད་སྤྱི་བའི་ཆིག་སྒྲིལ་དང་ནང་གསེས་ཛ་དྲག་གི་གནས་བབ་ལ་བོད་གཞུང་ལ་རྒོལ་བའི་ལས་ཀ་གཟབ་གཟབ་བྱ་དགོས།
སྒྲིག་འཛུགས་ཐོར་བཤིགས་མི་འགྲོ་བའི་ཆེད་དུ་བོད་མི་སོ་སོས་བསམ་བློ་ནན་ཏན་གཏོང་བ་གལ་ཆེ་བས། གནས་ཚུལ་གསལ་ཁ་ཡོད་དང་མེད་ཀྱི་བར་དུ་མདའ་དཀྲུག་ཕུ་དཀྲུག་བྱ་མི་འོས།
ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་ལས་བྱེད་འདེམས་བསྐོ་དེ་བོད་མིའི་སྒྲིག་འཛུགས་ལ་ལས་འགན་ཡོད། ཨ་རིའི་རོགས་དངུལ་དེ་བོད་ནང་གི་རྒྱ་ཆེའི་མི་མང་གི་ཆེད་དུ་རེད། མི་ཁ་ཤས་ཀྱིས་ཝ་མོའི་སྤྱོད་པ་འཁྲབ་ཚེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་སྣང་མེད་གྱུར་བ་རེད།
ཨེ་ཤ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་འདེམས་སྟངས་དང་ལས་བྱེད་ནར་ཚགས་བྱེད་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བསམ་བློ་ཏན་ཏན་གཏོང་དགོས། ད་སྔ་བོད་ནང་གི་བོད་མི་ཚོས་རྣ་བ་གཏོད་སའི་ལས་ཁུངས་འདི་གཉིས་ནང་ངོ་ཤེས་དང་ནང་མི་ཕན་ཚུན་གྱི་འབྲེལ་བའི་སྐུ་དྲག་ཁག་ཅིག་གིས་བཟུང་ཡོད་པ་བེདན་པ་རེད། ལས་བྱེད་དེ་ཚོའི་རིགས་ད་ལྟ་རྒྱུ་ཐོག་ལ་བརྒྱབ་ཏེ་བསྡད་ཞོར་ལས་ཀ་མ་གློད་པར་ཡོད་པས། ཨ་རིའི་གཞུང་གི་མ་དངུལ་མ་འཕར་བར་དུ་ལས་བྱེད་གསར་བ་ལེན་ཐབ་ཀྱིན མེད། ཉེ་བའི་ལོ་ཤས་ནང་གི་ལས་བྱེད་གསར་བ་ཚང་མ་གླ་བའམ་ཉིན་གླ་ཡིན་པ་དང། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ རོགས དངུལ་དེའི་ཁྲོད་ཀྱི་ལས་ཀ་མི་གཏོང་བའི་ལས་བྱེད་རྙིང་བ་གཅིག་གི་གླ་ཕོགས་དང ཐོབ་ཐང་།་ཁེ་ཕན་དེ་ལས་བྱེད་གསར་བའམ་གླ་བ་མི་་ལྔ་དྲུག་གི་གླ་ཕོགས་ཀྱི་ཚད་རེད།བོད་མི་ཕལ་བ་ཚོས་མཐོང་བཞིན་པའི་རྒྱབ་མདུན་དུ་ཉམས་ཞིབ་བྱེད་ས་མང་ལེ་ཡོད།
ཨ་རིའི་གཞུང་གིས་བོད་དོན་རོགས་དངུལ་སྡོམ་རྩིས་ལས་ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་མ་དངུལ་ཡང་བརྩི་བཞིན་ཡོད་པ་ལས།བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་མདངུལ་ལས་ཨ་སྒོར་ས་ཡ་ཁ་ཤས་ཤིག་ཨ་དང་ཨེ་ལ་སྤྲོད་བཞིན་པའི་འགན་འདི་ལས་བོད་ནང་གི་རྒྱ་ཆེའི་མི་མང་གཙོ་བོ་བཟུང་ནས་ཨ་དང་ཨེ་གཉིས་ཀྱི་ལས་བྱེད་རྣ།ས་སྙོམས་སྒྲིག་བྱ་དགོས་ཀྱང་། ལས་བྱེད་རྙིང་པ་ཚོས་མི་སེར་ཐོབ་ཐང་ཁྱེར་ནས་བོད་གཞུང་ཁྲིམས་སྦྱོར་བྱེད་ངེས་པ་རེད།་
བོད་མི་ཕལ་བ་ཚོས་ཉམས་ཞིབ་ཀྱི་ཚད་དེ་མིག་གིས་མཐོང་སའི་ཁྱོན་མ་ཡིན་པར་མིག་གིས་མི་མཐོང་སའི་ཁྱོན་ལ་འགྲོ་དགོས་པ་འདུག
ང་ཕོད་འཇིག་མེད་མི་བཟང་པོ་ཞིག་དང་ལས་བྱེད་ནང་ཁུལ་ལ་མཐུན་ལམ་ཡག་པོ་ཡོད་པ་ཞིག་རེད་ཟེར། འདི་ནི་བདེན་པ་རེད་འདོད། རྒྱུ་མཚན་ནི་ཁོང་གནས་དབྱུངས་ལ་དང་པའི་རྫེས་ལས་བྱེད་ཚང་མའི་ཁོང་ལ་རྒྱབ་སྐྱོར་བྱེད་གྱིན་ཡོད་པ་འདིའི་སྒང་ནས་གསལ་པོ་རེད་བསམ། འོན་ཀྱང་ལས་ཀའི་སྒང་ལ་ག་འདྲ་ཞིག་འཇོན་གི་ཡོད་མེད་མི་ཤེས། ད་དུང་འོད་གསེར་ལགས་དང་དྲ་གྲོགས་འགའི་ཁོང་བོད་ཡིག་ལ་ཧ་ཅང་ཡག་པོ་རེད་ཟེར། གཅིག་། དེ་ལ་ཕྲན་ཡུལ་ཆེད་མེད་རྒྱུ་མཚན་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་རྒྱའི་སྒང་གི་བོད་ཡིག་དེ་དག་ལ་གཅིག་གཟིགས་དང་ཁོང་བོད་ཡིག་ཡག་པོ་ཡོད་པའི་རྟགས་ཅིག་འདུག་གམ། གལ་དེ་ང་ཕོད་བོད་ཡིག་ཡག་པོ་ཡོད་ན་ལས་ཀ་ཡག་པོ་བྱེད་གི་དེ་གསལ་པོ་རེད་འདོད། གཉིས། རླུང་འཕྲིན་ཁང་གི་ཉིན་རེ་གྱི་ལས་རིམ་མང་པོ་ཞིག་ཡོད་པ་དེ་དག་དགོས་ངེས་རྐྱང་རེད་དང་མ་རེད། འདི་དག་ཆེད་དུ་གངུལ་མང་པོ་ཞིག་བཏང་གི་ཡོད་པ་རེད། གསུམ། ལས་བྱེད་གྱི་ཡོངས་ཁུང་རེད། མི་དེ་དག་སུ་དང་སུ་རེད་། མི་འདི་དག་ལ་བོད་ནང་དུ་དྲིལ་སྒྲགས་བྱེད་པའི་ནུས་པ་དང་ཆ་རྐྱེན་འདུག་གམ་མི་འདུག་གམ། གོང་གི་ངའི་དོན་ཚན་གསུམ་པོ་དེ་དག་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུད་མི་དེས་ཞིབ་འཇུག་བྱེས་ཡོད་དང་མེད། འོ་ན་དེ་དག་ལ་ཞིབ་འཇུག་བྱེད་གི་རེད་དང་མ་རེད། འདི་དག་གལ་ཆེན་རེད་འདོད།
སྤྱིར་སེམས་དང་རང་དབང་རང་བཙན་ཁར་རུ་འཁྱེར་ནས་དུས་ཀུན་ཏུ་བོད་མིའི་བསྒྲིགའཛུགས་ཀྱིས་དཀྱིལ་འཁོར་ནང་དུ་ཐུག་པ་དཀྲུགས་དཀྲུགས་བཟོ་འདོད་ཀྱི་བསམ་སྦྱོར་ཅན་ཚོས་མི་འདོད་བཞིན་དུ་མིག་ཟུང་ཐལ་བའི་ཁེངས་མེད་ན་འདིར་ལྟོས་ཤིག །ཁྱེད་ཚོ་ཁ་ཤས་ཀྱིས་ཨ་རི་གྲོས་ཚོགས་འཐུས་མི་དོགས་གཞིར་ཅན་དེ་ལ་མགོ་འབུལ་ལུས་འབུལ་དང་། ཁ་ཤས་ཀྱིས་རང་ཉིད་མཁས་དབང་ཞིག་ཡིན་མདོག་ཀྱིས། ཤི་མ་མྱོང་དམྱལ་བའི་ལོ་རྒྱུས་དང་། །རྒལ་མ་མྱོང་ཕ་ཚེ་བུ་རབས། །ཟེར་བ་བཞིན་གོ་སྐབས་དམ་འཛིན་གྱི་རང་གཞུང་དང་། རང་གཞུང་གིས་བྱས་པ་ཅན་གྱི་མི་སྣར་གཞི་མེད་མེད་བསྐྱོན་འཛུགས་ཀྱིས་མི་མང་ལོག་ལམ་དུ་འཁྲིད་འདོད་ཀྱི་བསམས་པར་ཡོད་མུར་ཁར། ལྷར་ཡང་གྲོས་ཚོགས་འཐུས་མིའི་ཡིག་ཉོག་དེར་སངས་རྒྱས་ཀྱིས་གསུངས་རབ་ལས་མཆོག་ཏུ་འཛིན་ཁུལ་གྱི་གཉེན་ཁྲང་ཅན་གྱི་དུས་ཚོད་འདིར་བྱ་ངན་འདི་འདྲ་སྤེལ་བ་ནི། འགྲོ་བ་མིའི་ཡབ་རབ་བཟང་སྤྱོད་དང་ཡངས་སུ་འགལ་མ་ཟད་ངོ་ཚ་ཁྲེལ་གཞུང་བྲལ་བས་རང་མདོག་དམར་ཧྲེང་མ་སྟོན་པ་ནི་གཞིས་ལུས་རྒྱལ་གཅེས་པ་དག་ལ་ལེགས་འབུལ་ཡིན་ངེས་རེད། ངེས་ཁྱོད་ཚོར་གསལ་བཤད་གང་ཡང་མི་འདོད། སྐྱོན་མཚངས་གཏོར་བས་མདའ་མོ་འདི་སུ་ཡི་སྙིང་དཀྱིལ་དུ་ཟུགས་ན་དེར་སྤྲིངས་པ་ཡིན།
