སོག་མདའ།
མཐོན་པོ་རི་ཡི་མགོ་ནས་བསང་ཞིག་ཕུད་ཡོད།།
རླུང་རྟ་ཡར་ལ་འགྲོ་བའི་དར་ལྕོག་འཐེན་ཡོད།།
དར་ལྕོག་མི་གཅིག་འཇའ་ཚོན་སྣ་ལྔས་གྲུབ་ཡོད།།
ཚེ་འདིའི་དོན་ཀུན་འགྲུབ་པའི་རེ་བ་ཞུས་ཡོད།།
དམའ་བོ་མཚོ་མོའི་མཐའ་ནས་གསུར་ཞིག་ཕུད་ཡོད།།
ལས་བསོད་ལམ་འགྲོ་ཡོང་བའི་རྨུ་ཐག་འཐེན་ཡོད།།
རྨུ་ཐག་རྒྱུ་ཆ་གཡང་དཀར་བལ་ལས་གྲུབ་ཡོད།།
ཤི་ན་ངན་འགྲོ་མེད་པའི་སྨོན་ལམ་བཏབ་ཡོད།།
བར་གྱི་འདུ་ཁང་ནང་ནས་སྤོས་གསུམ་སྦར་ཡོད།།
ལག་ཟུང་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ་ཡོད།།
ཕྱག་གསུམ་འཚལ་བ་བླ་མ་ལྷ་ལ་ཕུལ་ཡོད།།
སངས་རྒྱས་གོ་འཕང་ཐོབ་པའི་སྐྱབས་འཇུག་ཞུས་ཡོད།།
གཡང་གི་ཁྱིམ་ར་ནང་ན་ཕ་མ་གཉིས་ཡོད།།
བྱམས་དང་བརྩེ་བའི་གཉོར་སྐྱོང་ཁས་ལེན་བྱས་ཡོད།།
ཁས་ལེན་ལག་བསྟར་བྱས་པ་གནད་ལ་འཁེལ་ཡོད།
བྱམས་ལྡན་ཕ་མའི་སེམས་རྩ་དྲོད་ཀྱིས་ཁེངས་ཡོད།།
སློབ་ཁང་གྲུ་བཞིའི་ནང་ན་སློབ་དཔོན་བཞུགས་ཡོད།།
སློབ་ལ་འབད་བརྩོན་བྱེད་རྒྱུའི་ཁག་ཐེག་བྱས་ཡོད།།
ཁག་ཐེག་བྱས་པའི་དམ་ཚིག་སེམས་ན་ཉར་ཡོད།།
སློབ་དཔོན་དམ་པའི་སྙིང་གི་གསོས་སུ་གྱུར་ཡོད།།
སྡེ་ཆེན་དྲུང་གི་དཀྱིལ་ན་ཞེ་མཐུན་གཅིག་ཡོད།།
ཚེ་གཅིག་སྐྱ་ཡ་བྱེད་རྒྱུའི་མནའ་ཚིག་བགགས་ཡོད།།
མནའ་ཚིག་བགགས་ནས་མཛའ་མོར་ཡིད་སེམས་མཐུན་ཡོད།།
མི་འགྱུར་དམ་ཚིག་སེམས་དང་སེམས་པར་འདྲེས་ཡོད།།
དེ་ལྟར་བྱས་དུས་ཁྱོད་ཀྱི་ཡོད་ཚད་འགྲུབ་པ་འདྲ། དེ་ལྟར་གསུང་དུས་ཁྱོད་ལས་སྐྱིད་ཅིག་མེད་པ་འདྲ། དེ་ལྟར་བྱས་དུས་ཁྱོད་ནི་ཁ་བཤད་དོན་གནས་འདྲ། དེའི་ཕྱིར་ཁྱོད་ལ་བསྟོད་ཅིང་སྨོན་པ་འཆོར།
སོག་མདའ་ལགས་ཀྱིས། ཆོས་དང་ལེགས་གཞུང་ཕྱུག་པའི་ལྗགས་རྩོམ་ཅིག་གནང་འདུག་གོ །
རི་མཐོའི་དར་ལྕོག་འོག་ལ། །
བསངས་བསུར་གཉིས་ཀ་ཕུལ་ཡོད། །
རླུང་རྟ་དར་དང་མི་དར། །
ཐེ་ཚོམས་ཟ་དགོས་མི་འདུག །
རི་བོ་མཐོན་པོའི་རྩེ་ནས། །
བསང་དང་དར་ལྕོག་བཙུགས་ཀྱང་། །
རླུང་རྟ་ཡར་འགྲོ་ཕར་ཞོག །
ཁོར་ཡུག་བཙོག་པ་བཟོས་འགྲོ། །
རི་བོ་མཐོན་པོའི་རྩེ་ནས། །
བསང་དང་དར་ལྕོག་བཙུགས་དུས། །
དཀར་ཕྱོགས་རླུང་རྟ་རྒྱས་དུས། །
ནག་ཕྱོགས་འདྲེ་རྐང་ཁྲོ་བགྱིད། །
ཧ་ཧ་སྐུ་རྩེད་ཡིན་ནོ། །
བོད་མི་གང་ན་ཡོད་སའི། །
རི་རྩེ་སྡོང་རྩེ་ཚང་མར། །
དར་ལྕོག་ཁེངས་ནས་ཡོད་ཀྱང་། །
རླུང་རྟ་ཡར་འགྲོ་ཅི་འདུག །
ནག་ཕྱོགས་འཚང་ཁ་ཆེ་དུས། །
དཀར་ཕྱོགས་རླུང་རྟ་ཟེར་བ། །
ག་བ་ག་བ་ཡོད་རེད། །
ཀརྡོ་གཉེར་ཕྱག་ལོ་ལོ། །
བོད་པ་གང་ན་ཡོད་སར། །
དར་ལྕོག་རླུང་གིས་ལྷབ་ལྷབ། །
དེ་ཡི་ཉེ་འགྲམ་ཞིག་ན། །
སྐྱག་གཅིན་དྲི་མ་ཚུབ་ཚུབ། །
བསང་གསོལ་བཏང་ནས་སྲོང་བཙན་འཁྲུངས། །
དར་ལྕོག་བཙུགས་ནས་༸ལྔ་པ་འཁྲུངས། །
མ་ཎི་འདྲེན་ནས་༸བཅུ་བཞི་པ། །
འཁྲུངས་པ་དེ་ལྷག་གང་དགོས་སམ། །
འདྲེ་རྐང་ལྷ་འདྲེར་བསྐང་གསོ་འདུག །
དེ་ཡིས་འདོད་པ་མི་ཚིམས་སམ། །
ཧ་ཧ་ཧ་ཧ་ཧཧཧཧཧ
ཀརྡོ་ནི་ཀརྡོ་སེམས་མེད་རང་རེད། །
དར་ལྕོག་ནི་འགྲོ་སོང་ཐེབས་པ་རང་རེད། །
བསང་གསོལ་ནི་ཟས་རིགས་ཆུད་ཟོས་རང་རེད། །
མ་ཎི་ནི་མཆུ་ཏོ་ན་བྱེད་རང་རེད། །