ཨ་རིག་དགེ་མཐོང་།
—དྲིན་ཕ་མ་ཡོད་ན་དྲོད་ཅིག་འདུག
མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་ལྡེམ་བདག་ལ་བསུ་བའི་ཚུགས་ཀ་སྟོན། །
དེང་རབས་འཕྲིན་ཆས་དར་ཁྱབ་ཆེ་བས་ཀུན་གྱི་མིག་དབང་འཁྲུལ་བར་བྱེད། །
གོ་བརྡ་མི་འཕྲོད་སྐད་རིགས་མང་བོ་བདག་གི་མདུན་དུ་འཚང་ནས་ཡོང་། །
ལག་བརྡ་བྱེད་པའི་ལུང་སྐྱེད་དེ་ནི་ད་ཐེངས་བདག་གིས་གསར་དུ་རྙེད། །
དྲང་བོའི་མི་ལ་བརྙས་བཅོས་གཏོང་ཞིང་བཙན་པོའི་ཞབས་ལ་ཞུ་བས་གཏུགས། །
གང་དུ་འཛོམས་ན་སྐད་ཅོར་ཆེ་ཞིང་དུ་བ་འཐེན་པའི་གཤིས་ཀ་མཆིས། །
ནུབ་ཕྱོགས་མི་ཡི་ལག་པའི་རིང་ཐུང་ཙམ་ལས་མེད་པའི་ཙི་ན་པ། །
གཞན་ལ་བསྟུན་པའི་དེང་རབས་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་པས་སྐྱོ། །
བདེ་མོའི་རླུང་འཁོར་ཆེ་ཆུང་མང་བོ་ད་ལྟ་འབྲོག་པའི་ལག་ཏུ་ལྷུང་། །
གོང་ཚོད་རན་པའི་འཕྲུལ་རྟ་དག་ནི་བོད་ཀྱི་ཡུལ་ན་དར་ཞིང་རྒྱས། །
ས་མཐོ་འབྲོག་པའི་ཟོག་ལུག་ཕལ་ཆེར་ཁ་ཆེ་རྒྱ་ཡི་ལག་ཏུ་ཤོར། །
གོ་རིམ་ལྡོག་པའི་ལྟད་མོ་འདི་འདྲ་ཀུན་གྱི་མིག་གི་ལམ་དུ་བསྟར། །
ས་མཐའི་ཡུལ་དུ་བགྲང་བྱ་བཅུ་བཞིར་སུན་སྣང་བཅས་ཏེ་ཐོལ་གྱིས་རྫོགས། །
རེ་བའི་མེ་ཏོག་གསར་དུ་བཞད་དེ་ད་ལོ་ཁ་བའི་ལྗོངས་སུ་འབྱོར། །
བརྩེ་ཆེན་ཕ་མའི་བསླད་མེད་དྭངས་གཙང་མ་རྒས་སྔར་བཞིན་ལྷག་འདུག་ལ། །
གཉེན་ཉེ་གྲོགས་ཀྱི་དུང་སེམས་མ་འགྱུར་ལག་ལྡང་སྦྲེལ་ཏེ་བསུ་རུ་བཅར། །
ཤ་མར་ཐུད་གསུམ་འོ་ཞོ་ཞིམ་པོ་རི་ལྟར་མདུན་དུ་སྤུངས་པ་དང་། །
སུ་ཡིས་བལྟས་ན་ཡིད་སྨོན་འཆོར་བའི་སིལ་ཏོག་རྣམ་གྲངས་དེ་ལས་མང་། །
གསོལ་སྟོན་རྒྱ་ཆེན་འདི་འདྲ་བཤམ་པ་གཞན་ལ་མངོན་འདོད་མ་ཡིན་པར། །
མ་བུ་ལྷན་འདུས་སྤུན་ཟླ་གྱེས་འཛོམས་བྱུང་བའི་དགའ་སྟོན་ཉིད་དུ་ངེས། །
ས་ཆེན་འདི་རུ་བདག་གི་ལྟེ་ཁྲག་ས་ལ་འཐོར་བའི་ཉིན་མོ་ནས། །
དྲིན་ཆེན་ཕ་མ་གཉིས་པ་ཞིག་གིས་ང་རང་བརྩེ་བའི་དྲོད་ཀྱིས་བསྐྱངས། །
སྣབས་དང་ཁ་ལུད་བཙོག་ལ་མ་བལྟས་ཁ་དང་ལག་པས་གཙང་བཟོ་གནང་། །
