སྐར་ཁྲི་བཙན་ནམ་གངས་ཕྲུག་རྨས་མས་་་་་་་་་་་་་་་
ད་ལྟ་རྩོམ་ཡོངས་འབྱོར་མཚམས་སྔོན་མའི་མཆན་བཅས་བ་བཀོད་པ་ཡིན།
དཔའ་བོ་ཐུབ་བསྟན་དངོས་གྲུབ་གཅིག་པོའི་རང་ལུས་དམར་པོ་མེ་ཡིས་ཚིག།
དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་ན་སྐད་འགོ་ང་མཐོ་ཁྱོད་མཐོ་ལས།།
དོན་ལ་སྡར་མ་ཁྲི་ཚོ་བཅུ་བོས་མི་མཐུན་ལྟ་བ་གླེང་ལ་བྲེལ།།
དཔའ་བོ་ཡོད་ན་ད་ལྟ་ཐོན་དང་གངས་ཕྲུག་རྨས་མས་གྲ་སྒྲིག་ཡོད།།
ཐོག་བརྩེགས་མཐོན་པོའི་ཆ་རྐྱེན་ལྡན་པས་རང་བློ་ཁེངས་པའི་ཁྲེལ་མེད་ཚོ།།
ཕྱི་གླིང་ཨ་མ་རེག་པ་ཙམ་གྱིས་རང་མགོ་ཐོན་པའི་བླུན་ཕྲུག་ཚོ།།
ལྷབ་ལྷབ་སྐྱི་མོ་མགོ་ལ་ཡོད་ན་གངས་ཕྲུག་རྨས་མར་ཉོན་ཅིག་དང་།།
དཔའ་བོ་ཡོད་ན་ད་ལྟ་ཐོན་དང་གངས་ཕྲུག་རྨས་མའི་གྲ་སྒྲིག་ཡོད།།
མི་ལོ་ལྔ་བཅུར་མཐེ་བོང་བསྒྲེངས་ནས་རྒྱལ་སྤྱིའི་མི་ལ་རེ་བ་བྱས།།
བྱས་བྱས་བྱས་ཀྱི་མཐའ་མའི་འབྲས་བུ་བཙན་བྱོལ་བ་ཡི་ལྟོ་བ་འགྲང་།།
འགྲང་བ་གཅིག་པོའི་བློ་ཆུང་ཐབས་ཀྱིས་མགོ་བོ་གང་བདེའི་འགྲན་རྩོད་ལས།།
ལས་ངན་གངས་ལྗོངས་སྐྱེ་བོའི་ཁྱེད་དུ་དཔའ་བོའི་དཔུང་སྡང་བསྒྲིག་ན་བསམ།།
ཤི་ན་ཐམས་ཅད་མཉམ་དུ་ཤི་དང་མཉམ་དུ་ཤི་ན་དཔའ་བོ་ཡིན།།
གསོན་ན་ཚང་མ་མཉམ་དུ་གསོན་དང་མཉམ་དུ་གསོན་ན་གཟི་བརྗིད་ཡིན།།
ཤི་མ་གསོན་གྱི་འཐབ་རྩོད་འདི་ནི་འཇིག་རྟེན་སྐྱེ་བོ་དགོད་པའི་རྒྱུ།།
དཔའ་བོ་ཡོད་ན་གྲ་སྒྲིག་བྱོས་དང་གངས་ཕྲུག་རྨས་མ་སད་ནས་ཡོད།།
མ་ཧྰ་གན་དེའི་བྱང་ཆུབ་སེམས་ཀྱིས་ས་སྟེང་སྐྱེ་བོའི་ཡིད་དབང་བཀུག།
སུའུ་བྷ་ཅན་དྷར་བྷོ་ཡི་སྙན་གྲགས་ཨེ་ཤར་གླིང་གི་ཡུལ་ལ་ཁྱབས།།
གང་གི་བདེན་པའི་ཨུ་ཚུགས་ཅིག་གིས་སྐྲ་སེར་དཔོན་པོའི་སེམས་པ་ཞུམ།།
ཁོང་གི་དཔའ་བོའི་ཉམས་འགྱུར་ཞིག་གིས་དབྱིན་དམག་སྡར་མའི་སྙིང་རྩ་འཁུམས།།
༸གོང་ས་མཆོག་ནི་ངན་བསྐུལ་བ་ཞེས་བོའུ་པང་གོ་ཡི་གཏམ་ལ་ཁྲོས།།
