བློ་བྷེས།
ཨ་མས་ཐབ་ཀའི་ནང་དུ་ལྕི་བ་སྐམ་པོ་གང་དེད་དེ་དགོང་ཆུ་བསྐོལ་བའི་གྲ་སྒྲིག་བྱས། སྨག་ནག་པའི་མཚན་མོ་དེ་རུ་མེ་འོད་ཀྱིས་སྦྲ་ཁྱིམ་ཇེ་གསལ་ནས་ཇེ་གསལ་དུ་བཏང་།
ཨ་མས་ཤ་གཏུབ་མཚམས་བཞགས་ཏེ་མེ་ལྕེ་ལ་ཅེར་ནས་བསྡད། མོའི་མིག་ནས་མཆི་མ་བཞུར་གྱིན་འདུག་ལ་ལག་པའི་ནང་གི་གཏུབ་གྲིའང་འདར་གྱིན་འདུག། མེ་ལྕེ་ལས་གྲིབ་གཟུགས་ཤིག་ཚང་མས་མཐོང་གིན་པ་འདྲ། ཕྲུ་གུ་ཚོའང་མེ་ལྕེ་ལ་ཅེར་ནས་ངུས། ཁོ་ཚོར་མིག་ཆུ་མང་ནའང་ངུ་ངག་མི་འདུག ཕལ་ཆེར་སུ་ཞིག་གིས་ཐོས་མི་ཡོང་ངམ་སྙམ་ནས་སྐྲག་གིན་པ་འདྲ།
མིག་ཆུ་ཁ་ནང་ལ་ལྷུང་། ཁོ་ཚོས་མིག་ཆུ་མིད་བཞིན་མ་ཎི་བཏོན། མེ་ལྕེ་ལ་ཅེར་ནས་མ་ཎི་བཏོན། ག་ལེར་མེ་ལྕེ་རིམ་གྱིས་འཇགས་ནས་ཐལ་བར་གྱུར་རྗེས་མ་ཎིའི་དབྱངས་རྟའང་ཡུན་གྱིས་ཡལ་སོང་།
“ཨ་མ་་་་ང་ལ་གཉིད་རྒྱུ་མི་ཡོང་གི”
“ཨ་མ་་་་ང་ར་གཉིད་རྒྱུ་མི་ཡོང་གི”
“ཨ་མའི་ལོ་ལོ་ཡིན། རྒྱལ་་བ་རིན་པོ་ཆེ་ལ་གསོལ་བ་ཐོབས་དང་གཉིད་རྒྱུ་རེ་མ་རེ་མ་ཡོང་ནི་རེད།”
“ཨ་མ་་་་ང་སྐྲག་མེ་ལ་སྐྲག་གི”
“ཨ་མ་་་་་་་ང་འང་མེ་ལ་སྐྲག་གི”
“ཨ་མས་ལོ་ལོ་ཡིན། རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་ཐོབས”
ཨ་མས་མགོ་བཀྱགས་སྟེ་སྦྲའི་ཁ་ཚུབ་བརྒྱུད་ནས་ནམ་མཁར་བལྟས། སྐར་ཆེན་ཤར་འདུག་ལ་ཕྲུ་གུ་ཚོ་ད་དུང་གཉིད་མེད་པ་འམ་ཡང་སྔ་མོ་ནས་སད་འདུག
“ཨ་མ་་་་་་ང་ལྟོགས་ཀི”
“ཨ་མ་་་་་་་ངའང་ལྟོགས་ཀི”
“ཨ་མའི་ལོ་ལོ་ཡིན། ༧རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་ཐོབས། ནམ་ལང་གྲབས་འདུག”
འབྲི་ཐབས་བདེ་མོ་ཞིག་བེད་སྤྱད་འདུག་པས་རྩོམ་ལེགས་པོ་ཞིག་ཏུ་ཚོར། བརྗོད་བྱ་བཤད་མ་དགོས་པ་རེད། འོན་ཀྱང་ཡིག་ནོར་རེ་ཟུང་གིས་ཏོག་ཙམ་བརླགས་འདུག