ད་ཡིན་བློ་ཕམ་རེད།
ཨེ་རླུང་ཁང་གི་ལས་བྱེད་པ་མང་ཆེ་བ་ངག་ཕོད་ཀྱི་ཤ་ཚ་གཉེན་ཉེ་དང། མང་ཅང་རྒྱག་རོགས་སོགས་གྲོགས་པོ་བློ་ཐུབ་ཡིན་པ་དང།་ཁག་ཅིག་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་མི་དགའ་མཁན། ཁག་ཅིག་སྐལ་ལྡན་བློ་གྲོས་ལ་ཁོན་འཛིན་ཡོད་མཁན་བཅས་ཡིན་པར་རྟེན་ནས། དེ་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ངག་ཕོད་འཇིག་མེད་ལ་རྒྱབ་རྩ་བྱས་པ་རེད་འདུག ད་ལྟ་བར་ངག་ཕོད་ཀྱིས་རང་གི་ཤ་ཚ་གཉེན་ཉེ་དང་གྲོགས་པོ་སྲུང་ནས་བསྡད་པ་དེ་རྣམས་ངག་ཕོད་ཕྱིན་ན་ལས་ཀ་ནས་འབུད་ཡོང་བསམ་པའི་འཇིགས་སྣང་ཡོད་པ་རེད། དེ་ནས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེར་མི་དགའ་མཁན་དེ་ཚོས། ཁ་ལ་འགོ་ཁྲིད་རྒྱ་མོ་དེས་འཇིགས་མེད་ལས་གནས་འབུད་སོང་ཟེར་བ་མ་གཏོགས་དོན་དུ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེས་འབུད་པ་རེད་ཟེར་ནས་གཞུང་ལ་ཁ་གཏད་དུ་ལངས་ཀྱི་ཡོད་པ་རེད། གསུམ་པ་དེ། སྐལ་ལྡན་ལ་མི་དགའ་མཁན་ཚོས་འཇིག་མེད་འབུད་མཁན་སྐལ་ལྡན་རེད་ཟེར་རྒྱ་བསྒྲགས་འབོད་བསྒྲགས་བྱས་ནས་སྐལ་ལྡན་མེད་པ་བཟོ་རྒྱུའི་ངན་བྱུས་ཤིག་རེད་འདུག་མ་གཏོགས་འཇིགས་མེད་ལ་དགའ་ནས་རྒྱབ་རྩ་བྱས་པ་ཞིག་མིན་པ་རེད།
ད་ལན་འཇིགས་མེད་ལ་རྒྱབ་རྩ་བྱས་པ་རེད་ཟེར་ས་ཡིག་རྒྱག་མཁན་ཚོར། ལས་བྱེད་འགོ་ཁྲིད་མཁན་རེ་བཟུང་གིས་བཙན་པོ་དབང་ཡོད་ཀྱི་རྒྱག་བཅུག་པ་དང།་ཁག་ཅིག་ཉིན་དེར་ལས་ཀར་མེད་པ་ཁྱིམ་དུ་བསྡད་པར་ཚོར་་ཁ་པར་བཏང་ནས་ས་ཡིག་རྒྱག་ཏུ་བཅུག་འདུག ལས་ཁུངས་ཀྱི་ལས་ཀའི་དུས་ཚོད་ལ་མི་རེར་བྱས་ཏེ་ས་ཡིག་རྒྱག་ཏུ་བཅུག་ཏེ། ས་ཡིག་མ་རྒྱག་མཁན་ལ་སྡང་ཟུག་དང་ཁོང་ཁྲོ་བྱས་ཡོད་པ་རེད།་
བོད་སྐད་སྡེ་ཚན་ནང་གི་ལས་བྱེད་པ་ཚོགས་འདུར་སྐོང་མཁན་འགོ་བྱེད་མཁན་དང།་བཙན་དབང་གིས་ས་ཡིག་རྒྱག་བཅུག་མཁན། ཡི་གེ་བྲིས་མཁན་སོགས་འགོ་ཁྲིད་མཁན་ལས་བྱེད་པ་དེ་ཚོའི་དམིགས་ཡུལ་གང་ཞིག་ཡིན་པ་དང། སུས་གྲོས་ཚོགས་ཀྱི་འཐུས་མི་དེར་ཡིག་གེ་སྤྲད་པ་ཙམ་དུ་མ་ཚད་བོད་གཞུང་ལ་གནོད་པའི་གནས་ཚུལ་ལོག་པ་བཤད་མཁན་སུ་ཡིན་རྩད་གཅོད་བྱ་དགོས་པ་རེད། ངག་ཕོད་འཇིགས་མེད་ཀྱི་གནས་ཚུལ་དེ་ཨེ་རླུང་ཁང་གི་ལས་བྱེད་ནང་ཁུལ་གྱི་འཐབ་རྩོད་རེད་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་འདིའི་སྐད་ཆའི་ཧམ་བཤད་གཉིས་འདུག དེ་རྒྱ་ནག་གཞུང་ལ་དགོས་པའི་ཧམ་བཤད་དེ་རེད། རྣམ་པ་ཚོས་ཞིབ་ཏུ་གཟིགས་རོགས།
1 ཨ་རིའི་གཞུང་ནས་བཙན་བྱོལ་བོད་མི་ཚོར་རོགས་སྐྱོང་གནང་བ་མཐའ་དག་གི་དམིགས་དོན་ཨ་རིས་རྒྱ་ནག་ལ་ལྟ་ཕྱོགས་ཤིག་དང་འབྲེལ་ནས་ཡོང་གི་ཡོད་ཚུལ་དང། རོགས་སྐྱོར་བེད་སྤྱོད་ཀྱང་དེ་ལྟར་བྱེད་དགོས་པར་བཤད་པ་ནི་”ནུབ་ཕྱོགས་ཀྲུང་རྒོལ་ཚོགས་པའི་ཏཱ་ལའི་རུ་ཚོགས་བེད་སྤྱོད་བཏང་སྟེ་རང་རྒྱལ་ཁ་ཕྲལ་གཏོང་གི་ཡོད་”ཟེར་བ་དངོས་བདེན་དུ་སྒྲུབ་བྱེད་ཅིག་རེད་འདོད།
2 དེས་མ་ཚད་རང་སྲེག་གཏོང་མཁན་ཚོས་དམར་པོའི་རྒྱལ་ཁབ་ནང་ཁྱེད་ཚོ་ལྟར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཞིག་ཡོང་ཆེད་མིན་ཅེས་པ་འདི་ནི་དེ་བས་ཀྱང་སྐད་ཆ་ཁྱད་མཚར་ཞིག་རེད། སྐད་ཆ་འདི་གྲོས་ཚོགས་འཐུས་མི་ཨ་རི་པ་དེའི་མིན་པ་ནི་སྐད་ཆ་འདིས་དམིགས་འབེན་དུ། ཟམ་གདོང་རིན་པོ་ཆེ་དང་རྒྱ་རི་རིན་པོ་ཆེ་གཉིས་དྲངས་པ་དང། ཞར་དང་ཞོར་ལ་སྲིད་སྐྱོང་དང་དོན་གཅོད་གཉིས་ཀྱང་དྲུད་ནས་བེད་སྤྱོད་གཏོང་གི་ཡོད་པ་དེ་རེད།
ཨིན་ཇི་མགོ་སེར་ཚོའི་ནང་ན་བོད་ལ་ཤ་ཚ་མིན་ཅི་ལྟར་ཡང་བོད་དོན་ཁ་འཁྱེར་གྱིས་རྒྱ་ནག་གཞུང་ལ་དྲག་གཏམ་གཏོང་ཞིང་དབུ་མའི་ལམ་ལ་རེ་བ་མེད་ཚུལ་བཤད་མཁན་དང་འབྲི་མཁན་ད་བར་མ་བྱུང་བ་མ་རེད། གཅིག་བྱས་ན་བོད་པའི་སྤྱི་ཚོགས་ནང། འཁྲབ་སྟངས་འདི་རིགས་ལ་ཞེ་དྲག་རྒྱུས་མེད་ན་ཐང། ཡིན་ནའང། ཨིན་ཇིའི་སྟེང་གི་དབུ་མའི་ལམ་ལ་སྐྱོན་བརྗོད་ཁག་མཐོང་དུས་ཟློས་གར་ཆུང་ཆུང་འདི་ལ་སྣ་དགོད་ཤོར་འགྲོ་ཡི་རེད།
