གནས་ཚུལ་མཁོ་སྤྲོད་པ། བྱེས་འབྱོར་ཀླུ་ཆུ་བ་ཁག་ཅིག
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢༢ དགོང་མོ་ཆུ་ཚོད་ ༡༠ ཡས་མས་སུ་མདོ་ལྷོ་ཀླུ་ཆུའི་ཡུལ་དུ་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་པ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག དེ་ཡང་རྒྱལ་གཅེས་པ་ཁོང་ནི་མདོ་ལྷོ་ཀླུ་ཆུའི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བ་ནས་(ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོངས་གཏོགས།)ཡིན་ལ། ཁོང་གི་ཕའི་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་ཞིང་། རྒྱལ་གཅེས་པ་ཁོང་རང་ལོ་ ༡༤ སྟེང་ཕ་སྐུ་གྲོངས་འདུག མའི་མིང་ལ་སྒྲོལ་མ་འཚོའམ་སྒྲོལ་སྒྲོལ། རང་ལོ་ ༤༧ ཕུ་བོ་ཆེ་བའི་མིང་ལ་གདུགས་དཀར་སྐྱབས། ཕུ་བོ་ཆུང་བའི་མིང་ལ་འཇམ་དབྱངས་གྲགས་པ། ད་ལྟ་ཤིས་ཚང་དགོན་པའི་གྲྭ་བ་ཡིན། ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་བཅས་ཟེར། ཁོང་གིས་མེར་སྲེག་བྱེད་སའི་ས་གནས་ནི་ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་ཤིག་ཏུ་ཡིན་ལ་དགོང་མོ་ཆུ་ཚོད་ ༡༠ ཡས་མས་སུ་ཡིན་འདུག་པས། སྐད་འབོད་ཅི་ཞིག་བྱས་པ་སོགས་ཀྱི་གནས་ཚུལ་གསལ་རྟོགས་ཐུབ་མི་འདུག མེར་སྲེག་བྱས་པའི་གནས་ཚུལ་སྐབས་ཐོག་དེར་སུས་ཀྱང་ཤེས་རྟོགས་མ་ཐུབ་པར་ད་ནངས་ཞོགས་པ་བར་དུ་ལུས་འདུག ད་ནངས་ཞོགས་པར་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སྐུ་ཕུང་འདས་པོའི་ཁྱིམ་དུ་གདན་འདྲེན་བྱས་ཤིང་། ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་བསྔོ་བ་སྨོན་ལམ་གསུང་བར་ཕེབས་འདུག ད་ལྟ་མེར་སྲེག་བྱེད་སའི་ས་གནས་སུ་ཀླུ་ཆུ་རྫོང་གི་རྫོང་དཔོན་དང་ཉེན་རྟོག་པ་མང་བོ་ཞིག་འབྱོར་འདུག་ཟེར།
རྒྱལ་གཅེས་པ་ཁོང་ནི་ཕྱི་ལོ་ ༢༠༠༦ ལོར་ཤིས་ཚང་དགོན་པར་གྲྭ་བ་བྱས་ཤིང་། ཆོས་མིང་ལ་འཇམ་དབྱངས་དགེ་འདུན་ཟེར། ༢༠༠༧ ལོར་གྲྭ་བ་ལོག་སྟེ་ད་ལྟ་འབྲོག་པ་ཡིན་འདུག རྒྱལ་གཅེས་པ་ཁོང་གིས་ནམ་རྒྱུན་བོད་ཁུལ་དུ་རང་ལུས་མེ་སྲེག་གཏོང་ཐེངས་རེ་རེར་ངས་ཀྱང་དེ་འདྲ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཞེས་དང་། ༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་བོད་ཡུལ་དུ་མ་ཕེབས་ཚེ་འཇིག་རྟེན་འདིར་བསྡད་དང་མ་བསྡད་མི་འདུག་ཅེས་བཤད་ཀྱི་འདུག་པས་ད་རེས་མེ་སྲེག་གཏོང་དོན་ཡང་དེ་ག་རང་རེད་ཅེས་བོད་ནས་གནས་ཚུལ་འགྲེལ་བརྗོད་བྱས་སོང་།
གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
རྒྱལ་གཅེས་དཔའ་བོ་ན་གཞོན་རྟ་མགྲིན་སྐྱབས། །
ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་དུ་མེད་པ་ལ་ཕྱག་འཚལ་ལོ།།བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་དུ་མེད་པ་ལ་ཕྱག་འཚལ་ལོ།།བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་དུ་མེད་པ་ལ་ཕྱག་འཚལ་ལོ།།བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་དུ་མེད་པ་ལ་ཕྱག་འཚལ་ལོ།།
བོད་དོན་ལ་ཤི་ཐུབ་ནིའི་དཔའ་བོ་དཔའ་མོ་འདི་འདྲ་མང་པོ་ཞིག་ཡོད་པར། བསྟོད་པའི་ཚིག་ཞིག་དང་གུས་བའི་ཉམས་ཞིག་མ་རེག་ཐལ། ཁྱེད་ཅག་དང་འུ་ཅག་འབོད་སྒྲ་འདི་ཅི་སྲིད་བོད་ལ་བདེ་སྐྱིད་ཀི་ཉི་མ་གང་ཡོད་མ་ཤར་བར་དུ་ང་ཚོ་ང་ཚོའི་གཅིག་རྒྱབ་ནས་གཅིག་གིས་སྐྱོར་ཏེ། ང་ཚོས་སྡུག་བསྔལ་གྱི་སྔུན་ནས་ཤུ་སྒྲ་མི་འཐེན། མགོ་འཕང་བཀྱགས་ནས་འདུག། བདེན་པ་གྱེར་ནས་འདུག།
སྡུག་གི་སྣ་ན་སྐྱིད་ཟེར་བ་རེད། རྒྱ་རྒན་ཚང་སྒལ་ཚིགས་ཀིས་ཐང་ལ་རྒྱག་ནིའི་ཉི་མ་ཞིག་ལས་ཡོད།