གནས་ཚུལ་མཁོ་གཏོང་བ། བསོད་ནམས།
༼རེབ་གོང་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ནང་དུ་བརྡ་སྦྱོར་ཞིག་སྤེལ་འདུག འདི་ནི་རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་ནས་ཁུལ་གྱི་རྫོང་བཞི་ལ་བཏང་བའི་བརྡ་སྦྱོར་ཡིན་པ་དང་། བརྙན་འཕྲིན་གྱི་ཤེལ་ངོས་ནས་པར་བླངས་ཏེ་བསྐུར་བཪ་བརྟེན། ས་གནས་ནང་རེབ་གོང་ས་ཁུལ་དུ་མ་གཏོགས་ཁྱབ་མེད། བརྡ་སྦྱོར་དེ་ནི་བོད་མི་རྣམས་ལ་འཇིགས་སྐུལ་བྱས་པའི་བཙན་བཀའ་ཞིག་རེད།༽
ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར།
རྫོང་ཨུ་དང་མི་དམངས་སྲིད་གཞུང་སོ་སོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་། ཁུལ་ཐད་གཏོགས། ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ། དྲག་ཆས་རྨ་ལྷོ་ཡན་ལག་རུ་ཁག་བཅས་ལ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་སྐབས་འདིར། རང་ཁུལ་གྱི་རེབ་གོང་ས་ཁུལ་དུ་བརྟན་བརླིང་མིན་པའི་དོན་རྐྱེན་དྲུག་བསྟུད་མར་བྱུང་བ་དང་། དེས་ཁུལ་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཀྱི་རྣམ་པ་ཧྲིལ་བོར་གཏོར་བརླག་ཚབས་ཆེན་བཟོས་ཤིང་། ཞིང་ཆེན་ཡོངས་དང་རྒྱལ་ཁབ་ཡོངས་སུ་ཤན་ཤུགས་ངན་པ་བཞག དོན་རྐྱེན་འདི་དག་བྱུང་བ་འདིས་ཏྰ་ལའི་ཚོགས་ཁག་གིས་ཆོས་ལུགས་ཀྱི་ཕྱི་ལྭ་མནབས་པ་དང་། རང་སྲེག་བེད་སྤྱད་ནས་སྤྱི་ཚོགས་ཀྱི་སྐྱོ་སྣང་ངན་སྐུལ་དང་། སློབ་མར་ངན་སྐུལ་བྱས་ནས་ཟིང་ཆ་བསླངས་ཏེ། སྤྱི་ཚོགས་ལ་གཡོ་འགུལ་འབྱུང་དུ་འཇུག་པ། མེས་རྒྱལ་ཁ་བྲལ་དུ་གཏོང་བའི་རེ་ངན་ཡོངས་སུ་ཕྱིར་མངོན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་སྐབས་འདིར། ས་ཆ་ཁ་ཤས་སུ་སེར་སྐྱ་མང་ཚོགས་ཀྱིས་འཁྱར་གཏམ་འཕྱལ་གཏམ་བསྒྲག་པ་དང་། མུན་འཐོམས་ཀྱིས་ཏྰ་ལའི་ཚོགས་ཁག་གི་ངན་སྐུལ་བསླུ་བྲིད་ལ་ཉན་ཏེ། རང་སྲེག་མཁན་དེ་དཔའ་བོར་བརྩི་བཞིན་འདུག་པ་མ་ཟད། འཚམས་འདྲི་ལ་འགྲོ་བ་དང་ནང་སྒོས་སུ་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་སོགས་ཀྱི་བྱ་སྤྱོད་