ཨི་རི་བ་འདི་དམིགས་དོན་གཉིས་ཡོད་པ་ནི། གཅིག་དབུ་མའི་ལམ་ལ་སྐྱོན་བརྗོད་བྱ་རྒྱུ་དང་གཉིས་རྒྱ་བོད་བར་ལ་འགལ་ཟླ་བཟོ་རྒྱུ་དེ་རེད། དེ་ནི་འབྲེལ་མོལ་གྱིས་མཚོན་དབུས་ཀྱི་སྲིད་བྱུས་ལ་ནུས་བ་མི་ཐོན་ཐབས་ལ་འབད་འབུངས་བྱ་རྒྱུ་དེ་རེད། ཡིན་ནའང། འཁྲབ་གཞུང་འདིའི་རྩོམ་པ་པོ་རྣམས་ནི་རྒྱུན་ཏུ་ཕྱི་རྒྱལ་ནང་རང་བཙན་སྨྲ་བཞིན་༧རྒྱལ་བ་རིན་པོ་ཆེ་དང་དབུས་སྒྲིག་འཛུགས་ལ་རེ་གཏོད་མེད་ཚུལ་བཤད་མཁན་གྱི་གང་ཟག་དག་གི་ནུས་བ་ཙམ་པ་བ་ཞིག་ཡིན་སྲིད་མོད། ཡིན་ནའང། འདི་རིགས་ཀྱིས་དཀྲོགས་གཏམ་ཙམ་མ་གཏོགས། མི་མང་ནང་གསལ་བོ་ཆགས་ངེས་པ་དང། ཁོ་པ་ཚོའི་དམིགས་དོན་འགྲུབ་རེ་མེད་པ་ནི་གསལ་བོ་རེད།
3 ཐབས་སྐྱོ་བོ་ཞིག་ལ། སྲིད་སྐྱོང་མཆོག་གིས་ལམ་སེང་དབུས་སྒྲིག་འཛུགས་དང་སྲིད་སྐྱོང་གོང་མ། དམིགས་བསལ་སྐུ་ཚབ་ཟུར་བ་སོགས་ཀྱི་མཚན་བྱང་ལས་ཀྱང་ངའི་མིང་ཞེས་དང་པོར་བོས་ཏེ་ལན་འདེབས་ཤིག་གནང་བ་འདིར། ཨིན་བོད་གཉིས་ཀྱི་ཤེས་ཡོན་ཅན་ཚང་མ་གད་མོ་མི་དགོད་རང་དགོད་ཆགས་ཡོད་པ་དེ་རེད། དེ་ལས་ཀྱང་རང་གིས་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ། རང་སྲེག་གཏོང་མཁན་ཚོའི་མངོན་འདོད་ལ་ལོག་འགྲེལ་བྱས་པ། ཨ་བོད་གཉིས་དང། རྒྱ་བོད་བར་ལ་འགལ་རྐྱེན་བསྐྲུན་པའི་བྱབ་ཆུང་གི་རྣམ་འགྱུར་ལ་ཨ་ལན་བརྡ་ལན་གང་ཡང་མ་གནང་བ་ནི་ཤིན་ཏུ་ཐབས་སྐྱོ་བོ་ཞིག་ཡིན་པ་དེ་ཞོར་དུ་ཞུ་འདོད་བྱུང་ལ།
གང་ལྟར་དབུ་མའི་ལམ་གྱི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་ལ་ཤ་འཁོན་ལྟ་བུའི་བསམ་བློ་ཁྱེར་མཁན་གྱི་ཅོལ་ཆུང་ཁག་ཅིག་དང། ཅོལ་ཆུང་དེ་དག་གི་རྒྱབ་ཀྱི་རུལ་སུངས་རུ་ཁག རུལ་སུངས་རུ་ཁག་གི་བློ་འདྲི་བྱ་ཡུལ་རྒྱ་མིན་བོད་མིན། བོད་མིན་ཨིན་མིན་རྣམས་ལ་ཐབས་ཟད་ན་རང་གཟུགས་ཇེ་མཐོང་རེད་ཅེས་ཀྱང་སྐད་གསེང་མཐོན་པོས་སྨྲ་འདོད་བྱུང།།
ངས་གླེང་བ་འདི་དག་ང་ཕོད་འཇིགས་མེད་ཀྱི་ལས་གནས་སྐོར་དང་འབྲེལ་བ་མེད། དེ་བེད་སྤྱོད་བཏང་ནས་འཁྲབ་ཇུས་ཤིག་མགོ་འཛུགས་བྱས་པ་འདི་གད་མོ་ཤོར་སྟབས་ཤར་མར་བྲིས་པ་ལགས།།
ཤར་ཕྱོག་ཁྱེད་ཀྱི་བློ་ཟུར་གྲོས་གླིང་གནང་འདུག་
གོང་གི་མཆན་༧༦ བ་Dorjee ལགས་ རྩ་བའི་ཆ་ནས་ཕྲན་ཁྱེད་གྱི་བསམ་ཚུལ་ལ་འཐད་པ་ཡིན། འོན་ཀྱང་གོང་དུ་ཉིད་གྱི་མིང་གྲངས་པའི་མི་ཁ་ཤས་ཞིག་དེ་ག་རང་རེད། འོན་ཀྱང་ཚང་མ་ལ་ང་ཐད་པ་མེད། དེ་ལས་མང་བ་རེད་འདོད། ཉིད་གྱི་ང་ཕོད་དང་གཞན་དག་ཚང་མའི་མིང་མ་སླེངས་པའི་རྒྱུ་མཚན་གང་ཡིན་ནམ།
ད་འདི་ན་བཤད་མ་བཤད་ཅི་ཡོད་ནི་མ་རེད། རང་ཁ་རང་མྱིས་སྡོམ་ཚར་ཟིག ཨ་ཁ་ཁ། ཟམ་གདོང་དེ་ཚོས་ལྐོག་ཟ་རུལ་བ་ཡིན་པར་ཤེས་ཡོད།
གྲོས་ཚོགས་ཀྱི་འཐུས་མི་དེ་ཡི་སྐད་ཆ་ཡོངས་ཁུང་ཚང་མ་ཀརྨ་རྒྱ་མཚོ་་དང་འཇམ་དབྱངས་ནོར་པོ་ད་དུང་རླུང་འཕྲིན་ཁང་གི་ལས་བྱེད་དག་རེད། ལ་རེད་ཤར་ཁུག་གི་བསམ་ཚུལ་འཐད་པ་ཡིན། རྒྱུ་མཚན་ནི་གྲོས་ཚོགས་ཀྱི་འཐུས་དང་བོད་མིའི་སྒྲིགས་འཛིགས་བར་འགལ་བ་ཆེ་རེར་འགྲོ་གི་རེད་བསམ་གྱི་མི་འདུག། བོད་སྒྲིགས་འཛིགས་དང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བར་ལ་འགལ་བ་བཟོ་མཁན་དེ་དག་འཇམ་དབྱངས་ནོར་པོ་དང་ཀརྨ་རྒྱ་མཚོ་རླུང་འཕྲིན་ཁང་གི་ལས་བྱེད་དག་རེད། སྲིད་སྐྱོང་མཆོག་ནས་ལམ་སངས་ལན་འདེབས་གནང་བ་འཐད་པ་མེད། ཏོག་ཙམ་སྒུག་ནས་གནས་ཚུལ་ཚང་མ་རྒྱུས་ལོན་པས་རྫེས་ན་ལན་འདེབས་བྱེད་ན་ཡག་རེད་བསམ། ཡིན་ནའང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་དང་ང་ཕོད་བར་ལ་འགལ་བ་ཆེ་རེར་འགྲོ་རྒྱུ་ཡིན་པ་དེ་གསལ་པོ་རེད། གོ་མཐོས་ལ་ང་ཕོད་ལགས་ཀྱི་ཁྲིམས་གཏུགས་བྱེད་གྱི་རེད་ཟེར།
ཨ་རིའི་གྲོས་མི་ལགས། ཁྱེད་ནས་ངག་ཕོད་འཇིག་མེད་འབུད་དགོས་པའི་རྒྱུ་མཚན་ཇི་ཡིན་ཕྱོགས་གཉིས་ཀའི་སྐད་ཉན་ནས་ཞིབ་འཇུག་བྱས་ནས་སྲིད་སྐྱོང་ལ་ཡི་གེ་བཏང་ན་རྒྱུ་མཚན་འདུག འོན་ཏང་ཁྱེད་ཀྱིས་ཨེ་རླུང་ཁང་གི་ལས་བྱེད་པའི་སྐད་ཆ་ཉན་ནས་བོད་མི་མང་ཀྱིས་མང་གཙོའི་ཐོག་ནས་འདེམས་པའི་སྲིད་སྐྱོང་དང་ཁོང་གི་གཞུང་ལ་སྐྱོན་འཛུགས་བྱས་ན་ཁྱེད་རང་གི་ཆེ་མཐོང་ལ་གནོད་ཀྱི་རེད།
ཁ་བརྡ་ཚང་ལ མཆན་སྒོ་རྒྱབ་ན་ལེགས་པ་འདུག
ཁ་བརྡ་ཚང་ལ་མཆན་སྒོ་རྒྱག་དགོས་མིན་ལམ་སྟོན་དགོས་ཀྱི་མ་རེད་བསམས།
ཤར་ཁུག་གིས་ཡག་པོ་གསུངས་འདུག་་་་་ཡིན་ཡང་སྲིད་སྐྱོང་གིས་ཀྱང་རན་པོ་ཞིག་གསུང་འདུག་བསམས་སོང་། གང་ཡིན་ཞེ་ན། ཡིག་ཉོག་དེའི་ནང་དོན་ལ་བལྟས་ཚེ་སྨྱོས་ཆུ་མཐུང་མཁན་ཞིག་གིས་སྨྱོས་ནས་བྲིས་པ་དང་ལབ་པ་འདྲ་པོ་ཞིག་ལས། དེ་མིན་དྲང་བདེན་དང་འགྲོ་བ་མི་ཡི་ཐོབ་ཐང་ཀྱི་སྣེ་འཁྲིད་མཁན་སྟོབས་ཆེན་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་བསམས་སྤྱོད་ལས་ཡངས་སུ་འདས་འདུག །བཀའ་ཟུར་དང་སྐུ་ཚབས་དོན་གཅོད་སོགས་ཀྱིས་ཚབས་བཟོ་དགོས་པ་ཡང་མཐོང་། གང་ཡིན་ཞེ་ན་སོ་སོའི་ངོས་ནས་གསལ་བཤད་གནང་གལ་ཆེ། མེ་བསྲེགས་དོན་རྐྱེན་དང་འགྲེལ་བཤད་དེ་ཡང་ཕྱི་གསལ་ནང་གསལ་ཡིན་པས་ཁོས་བཤད་པར་ཡིད་ཆེས་བཟོ་མཁན་དཀོན་པར་སྣང་།