གཞོན་ནུ་ཚོགས་པ་འཇིག་བསྐུལ་བ་ཞེས་དམར་ཤོག་དགྲ་བོའི་རྫུན་དེར་འཇིགས།།
ལྷ་སའི་གནམ་ལ་འགྱུར་བ་མེད་ཅེས་ཀྲང་ཆིན་ལེན་གྱི་ཉམས་ལ་སྡང་།།
ཚད་ལས་བརྒལ་བའི་ཀླ་ཀློའི་རིགས་ལ་དམར་འཛིང་ཐེངས་གཅིག་བྱ་ན་རན།།
གླུ་ཞིག་ལེན་ན་ཏང་ལ་ལེན་པ་ཚེ་བརྟན་སྒྲོལ་མའི་ལྕེ་སྣེ་གཅོད།།
ཞི་རྒོལ་དཔའ་བོའི་ལག་དམར་ངོ་མ་བྱམས་པ་ཕུན་གྱི་མགོ་བོ་བྲེག།
བུ་ཆུང་ཚེ་རིང་རྐྱལ་བ་ཁ་ནི་གཤིན་རྗེ་རྒྱལ་པོའི་བཙོན་དུ་འཇུག།
ཚོད་ཟིན་མེད་པའི་རྒྱུག་ཁྱི་དག་དང་ཤི་གསོན་དབྱེ་བ་འབྱེ་ན་འདོད།།
གཡུལ་ས་མ་ཡིན་དུར་ས་ཡིན་ཡང་ཤི་གྲོགས་ཡོད་ན་འགྱོད་པ་མེད།།
རྒྱལ་ཁ་མ་ཡིན་ཕམ་ཁ་ཡིན་ཡང་དཔུང་རོགས་ཡོད་ན་སྐྲག་དོན་མེད།།
སྐྱེ་བོ་གཅིག་གིས་རྒྱལ་ཁབ་ལོན་ན་༸གོང་ས་གཅིག་པོའི་མ་ཆོག་མེད།།
ཞི་བ་གཅིག་པོའི་རྒྱལ་ཁ་ཐོབ་ན་མི་ལོར་ལྔ་བཅུར་ཟིན་དོན་མེད།།
རང་བཙན་གཙང་མ་ལེན་འདོད་ཡོད་ན་ཚོགས་པ་ལྔ་བོའི་རྒྱབ་སྐྱོར་བྱོས།།
རང་ལུས་མི་རབས་རྗེས་མར་ཕུལ་ན་ཕྱི་བྱོལ་མེད་པའི་དམ་བཅའ་འཇོག།
གསང་བའི་ཐབས་ཀྱིས་གངས་ལྗོངས་ཡུལ་ནས་ཁ་ཆེའི་ལག་གི་མཚོན་ཆ་ཉོ།།
ལྕགས་ལམ་སྐུད་ལམ་ཟམ་ཆེན་ལ་སོགས་མ་ལུས་གཏོར་བའི་ཐབས་ཤིག་འཚོལ།།
གཏེར་ཁ་སྔོག་པའི་རྒྱ་དང་ཁ་ཆེ་ཁེར་གསོད་མི་བྱེད་སྡེབ་གསོད་བྱེད།།
ཚོང་ལས་ཉེར་བའི་རྒྱ་རྒན་དེ་ཚོ་མངོན་ནས་མི་གསོད་ལྐོག་ནས་གསོད།།
སྤྱི་ནོར་ཟ་བའི་དཔོན་ངན་དེ་ཚོའི་ཁྱིམ་གཞི་མ་ལུས་སྟོང་བར་བཟོ།།
གང་ལྟང་གང་ན་རྒྱ་མི་ཡོད་ན་དེ་ལ་ཁྲག་གི་འཁོར་ལོ་བསྐོར།།
རྒྱ་མི་བོད་ནས་ཕྱིར་འཐེན་དགོས་ན་ཐབས་ལམ་འདི་ནི་མཆོག་ཏུ་འདོད།།
མི་སེལ་སྤེལ་བའི་ཇུས་ངན་དེ་ལ་རྒོལ་ལན་འདི་ནི་རབ་ཏུ་སྣང་།།
ས་གནམ་གཉིས་ཀྱི་ཚུར་རྒོལ་མེད་ན་བཙན་པོའི་རྒྱུད་པ་ག་ལ་ཐུལ།།
འདི་ལྟར་བྱེད་པའི་སྤོབས་པ་ཡོད་ན་ད་བཟོད་གོ་ཟླུམ་རྒུལ་བར་ནུས།།
སྡར་མའི་རྒྱབ་ནས་མཚང་གི་ངོ་བོ་བྱང་ཆུབ་སེམས་དཔའི་དགོངས་དང་མཐུན།།