འབྱུང་བཞིན་འདུག་པས། མཐོང་ཐོས་ལ་ཉོག་དྲ་ཚབས་ཆེན་བཟོས་ཤིང་། རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་ཟིང་ཆ་བསླངས། བློ་ཐག་རྦད་ཆོས་ཀྱིས་ཞིང་ཆེན་ཏང་ཨུའི་ཇུས་གཅོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཤུགས་ཆེན་པོས་ཁུལ་ཡོངས་ཀྱ་སྤྱི་ཚོགས་ཀྱི་སྤྱིའི་རྣམ་པའི་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་འགལ་བ་ཉུང་ཤས་ཤིག་གིས་གནས་ཚུལ་ངོ་མ་མི་ཤེས་པའི་མི་ཁ་ཤས་ལ་ངན་སྐུལ་བྱས་ཏེ། རང་སྲེག་བྱེད་པ་དང་སྤྱི་ཚོགས་ཀྱི་སྐྱོ་སྣང་བཟོ་བའི་ཐ་ཤལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ། སྲོལ་བཟང་འཛུགས་པ། སྲོལ་ངན་ལ་རྡུང་འཇོམས་བྱེད་པ་བཅས་བྱས་ཏེ། ཁུལ་ཡོངས་སྤྱི་ཚོགས་ཀྱི་སྤྱིའི་འཆམ་མཐུན་བརྟན་བརླིང་སྲུང་སྐྱོབ་བྱ་དགོས། ད་ལྟ་འབྲེལ་ཡོད་བྱ་བའི་བྲེལ་མྱུར་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
གཅིག ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ། རང་སྲེག་མཁན་གྱི་ཁྱིམ་ཚང་གི་མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་མེད་པར་བཟོ་དགོས། རྗེས་ཕྱོགས་བཀོད་སྒྲིག་ཅི་ཡང་བྱས་མི་ཆོག རང་སྲེག་མཁན་གྱི་སྡེ་བར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལག་བསྟར་བྱེད་པའི་ལས་གཞི་ཚང་མ་མེད་པར་གཏོང་དགོས། བཀོད་སྒྲིག་བྱས་ཟིན་པ་ཐམས་ཅད་ལེགས་སྒྲིག་བྱེད་པ་དང་མེད་པར་གཏོང་དགོས། རང་སྲེག་དོན་རྐྱེན་བྱུང་བའི་ཞང་༼གྲོང་རྡལ༽ གི་འགར་ཁུར་བ་གཙོ་བོས་རྫོང་ཨུ་ལ་ཞིབ་བཤེར་གཏིང་ཟབ་བྱ་དགོས་ལ། ཁུལ་ཡོངས་སུ་བརྡ་ཁྱབ་སྤེལ་ཏེ་སྐྱོན་བརྗོད་བྱ་དགོས། ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་སྐོར་དང་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོ་ལོ་འདིའི་ནང་སྔོན་ཐོན་ཕུལ་བྱུང་དུ་བདམ་མི་ཆོག བརྟན་བརླིང་མིན་པའི་དོན་རྐྱེན་མང་བོ་བྱུང་བའི་ཞང་༼གྲོང་རྡལ༽ དུ། ལོ་གསུམ་ནང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལག་བསྟར་བྱེད་པའི་ལས་གཞི་བཀོད་སྒྲིག་བྱས་མི་ཆོག་ལ། ཞང་དང་གྲོང་རྡལ་གྱི་ཏང་ཨུའི་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་བརྗེ་ལེན་བྱ་དགོས་ཤིང་། ཚན་སྐོར་གྱི་ཁོངས་མི་ལེགས་སྒྲིག་བྱ་དགོས་བ་མ་ཟད། འགན་འཁྲི་ཕྱིར་ལྡོག་རྩད་ཞིབ་བྱེད་པ་དང་། བྱ་བ་དོན་འཁྱོལ་བྱས་པ་མི་འདང་བ། དེའི་ཐད་ཀྱི་བྱ་བ་མ་བསྒྲུབ་མཁན་ལ་ཏང་སྲིད་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ།
གཉིས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མྱུར་དུ་རང་ས་གནས་ཀྱི་མང་ཚོགས་ཁྲོད་དུ་རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲི་སོང་ཡོད་མེད་དང་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་གསལ་བོར་ཤེས་དགོས། འཚམས་འདྲི་ཞལ་འདེབས་ཕྱོགས་ཀྱི་མགོ་འབུས་གནས་ཚུལ་ཡོད་ན། རྫོང་དང་ཞང་གི་ཏང་ཨུ་དང་སྲིད་གཞུང་གིས་ཆེད་དུ་མི་མངགས་ནས་མྱུར་དུ་བཀག་འགོག་བྱ་དགོས་བ་མ་ཟད། བསླབ་བྱ་གཏོང་དགོས་ལ། དེའི་ནོར་འཁྲུལ་དང་མཇུག་འབྲས་ཚབས་ཆེན་གསལ་བཤད་བྱ་དགོས། བསླབ་བྱར་མི་ཉན་མཁན་དེར་སྤྱི་བདེ་སྡེ་ཁག་གིས་མྱུར་ཏུ་བྱེད་ཐབས་སྤྱད་ནས་རྡུང་རྡེག་ནན་མོ་གཏོང་དགོས།
གསུམ། རང་སྲེག་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་བྱེད་པར་མ་ཟད། རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་འབུལ་བའི་མང་ཚོགས་དང་གྲྭ་བ་དག་ལ་སྐྱོན་བརྗོད་སློབ་གསོ་གཏོང་དགོས་བ་དང་། དེ་རྩ་འཛུགས་བྱེད་མཁན་དང་མང་ཚོགས་འཐུས་ཚབ་པ། གྲྭ་བ་དག་འཚམས་འདྲི་སོང་བ་ཡིན་ན། སྒེར་དང་ཁྱིམ་ཚང་གི་མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ཀྱི་དམངས་ཕན་སྲིད་ཇུས་ཡོད་ཚད་མེད་པར་བཟོ་དགོས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན་ན། བློ་ཐག་རྦད་ཆོད་ཀྱིས་སྡེབ་སྒྲིག་བྱ་དགོས་པར་མ་ཟད། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཐག་གཅོད་བྱ་དགོས། སྡེ་བ་དང་དགོན་པ་དག་གིས་རྩ་འཛུགས་བྱས་ཏེ་ཞལ་འདེབས་འབུལ་བ་དང་ཞལ་འདེབས་བསྡུ་བ་ཡིན