ཨེ་རླུང་ཁང་གི་གནས་ཚུལ་ནི་རྒྱ་མོས་བོད་སྐད་སྡེ་ཚན་འགོ་འཁྲིད་གནས་ནས་སྤུད་པ་དེར་བསམ་ཞིབ་ངེས་པར་དགོས། དེར་བསམ་ཞིབ་མེད་པར་ནང་ཁུལ་འཁོན་རྩོད་དང་ཕྱོགས་ཞེན་སྐད་ཆས་དྲ་འབུ་བྲེལ། གཞིས་སུ་རྒྱ་མིས་བོད་མི་ཚོར་མནར་གཅོད་ཉིན་ཚན་བཟོད་ཐབས་མེད་པ་བཏང། གཞན་ཡུལ་དུ་རྒྱ་མོས་བོད་མིར་ཐུབ་ཚོད་གཉའ་སྣོན་བཏང་། དེ་ལྟར་ན་ཡང་ནང་ཁུལ་ཁྱི་ལྟར་ཕན་ཚུན་གཅིག་གི་གཅིག་ལ་ཟུག དེ་འདྲའི་སྐྱོ་བ། ཨེ་རླུང་ཁང་གི་ང་ཕོད་ལ་བདེན་པ་ཡོད་ན་ང་ཕོད་ཀྱི་བདེན་པ་ཁུང་བསྐྱེལ་བྱེད་ངེས་རེད། བཟང་ཕྱོགས་ལ་དག་སེལ་བྱེད་རྒྱུའི་ཐོབ་ཐང་ལོས་དགོས། ཟམ་གདོན་རྒྱ་རི་་བློ་བཟང་སྙན་གྲགས་བདེན་པ་ཡོད་ན་དག་སེལ་ཁོང་རྣམ་པས་བྱེད་ངེས་རེད་དེར་ཐེ་བྱུས་བྱེད་དགོས་དོན་མེད། དེའི་ཁྲོད་མེ་ལྕེ་སྤར་དགོས་པའི་ལས་འགན་འདྲ་ཡོད་ན་དེ་ལྟར་གནང་བར་ཞུ།
ཨེ་རླུང་ཁང་གི་གནས་ཚུལ་ནི་རྒྱ་མོས་བོད་སྐད་སྡེ་ཚན་འགོ་འཁྲིད་གནས་ནས་སྤུད་པ་དེར་བསམ་ཞིབ་ངེས་པར་དགོས། དེར་བསམ་ཞིབ་མེད་པར་ནང་ཁུལ་འཁོན་རྩོད་དང་ཕྱོགས་ཞེན་སྐད་ཆས་དྲ་འབུ་བྲེལ། གཞིས་སུ་རྒྱ་མིས་བོད་མི་ཚོར་མནར་གཅོད་ཉིན་ཚན་བཟོད་ཐབས་མེད་པ་བཏང། གཞན་ཡུལ་དུ་རྒྱ་མོས་བོད་མིར་ཐུབ་ཚོད་གཉའ་སྣོན་བཏང་། དེ་ལྟར་ན་ཡང་ནང་ཁུལ་ཁྱི་ལྟར་ཕན་ཚུན་གཅིག་གི་གཅིག་ལ་ཟུག དེ་འདྲའི་སྐྱོ་བ། ཨེ་རླུང་ཁང་གི་ང་ཕོད་ལ་བདེན་པ་ཡོད་ན་ང་ཕོད་ཀྱི་བདེན་པ་ཁུང་བསྐྱེལ་བྱེད་ངེས་རེད། བཟང་ཕྱོགས་ལ་དག་སེལ་བྱེད་རྒྱུའི་ཐོབ་ཐང་ལོས་དགོས། ཟམ་གདོན་རྒྱ་རི་་བློ་བཟང་སྙན་གྲགས་བདེན་པ་ཡོད་ན་དག་སེལ་ཁོང་རྣམ་པས་བྱེད་ངེས་རེད་དཔེར་ན་ སྲིད་སྐྱོང་མཆོག་ལྟར་ལགས། དེར་ཐེ་བྱུས་བྱེད་དགོས་དོན་མེད། དེའི་ཁྲོད་མེ་ལྕེ་སྤར་དགོས་པའི་ལས་འགན་འདྲ་ཡོད་ན་དེ་ལྟར་གནང་བར་ཞུ།
གནས་ཚུལ་འདི་བརྒྱུད་བསྐུལ་བཟོ་མཁན་བྱེད་གཏེར་ངོ་མ་དེ་བོད་རིགས་ནང་ཁུལ་དང་། ལྷག་པར་དུ་ཨ་རི་གནས་བསྡོད་བཟོ་མཁན་གྱི་གདུག་སེམས་ཅན་རེ་ཟུང་ཡོད་པ་དེ་ཚོ་ཡིན་པ་གསལ་གསལ་ཐིང་ཐིང་ཆགས་ལ་ཉེར་འདུག །གོང་གསལ་མཆན་བུ་ཁ་ཤས་བལྟས་ན་་་་་་་་་་་་་་་་་་་་་་་་་་་
རྒྱ་མོས་བོད་མི་ཞིག་ལ་གཞན་ཡུལ་དུ་ཐུབ་ཚོད་བཏང་བ་དེར་བསམ་དགོས།
ཨེ་ཤི་ཡ་རླུང་ཁྲིན་ཁང་གི་ནང་དུ་རྒྱག་ནག་གཞུང་གིས་ཏང་ཡོན་ཟུར་པ་དང་། དེ་བཞིན་ཏང་ཡོན་དང་འབྲེལ་ཡོད་མི་ཉུང་བ་ཞིག་ཡོད་པ་མ་ཟད་ཁོང་ཚོ་རྒྱ་ནག་དུ་ག་དུས་འགྲོ་ཡང་དགག་བྱ་གང་ཡང་མེད་ཁར། ད་དུང་རྒྱ་ནག་གིས་ས་ཁུལ་གང་འདོད་འགྲོ་ཆོག་གི་ཡོད་པ་རེད། ལས་ཁུང་དེར་ཡོད་པའི་བོད་རིགས་བྱེད་ཞིག་མི་དགོས་བོད་མི་དཀྱུས་མ་ཞིག་ཡིན་ཡང་དེང་སོང་བོད་ནང་གི་ས་ཁུལ་གང་སར་འགྲོ་ཆོག་ཆོག་ཞིག་གཏན་མེད་པ་རེད། ཡང་རྒྱུ་མཚན་གཞན་ཞིག་ནི་ལས་ཁུང་དེར་ཡོད་པའི་རྒྱལ་རིགས་གཏང་ཡོན་ཟུར་པ་དེ་ཚོར་རང་ཡུལ་སྟོབས་འབྱོར་དང་རྒན་ཕོག་གང་ཡོད་ལ་ལོངས་སུ་མི་བསྐྱོད་པར་ཨེ་ཤི་ཡ་རླུང་འཁྲིན་ལས་ཁུང་དུ་འཛུར་ཞུགས་དགོས་དོན་གང་ཡིན་ནམ། གང་ལྟར་ང་ཕོད་འཇིག་མེད་དང་སྐལ་ལྡན་བློ་གྲོས་སོགས་ཀྱིས་རྙོག་གླེང་འདི་ཡང་ཁོང་ཚོ་དང་འབྲེལ་བ་མེད་པར་སུ་ཡི་བཤད་སྤོབས།
ནུབ་ཕྱོགས་ན་གཏམ་དཔེ་ཞིག་ལ། ” བཤང་བཙོང་བུ་མོའི་རྐུབ་དང། གྲོས་ཚོགས་འཐུས་མིའི་ཁ། “ཟེར་བ་ཞིག་ཡོད་པ་རེད་ཟེར། དེ་ནི་ས་མཚམས་ཆུ་མཚམས་གང་ཡང་མེད་པར་གང་དྲན་ལབ་བཞག་པ་དེས་ཡིན་ས་རེད། གྲོས་ཚོགས་ནང་གི་འཐུས་མི་ཚོའི་ཁ་ལ་ཚོད་འཛིན་བྱ་སྤྱད་ཁྲིམས་སར་འགྲོ་རྒྱུ་མེད་པ་གྱོང་ཆེན་པོ་རེད། ད་ཐེངས་གྲོས་ཚོགས་འཐུས་མི་ཁྲིམས་ལ་སྦྱར་ཆོག་ན། སྲིད་སྐྱོང་དང་རྒྱ་རི་རིན་པོ་ཆེ་གང་རུང་གིས་སྦྱོར་དགོས་ངེས་རེད། ཁྲིམས་ལ་སྦྱར་ཆོག་པ་ཞིག་ཡིན་ན། ང་ཚོའི་འདིའི་རྒྱབ་ནས་གནད་དོན་མང་པོ་རྟོགས་སྲིད་པ་རེད། ཨ་རི་པ་དང་བོད་པ་ལག་སྦྲེལ་གྱིས་དབུ་མའི་ལམ་གྱི་བོད་རྒྱ་འབྲེལ་མོལ་ལ་བར་ཆད་བྱེད་པ། བོད་མིའི་དོན་དམ་གྱི་རང་སྐྱོང་རྩོད་ཀྱི་མེད་པའི་རྣམ་འགྱུར་འདྲ་མིན་བསྟན་སྟེ་རྒྱ་ནག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་དོགས་གཞི་བསྐྲུན་པ་སོགས་ཀྱི་བྱེད་སྟངས་ཀྱང་རྙེད་ངེས་པ་རེད་ལ། ཐ་ན་རང་སྲེག་གྲངས ༡༠༠ ལོན་ན་རྒྱལ་སྤྱིས་དོན་ཕན་ལྡན་པའི་རྒྱབ་སྐྱོར་གནང་གི་རེད་ཟེར་བའི་དཀྲོགས་གཏམ་སོགས་ཀྱང་ཇུས་གཞི་འདིང་མཁན་འདི་རྣམས་དང་འབྲེལ་བ་མེད་ཏན་ཏན་ཡོད་ཀྱི་རེད་བསམས། སྔོན་མ་རྡ་སར་སླེབས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཞིག་གིས་ངེད་ལ་ཁྱེད་ཚོ་བོད་མི་ཁ་ཤས་ཀྱིས་དབུ་མའི་ལམ་ལ་འགྲེལ་ལོག་རྒྱག་པ། བོད་རྒྱ་འབྲེལ་མོལ་ལ་ཐབས་ལམ་སྣ་ཚོགས་ནས་བར་ཆད་བྱས་པ་ཡིན་ན་ལམ་ཁ་གཞན་པ་ཞིག་གདམ་གི་རེད་བསམས་ཏེ་དྲང་པོ་མིན་པའི་ལས་ཀ་དེ་བྱེད་ཀྱི་འདུག་ཟེར། སྐབས་དེར་ངས་གྲོགས་པོའི་སྐད་ཆ་རྣམ་འགྱུར་ཐོག་ཁས་ལེན་བྱས་མེད། ཡིན་ནའང། ད་སྲིད་སྐྱོང་ཤག་ནས་དེ་ཚོའི་ཐད་ཕྱི་གསལ་ནང་གསལ་བཟོས་ན་ཡག་གི་རེད། དེ་མིན་ཕྱི་ཟླ ༡༢ པའི་ནང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་ལ་ཐུགས་རེ་གནང་རྒྱུའི་ལས་དོན་ལ་བར་ཆད་ཤོར་དུས། དངོས་གནས་ལོ་གསུམ་པའི་དཀྱིལ་ནས་འབྲེལ་མོལ་མགོ་བཙུགས་ཏེ་ལོ་ལྔ་ཚན་ཕྱི་མའི་འོས་ཤོག་ཐོབ་རྒྱུར་འབྲེལ་མོལ་མགོ་འཛུགས་བྱ་ངེས་དང། བོད་རྒྱ་འབྲེལ་མོལ་ད་ཡོད་ཆབ་སྲིད་ལས་དོན་ནང་བོད་མི་ཚོའི་ལྟ་ས་ཉག་ཅིག་ཡིན་པས་སྤྱི་སྒེར་གཉིས་ཀའི་ལས་དོན་མཉམ་སྒྲུབ་བྱ་རྒྱུ་རེད་ཅེས་པའི་དབྱེ་ཞིབ་ཐོག་ཁྱོན་ནས་འགྲོ་མི་དགོས་པ་གནང་རོགས། སྲིད་སྐྱོང་ཤག་ནས་ཏན་ཏན་གཟབ་གཟབ་གནང་དགོས་ཀྱི་འདུག ངེད་ལ་ཁ་སང་གི་བསྒྲགས་གཏམ་དེ་བཀའ་ཤག་ལྷན་རྒྱས་ལ་གྲོས་བསྡུར་བྱས་ཡོད་མེད་ཀྱང་དོགས་པ་ཤིན་ཏུ་ཟ། གལ་སྲིད་ཞུས་ཡོད་ན། བཀའ་བློན་མཁྱེན་མྱོང་ཅན་ཚོས་ཡང་ཁ་བཙུམས་ནས་བཞུགས་པ་ཐག་ཆོད།།
བཙན་བྱོལ་བོད་མི་ཚོས། ང་ཕོད་ཀྱི་སྐོར་ལ་གླེང་སློང་མ་བྱེད། འུ་ཚོའི་ལོ་རྒྱུས་གཅིག་པ་མིན་པས་གླེང་སློང་བྱེད་ཤེས་ཀྱི་མ་རེད། དེ་བས་ང་ཕོད་ཀྱི་རྙོག་གླེང་བེད་སྤྱོད་ཀྱིས་བོད་པ་དང་ཨ་རི་པ་ཟུང་སྦྲེལ་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་དམའ་འབེབས། ༧གོང་ས་མཆོག་ལ་ཟུར་ཟ། རྒྱ་བོད་བར་འགལ་བ། ཨ་བོད་བར་ལ་དཀྲོགས་གཏམ་སྤེལ་བཞིན་པ་འདི་རྣམས་གཙང་མ་བཟོས་ན་དེས་འགྲིག་གི་བསམས།།
མཆན ༡༡༤ ནང་དུ་༼ མེད་༽ཅེས་པའི་ཡི་གེ་ཐོལ་བ་ཞིག་བྲིས་འདུག དེ་བསུབ་ནས་ཀློག་རོགས།
ཨ་རླུང་ཚང་དང་ཨེ་རླུང་ཚང་གཉིས་ལ་ཁྱད་ཆོས་མ་འདྲ་བ་གཉིས་ཡོད། ཁྱད་ཆོས་མ་འདྲ་བ་དེ་གཉིས་ནི་བོད་ཕྱི་ནང་གི་བོད་མི་ཚོས་མིག་བཅེར་ནས་ལྟ་ས་དང་རྣ་གཏད་ནས་ཉན་ས་གཉིས་ཡིན། ཨ་རླུང་ཚང་གི་བརྙན་འཕྲིན་དང་ཨེ་རླུང་ཚང་གི་རླུང་འཕྲིན་གཉིས་ཏེ་བོད་མི་ཚོས་མིག་གི་ཡུལ་དུ་གཟིགས་མཛེས་བྱེད་དང་རྣ་བའི་ཡུལ་དུ་སྒྲ་སྙན་བྱེད་ཀྱི་རྒྱགས་ཕྱེ་ཁོ་ན་གཉིས་ཡིན།
རྒྱགས་ཕྱེ་འདི་གཉིས་མ་རུང་རྐུན་ཇག་གི་གཟེར་དྲར་གཏན་ནས་ཚུད་འཇུག་མི་ཉན། གལ་སྲིད་རྒྱགས་ཕྱེ་འདི་གཉིས་མེད་ན་བོད་མི་རིགས་ཀྱི་སྙིང་རྩར་ཁྲག་རྒྱས་མི་ཐུབ་ལ། བོད་མི་རིགས་ཀྱི་ལུས་ཕུང་འཚར་ལོངས་འབྱུང་མི་ཐུབ། ཡིན་ནཡང་། ཟས་དུག་ཕོག་དུས་ནད་བཅོས་བྱེད་དགོས་པ་ནི་སྨྲས་མ་དགོས་པ་རེད། ནད་དུག་ཕོག་དུས་སྨན་བཅོས་བྱེད་དགོས་པ་མ་ཟད་སྐབས་ལ་ལར་གཤག་བཅོས་ཀྱང་བྱེད་དགོས་ཐུག་གི་རེད།
ཡིན་ན་ཡང་། གཤག་བཅོས་ཚར་རྗེས་ལུས་ཕུང་སྔར་ལས་སངས་དྲག་ཏུ་འགྲོ་གི་རེད། སོང་ཙང་གཤག་བཅོས་བྱེད་པ་ནི་ལུས་ཕུང་བདེ་ཐང་གི་ཆེད་སྟབས་གཤག་བཅོས་བྱེད་དགོས་གི་རེད།
ཨ་རི་འཐུས་མིའི་སྐད་ཆ་དེ་ནི་ཨ་རི་གཞུང་གི་ལངས་ཕྱོགས་གསལ་པོར་མཚོན་ཡོད། ཨ་རིའི་མཐའ་ཐུག་གི་དམིགས་ཡུལ་རྒྱ་ནག་མང་གཙོ་ལམ་དུ་འཁྲིད་རྒྱུ་དང་། རྒྱ་ནག་ཉམས་དམས་སུ་གཏོང་རྒྱུ་དེ་རེད། དེའི་ཆེད་དུ་ཡུ་གུར་དང་། རྩ་རླུང་སྒོམ་སྒྲུབ། ཆུ་སྒང་། བོད་གཞུང་སོགས་ལ་རོགས་སྐྱོར་བྱས་པ་རེད། ད་རེས་བོད་གཞུང་ལ་རོགས་སྐྱོར་བྱས་པ་དེ་ཁོའི་འདོད་དོན་གྱི་ཅེད་དུ་གཏོང་གིན་མེད་པ་རེད། བོད་དེའི་རྒྱ་ཁོངས་སུ་འཛུལ་བའི་ཆེད་དུ་བཀོལ་བཞིན་ཡོད་པ་རེད། དེས་ཨ་རི་ངར་གཞག
གཉིས་པ། ཨ་རིའི་གཞུང་ལ་ཨ་རླུང་ཚང་རྒྱུད་ནས་བོད་གཞུང་གི་མགོ་ཁྲིད་གསར་རྙིང་ཚང་མ་གཏོར་ཟོར་འདི་འཕང་འོངས་པ་རེད། གཏོར་ཟོར་འདིའི་རྒྱབ་ལོག་ན་སྔགས་པ་ཞིག་ཡོད་པ་དེ་ནི་ང་ཕོད་རེད། ང་ཕོད་ཕ་བུ་གཉིས་ཀྱིས་ག་དུས་ཡིན་ནའང་རང་དོན་མ་གཏོགས་བོད་པའི༷་སྤྱི་དོན་རྩ་བ་ཉིད་ནས་བྱེད་མྱོང་མེད། ད་རེས་ཀྱང་ཁོ་རང་གི་སྒེར་གྱི་དཀའ་ངལ་དེ་ཨར་བོད་གཉིས་ཀྱི་སེར་ཁ་ཕྲན་བུ་ཡོད་པ་དེའི་བར་དུ་བརྒྱབས་འདུག
ད་ཐེངས་ཀྱི་རྙོག་གླེང་དེ་ལ་འདི་ལས་གཞན་པའི་འགྲེལ་བཤད་སུ་ལའང་མེད།
སྔོན་མ་ཞིག་ལ་བདག་གིས་ང་ཕོད་ལ་ཞུ་བ་འཐེན་པ་ཡིན། ཁྱེད་ཚོའི་བོད་ཡིག་དྲ་ཚིགས་དེ་ཡར་རྒྱས་ལ་གཏོང་རོགས། ཀློག་ས་འགྲོ་གི་མི་འདུག གསར་འགོད་པ་ཁ་ཤས་བོད་ཡིག་དང་བོད་ཀྱི་རིག་གནས་ཤེས་ཚུལ་ཧ་ཅང་སྐྱོ་བོ་རེད། སྐུ་མཁྱེན་་་་སྐྭུ་མཁྱེན་ཞེས་བཤད་མྱོང་། ཁ་ཡག་ཅིག་བཤད་ནས་བཞག་སོང་། ཁོ་བོ་ཁོའི་ཕ་རྒན་སྦྱང་པོ་ཡོད་པ་རེད། ལས་བྱེད་ཚོ་རང་དབང་སྤྲད་ནས་ཅི་འདོད་འདོད་བྱེད་བཅུགས་ཡོད་པ་རེད། དེའི་ཕྱིར་ཁོ་ཚོ་ང་ཕོད་ལ་དགའ་གི་རེད། ང་ཕོད་ཀྱིས་ཅི་ཡང་འཇོན་གི་མི་འདུག ཁོས་ལོ་བཅུ་དྲུག་ལ་ལས་ཀ་བྱས་འདུག མང་དྲག་སོང་བ་རེད། རྐུབ་སྟགས་གཞན་ལ་སྤྲོད། ཁོ་རང་རྒྱལ་བོ་མ་རེད། ལས་བྱེད་མང་པོ་ཡང་བརྗེ་བོ་རྒྱག་དགོས་གི་འདུག ཨེ་རླུང་ཁང་ནི་བོད་ཀྱི་སྲོག་རྩ་ལྟ་བུ་རེད། ཡར་རྒྱས་གཏོང་གི་འདུག ལས་བྱེད་གསར་བ། སྒྲིག་འཛུགས་གསར་བ། མགོ་འཛིན་གསར་བ་། བོད་ཡིག་དང་བོད་སྐད་ཡག་པོ་ཤེས་མཁན་དགོས་གི་འདུག