དཔའ་བོའི་མདུན་ནས་སྤོབས་པའི་ཉམས་འགྱུར་རྒྱལ་སྟག་ཁྲ་བོའི་རྗེས་སུ་མཐུན།།
མི་ཕོད་ཝ་མོའི་གྲ་ཁ་མངོན་བཞིན་ས་མཚམས་བར་དུ་འགྲོ་དོན་མེད།།
མི་སྐྲག་རྒྱལ་ཁབ་གཞན་གྱི་ཡུལ་ནས་ས་ལྡིང་གནམ་ལྡིང་བྱེད་འདོད་མེད།།
དམར་ཤོག་མའོ་ཡི་ལྟ་བ་འཛིན་པས་མི་ལོར་ཉི་ཤུར་འགད་གཏོར་བྱས།།
ད་ལྟ་བལ་བོའི་རྒྱལ་སའི་ནང་ན་མཐོན་པོ་ཁྲི་ཡི་གོང་བ་གནོན།།
ཨོ་ས་མ་བྷེན་གཏུམ་སྤྱོད་ཅིག་གིས་ཆེན་པོ་ཨ་རིའི་ཐོག་ཁང་གཏོར།།
ད་ལྟ་ས་ཆེན་གོ་ལའི་སྟེང་ནས་ཐུག་ཐུག་དགྲ་ལ་མི་སྐྱིད་བཟོ།།
འདི་འདྲའི་རྣམ་དཔྱོད་བོད་ལ་ཡོད་ན་གནམ་བདེ་སྒོ་མོའི་རྫིག་ཉམས་མེད།།
འདི་འདྲའི་སྙིང་སྟོབས་བོད་ལ་ཡོད་ན་རྒྱ་མི་བོད་ནས་སྡོད་ཐབས་མེད།།
འདི་ནི་གངས་ཕྲུག་འཁྱར་བོ་ཞིག་གི་སེམས་ལ་ཤར་བའི་རི་མོ་ཡིན།།
འདི་ནི་གངས་ཕྲུག་སྐར་མ་ཁྲི་བཙན་གཉིད་ལས་སད་པའི་གླུ་ཆུང་ཡིན།།
༢༠༠༠༩ལོའི་ཚེས་ངན་ཉིན་ཁྲག་ཡིག་གི་ལོ་རྒྱུས་ལ་ཐེངས་གཅིག་ལྟས་རྗེས་ཤར་བྲིས
མུ་འགོད་སྐབས་སྤེལ་བའི་མཆན་ཁག་་་་་་་་་་་་་་་
འདོད་ལྷའི་བུ།
གངས་ཕྲུག་རྨས་མས་གྲ་སྒྲིག་ཡོད་ན་གངས་ཕྲུག་རྨས་མ་རྒྱུགས་ཤིག་དང་།།
མི་མང་ཁྲི་སྟོང་མཉམ་དུ་རྒྱུགས་པའི་དཀྱིལ་ལ་འཚང་དགོས་གཏན་ནས་མེད།།
ཐུབ་བསྟན་དངོས་གྲུབ་གཅིག་པོར་རྒྱུགས་པས་གླིང་ཆེན་བཞི་ལ་སྐད་གྲག་ཆོད།།
གཅིག་པོར་རྒྱུགས་རྒྱུའི་སྤོབས་པ་མེད་ན་ང་དང་མཉམ་དུ་ཁ་རོག་སྡོད།།
གངས་ཕྲུག་རྨས་མས་་་་་་་་་་་་་་་
དྲ་བདག་ལགས། ཚིག་རྩུབ་ཀྱི་ལན་རྒྱག་མཁན་ཡོད་ན་འདོད་མོས་བྱོས་དང་། གུས་པས་ནང་རྩོད་ཆུང་ཆུང་དེ་འདྲའི་རིགས་སྣང་མེད་ལ་འཇོག་ངེས།
དཔལ་དགྱེས་པ་རྡོ་རྗེ
ན་མོ་ལོ་ཀེ་ཤྭ་ར་ཡེ། །
ཁ་ཁོག་མཚུངས་པའི་གཏམ་ཞིག་ཡིན་ན་དཔའ་བོ་དག་མ་ཁྱོད་ལ་བསྔགས། །
ཁ་བ་ཅན་གྱི་ལས་དབང་བསམ་ན་གཡོ་སྒྱུ་ངན་སྤྱོད་རྩད་ནས་སྤངས། །