་ན། སྡེ་བ་ཡོངས་ཀྱིས༼ལྔ་སྐྱོང་ཁྱིམ་ཚང་ཕན་ཆད་ནས༽མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ལོངས་སུ་སྤྱོད་པའི་དམངས་ཕན་སྲིད་ཇུས་ཡོད་ཚད་མེད་པར་བཟོ་དགོས་ལ། སྡེ་བ་དང་དགོན་པ་དེ་དག་ལ་ལོ་གསུམ་གྱི་ནང་དུ་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་བའི་ལས་གཞི་ཡོད་ཚད་བཀོད་སྒྲིག་བྱས་མི་ཆོག་པ་དང་། བཀོད་སྒྲིག་བྱས་ཟིན་པ་ཡིན་ན་ཚང་མ་མེད་པར་བཟོ་བ་དང་སྡེབ་སྒྲིག་བྱ་དགོས།
བཞི། མང་ཚོགས་དང་གྲྭ་བའི་རྩ་འཛུགས་བྱས་ནས་འགོ་ཁྲིད་དེ་རང་སྲེག་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་ཕྱིན་པ་མ་ཟད་བཙན་གྱིས་བགོ་འགྲེམ་བྱས་པ་དེ་ལ་མྱུར་དུ་རྩད་གཅོད་བྱེད་པ་དང་བདེན་དཔང་ཁུངས་བཙན་བཟུང་ནས། ཁྲིམས་འཛིན་གྱི་གོ་རིམ་ནང་དུ་སྔ་ས་ནས་ཞུགས་དགོས་པ་དང་། མགྱོགས་ཤིང་ལྕི་བའི་སྒོ་ནས་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། ༼ སྡེ་ཨུ་གཉིས༽་དང་ལྷག་པར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དཔོན་གྱིས་འགོ་ཁྲིད་དེ་དེའི་ནང་ཞུགས་པ་ཡིན་ན། བློ་ཐག་རྦད་ཆོད་ཀྱིས་བརྗེ་ལེན་བྱེད་དགོས་པར་མ་ཟད། དེ་མཐུན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས་པ་དང་། མྱུར་དུ་སྒྲིག་ཁྲིམས་དང་རྩ་འཛུགས། སྤྱི་བདེ། རྩིས་བཤེར་སོགས་ཀྱི་སྡེ་ཁག་མངག་སྟེ་སྡེ་བ་དེ་ལ་དྲག་རྡུང་ནན་མོ་གཏོང་དགོས་ཤིང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩ་བ་ནས་ཐག་གཅོད་ནན་མོ་བྱ་དགོས། དགོན་པའི་ཨ་ལགས་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་ཡིན་ཕྱིན། དགོན་པ་ཁྲིམས་ལྟར་སྒོ་རྒྱག་ཏུ་འཇུག་པ་དང་། དག་ཐེར་ནན་མོ་བྱ་དགོས་ལ། རྩ་འཛུགས་བྱེད་མཁན་ལ་ཁྲིམས་ཆད་ལྗིད་མོ་གཅོད་དགོས།
ལྔ། ལས་བྱེད་ལས་བཟོ་བའི་ཏང་སྲིད་རྒྱལ་ཁྲིམས་སྣང་མེད་དུ་བཞག་སྟེ། རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲི་དང་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་དེ། གལ་ཏེ་ཤེས་རྟོགས་བྱུང་ན། མྱུར་དུ་གཞུང་གི་བྱ་བ་ནས་སྒོ་ཕུད་རྒྱུ་དང་། ཁྲིམས་འཛིན་སྡེ་ཁག་ལ་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན།
ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་མྱུར་དུ་ཐབས་ལམ་མང་བོ་སྤྱད་དེ། བརྡ་སྦྱོར་འདི་དྲིལ་སྒྲོག་དང་དངོས་འབེབས་བྱེད་པར་མ་ཟད། དོན་ཐོག་ཏུ་འཁྱོལ་རུ་འཇུག་དགོས། བྱ་བའི་གནས་ཚུལ་དུས་ཐོག་ཏུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས། ཁུལ་ཨུའི་སྐོར་ཞིབ་འབྲེལ་གཏུག་ལྟ་སྐུལ་བྱ་བའི་ཚན་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟ་སྐུལ་ཁང་དང་མཉམ་དུ་ལག་བསྟར་བྱས་པའི་གནས་ཚུལ་དུས་ལྟར་རྗེད་འདེད་ལྟ་སྐུལ་ཞིབ་དཔྱོད་བྱ་དགོས་ཤིང་། ལག་བསྟར་བྱས་བ་མི་བཟང་བར། སྔར་བཞིན་རང་སྲེག་གི་དོན་རྐྱེན་བྱང་སྟེ། རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲི་བྱེད་པར་མ་ཟད། རང་སྲེག་མཁན་གྱི་ཁྱིམ་མི་ལ་ཞལ་འདེབས་འབུལ་བ་སོགས་ཀྱི་གནས་ཚུལ་བྱུང་ན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱ་རྒྱུ་ཡིན།
ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།
༢༠༡༢ལོའི་ཟླ༡༡ཚེས༡༤ཉིན།
རྒྱ་ངན་འདི་ཚང་བདུག་རྩུབ་ཆེན་པོ་འདུག་ག
ཡིག་ཆ་འདིའི་ནང་། རྡུང་རྡེག་ནན་མོ་གཏོང་དགོས། ཞེས་པའི་ཚིག་འདི་ཐེངས་ལྔ་ཙམ་བདེ་སྤྱོད་བྱས་འདུག འདི་གཅིག་པུས་རྒྱ་ནག་གཞུང་གིས་བོད་ནང་དུ་ཆབ་སྲིད་ལམ་ལུགས་ག་འདྲ་ཞིག་བྱེད་བཞིན་ཡོད་པ་གསལ་པོར་ཤེས་ཐུབ་ཀྱི་འདུག
རྡུང་རྡེག་ནན་མོ་གཏོང་དགོས། ཞེས་པའི་ཚིག་འདི་བོད་པ་ལྟ་ཅི་ཐ་ན་བོད་པ་དང་འབྲེལ་མེད་ཅིག་གིས་མཐོང་ནའང་ཡིད་ལ་ན་ཟུག་ཇི་ཙམ་སྤྲོད་ཀྱི་རེད་དམ།
རྡུང་རྡེག་ནན་མོ་གཏོང་བ་དེས་བོད་ནང་བརྟན་བརླིང་ནམ་ཡང་བྱེད་ཐུབ་ཀྱི་མེད།