བོད་ཡིག་དང་བོད་སྐད་ཤེསམཁན། བོད་པའི་རིགས་གནས་ལ་དགའ་མཁན་ཞིག་ཨེ་རླུང་ཚང་གི་བོད་སྐད་སྡེ་ཚན་གྱི་མགོ་གཙོ་ལ་འཇོག་དགོས་གི་འདུག
༩༨༽ བསྟན འཛིན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ གི་ཆུ་ཚོད་ ༦ སྐར་མ་ ༥༥
ང་ཕོད་འཇིགས་མེད་ཀྱི་དཔྱད་མཆན་ནང་དུ།མི་མང་པོས་གནས་ཚུལ་ཁ་གསལ་མ་རའཏོགས་པར་ཐོལ་བཤད་བྱེད་པ་ཁག་ཅིག་ཡོད་པས། ངས་གསལ་འགྲེལ་ཞིག་བྲིས་ཚེ་ཕན་ཡོང་བསམ།
ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དེའི་ཁྲོད་དུ་བོད་མིའི་སྒྲིག་འཛུགས་དང་༧རྒྱལ བ་རིན་པོ་ཆེ་ཡོད་མདོག་གིས་དགོས་འདྲི་བྱེད་པ་དེ་ཁུངས་མེད་ལུགས་མེད་རེད།
ཨ་རི་གྲོས་ཚོགས་འཐུས་མི་དེའི་རྣ་རྩར་སྐྱེལ་མཁན་བོད་མི་སུ་ཡིན་ན་བོད་སྤྱི་བའི་ཆིག་སྒྲིལ་དང་ནང་གསེས་ཛ་དྲག་གི་གནས་བབ་ལ་བོད་གཞུང་ལ་རྒོལ་བའི་ལས་ཀ་གཟབ་གཟབ་བྱ་དགོས།
སྒྲིག་འཛུགས་ཐོར་བཤིགས་མི་འགྲོ་བའི་ཆེད་དུ་བོད་མི་སོ་སོས་བསམ་བློ་ནན་ཏན་གཏོང་བ་གལ་ཆེ་བས། གནས་ཚུལ་གསལ་ཁ་ཡོད་དང་མེད་ཀྱི་བར་དུ་མདའ་དཀྲུག་ཕུ་དཀྲུག་བྱ་མི་འོས།
ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་ལས་བྱེད་འདེམས་བསྐོ་དེ་བོད་མིའི་སྒྲིག་འཛུགས་ལ་ལས་འགན་ཡོད། ཨ་རིའི་རོགས་དངུལ་དེ་བོད་ནང་གི་རྒྱ་ཆེའི་མི་མང་གི་ཆེད་དུ་རེད། མི་ཁ་ཤས་ཀྱིས་ཝ་མོའི་སྤྱོད་པ་འཁྲབ་ཚེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་སྣང་མེད་གྱུར་བ་རེད།
ཨེ་ཤ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་འདེམས་སྟངས་དང་ལས་བྱེད་ནར་ཚགས་བྱེད་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བསམ་བློ་ཏན་ཏན་གཏོང་དགོས། ད་སྔ་བོད་ནང་གི་བོད་མི་ཚོས་རྣ་བ་གཏོད་སའི་ལས་ཁུངས་འདི་གཉིས་ནང་ངོ་ཤེས་དང་ནང་མི་ཕན་ཚུན་གྱི་འབྲེལ་བའི་སྐུ་དྲག་ཁག་ཅིག་གིས་བཟུང་ཡོད་པ་བེདན་པ་རེད། ལས་བྱེད་དེ་ཚོའི་རིགས་ད་ལྟ་རྒྱུ་ཐོག་ལ་བརྒྱབ་ཏེ་བསྡད་ཞོར་ལས་ཀ་མ་གློད་པར་ཡོད་པས། ཨ་རིའི་གཞུང་གི་མ་དངུལ་མ་འཕར་བར་དུ་ལས་བྱེད་གསར་བ་ལེན་ཐབ་ཀྱིན མེད། ཉེ་བའི་ལོ་ཤས་ནང་གི་ལས་བྱེད་གསར་བ་ཚང་མ་གླ་བའམ་ཉིན་གླ་ཡིན་པ་དང། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ རོགས དངུལ་དེའི་ཁྲོད་ཀྱི་ལས་ཀ་མི་གཏོང་བའི་ལས་བྱེད་རྙིང་བ་གཅིག་གི་གླ་ཕོགས་དང ཐོབ་ཐང་།་ཁེ་ཕན་དེ་ལས་བྱེད་གསར་བའམ་གླ་བ་མི་་ལྔ་དྲུག་གི་གླ་ཕོགས་ཀྱི་ཚད་རེད།བོད་མི་ཕལ་བ་ཚོས་མཐོང་བཞིན་པའི་རྒྱབ་མདུན་དུ་ཉམས་ཞིབ་བྱེད་ས་མང་ལེ་ཡོད།
ཨ་རིའི་གཞུང་གིས་བོད་དོན་རོགས་དངུལ་སྡོམ་རྩིས་ལས་ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་མ་དངུལ་ཡང་བརྩི་བཞིན་ཡོད་པ་ལས།བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་མདངུལ་ལས་ཨ་སྒོར་ས་ཡ་ཁ་ཤས་ཤིག་ཨ་དང་ཨེ་ལ་སྤྲོད་བཞིན་པའི་འགན་འདི་ལས་བོད་ནང་གི་རྒྱ་ཆེའི་མི་མང་གཙོ་བོ་བཟུང་ནས་ཨ་དང་ཨེ་གཉིས་ཀྱི་ལས་བྱེད་རྣ།ས་སྙོམས་སྒྲིག་བྱ་དགོས་ཀྱང་། ལས་བྱེད་རྙིང་པ་ཚོས་མི་སེར་ཐོབ་ཐང་ཁྱེར་ནས་བོད་གཞུང་ཁྲིམས་སྦྱོར་བྱེད་ངེས་པ་རེད།་
བོད་མི་ཕལ་བ་ཚོས་ཉམས་ཞིབ་ཀྱི་ཚད་དེ་མིག་གིས་མཐོང་སའི་ཁྱོན་མ་ཡིན་པར་མིག་གིས་མི་མཐོང་སའི་ཁྱོན་ལ་འགྲོ་དགོས་པ་འདུག
གཏམ་བཟང་པོ་འདུག བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཨ་རིའི་གྲོད་ཚོགས་མཐུན་མིས་འཐེས་ཇུས་བྱས་འདུག དེ་ཡང་རྒྱུ་མཚན་དང་ཁུངས་ལུང་སོགས་གང་ཡང་གསལ་པོ་མེད་པར་གཞན་གྱི་ཁ་བཤད་ཀྱི་ཚིགས་སྐམ་ཁོ་ནར་གདེངས་འཇོག་ཆེན་པོ་བྱས་འདུག ཨ་རི་བ་དང་སྲིད་གཞུང་དེ་གཉིས་ཀྱི་གནས་སྐབས་དང་མཐར་ཐུག་གྱི་ཁེ་ཕན་དེ་ཨ་རི་བ་ཁོ་ན་རྒྱས་འདོད་པ་དེ་གཅིག་པུ་རེད། རྒྱ་ནག་དམར་པོའི་སྲིད་གཞུང་དམའ་ལ་འབབས་འདོད་པ་གཅིག་པུ་དེ་མ་རེད། ཡུལ་གུར་བ་དང་དམངས་གཙོ་དོན་གཉེར་ཅན་པ། རྩ་རླུང་སྒོམ་སྒྲུབ་ལ་སོགས་པའི་ཆོས་ལུགས་པ་དེ་བཞིན་བོད་དོན་འཐབ་རྩོད་པ་བཅས་ཚང་མ་ཨ་རི་ཚང་གི་ལག་ཆ་ཤ་སྟག་རེད། རོགས་དངུལ་ཞེས་པའི་མིང་བྱང་དེ་ཡང་དེ་སྔོན་ནས་འཛམ་བུ་གླིང་གི་མཐའ་ནས་མཐའ་རུ་འཁྱེར་བའི་མིང་ཤོག་ཞིག་རེད། བོད་མི་དང་དེ་བཞིན་ཡུལ་གུར་བ་སོག་རིགས་ལ་སོགས་པའི་མི་རིགས་མང་དག་ཞིག་ལ་དོན་དམ་གྱི་རང་དབང་ཞིག་སུས་ཀྱང་རོགས་དངུལ་སྦྱིན་ནས་ཉོ་ས་མེད་པ་གསལ་པོ་རེད། དེ་འདྲའི་རོགས་དངུལ་ཁ་ལ་འཁྱེར་ནས་ཞེས་སྣང་མ་ལྐུལ་ན་ཡག་པ་མཐོང། བོད་མི་རིགས་དང་མི་རིགས་གཞན་ཚོ་རོགས་དངུལ་ལ་རྔམ་ནས་སོ་སོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་བརླག་ཏུ་འགྲོ་རུ་བཅུག་མི་སྲིད། སྔར་ལོ་རབས་བདུན་ཅུ་པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རོགས་དངུལ་གྱི་མིང་ཐོག་ནས་བོད་རིགས་ནང་མ་མཐུན་པ་མང་པོ་བཟོས་ཡོད་པ་རེད། དེའི་རྗེས་སུ་མི་གཅིག་སྟོང་ལེན་པའི་སྟབས་ཀྱི་བཙན་བྱོན་ཁ་འཐོར་དགུ་སྟོང་བཟོས་ཡོད་དེ་དག་ཚང་མ་རོགས་དངུལ་ཟེར་བའི་མིང་སྦྱང་རྐྱང་པ་བེད་སྤྱོད་ཡོད། ང་ཕོད་ཕ་ངག་དབང་འཇིགས་མེད་ལྟ་བུར་ཆ་མཚོན་ན་བོད་གཞུང་གི་བཀའ་བློན་བྱས་ཡོད་ཁོ་པས་དོན་ཚན་བཅུ་བདུན་སོགས་མིང་བྱང་དེའི་ཐོག་ནས་བོད་དེ་རྒྱ་ལག་དུ་འཚོང་ཡོད། མཐར་ཁོ་པ་རྒྱ་ཡི་གོ་གནས་དང་ཐོབ་ཐང་མི་ཉུང་བ་ཙམ་ཞིག་ལས་མི་རིགས་དང་རྒྱལ་ཁབ་ཚོང་བའི་རིན་པ་འཐོབ་ཐུབ་མེད། དེའང་ལོ་རྒྱུས་ཀྱི་སྤང་པོ་མང་པོ་ཡོད་པ་རེད། ད་ལྟ་བོད་ནང་གི་གནས་སྟངས་ཐབས་སྡུག་དེ་འདྲ་ཞིག་གི་སྐབས་སུ་བུ་ང་ཕོད་འཇིགས་མེད་ཀྱི་གནས་ཚུལ་དེ་ཚང་མས་ཆེན་པོ་དང་དོ་སྣང་དེ་ཙམ་བྱེད་དགོས་དོན་མིན་འདུག ཨ་རིའི་ནང་དུ་ལས་མེད་དང་ལས་ཤོར་བ་ས་ཡག་མང་པོ་ཡོད་པ་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཉིན་ལྟར་བཤད་རྒྱུ་དང་བཀའ་ངལ་ལ་གདོང་ལེན་བྱེད་དགོས་པའི་གནད་འགག་གལ་ཆེན་ཞིག་ཏུ་རྩིས་སྟེ་འཛམ་གླིང་པ་ཚང་མས་གསལ་པོ་ཤེས་ཡོད། ལས་བྱེད་འགན་ཡོལ་འགྲོ་ལ་ཉེ་བའི་མི་རྒན་དེ་ཁང་པ་ཆེན་པོ་དང་དེའི་བུ་ལོན་མ་འཕྲོས་པའི་བཀའ་སྡུག་དེ་ཡང་ཨ་རིའི་ནང་གི་རྒྱུན་ལྡན་གྱི་མི་སེར་ཚོར་འཕྲད་བཞིན་པའི་གནས་ཚུལ་ཞིག་རེད། དེ་དང་ཆབ་སྲིད་བར་འབྲེལ་བ་མ་སྒྲུབ་ན་དགའ། ང་ཕོད་ཕྱིར་ཕུད་དགོས་པའི་དོན་ངོ་མ་དེ་མི་མང་ཚང་མས་ཤེས་ཐབས་བྱེད་དགོས་ན་ཨ་རི་ནང་གི་གསང་བའི་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པ་གསལ་པོ་རེད། ཨ་རི་བའི་གནམ་ཀུན་གྱི་བྱ་ཐབས་དཀྱུས་མ་ཞིག་བེད་སྤྱད་དེ་ཕྱིར་ཕུད་པ་རེད་དེ་ལས་ལྡོག་ཏེ་མི་ཡང་མཐོང་རྒྱུ་མེད་པ་མང་པོ་གསང་ལས་ཀྱི་བྱེད་ཀྱི་ཡོད་རེད། དེའི་སྐོར་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་འགྲོ་དུས་གསང་བའི་ལས་ཁུངས་ཀྱི་ཡིག་རྙིང་ནང་གསལ་རྒྱུ་ལས་ཐབས་གཞན་གང་ཡང་ཡོད་པ་མ་རེད། དེ་སྔོན་ཁ་ལོ་ར་ཊོར་ལ་བོད་དམག་གསང་མྱུལ་བ་སྦྱོང་བརྡར་བྱེད་ཡུལ་གྱི་དམིགས་བསལ་ལས་འཆར་དང་དེའི་ལེ་ཚན་ཆེས་སྒྲིགས་བྱེད་པ་ཞིག་ཚང་མས་མ་མཐོང་ངམ། མང་པོ་བཤད་རྒྱུ་ཡོད།
ང་ཕོད་འཇིགས་མེད་ཟེར་བའི་མི་དེས་སྤྱི་ཚོགས་ཐོག་ཚིགས་གཅིག་མ་བཤད་པར་ངོ་སྣོང་ཡོད་བཟོ་འདུག ཨ་རླུང་ཚང་གི་འགོ་ཁྲིད་རྒྱ་མོ་དེས་དེ་བྱས་དེ་མིན་གྱིས་འགྲེལ་བརྗོད་མེད་པར་ང་ཕོད་འཇིགས་མེད་ཁོ་པ་ལས་གནས་ནས་ཕྱིར་འབུད་གཏོང་ན་ཨ་རིའི་ཁྲིམས་ཁང་ལ་གཞུ་བསྟུགས་རྒྱབ་ཆོག་པ་མ་ཡིན་ནམ། ཨ་རི་ནི་ཁྲིམས་ཀྱི་སྐྱོང་བཞིན་པའི་རྒྱལ་ཁབ་ཞིག་ཡིན་པ་ཡོངས་གྲགས་ས་དར་རྡོ་དར་ཞིག་རེད། ཨ་ཡྂ་མཚན། ཁོང་གཉིས་ཀྱི་ཁ་ནས་སྐད་ཞིག་མ་མཐོན་ཚེ་གཞན་གྱི་བརྒྱ་སྟོང་ག་ཚོད་བཤད་ཀྱང་ཚིགས་སྟོང་པ་དོན་སྟོང་པ་ཤ་སྟག་རེད།
ཨ་ཙི་དཀོན་མཆོག་མཁྱེན། ད་དགྲ་གཉེན་གཉིས་སུ་ཡིན་ངོ་ཤེས་ས་ཞེ་དྲག་མིན་འདུག ད་ནི་ཉིན་རེ་བཞིན་ཇེ་སྡུག་ཇེ་སྡུག་རེད། རྒྱལ་ཁབ་ག་འདྲ་ཞིག་ཡིན་རུང་རང་ལ་ཁེ་ཕན་ཞིག་མེད་ན་རོགས་པ་མི་བྱེད་ཐག་ཆོད་རེད་དོ། ད་ཨ་རི་ཡིན་ན་དགའ་གཏོང་རྒྱུ་དང། རྒྱ་ནག་ཡིན་ན་སྡུག་གཏོང་རྒྱུ་ཅང་འདུག་གམ།
ཤར་ཁུག་དང་སྟག་སྨྱོན་སོགས་ནས་གོ་སྐབས་འདི་བཟུང་ནས་སྲིད་སྐྱོང་མཆོག་གི་ཞབས་ལ་ཐག་པ་བཏག་རྩིས་འདུག འདི་ཡང་ང་ཚོས་ཤེས་དགོས། མ་ཡིན་ཡིན་མདོག་གིས་ནང་ཁུལ་སྐྲུག་མཁན་འདི་ཚོ་ཐར་པར་གཏོང་རྒྱུ་མེད། མུ་མཐུད་ནས་བལྟ་ཆོག
འདི་དེ་རིང་གི་གནས་ཚུལ་རེད། སང་ཉིན་རྒྱ་གར་གཞུང་གིས་ཤར་ཕྱོགས་ཁུག་རྟ་ཁྱོད་ལ་ཞིབ་དཔྱད་བྱེད་རྒྱུ་རེད། རྒྱ་གར་ས་ཐོག་ལ་སྐར་ལྔའི་དར་དམར་འཛུགས་ཆེད་བྱ་འགུལ་གང་སྤེལ་མི་དྲན་ནམ།
ཁམས་པའི་སྐད་རྒྱག་མཁན་་་་དང་་་ཨ་མདོའི་སྐད་རྒྱག་མཁན་་་དང་་་་དབུས་གཙང་བའི་སྐད་རྒྱག་མཁན་་་་ཚོས་ད་ལམ་གནས་ཚུལ་འདིའི་ཐད་ནས་ལེགས་ཉེས་ག་རེ་བྱུང་བ་ཡིན་ནའང་འགན་ལེན་དང་བྱུས་གཏོགས་ཡག་པོ་བྱེད་ཤོག་ཨ། སྟོད་པའི་སྐད་རྒྱག་མཁན་ཉམས་ཆུང་ང་ཚོ་ལ་བྱུས་གཏོགས་དང་འགན་ལེན་གང་ཡང་མེད་དོ། དེ་འདྲ་གང་ཡིན་ནམ་ཟེར་ན། སྟོད་སྐད་མི་སྐད་ཀྱི་གྲལ་དུ་ཁྱེད་ཚོས་གདེང་འཇོག་མ་བཞག་པའི་ཕྱིར། །
BONPO ཉོན་་་་་་སྟོད་ཕྱོགས་ན་སྐད་རྒྱག་མཁན་དང་མེ་སྲེག་མཁན་མེད་པས་གདེང་འཇོག་མ་བྱས་པ་ཡིན་་་ཧ ཧཧ
