ཧི་གཟུགས་ཟིན་བྲིས༼http://www.tibettl.com/blog/index.html༽འདི་ལ་ལྟ་མི་ཐུབ་པར་ཧ་ལམ་ཉི་མ་འགའ་ཕྱིན་སོང་། དེའི་རྒྱུ་རྐྱེན་གང་ཡིན་ནམ། གཤམ་གསལ་གྱི་དྲི་བ་འདི་དག་ནི་ངེད་ཀྱི་སེམས་ལ་འཁོར་བྱུང་།
1 འདི་ལ་ཕྱི་ལོགས་ནས་ལྟ་མཁན་བཀག་པ་ཡིན་ནམ།
2 ནང་ལོགས་ནས་ཀྱང་ལྟ་མི་ཐུབ་པ་ཡིན་ནམ།
3 ཕྱི་ལོགས་ནས་འཛུལ་མཁན་ཤུགས་ཆེར་ཡོད་པ་དེ་ཚོ་དམིགས་བསལ་གྱིས་བཀག་པ་ཡིན་ནམ།
4 ནང་ལོགས་ནས་ལྟ་ཐུབ་ཚེ་ཕྱི་ལོགས་ནས་ཀྱང་ལྟ་ཀློག་ཐུབ་པའི་འཕྲུལ་ལམ་དེ་འདྲ་ཡོད་དམ།
རེད།
ཧིགཟུགས་ཟིན་བྲིས་ཙམ་མ་རེད་བོད་ཡིག་ཟིན་བྲིས་དང་གཉིས་ཀ་ལ་གནད་དོན་དེ་བྱུང་ནས་ཉིན་ཤས་ཕྱིན་སོང་། ཉིན་དང་པོ་ནས་ངས་དེའི་ཐད་རྩད་གཅོད་དང་བོད་ནང་གི་དྲ་གྲོགས་ཚོར་སྐད་ཆ་དྲིས་བ་ཡིན་ལ་ཁོང་ཚོས་ཕལ་ཆེར་ཨ་ཞང་གིས་བཀག་པ་འདྲ་ཟེར་བ་ལས་རྒྱུ་རྒྱེན་གསལ་པོ་ཞིག་བཤད་རྒྱུ་བཤད་རྒྱུ་མི་འདུག།
ཡིན་ཡང་དྲི་བ་ལྟར་ལན་འདེབས་ཐུབ་པ་ཞིག་ལ་བོད་ནང་ནས་ཁ་ཕྱེ་ཐུབ་པ་དང་ཕྱི་ནས་བལྟ་མི་ཐུབ་པ་བཟོས་པ་དེ་འདྲ་མ་རེད། ཡིན་ཡང་ཁོང་ཚོས་ཕྱི་སྡོད་བོད་མི་ཚོས་ཧི་གཟུགས་ལ་ཐུགས་ཁུར་བྱས་ནས་ཟིན་བྲིས་སྤེལ་སྟངས་ལ་ཉམས་འཇོག་དགོས་པའི་འབོད་སྐུལ་བྱས་སོང་།
ཉེ་ལམ་སྲིད་ཇུས་གསར་བའི་ལངས་ཕྱོགས་ལྟར་ན། གཞུང་ཕྱོགས་བོད་ཡིག་དྲ་རྒྱ་དང་ཚགས་པར་གྱིས་ཏང་གི་སྲིད་བཟང་བོ་དྲིལ་བསྒྲགས་རྒྱ་ཆེར་སྤེལ་དགོས་པ་ལས། གཞན་གྱི་དཔེ་དེབ་པར་སྐྲུན་དང་བོད་ཡིག་དྲ་རྒྱ་དོ་དམ་ལ་ཞིབ་བཤེར་ནན་མོ་དང་ཚོད་འཛིན་དགོས་ཚུལ་གྱི་ལུང་གཏམ་ཞིག་ཐོས་བྱུང་ལ། ད་དུང་འབྲོག་མི་གྲོང་ཕབ་དང་སྒོ་ཕྱུགས་ཀྱི་གྲངས་ཀ་ཚོད་འཛིན་སོགས་ལས་འཆར་རྒྱ་ཆེ་རུ་གཏོང་དགོས་པའི་གཏམ་ངན་དག་ཐོན་བཞིན་འདུག་ལ་བྱུང་བཞིན་འདུག ད་ལྟའི་འབྲོག་པའི་ཁ་འདོན་ནི་ རྩ་ས་མེད། ནོར་ལུག་མེད། ལས་ཀ་མེད། ཁ་ལག་མེད། རྒྱབ་གོས་མེད། རང་དབང་མེད། ཐ་ན་མིག་ཆུའང་ཚར་ནས་མེད་དོ།
ད་འུ་ཅག་གཞིས་ཀྱི་དྲ་རྒྱ་དག་ལ་ཞུགས་རྒྱུར་དཀའ་ངལ་བཟོས་ཚར་ཡོད་པ་འདྲ། དམིགས་བསལ་གྱིས་ཉིན་འགའི་སྔོན་དུ་སྤུན་ཟླ་ཐེའུ་རང་སོགས་མི་ཉུང་བ་ཞིག་གི་བསྐོར་ལ་གནད་དོན་ཤུགས་ཆེན་གླེང་བ་དེ་ཡིས་བཀག་ཞིག་བཟོས་པ་ཡིན་ས་རེད། རེ་བ་ཡིན་ན་བཙོན་པ་ལྟ་བུའི་དྲ་རྒྱ་དེ་ཚོ་ལ་རང་དབང་ཞིག་ཐོབ་པར་རེ་བ་ཡོད། རང་དབང་དེ་ཡང་ཆེས་ཚད་མཐོ་བའི་རང་དབང་དེ་མེད་ཀྱང་། རང་ཡུལ་ནས་རང་སྐད་ཅིག་སྤྱོད་པའི་རང་དབང་ཅིག་ཡོད་པར་ཤོག
རེད། ཧི་གཟུགས་ཟིན་བྲིས་དང་། སྐད་ཡིག་དྲ་རྒྱ་བཅས་ཀྱང་སྒོ་ཕྱེ་ཐུབ་གི་མི་འདུག ཅིག་བྱས་ན་ཡིག་གཟུགས་འགྱུར་བ་གཏོང་བཞིན་ཡོད་སྲིད་པ་དང་། ཅིག་བྱས་ན་རྒྱ་གཞུང་གི་དམ་དྲག་འོག་ཏུ་ཚུད་པའང་ཡིན་སྲིད།
རེད་རེད་་་་་་་་་་་་་་་ད་ལྟར་སེམས་འཚབ་ཆེ་ཤོས་དེ་ཧི་གཟུགས་དྲ་ཚིགས་མུ་འཐུད་དེ་གནས་ཐུབ་མིན་དེ་རེད་
མ་གཞི་ སུ་ཡིན་ནའང་དཀའ་ངལ་ཞིག་གི་འོག་ཏུ་ཚུད་པ་གཅིག་མཚུངས་རེད་