ད་བོད་མི་རྣམས་ཀྲུང་གོ་ཟེར་བའི་རྒྱལ་ཁབ་དེའི་འབངས་མི་མིན་པ་ཁོང་ཚང་གི་བསྟན་འདུག་ག ད་ཐེངས་ཁོང་ཚང་ཨུ་ཐུག་ཡོད་པ་གློག་ཤོག་དཀར་བོའི་སྟེང་ལ་ཡི་གེ་དམར་པོས་བསྒྲགས་འདུག མེས་རྒྱལ་ཁྱིམ་ཚང་ཆེན་མོ་ཞེས་འུར་ཆེན་རྒྱབ་པའི་རྫུན་རྐུབ་དེ་ཁོང་ཚང་རང་གི་བརྡོལ་འདུག བརྡ་སྦྱོར་འདི་ཀྲུང་གུང་སྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་སྲིད་གཞུང་གིས་བསྒྲགས་མོད། ནང་གི་སྲིད་ཇུས་གཏན་ལ་འབེབས་མཁན་ཞིང་ཆེན་རིམ་པ་དང་རྒྱའི་རྒྱལ་ས་པེ་ཅིན་ནས་ཡིན་པ་ཚོད་དཔག་བྱེད་ཐུབ། རྒྱལ་ཁབ་བམ་རྒྱལ་སྲིད་(State)གཅིག་གི་མི་ཟེར་ལ་མི་རིགས་ཀྱི་ངོ་བོའི་རྐྱེན་གྱིས་སྟངས་འཛིན་བྱེད་སྟངས་རྦད་དེ་མ་འདྲ་བ་གཉིས་ཡོད་དུས་རྡོ་ཆག་བཙན་བསྒྲིགས་བྱས་བའི་རྒྱལ་ཁབ་དེ་དོན་དངོས་མེད་པ་ཤེས་ཐུབ། གདོང་དམར་ཚང་གནའ་ནས་ཁྱིམ་ཚང་ཁ་ཁ་ཡིན་ལ། ད་ལྟའང་ཁ་ཁ་ཡིན་པ་བཤད་མི་དགོས་ལྷང་ལ་བུད་འདུག དེ་ལ་བདེན་དབང་མང་མོད་ད་ཐེངས་གི་བརྡ་སྦྱོར་འདིས་ཆོག བོད་རྒྱལ་ལོ། བོད་མི་རྒྱལ་ལོ། བོད་ལྷ་རྒྱལ་ལོ།
སྔར་བཞིན་རང་སྲེག་གི་དོན་རྐྱེན་བྱང་སྟེ། རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲི་བྱེད་པར་མ་ཟད། རང་སྲེག་མཁན་གྱི་ཁྱིམ་མི་ལ་ཞལ་འདེབས་འབུལ་བ་སོགས་ཀྱི་གནས་ཚུལ་བྱུང་ན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱ་རྒྱུ་ཡིན།བྱེད་གཏང་ དེ་ནི་སྔར་སོངས་བོད་མིའི་སོལ་རྒྱུན་བཟང་པོ་མེད་པ་བཟོད་ནས་བོད་ཡུལ་རྒྱ་ཡུལ་དུ་རྒྱུར་གྱུའི་ངན་ཆེན་པོ་ཞིག་རེད
ཡིག་ཆ་འདིའི་ནང་ལ་ག་རེ་བཤད་གི་ཡོད་རེད། ཡག་པོ་གོ་མ་སོང་།
རྒྱ་གཞུང་འདིས་ངོ་རྒོལ་སྐད་འབོད་འགོག་ཆེད་བཙན་གནོན་དང་གཡོ་སྒྱུ་ག་ཚོད་འཁྲབ་ཀྱང་ད་ལྟ་ཚང་མ་ལ་ཕྱི་གསལ་ནང་གསལ་ཆགས་ཡོད་བརྟེན་གནས་ཚུལ་སྡུག་དུ་འགྲོ་རྒྱུ་ལས་གཞན་མེད། ད་དམར་གཞུང་འདི་ལ་ཁྲིམས་ལུགས་མེད་ལ་ལྟ་གྲུབ་མེད། རིགས་གཞུང་དང་སྔ་རབས་གོམས་སྲོལ་ཡང་ཉམས་ཚར་བ་རེད། ཡ་རབས་སྤྱོད་བཟང་དེ་བས་ཀྱང་མེད། ཐམས་ཅད་བརླག་ཚར་བ་རེད། ཁོང་ཚོ་ཡོད་པ་དངུལ་དང་མེ་མདའ་གཉིས་གཅིག་པོ་རེད། ཁོང་ཚོའི་ལས་བྱེད་དང་འགོ་ཁྲིད་ལ་གཡོ་སྒྱུ་འཁྲབ་སྟངས་བསླབ་བསླབ་ནས་ད་ཆར་རྒྱ་རིགས་མི་དམངས་རྣམས་ཀྱང་ཞེན་པ་ལོག་ནས་ག་ས་ག་ནས་ངོ་རྒོལ་བྱེད་དང་བྱེད་བཞིན་པ་རེད། རིང་མིན་མགོ་སྟེང་སློག་རྒྱུ་ཉག་གཅིག་རེད། གཞུང་མགོ་སྟེང་སློག་ཁར་མི་དམངས་ཐོག་དྲག་གནོན་བྱེད་པ་དམར་པོའི་རྒྱལ་ཁབ་ཚང་མ་གཅིག་པ་རེད།