གཙོ་བོ་བློ་བཟང་སེང་གེ་དང་བློ་བཟང་སྙན་གྲགས་གཉིས་ཀྱིས་ང་ཕོད་འཇིག་མེད་ཀྱི་གོ་གནས་དེ་འཕྲོག་འདོད་པ་རེད། ཁོ་རང་གཉིས་ལ་དམིགས་ཡུལ་ཞིག་ཡོད་པ་རེད་འདོད གཉིས་པ་བློ་བཟང་སེང་གེ་ཨ་རི་ལ་གོ་ཚོད་རྒྱུགས་ཀྱང་ཨ་རིའི་གཞུང་དང་གྲོས་ཚོགས་དང། གནད་ཡོད་མི་སྣ་ཚོར་འབྲེལ་བ་ཡག་པོ་ཞིག་འཛིན་ཐུབ་མེད་པ་མཐོང་བཅུག་པ་རེད། གནད་ཡོད་ཀྱི་ལས་ཁུངས་དང་མི་སྣ་འདི་ཚོར་འབྲེལ་བ་སྐྱོ་བོ་འདྲ་ཞིག་ལས་མེད་ན། བློ་སེང་ཨ་རི་ལ་འགྲོ་ནས་སུ་དག་ལ་འབྲེལ་བྱས་པ་རེད་དམ། སེང་གེས་རྫུན་མ་འདིས་ཕྱི་སྲིད་ཀྱི་འབྲེལ་བ་ག་ཚོད་ཅིག་བཟོ་ཐུབ་ཀི་ཡོད་མེད་ཕྱི་ལ་མཐོང་བ་རེད། བློ་བཟང་སེང་གེས་ལས་རོགས་བཀའ་བློན་འདེམས་སྟངས་ནས། ཕྱོགས་རེས་བྱེད་རྒྱུ་ཙམ་ལས་དམིགས་ཡུལ་དང་འཇོན་ནུས་མེད་མཐོང་ཟིན་པ་རེད།
ད་རྙོགས་ཁྲ་ཆེ་རུ་དང་གནས་ཚུལ་གསལ་དུ་གསལ་དུ་རེད་འདུག ཨེ་རླུང་ཁང་དུ་ལས་བྱེད་པ་སྐུ་དྲག་དང་སྐུ་དྲག་གི་ནང་མི་རྐྱང་རྐྱང་བཅུག་པ་མ་ཚད། ཡིག་ཚད་དྲང་པོ་མ་བྱས་པར་ཆུ་ཚད་སྐྱོ་པོ་དེ་འདྲ་བཅུག་ཡོད་ས་རེད། དེ་ཚོའི་ཤེས་ཡོན་གྱི་ཆུ་ཚད་ནི་བོད་ནང་དམའ་འབྲིང་གི་སློབ་གྲྭ་ལས་ཐོན་མེད་ས་རེད།
ངག་ཕོད་འཇིག་མེད་ནི་སྤྱི་ཚོགས་ནང་བསམ་ཚུལ་ཡོད་པ་ཙམ་དུ་མ་ཚད། རྒྱ་མིའི་སོ་མྱུལ་གྱི་གླེང་གཞི་ཡོད་མཁན་ཞིག་རེད་འདུག ་
ས་ཡིག་རྒྱག་སྟངས་དེ་ལ་ཅིག་ལྟོས་དང་། དགོད་མོ་྄ཤོར་ཡག་རེད། ལས་མི་ཚང་མའི་མིང་བསྒྲིགས་ནས་རེ་རེ་བཞིན་བཙན་བཀག་བཏང་བ་ཁ་གསལ་རེད།
ཤར་ཁུག་དང་ཁོའི་ཕྱོགས་གཏོགས་པ་ཚོས་ཨ་རི་གཞུང་གི་རོག་སྐྱོར་མི་དགོས་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་རོག་སྐྱོར་ཡོད་ཟེར་གྱི་ཡོད་པ་འདྲ། ཨེ་རེད།
བསྟན་གྲགས་མིང་ཅན་གྱི་སྐད་ཆ་ལ་ཆ་འཇོག་བྱེད་ས་མི་འདུག། འོ་ན་སྐལ་ལྡན་བློ་གྲོས་ཨེ་རླུང་ཁང་ལ་སུས་བཅུགས་པ་རེད། ཁོ་པ་དང་རྒྱ་མོ་གཉིས་ཀྱི་དབང་ཚད་ཀྱི་རྒྱབ་ཏུ་སུ་ཡོད་པ་རེད། ད་དུང་སྒྲོལ་དཀར་ལགས་དང་། ཀརྨ་རྡོ་རྗེ་ལགས། ཀརྨ་རྒྱ་མཚོ་ལགས། རྒན་འཇམ་དཔལ་ཕུན་ཚོགས། དཔལ་ལྡན་རྒྱལ་སོགས་གནད་ཡོད་མི་སྣ་ཚང་མ་ང་ཕོད་འཇིགས་མེད་ལགས་ཀྱི་སྤུན་ཆེད་རྐྱང་རྐྱང་ཨེ་རེད། ངས་བྱས་ན་ཁྱོད་རང་སྐལ་བློའི་སྤུན་ཆེད་མིན་ན་རྣམ་རྒྱལ་གྲྭ་ཚང་གི་དཀོར་ཟན་པ་མཉམ་རོགས་ཡང་ན་ཁོ་པའི་བོར་ཏོས་གཟེད་མཁན་འཇིང་ཉག་སྟེང་དུ་ཁ་ཆུ་བཏང་རོགས་ཡིན་པ་ཐག་གི་ཆོད་འདུག། དེ་མིན་ན་ཁྱོད་རང་གི་མཆན་ལ་གཅིག་བལྟོས་དང་། ཧ་ཧ་ཧ།
སྲིད་སྐྱོང་བློ་སེང་ལགས་ནས་རང་ཉིད་དག་འབུད་གནང་བ་ཐུགས་རྗེ་ཆེ། དག་འབུད་གནང་བ་ལྟར་གཙང་མ་ཡིན་པའི་རེ་བ་ཡོད། ཡིན་ན་ཡང་སྲིད་སྐྱོང་ནས་རང་ཉིད་དག་’འབུད་གནང་བ་ལས་བཙན་བྱོལ་བོད་གཞུང་དག་འབུད་གནང་བ་གལ་ཆེན་པོ་རེད།་་་ཁོང་ནི་གཞུང་ཞིག་གི་འགན་འཛིན་རེད།་་་གཞུང་གིས་དོན་དག་འདིའི་ནང་ལ་ཇུས་གཏོགས་གནང་མེད་དམ། གོ་ཐོས་ལ་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཨེ་ཤར་ཡ་རང་དབང་རྒྱང་བསྒྲགས་ལས་ཁུངས་ལ་ཆེད་སྐྱོད་ཀྱིས་དེའི་ལས་བྱེད་རྣམས་ཚོགས་འདུར་བཀུག་ནས་་ང་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་མ་བྱེད་རོགས་ཞེས་གསུངས་པ་རེད་ཅེས་ནས་གྲགས་བཞིན་པ་འདི་ཅི་རེད། ཁོང་མ་སྐྱོད་པ་རེད་དམ་ཡང་ཁོང་སྒེར་ངོས་ནས་སྐྱོད་པ་རེད། ཡང་སྐལ་ལྡན་བློ་གྲོས་ནས་ཨེ་ཤར་ཡ་རྒྱང་བསྒྲགས་ལས་ཁུངས་ཀྱི་རྒྱ་མོ་འགོ་ཁྲིད་དེ་ཁྲིད་ནས་རྡ་རམ་ས་ལར་སྐྱོད་ནས་བོད་གཞུང་དཔོན་རིགས་ཐུག་འཕྲད་བྱས་ནས་ང་ཕོད་ལས་གནས་ནས་འབུད་རྒྱུའི་ཐག་གཅོད་བྱས་པ་རེད་གཏམ་ཡན་ཡང་འདུག་་་འདི་དག་ཀྱང་དག་འབུད་བྱེད་དགོས་པ་མ་རེད་དམ། སྲིད་སྐྱོང་ལགས་ནས་རང་ཉིད་གཅིག་པོ་དག་འབུད་གནང་ནས་ཁ་རོག་གེར་བཞག་ན་གཞུང་ལ་འགན་འཁུར་གྱི་མེད་པའི་ཚོར་བ་ཞིག་འདུག
རྣམ་པ་ཚོ། བློ་གཟུ་བོར་གནས་སྟེ་དཔྱད་ཞིབ་ཐོབ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་མཆན་འབྲི་ན་མི་ལེགས་སམ། དོན་མེད་ཕྱོགས་རིས་དང་ཆགས་སྡང་གི་སྒོ་ནས་མཆན་འབྲི་ན་ལེགས་འབྲས་འདུག་གམ། དྲང་བདེན་དང་ཕྱོགས་རིས་མེད་པའི་ཐོག་མཆན་འགོད་རོགས་ཞུ།
གསེར་འབྲུག་ལགས། ཉིད་གྱི་སྐད་ཆ་མ་བཤད་པའི་སྔོན་ལ་བསམས་བློ་ཞིག་བཏང་ན་ག་འདྲ་འདུག། ག་དུས་ཡིན་ན་ཤར་ཁུག་དང་ཁོའི་ཕྱོགས་གཏོགས་སེར་ནས་དོན་མེད་སྐྱོན་འཛུགས་མ་བྱེད་རོགས། བསམས་ཚུལ་ཡོད་ན་དོན་དག་གི་སྒང་ལ་ཤོད་རོགས་གནང། དེ་མིན་མི་ལ་ཁུངས་ལོང་མེད་པའི་སྐྱོན་བརྫོད་ཅི་ཕན། ཁྱེད་དང་ཤར་ཁུག་བར་ལ་མ་འཆམས་པ་དང་མ་མཐུན་པ་དེ་འདྲ་ཡོད་ན་དེ་ནི་མི་སྒེར་གྱི་གནད་དོན་རེད་མ་གཏོགས། དྲ་ཐོགས་དུ་གཞུ་མེད་པའི་སྐྱོན་བརྫོད་བྱེད་ན་ག་རེ་ཕན། ངོ་མ་དེ་འདྲའི་ཁོངས་ཁྲོ་བཟོད་མི་ཐུབ་པ་ཞིག་ཡོད་ན་ཤར་ཁུག་ལགས་ཀྱི་ལས་ཁུངས་སམ་ཡང་ན་ནང་དུ་ཆར་ནས་ཁོང་མཉམ་དུ་བཀའ་མོད་ཞུ་ན་ཁོ་ཡིའི་ཁྱོད་ལ་སྣེ་ལེན་བྱེད་ངེས་བསམས།
ཉོན་ཡོག་དུ་ཡོད་པའི་བོད་ཀྱི་ཐབ་རྩ་ཚོགས་པའི་ལ་ཨ་རིས་གཞུང་གི་ཞིབ་འཇུག་གནང་ན་འགྲིག་ག།