ཁ་ཤོམ་ཆེ་བའི་སྡར་མ་ཚང་མས་དཔའ་བོ་སྤུན་ཟླ་དགྲ་ལག་བཞག །
ཁ་ཆེའི་དྲག་སྤྱོད་ཐན་དུ་མ་རྩིས་དོན་མེད་མི་མང་ཤི་ལ་ལྟོས། །
ཞི་བདེའི་དེད་དཔོན་གསུང་ལ་མཉན་ན་འདི་ཕྱིར་ཕན་བདེའི་ལེགས་ཚོགས་རྙེད། །
དགོངས་དག །
༄༅། །དྭོགས་བསལ་ཐག་བཅད་པ། །
ན་མོ་མ་ཧྰ་གུ་རུ་ཤྰཀྱ་མུ་ནེ་མཉྫུ་གྷོ་ཥྰ་ཡ།
བདེན་པ་རང་བྱུང་སངས་རྒྱས་ངོ་བོ་རང་རིག་ཡེ་ཤེས་དེ་ཁོ་ན། །
བདེན་པ་ཡང་དག་རང་སེམས་རང་བཞིན་རང་བློ་རང་ལ་ལྐོག་གྱུར་མིན། །
བདེན་གཉིས་ལམ་བཟང་མངོན་སུམ་སྟོན་པའི་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །
བདེན་གསུང་བསླུ་མེད་འགྲོ་ལ་བསྟན་པའི་ཤྰཀྱ་སེངྒེའི་དུས་ཀུན་སྐྱོངས། །
བདེན་ཆེན་མགོ་བོ་རྡོག་པས་བརྗིས་ཤིང་རྫུན་པའི་རྐུབ་སྟེགས་དགུང་ལ་བསྙེགས། །
བདེན་རྫུན་མ་ཤེས་མགོ་ནག་འདི་ཚོས་རྫུན་གྱི་མགོ་བོ་དགུང་ལ་བསྟོད། །
བདེན་རྫུན་བརྟག་པའི་རང་བཞིན་མ་ཤེས་བདེན་དོན་རྩོད་ཅེས་ཐོ་ཅོ་མཁན། །
བདེན་བཞི་ཆོས་ཀྱི་བླང་དོར་མི་བརྩོན་བདེན་ཆེན་རི་བོ་དོང་དུ་གཡུགས། །
བདེན་གཉིས་ཚད་མའི་བརྟག་དཔྱད་མཁས་ན་འཁོར་འདས་ལག་པའི་ལྟོ་རྒྱབ་ཞེས། །
བདེན་གསུང་རྒྱལ་བའི་བཀའ་བསྟན་མན་ངག་བདེན་དགོངས་ཆུ་བོ་གཅིག་ཏུ་འབབས། །
བདེན་སྐྱོང་རིག་གནས་འཛིན་སྐྱོང་སྤེལ་ན་བདེན་པའི་རི་མོ་ནང་ནས་འཆར། །
བདེན་ཅན་གཟུངས་སྤོབས་རུལ་དུ་གཅུག་བདེན་མེད་རྟོགས་པའི་རྣལ་འབྱོར་ཚོ། །
བདེན་དྲང་ཟོལ་མེད་ལུགས་གཉིས་འབད་ན་བདེན་པ་ཡང་དག་བདེན་ཁ་འཕྲོད། །
བདེན་པ་བདེན་ཐུབ་སྤྱི་དོན་སྒྲུབ་ན་དཀར་ནག་བདེན་རྫུན་ཕུ་ཐག་ཆོད། །
བདེན་གྲུབ་གཡུང་དྲུང་ལེགས་བཤད་མཁས་ན་བདེན་པ་གཡུལ་རྒྱལ་བསྟན་སྲིད་ཟིན། །
བདེན་དྲང་རིན་ཆེན་བསླུ་བ་མེད་དོ་བདེན་རྫུན་དཔྱོད་ཅིག་མཁས་པ་ཚོ། །
བདེན་དྲང་སྨན་ཆེན་དུག་དུ་འཁྲུལ་བའི་རྫུན་ཞེན་དགའ་བའི་ན་གཞོན་ཚོས། །