ཡིག་ཆ་འདི་ཚོ་ཚགས་ཡག་པོ་བྱས་ནས་ཉར་དགོས། རྒྱ་མིའི་ཉེས་པ་ཡིག་ཐོག་ཏུ་འཁོད་པ་རེད།
ལྟོས་དང་། མགྱོགས་ཤིང་ལྕི་བའི་སྒོ་ནས་རྡུང་རྡེག་ནན་མོ་གཏོང་དགོས། ཅེས་བཤད་འདུག དེའི་ནང་མགྱོགས་ཤིང་ཟེར་བ་དེས་ཁྲིམས་ཀྱི་འགྲོ་ལུགས་མང་པོ་བརྒྱུད་མི་དགོས་པར་གང་བྱུང་འཛིན་བཟུང་དང་གང་བྱུང་ཁྲིམས་ཐག་གཅོད་རྩིས་ཡོད་པ་གོ་ཐུབ་པ་དང་། ལྕི་བ་ཟེར་དུས་རང་གི་ཁྲིམས་དང་མི་མཐུན་པའི་ཆད་པ་ཚད་ལ་འགལ་བ་གཅོད་རྒྱུ་རེད་འདུག རྡུང་རྡེག་ནན་མོ་ཟེར་བས་དྲག་བསྣོན་བྱ་རྩིས་ཡོད་པ་རེད། ཡིན་ནའང་ང་ཚོ་བོད་མི་གནའ་བཙན་པོའི་དུས་ནས་ད་རྒྱ་ནག་གི་བཙན་དབང་འོག་བར་རྒྱ་གཞུང་གི་དྲག་བསྣོན་དང་འཇིགས་སྐུལ་ལ་དཔའ་ཞུམ་མྱོང་མེད་ལ་མ་འོངས་པར་ཡང་ཞུམ་མི་སྲིད། དཔའ་བོ་དཔའ་མོ་ཚོ་རྒྱལ་ལོ།་
དམར་པོ་་ཚང་།
གོང་གི་ཡིག་ཆ་འདི་མགྱོགས་མྱུར་དབྱིན་ཡིག་ལ་བསྒྱུར་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་དབྱིན་བོད་མཉམ་སྦྱར་གྱིས་ཕུལ་ཐུབ་རྒྱུར་གལ་ཆེན་རེད་བསམ་གྱི་འདུག་
གང་ཡིན་ཞེ་ན་ཡིག་ཆ་འདི་ནི་བོད་རང་ས་སམ་ས་བོད་ཀྱི་གནས་ས་ཐོག་ཏུ་བསྟན་པའི་རྒྱ་དམར་གདུགས་རྩུབ་ཀྱི་གདོང་གཤིས་ངོ་མ་དེ་ཡིན།
འདི་ཅི་རེད། ཨོ་རྒྱན་ཉི་མ་བོད་དུ་སོང་ནས་ཁྲིམས་འདི་བསྒྲགས་པ་མ་རེད་དམ། ཡང་ན་ཨོ་ཉི་གཙོ་བྱས་པའི་ཚངས་དབྱངས། གཟུར་གནས། མཁས་དབང་བཅས་ཁོ་ཚོས་ཟིན་བྲིས་བཟོས། དེ་རྒྱ་མིས་བསྒྲགས་པ་རེད།
ཨོ་རྒྱན་ཉི་མ་དགའ་བོ་བྱུང་ཡོད་ཤགས་རེད། རྒྱ་དམར་པོས་བོད་མི་ཚོར་རྡུང་རྡེག་ནན་མོ་གཏོང་དགོས་ཞེས་བསྒྲགས་འདུག་ག
རེབ་གོང་ན་རིག་གནས་གསར་བརྗེ་བསྐྱར་ལོག་བརྒྱབ་འདུག འདི་ལས་ལྷག་བསུན་བཙུར་བཟོ་རྒྱུ་ཞིག་གང་ན་ཡོད།
ད་ལྟ་བར་ཏུ་བོད་མིས་ཞི་བའི་ངོ་རྒོལ་བྱས་བ་རེད། ད་ནས་རྒྱ་ནག་གི་བཙན་བཀའ་འདི་ལས་བོད་མི་རྣམས་ལ་མེའི་སྟེང་ལ་སྣུམ་བླུག་པ་དང་གཅིག་མཚུངས་རེད། བོད་མི་རྣམས་དྲག་པོའི་སྲེང་ལ་འགྲོ་བ་ལས་ལམ་གཞན་གྱི་འདམས་ཀ་མེད་པ་རྒྱ་ནག་རང་གི་བཟོས་པ་རེད། ད་ནི་རྒྱ་གུང་ཁྲན་གྱི་ཆག་སྒོ་ཉོས་པ་རེད། ཆག་སྒོ་འདི་རྒྱ་མི་རང་གིས་བཟོས་པ་ལས་རྒྱལ་བ་རིན་པོ་ཆེེ་ཁག་འགེལ་མེད།
རང་ལུས་མེར་བསྲེགས་གནང་མཁན་གྱི་ཁྱིམ་ཚང་གི་འཚོ་རྟེན་འགན་སྲུང་མེད་པ་བཟོ་དགོས་ན། གཞན་ལུས་མེར་བསྲེགས་གནང་མཁན་གྱི་ཁྱིམ་ཚང་གི་འཚོ་རྟེན་འགན་སྲུང་ཡོད་པ་བཟོ་དགོས་པའི་དུས་སླེབས་པ་འདྲ།
བོད་འདི་གཉིད་ལས་སད་ཚར་རེད། བོད་མི་ལ་རྫིག་རྫིག་བྱས་ན་མགོ་བོ་སྒུར་ནི་གཅིག་ལ་མེད་པ་རེད། རྒྱ་སྐྱག་ཚང་ཁྱེད་ཚོས་ལྟོས་ཨ།
ལྔ་བཅུ་ང་བརྒྱད་ལོར་ང་ཚོའི་སྡེ་བ་གཅིག་གི་རྗེས་ལ་གཅིག་བྱས་ནས་རྒྱ་དམར་རྒྱལ་ཁབ་ལ་ཁ་གཏད་བྱས་ནས་འཛིང་དང་མ་འཛིང་འཛིངས་བ་རེད། སྐབས་དེར་བཀོད་བསྒྲིག་ཆེན་པོ་མེད་སོང་བས་ཁྱི་རྒན་ཚང་སྨྱོ་རྒྱུག་བྱེད་ཐུབ་ཙམ་བྱུང་ཡོད་ན་ཡང་། ད་ལྟ་དེ་འདྲ་མ་རེད། ཆོལ་ཁ་གསུམ་རེད། བོད་ཕྱི་ནང་གཉིས་ཀ་རེད། ད་ནི་བོད་མི་ལྐུག་པ་རེད་ཟེར་ན་ཡང་ང་ཚོས་ང་ཚོ་ལྐུག་པ་མིན་ནོ་ཤེས་ནས་ཡོད། བོད་མི་རྒྱ་ཁོངས་རེད་ཟེར་ན་ཡང་ང་ཚོས་ང་ཚོ་རྒྱ་སྐྱག་ཚང་ལ་འབྲེལ་བ་མེད་ནོ་ཤེས་ནས་ཡོད། ལྔ་བཅུ་ང་བརྒྱད་ལོ་ཡང་ང་ཚོའི་མི་བཙོན་འཇུག་དང་བསད་ནས་ཚར་སོང་བ་ཞིག་ལས་མགོ་བོ་ནམ་ཡང་རྒྱ་འདྲེ་ཚང་ལ་སྒུར་མེད། བསད་ཚར་བའི་མི་རིགས་དེ་སླར་ཡང་བསླེབས་ཡོད། མི་རབས་གསར་བ་རེད། བོད་མིའི་ཆོས་སྤྱོད་དང་བཟང་སྤྱོད་ལ་མཐུན་པའི་སྒོ་ནས་ཁྱེད་ཚོ་ལ་གོ་བརྡ་ཞིག་སྤྲེད་པ་རེད། ཉན་གི་མིན་ཟེར་ན། ལམ་ཁ་གསར་བ་འཚོལ་མ་ཤེས་བ་དང་མི་ཤེས་བའི་དུས་རབས་ཞིག་དང་མྱི་རབས་ཞིག་མིན་པ་འཛམ་གླིང་ཡོངས་ནས་སློབ་སྦྱོང་ཞིག་རེག་ཡོད་ཚོད་ཡིན། གོ་ཤེས་དང་ཉན་ཤེས་མེད་ན། ལྕགས་རི་རང་མོ་གཉིས་པ་ཞིག་རྒྱག་དགོས་ཤར་བའི་དུས་ཞིག་ཁྱེད་ཚང་ལ་ཡོང་མི་སྲིད་པ་ཞིག་མ་རེད། ང་ཚོས་ང་ཚོ་རྒྱལ་པར་བྱེད་པའི་གསོན་ཤུགས་ཀི་མྱིག་ན་བདེ་པའི་རྒྱབ་རྩ་ཡོད། རྒྱ་རྒན་ཁྱེད་ཁས་ཅི་ཙམ་ཁྲེལ་མེད་བྱས་ན་ཡང་ང་ཚོའི་དབའ་བོའི་ཆོད་སེམས་དང་བདེ་པའི་ལོ་རྒྱུས་ལ་རྣོག་སུབ་མེད།
འགྲོ་བ་མི་ཞིག་ཡིན་ན་བཙན་གནོན་ལ་ནམ་ཡང་མགོ་སྒུར་མི་སྲིད། བཙན་གནོན་ལ་མགོ་སྒུར་བ་ལས་ཤི་ན་དགའ་ངེས་རེད།