བརྒྱད་ཅུ་ལོ་ཡི་ལྟེབས་བརྩིགས་ཁྲོད་ཀྱི་ཨ་ཕྱི་མཇལ་རྒྱུའི་སྐལ་བ་ལྡན། །
མདོ་སྔགས་ཟབ་མོའི་དབང་ལུང་གནང་བའི་རྩ་བའི་བླ་མ་ཞིང་གཞན་གཤེགས། །
འདི་ཕྱིའི་ལམ་ཐག་རིང་བོ་བགྲོད་པའི་གདམས་ངག་བདུད་རྩི་ཤུལ་ནས་བཞག །
སྔགས་ཆེན་རྗེ་བཙུན་ཆོས་འཕེལ་རྒྱ་མཚོ་ང་ཚོའི་མགོན་དུ་བཞུགས་པ་འདིས། །
སྟོང་བའི་སེམས་ཁམས་སྐྱ་བོ་དེ་ལ་སླར་ཡང་རེ་བའི་མྱུ་གུ་འཁྲུངས། །
གནམ་ཐང་འབྱོར་བའི་ཉིན་མོ་དེ་ནས་བདག་གི་སེམས་པ་འགྱུར་ནས་ཐལ། །
དྲིན་ཆེན་ཕ་མ་སྔུན་ན་ཡོད་པས་བུ་ངའི་སེམས་པ་ལྷོད་ཅིག་འདུག །
དོགས་ཟོན་གསེབ་ཀྱི་དྲ་བ་དེ་ནས་ད་དུང་བདག་ནི་མ་ཐར་བས། །
གང་དུ་ཕྱིན་ན་སུ་ལ་ཐུག་ན་ལུས་ངག་ཡིད་གསུམ་བསྡམས་པ་འདྲ།
མུ་འགོད།
འདི་འདྲ་བྲིས་ན་ཡག་ནི་རེད། བསམ་བློ་སྤངས་ན་སྐྱོ་ནི་རེད། སྙན་རྩོམ་འདི་ཡིས་བཟི་ཁ་ནས། དགེ་མཐོང་རྒྱས་བའི་ཐུད་གསུམ་དྲན།
རྔ་བ་བརྒྱད་གསུམ་གཅིག་དྲུག་འདི། །
རྒྱུས་མེད་ནང་ནས་རྒྱུས་ཡོད་འདྲ། །
ཚིག་གི་སྦྱོར་བདེ་ལེགས་པ་དེས། །
རྩོམ་གྲོགས་ཤིག་གིས་ངོ་གདོང་མཐོང་། །
དོན་གྱི་བསམ་བློ་ཕྱུག་པོ་དེས། །
ཞིབ་འཇུག་པ་ཡི་རྣམ་པ་ཤར། །
ཤར་ན་ཡོད་དང་ནུབ་ན་མཆིས། །
སུ་དང་གང་གིས་མི་ཤེས་པས། །
འདི་ལ་དགའ་བསུའི་ཐལ་སྒྲ་དེ། །
ཇི་ལྟར་འབུལ་དགོས་མ་ཤེས་སོ། །
ཕ་གཞིས་དེ་ནས་འདུག་མི་ཐུབ་པ་སྔོན་བསོགས་རེད།
ཉེ་གཞི་རྩ་ལག་བསུ་བར་ཕེབས་པ་ལས་ཅན་རེད།
ཡུལ་ངོ་མཇལ་བའི་སྐལ་བཟང་ཐོབ་པ་བསོད་ནམས་རེད།
དཀར་དམར་ཟ་མའི་དགའ་སྟོན་བཤམས་པ་ཁ་གྱོག་རེད།
སྔོན་བསོགས་ལས་ཅན་བསོད་ནམས་ཁ་གྱོག་ཡོད་པ་འདྲ།
བདེ་མོའི་རླུང་འཁོར་ཆེ་ཆུང་མང་པོ་དབྱར་རྩ་དགུན་འབུའི་བཀའ་དྲིན་ཡིན།
གོང་ཚོད་རན་པའི་འཕྲུལ་རྟ་དག་ནི་ཉམ་ཆུང་ཞིང་འབྲོག་རང་རྟགས་ཡིན།
ས་མཐོ་འབྲོག་པའི་ཟོག་ལུག་སྟོང་པ་བོད་པའི་བླ་མའི་བསླབ་བྱས་ཡིན།
གོ་རིམ་ལྡོག་པའི་ལྟད་མོ་འདི་འདྲ་ཉེར་གཅིག་དུས་ཀྱི་འཕོ་འགྱུར་ཡིན།
བན་དེ་བ་དེ་ཚང་གི་སྐད་ཆ་དེ། །
གནམ་གྱིས་བཤད་པ་ལྟར་ཏུ་ཡིན་སོ་ལོ།།
འདི་དང་དེ་ཞེས་ཐག་གཅོད་དཀའ་ན་ཡང་།།
མངོན་སུམ་ཡིད་དུ་གྱུར་བའི་གནས་སྟངས་དེ། །
མ་གསང་དྲང་མོའི་ལམ་ནས་བྲིས་པའོ། །
ཨ་མདོ་བ་ཡིས་རྟག་ཏུ་བ་དང་པ།
དེ་བཞིན་པོ་དང་བོ་གཉིས་འབྲི་བའི་ཚུལ།
མཉམ་བསྲེས་བྱེད་པའི་ཚུལ་ལ་ཡི་མ་རངས།
འོན་ཀྱང་ཁ་སྐད་བྲིས་ན་བསྙོན་འདིང་ཅི།
བོད་རྩོམ་འགའ་ཡིས་རྟག་ཏུ་བ་དང་པ། །
དེ་བཞིན་པོ་དང་བོ་གཉིས་འབྲི་བའི་ཚུལ། །
ནོར་བའི་ཚུལ་ལ་ང་ཡང་ཡིད་མ་རངས། །
ཁ་སྐད་སྤྱི་སྐད་གཉིས་ཀར་ཐད་མ་ཡིན། །
དཔེར་ན་གསར་པར་གསར་བ་བྲིས་པ་དང་། །
རྐང་པར་རྐང་བ་བཞི་པར་བཞི་པ་དང་། །
ལྷ་ས་པ་ལ་ལྷ་ས་བ་བྲིས་ནས། །
བདག་སྒྲའི་པ་པོ་བེད་མེད་བཏང་བ་མཚར། །
རྐང་པར་རྐང་བ་བཞི་པར་བཞི་པ་དང་། ། འདི། རྐང་པར་རྐང་བ་བཞི་པར་བཞི་བ་དང་། ། ལ་བཅོས།
རང་བཙན་དབུ་ལམ་རྩོད་པ་རྙིང་བ་དང་། །
པ་དང་བ་ཡི་ཐོབ་ཐང་དེ་བཞིན་ཉིད། །
མི་ཕན་རྩོད་གླེང་དེ་དག་གཡུགས་རྒྱུ་ལས། །
གླེང་ན་དགེ་མཚན་ཡེ་ནས་མ་མཐོང་ངོ་། །
རང་བཙན་དབུ་ལམ་རྩོད་པ་རྙིང་པ་དང། །
པ་དང་བ་ཡི་ཐོབ་ཐང་བརྡ་སྤྲོད་ཁྲིམས། །
མི་ཕན་རྩོད་མིན་སྔར་སྲོལ་བཟང་པོའི་གཏམ།
གླེང་ན་དགེ་མཚན་ཡོད་པས་གདོང་དམར་བུ། །
བན་དེ་བུ་ལ་ཕུལ་བའི་གདམ་ངག་ཡིན།
་་་་་ ་་་་་་་་་་་
ཨམ་སྐད་ངག་གི་སྦྱོར་བ་ལ།།
རྗེས་འཇུག་ཅུ་དང་མཐའ་མེད་མཐར།།
མིང་དང་བདག་པོ་སྟོན་པའི་ཚིག།
ག་ད་ན་བ་མ་ལྔ་ལ།།
པ་པོ་ག་ལ་ག་གོ་ཡང་།།
ང་འ་ར་ས་ལ་མཐའ་མེད།།
བ་བོ་ར་ལ་ར་རོ་དང་།།
མ་མོ་ཅན་ལྡན་ཀུན་མཉམ་དུ།།
འཇུག་པ་མ་ནོར་ཤེས་བར་བྱ།།
ཆོལ་གསུམ་བོད་མིའི་བློ་ལ་ཟུངས།།
དཔེར་ན།
ག་ད་ན་བ་མ།
ཡག་ག། ཡག་གོ། ཡག་པ། ཡག་པོ། མེད་པོ བསྟོད་པ། དཔོན་པོ། སྦྱིན་པ། ཐོབ་པོ། འཐེབ་པ། ལྡོམ་པོ། སྡོམ་པ། ལྟ་བུའོ།
ང་འ་ར་ས་ལ་དང་མཐའ་མེད།
བཟང་བོ། གསང་བ། དགའ་བོ། མཐའ་བ། དཀར་རོ། དར་ར། དཀར་བོ། དར་བ། བྲོས་བོ། ནུས་བ། གྱོལ་བོ། འགྲེལ་བ།། ཁྲོ་བོ རྔ་བ། ལྟ་བུའོ།
ག་ང་ད་ན་བ་མ་འ་ར་ལ་ས་དང་མཐའ་མེད་མཐར།