བདེན་དཔུང་དམ་པའི་སྐྱེས་ཆེན་དམ་པ་རྫུན་ཞྭ་ནག་པོ་དབུ་ལ་གཡོག། །
བདེན་ལུགས་བཤད་སའི་གོ་སྐབས་མེད་པས་བདེན་རྫུན་ཤན་འབྱེད་ཐེ་ཚོམ་གྱུར། །
བདེན་མེད་སྤྲུལ་མིང་རྒྱུ་ཡིས་ཉོས་མཁན་བདེན་ཐག་མ་གཅོད་བཙུན་ལོ་ཚོ། །
བདེན་མེད་དཔའ་འཁུམས་ཟང་ཟིང་ལང་ལིང་བདེན་དྲང་མི་ལ་ཁ་སྨྲས་གཏོང་། །
བདེན་མེད་ཧམ་བཤད་འཁང་ར་ནག་པོས་བདེན་དྲང་ལྷག་བསམ་ཁྱད་དུ་གསོད། །
བདེན་རྫུན་འདྲེས་མའི་སྐུ་སྒེར་དཔའ་བོས་བདེན་རྟགས་རྫུན་རྟགས་འདྲ་མཉམ་བཀོད། །
བདེན་རྫུན་བརྟག་དཔྱད་མི་སྐྱ་རྒོད་པོས་བདེན་དྲང་མཛོད་ཅིག་དཀོར་གཟན་ཚོ། །
བདེན་དོན་བརྩོན་པའི་རྣམ་དཔྱོད་ཅན་ལ་བདེན་པའི་ཚིག་གིས་བསྔགས་བརྗོད་དགོས། །
བདེན་རྫུན་མི་ཤེས་གཏི་མུག་ཅན་ལ་བདེན་པའི་ལུགས་ཀྱིས་ལམ་སྟོན་དགོས། །
བདེན་དང་རྫུན་པའི་རྣམ་བཞག་ཤེས་ནས་བདེན་ལུགས་གནའ་དེང་རིག་པ་དགོས། །
བདེན་དོན་བརྩོན་ལ་སྐྱིད་སྡུག་མཉམ་མྱོང་བདེན་དྲང་མཛད་རོགས་སྤུན་ཟླ་ཚོ། །
ཞེས་པ་འདི་རབ་གནས་ས་གླང་ཆུ་སྟོད་ཟླ་བའི་ཡར་ཚེས་བའམ་བདག་ཅག་གི་སྟོན་པས་བདེན་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་༢༠༠༩ ༧ ༢༥ སེངྒ་གླིང་རི་བོ་མ་ལའི་སྐྱེད་ཚལ་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྤུན་ཟླ་ཚོ་དྲན་བཞིན་དུ་ཅི་ཤར་མྱུར་བྲིས་བགྱིས་པ་དགེའོ། །ཤྲྰི་སརྦ་ཀེ་ལ་ཤ་བི་ཛ་ཡནྟུ། །

བདེན་ཅན་གཟུངས་སྤོབས་རུལ་དུ་མ་གཅུག་བདེན་མེད་རྟོགས་པའི་རྣལ་འབྱོར་ཚོ། །

ཁ་ཁོག་མཚུངས་པའི་སེམས་དཔའ་ཡིན་ན་དམ་པ་ཁྱེད་ལ་མགོ་བོ་དུད།།
ཁ་བ་ཅན་གྱི་ལས་དབང་དགོངས་ན་༸གོང་ས་མཆོག་ལ་ཕྱག་རོགས་བྱོས།།
ཁ་ཤོམ་ཅན་གྱིས་ཨ་མཆོད་འགའ་ཡིས་སྦྱིན་བདག་ཁུག་མ་སྟོང་བར་བཟོས།།
ཁ་རྩང་དེ་རིང་དུ་དུང་དེ་ཚོས་འདི་ཕྱི་གཉིས་ཀྱི་གནས་ལུག་བརྗོད།།
ལྐོག་གྱུར་སྟོང་གི་གསང་ལམ་ཞིག་ནས་བདེན་པ་འཚོལ་བའི་བློ་སྟོབས་མེད།།