བརྗོད་བྱའི་གནད་དྲང་ཞིང་རྗོད་བྱེད་གོ་བ་ལེན་ཐབས་བདེ་པའི་ཁ་ཐུག་གི་ལེགས་རྩོམ་
ཞིག་བྲིས་འདུག་ངོ་མ་ད་ག་རང་དེ་བཞིན་ཡིན་བཟོ་རེད།
རྩོམ་པ་པོ་ལ་བསྔགས་བརྗོད་ཡོད། ཡིན་ན་ཡང་བོད་ནང་དུ་རྒྱལ་བ་རིན་པོ་ཆེས་བོད་མི་བརྒྱད་དང་བརྒྱད་ཀྱིས་རང་བསྲེག་བཏངས་ན་བོད་ལ་རང་དབང་གཙང་མ་ཐོབ་ནི་རེད་གསུང་གི་ཟེར་བའི་གཏམ་འཆལ་ཞིག་ས་ཁྱབ་རྡོ་ཁྱབ་འདུག་པས་གཟབ་དགོས་པར་སྣང་ངོ་། འུར་སྒྲོག་གཏན་ནས་མིན། སྙིང་རྗེ་མེད་པའི་བསྒྲགས་གཏམ་དེ་སུས་སྤེལ་ཡོད་ན་བོད་རང་གིས་རང་བརླག་པ་མ་ཡིན་ནམ། མདོར་སྙན་ངག་གི་བརྗོད་གཞི་ཙམ་མིན་པར་བཟོད་ཐབས་བྲལ་བའི་སྡུག་བསྔལ་དང་གསོ་ཐབས་མེད་པའི་བོད་ཀྱི་གྱོང་ཁ་ཆེན་པོ་ཞིག་རེད་བསམ་ཡོད། རྒྱལ་བ་རིན་པོ་ཆེས་ཀྱང་སྲིད་འགན་ཡོངས་རྫོགས་གཞུང་ལ་འབུལ་ཚར་ཟེར་བ་བདེན་ན་ཆོས་ཕྱོགས་ནས་མཚམས་འཇོག་གི་གསུང་ཞིག་འབྱོན་ན་མི་ལེགས་སམ།
བོད་མི་བརྒྱ་དང་བརྒྱད་ཀྱིས་ཟེར་བ་བཅོས་དགོས།
པདྨ་ཡི་གསུང་ལ་མངོན་པར་བསྟོད་དོ།
རྗེས་སུ་ཡི་རངས་ཡོད་དོ།
འུར་སྒྲོག་པ་སུ་དང་སུ་ཡིན་ན་དེ་དག་བཟུང་ནས་མེར་སྲེག་གཏོང་འོས། བལྟས་ངན་རེད།
གནད་དོན་མི་ཤེས་ན། གནད་འགག་གི་སྐབས་འདིར་ཁ་རྐུབ་གཉིས་ཀ་བཙུམ་ན་དགའ།
ངོ་མ་རྩོམ་ལེགས་པོ་ཞིག་བྲིས་འདུག མིའི་རིགས་ཀྱི་བག་ན་ཉལ་བའི་ཚོར་བ་དྭངས་མོ་དང་རིག་གནས་སམ་སྲོལ་རྒྱུན་གྱིས་བཅོས་པའི་མི་རིགས་ཤིག་གི་ཚོར་འདུའི་འགལ་འདུ་མངོན་ཡོད་ལ། འུ་ཐུག་དང་རེ་བའི་གདོང་ཐུག་བར་ནས་རྩོམ་པ་པོས་ནམ་ལངས་དགོས་ན་རང་ཉིད་ལས་སུ་ལའང་རྒྱགས་བྱེ་མེད་པའི་སྒྱུ་རྩལ་བརྩམས་ཆོས་མེར་བསྲེགས་མ་ཞིག་རེད། འདི་ལྟ་བུའི་བརྩམས་ཆོས་ལ་ཁ་བརྡ་བ་དག་གིས་རོལ་མྱོང་བྱ་རྒྱུ་ཁག་པོ་རེད།
ཁྱོད་ཀྱི་ཁ་འདང་ས་ལ་ངའི་རྐུབ་བཙུབ་དགོས་དོན་ཅི་ཡོད།