གནས་ཚུལ་མཁོ་འདོན་པ། བྱེས་འབྱོར་ཀླུ་ཆུ་བ་ཁག་ཅིག
ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་བདུན་དང་སྐར་མ་བཅོ་ལྔ་ཙམ་གྱི་སྟེང་དུ་མདོ་ལྷོ་ཀླུ་ཆུའི་རྫོང་ཁོངས་ཤིས་ཚང་(ཨ་ཀྲོང་)ཚོ་བ་བཅུ་གཉིས་ཀྱི་ནང་ཚན་དཔལ་སྒུར་ནགས་རི་ཚོ་བའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ལགས་ཀྱི་སྐུ་ཕུང་ཤིས་ཚང་དགོན་པའི་ཡར་རྒྱབ་ཀྱི་ཧག་ཆེན་ཀླད་ཅེས་པའི་དུར་ཁྲོད་དུ་བསྐྱལ་ཏེ་ཞུགས་འབུལ་བྱས་འདུག དེ་ཡང་གནས་ཚུལ་ཡོང་ཁུངས་ལྟར་ན། དེ་རིང་ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་དགོན་པ་དང་སྤྱི་ལེ་གཉིས་གསུམ་ཙམ་ཡོད་པའི་ཧག་ཆེན་ཀླད་ཅེས་པའི་དུར་ཁྲོད་དུ་ཆེད་ཕེབས་གནང་ཞིང་། ཆུ་ཚོད་བདུན་དང་སྐར་མ་བཅོ་ལྔ་ཙམ་གྱི་སྟེང་དངོས་སུ་སྐུ་ཕུང་ཞུགས་འབུལ་གྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད། སྤྱིར་འདས་པོ་ཁོང་གི་སྐུ་ཕུང་བླ་བྲང་དུ་གདན་འདྲེན་བྱེད་རྩིས་བྱས་པ་ཡིན་མོད། རྒྱ་ནག་གི་དམ་དྲག་དབང་གིས་ཐབས་ལམ་མེད་པར་གྱུར་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་སོང་།
ཀླུ་ཆུ་བ་ཁག་ཅིག་གིས་གནས་ཚུལ་མཁོ་གཏོང་གནང་པར་ཐུགས་རྗེ་ཆེ། ཡིན་ནའང་པར་དེ་དག་ལ་འགྲེལ་བཤད་གསལ་པོ་ཞིག་གནང་ན་ཧ་ཅང་བཟང་གི་
ཁྱེད་ལ་མིག་གཉིས་ཡོད་ན་ཐད་ཀར་བལྟས་ར་འགྲེལ་བཤད་མ་བསྐྱོན་རུང་ཤེས་འགྲོ་ཀི
མིག་ཡོད་ཀྱང་བལྟས་ན་ཤེས་པའི་ཁྱབ་པ་ཡོད་ནི་མ་རེད། ཁྱེད་རང་གིས་ཤེས་ན་གསུང་རོགས་གནང་།
སྤྱིར་བཏང་བྱས་ན་གནས་ཚུལ་འཁོ་གཏོང་པས་གནས་ཚུལ་དེ་ཙམ་གཏང་བ་ཡང་ཧ་ཅང་ཡག་པོ་རེད་་་་་ཐུགས་རྗེ་ཆེ་ཞུ་དགོས་ངེས་རེད་་་་་་མི་ཁ་བཤད་ནི་གནའ་དུས་བོད་ཀྱི་གཏམ་དཔེར་་་མ་ནི་རང་གིས་མ་གྲང་།ཕྲེང་བ་མི་ལ་སྤྲད་ཞེས་པའི་དཔེ་ལྟར་བྱེད་ཀྱིས་་་་ཧ་ཧ་ཧི་ཧི་ཧུ་ཧུ་།།།།།།།།།།།།།
སྤྱིར་བཏང་བྱས་ན་གནས་ཚུལ་འཁོ་གཏོང་པས་གནས་ཚུལ་དེ་ཙམ་གཏང་བ་ཡང་ཧ་ཅང་ཡག་པོ་རེད་་་་་ཐུགས་རྗེ་ཆེ་ཞུ་དགོས་ངེས་རེད་་་་་་མི་ཁ་བཤད་ནི་གནའ་དུས་བོད་ཀྱི་གཏམ་དཔེར་་་མ་ནི་རང་གིས་མ་གྲང་།ཕྲེང་བ་མི་ལ་མ་སྤྲད་ཞེས་པའི་དཔེ་ལྟར་བྱེད་ཀྱིས་་་་ཧ་ཧ་ཧི་ཧི་ཧུ་ཧུ་།།།།།།།།།།།།།
སེམས་པ་སྐྱོ་བསྡད་ཡོད།
འདི་ནས་ཉིན་མཚམས་སྦྱར་མ་ཐག།
དག་པའི་ཞིང་ཁམས་བདེ་བ་ཅན།
པདྨའི་སྙིང་པོ་ཟེའུ་འབྲུ་ལ།
རྫུས་ཏེས་སྐྱེ་བ་ལེན་པར་ཤོག།།
པདྨོ་འདམ་གྱིས་མ་འགོས་པར།
སྲིད་གསུམ་དྲི་མས་མ་འགོས་ཞིང་།
སྲིད་པའི་པདྨོ་ལས་འཁྲུངས་ཤིང་།
བདེ་བ་ཅན་དུ་སྐྱེ་བར་ཤོག།།
མི་གཙང་ལུས་འདི་བོར་བར་གྱུར་མ་ཐག།
བདེ་བ་ཅན་དེར་རྫུས་ཏེ་སྐྱེ་བར་ཤོག།
སྐྱེ་མ་ཐག་ཏུ་ས་བཅུ་རབ་གྲོལ་ནས།
སྤྲུལ་པས་ཕྱོགས་བཅུར་གཞན་དོན་སྤྱོད་པར་ཤོག།། ཅེས་སྨོན་ལམ་འདེབས་པར་འཚལ་ལོ།
མི་སྐྱ་དེ་དགོས་པའི་གྲྭ་ཚང་གི་དུར་ས་ལ་ཞུགས་འབུལ་བྱས་བ་ནི་ཆེ་མཐོང་གུས་རྩི་ཞིག་གི་མཚོན་རྟགས་ལོས་ཡིན། སྒར་གྲོང་གཉིས་ལ་བཤད་པ་ཞིག་མེད་ཀི། རྡོག་རྩ་དང་གུས་རྩི་ཅན་ལ་གུས་བ་ཞུ།
ཀླུ་ཆུའི་དཔའ་པོ་ཞིག་ཡིན་ན། ཨ་ཤི་རེས་ཁོ་ཟེར་བཞིན་དགྲ་དམགས་རྒྱ་ལ་འཐབ་ནས་ཚར་སོང་བའི་ཁ་དཔེ་ད་ལྟ་ངག་རྒྱུན་དུ་བཞག་ཡོད་པ་རེད་ཟེར་བ་གོ་མྱོང་།
རེད་ཡ་་་་གཞིས་བཞུགས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་མྱུར་དུ་སྒྲུབ་སླད་རང་རེ་ཚོས་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཞིག་འཚོལ་གྱི་མིན་ནམ། འདི་ལྟར་བལྟས་ནས་མར་མེ་ཁྲོམ་སྐོར་རེ་དང་བསྔགས་བརྗོད་ཙམ་བྱས་ཏེ་བསྡད་ཚེ་མཇུག་འབྲས་ཅི་བྱུང་ད་དུང་ཆ་མ་མཆིས།