གྲོགས་མོ། བཟང་མ། ལྟད་མོ། རྒན་མོ། ལྟེབ་མ གཡེམ་མ། དགའ་མ། སྡར་མ། ཁོལ་མ། བྲོས་མ། རྔ་མ། ལྟ་བུའོ།
ཨ་རིག་དགེ་མཐོང་ཕ་ཡུལ་དང་ཕ་མ་དངོས་སུ་མཇལ་འཕྲད་ཐུབ་པ་དགའ་བསུ་དང་ཡི་རང་ཡོད། ཨ་མའི་བུ་གསོན་བསྲེག་མ་བྱས་པའི་དོན་པོ་རེད།། མཇུག་མཐར་ཀྱང་ཕ་མ་དྲིན་ཆེན་དང་ཆུང་ནས་སྐྱོང་བའི་ཨ་ཡེ་དང་མཉམ་འཛོམས་བདེ་བའི་དགེ་ཆོས་ཡང་དག་ལ་སྤྱོད་པར་ནུས་པའི་སྨོན་ལམ་འདེབས་བཞིན་ཡོད།
༡༡ གནམ་གྱིས་ཨ་མདོའི་དག་ལྡེབ་ཅིག་བྲིས་འདུག་པར་སྤྱིར་བསམ་ཚུལ་འདོན་འདོད་མ་བྱུང་ཡང། ཆོལ་གསུམ་བོད་མིའི་བློ་ལ་ཟུངས། །ཟེར་བར་ཁོ་བོ་ཡང་ཆོལ་གསུམ་གང་རུང་གཏོགས་པས་ན་དེ་འདྲའི་ཚིགས་བཅད་དམ་དུམ་ཁས་དེ་སྤྲང་ཁྱིའི་མཇུམ་མར་འདོགས་ནས་མེར་སྲེག་རྒྱུ་དང་། དེའི་ཐལ་བ་དེ་མ་གི་སྲང་ལམ་བཞི་མདོར་དོང་འདྲུས་ཏེ་སྦ་རྒྱུ་ཡིན།
བཟང་བོ། གསང་བ། དགའ་བོ། མཐའ་བ། དཀར་རོ། དར་ར། དཀར་བོ། དར་བ། བྲོས་བོ། ནུས་བ། གྱོལ་བོ། འགྲེལ་བ།། ཁྲོ་བོ རྔ་བ། ལྟ་བུའོ། ཟེར་བ་མུ་འཐད་དེ།
བཟང་པོ། གསང་བ་དང་གསང་པ་མིང་ཚིག་གཉིས་ཡོད་དགོས། དེ་བཞིན་པ་ཉིད་ཐོབ་པ། དཀར་པོ། འགྲེལ་པ། རྔ་པ་ཉིད་འཐད་པའོ། །
པདྨ་མའི་སེམས་གཏམ་གོ་སོང་། ལག་ལེན་བསྟར་ཨེ་ཐུབ་ལྟ་ངེས།
ཨ་རིའི་གླེན་རྒན་ས་ཆ་དེ་རུ་དེང་དུས་འཕྲུལ་ཆས་དར་རབས་ཟེར། །
ཨ་རིའི་གླེན་རྒན་ས་ཆ་དེ་རུ་དེང་གི་བཟའ་བཏུང་མང་རབས་ཟེར། །
ཨ་རིའི་གླེན་རྒན་ས་ཆ་དེ་རུ་གོ་བརྡ་མི་འཕྲོད་ཁག་རབས་ཟེར། །
ཨ་རིའི་གླེན་རྒན་ས་ཆ་དང་ནི་ཡུལ་མི་འགྱུར་ནས་ཡོད་ཚོད་རེད། །
པ་བ་པོ་བོའི་འཇུག་སྟངས་འདི། །
ལེགས་བཤད་ལྗོན་དབང་སློབ་པའི་སྐབས། །
འཛིན་གྲྭ་གོང་འོག་གྲོགས་དག་ལ། །
རྩོད་རྩོད་གཉི་གས་སུན་ནས་ཡོད། །
རྐང་པ། ལ་ རྐང་བ་ཞེས་འཐད་ན། རྐང་པ། ལ་ རྐང་ཝ། ཞེས་པ་ཅི་མི་འཐད་པས་སོམས་ཤིག་ཀྱེ། །
ཀརྡོའི་རྐང་བ་ཝ་རྐང་རྗེས། །
སྟག་གིས་ཆོད་པ་དཀའ་ན་ཡང་། །
འཇུག་མ་དྲུད་ནས་འབྲོས་ཚུལ་འདིས། །
སེམས་ཅན་སྙིང་ཤོར་ཡིན་པར་གསལ། །
ཧ་ཅང་བཟང་གི