མི་རིགས་ཤིག་གི་ཆགས་འཇིག་འདི་ནི་ང་ཡིི་དབང་བོའི་མཐོང་ཐོས་ཡིན།།
ལྟ་བ་སྟོང་་གི་རྒྱབ་ལྗོངས་ངོམ་པའི་རྟོགས་སད་མགུར་གླུ་ང་ལ་མེད།།
རང་ས་འཕྲོག་པའི་དགྲ་ཞིག་མཐོང་བ་ང་ཡི་མངོན་སུམ་ཚད་མ་ཡིན།།
༄༅།། དངོས་གནས་རེད༌།ད་འཐོན་རན་རང་རེད་པས་སྔོན་ལ་རང་ཉིད་འཐོན་རྒྱུ་ནི་གལ་འགངས་ཆེ་འོ།།
ཀི་ཀི་བསྭོ་བསྭོ་ ལྷ་རྒྱལ་ལོ། སྔོན་ལ་ཁྱོད་སོང༌། རྗེས་ནས་ང་ཡོང༌། བླ་མ་དཀོན་མཆོག་གིས་མཁྱེན། ང་མྱི་འདི་མ་གཞི་ནས་ལག་ལ་གྲི་བཟུང་མ་མྱོང་ནི་ཞིག་ཡིན། ཁྱོས་ཁ་ཆེའི་ལག་ནས་བོའུ་མང་པོ་ཉོས་ཡོད་ན་ད་ངའི་སེམས་བདེ་སོང་ནི་རེད།
འགྲོ་ནི་ཡོད་ན་མིང་ཐོང་བརྡུ་དང་། སྔོན་མ་ངས་ལ་རྒྱག་ཆོག སྤྱིར་གུས་པས་ཞི་དྲག་གཉིས་ཀྱི་ལས་འགུལ་མ་སྤེལ་ན་་ཡོང་གི་མི་འདུག་སྙམ་པའི་བསམ་ཚུལ་བརྗོད་འདོད་ཡོད། རྒྱ་དམག་ཁྲི་ཚོ་མང་བོའི་ངོ་ཡ་མི་གཅིག་གིས་ཡོང་རྒྱུ་ན་ང་ཚོས་རང་བཙན་ཤོར་ཡོད་ནི་མ་རེད། མིན་བསམ་བློ་བརྗེ་རེས་མི་འདོད་པར་ཚིག་འཁྱོག་གི་ཕར་རྩོད་ཚུར་རྩོད་བྱ་ན་དེ་ད་ལས་སླ་བོ་རེད་སྐྲག་མི་དགོས་ཀ
ཐོ
ཐབས་ལམ་གང་ཡང་མེད་པར་ཐོ་བ་འཁྱེར་དེ་མཆོང་མི་ཉན། རྒྱ་ལ་དགོས་པ་དེ་བོད་ས་རེད། བོད་པ་མི་ཡིན་ནོ།།
རེད་ཡ། ཐབས་ལམ་གྱིས་ང་ཐབས་ལམ་ཡིན་ཟེར་ནས་ཚུར་ལ་སྒོ་རྡུང་གི་མ་རེད། ངོ་མ་བཤད་ན་རྒྱ་དམར་གྱིས་སྔ་ས་ནས་བོད་ཀྱི་གཞོན་་ནུ་ཚོགས་པ་འཇིགས་་སྐུལ་བར་ངོས་བཟུང་ཚར་ཡོད་པས། རྒྱལ་ཁབ་གཞན་གྱི་ས་ནས་ས་ལྡིང་གནང་ལྡིང་གི་ལས་འགུལ་སྤེལ་བ་ལས། ཁོ་ཚོར་དཔལ་འབྱོར་དང་མི་གཉིས་ཀྱི་དཀའ་ངལ་ནི་མེད།ད་ལྟ་བོད་ཕྱི་ནང་་མཉམ་སྦྲེལ་ནས་དྲག་པོའི་ལས་འགུལ་གྱི་ལམ་ལ་བཞུག་ན་རན་པར་འདོད། ད་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་བ་རྒྱག་ས་མེད་ནོ་ཧ་གོ་རན་རེད། གལ་སྲིད་ད་དུང་རེ་བ་རྒྱག་ས་ཡོད་པར་འདོད་ན་དེ་༸གོང་ས་མཆོག་གི་མཛད་འཕྲིན་གཅིག་པོའི་ཆོག་གི་རེད། གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་བོས་ལས་འགུལ་གསར་བ་ཞིག་གི་ལམ་འཁྲིད་རན་རེད། གྲོས་བསྡུར་དང་ཚོགས་འདུ་བགྲོ་གླེང་སོགས་ནི་ཐབས་ལམ་གྱི་གཞི་རྩ་ཡིན་པས་མི་བརྒྱ་ཡིས་ཐབས་གཅིག་མི་གཉེད་པའི་སེམས་འཁྲལ་དགོས་ནི་མ་རེད། གཙོ་ཆེ་བ་དྲག་པོའི་ལས་འགུལ་སྤེལ་ན་འགྲིག་དང་མི་འགྲིག་གི་སྐད་ཆ་་བཤད་ན་ལེགས་པར་སྙམ། ཨོ་་་་་་་ཡང་བློ་བུར་དུ་༸གོང་ས་མཆོག་གི་བཀའ་སློབ་དག་དྲན་ནས་དྲག་རྒོལ་མི་ཉན་པར་འདོད་ན་ཕྱི་སྡོད་བོད་མི་ཡོངས་ཀྱིས་བོད་ནང་གི་ལས་་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ན་ལེགས་པར་འདོད། དེ་མིན་ཁྱེད་རང་ཚོ་དཔའ་བོད་རེད་ང་ཚོའི་དུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡིན་ཟེར་ཞིང་། གཞི་སྡོད་སྤུན་ཟླ་ཚོ་རྟ་ཐོག་ཏུ་སྐྱོན་སྐྱོན་ནས་ཁོ་ཚོ་ཤི་སར་བསྐྱལ། ང་ཚོས་ལྟ་ཉན་བྱེད་སྡད་ན་ཡག་པོ་ཨེ་ཡོད།
ནོར་བཅོས་ ཞུགས
དུས་དེ་རིང་ཉི་མའི་ད་ཚོད་ལ།།
སེམས་བསམ་པའི་གཏད་སོ་བརྟན་པོ་དགོས།།
ལས་གང་ལ་འཇུག་པར་དམིགས་ཕྱོགས་དགོས།།
དོན་ཅི་ཞིག་སྒྲུབ་ན་་གཏད་ཕྱོགས་དགོས།།
དུས་ཛ་དྲག་གཡང་གཟར་བྲག་ཁ་འདི།།
བརྒལ་བསམ་ན་བསམ་བློ་ཞིབ་ཚགས་ཐོངས།།
འདི་གོ་ན་དབུ་མའི་ལམ་ལ་ཞུགས།།
དེ་མ་གོ་རང་བཙན་ཁྲོམ་ལ་རྒྱུགས།།
ལམ་དབུ་མའི་ལམ་ལ་བསྙེགས་བསྙེག་ནས།།
དུས་མི་རབས་གསུམ་ལ་རེ་བསྒུགས་བྱས།།
བྱ་འཚེ་བ་མེད་པར་བསྒོམས་སྒོམ་ནས།།
དེང་ཉེར་གཅིག་བ་ཡི་དཀྱིལ་ལ་སླེབས།།
མཐོ་རྒྱལ་སྤྱིའི་ཚོགས་ལ་རེ་བལྟོས་ནས།།
ལོ་ལྔ་བཅུའི་རིང་ལ་དངུལ་ཆུ་བསགས།།
བློ་ཐུབ་མེད་མི་ལ་རེ་བ་ལས།།
སེམས་ཁྲེལ་མེད་དགྲ་དང་འཐབ་ན་ལེགས།།
ས་སྨན་ལྗོངས་མུན་པའི་བསྒྲིབས་ན་ཡང་།
ལྟོ་སྟོང་བར་ལྷག་པའི་སེམས་ནད་མེད།།
གླིང་ཆེན་པོའི་སྟེང་གི་ཕྱུག་བདག་ཚོར།།
སེམས་གཏིང་ནས་དད་པའི་མི་རིགས་འདི།།