ཀླུ་སྨྱོན།
ཕྱི་བརྩེགས་ནང་བརྩེགས་རི་བོའི་གསེབ་ནས་དུད་སྤྲིན་གྱ་གྱུར་མཁའ་ལ་འཕྱུར།།
ཞོ་གསར་ལྟ་བུའི་ཆུ་འཛིན་དཀར་པོས་བྱང་རིའི་ཉི་འོད་གོས་སུ་གྱོན།།
གྲོང་གསེབ་ཐར་ཐོར་གནའ་ཉམས་ཡལ་བཞིན་ལྗོན་པའི་གསེབ་ཏུ་ཚོམ་བུར་བཀྲམ།།
གཏིང་མཐའ་བྲལ་བའི་ནམ་མཁའ་སྔོན་པོར་བྱ་རྒོད་ཁྱུ་ཞིག་ལྡིང་སྐོར་བྱེད།།
*སྦི་རི་ནི་རྒྱ་གར་བྱང་རྒྱུད་ཀྱི་ས་ཆ་སྐྱིད་པོ་སྐད་གྲགས་ཅན་ཞིག་ཡིན།
དོན་ཆ་ཚང་ཚིགས་ཤོ་ལོ་ཀ་གཅིག་གི་ནང་གསལ་འདུག་ངོ་མ་ས་ཆ་དེའི་སྐྱིད་འདོད་ལ་
བྱ་རྒོད་ཁྱུ་ཤར་དུ་འགྲོ།
ཨ་ཁུ་འདི་དེང་སངས་གོ་རྒྱུ་ཐོས་རྒྱུ་མེད་པ་ཞིག་ཆགས་སོང་།
ཁག་མེད་ལོ་ན་ཡར་སླེབས་དུས་དེ་འདྲ་ཡོང་གི་ཡོད་ས་རེད།
ཨ་ཁུ་འདི་རྒྱ་གར་གྲོང་གསེབ་དུ་ཉུལ་བ་འདྲ་དེ་མིན་དེང་སང་བཙན་བྱོལ་བའི་བོད་ཁྱིམ་ནས་དུ་བ་འཕྱུར་འཕྱུར་བྱེད་མཁན་དཀོན་སེ་ཡིན་དྲོ། རླང་ཐབ་ལ་ནི་དེ་འདྲའི་དུ་བ་སྔོ་འཕྱུར་བ་མ་མཐོང་ངོ།
ཀླུ་སྨྱོན་གྱིས་དེང་སང་རྒྱ་གར་རྫོགས་གསར་བཤད་གྲྭ་ནས་བསྡུས་གྲྭ་སྦྱོང་བཞིན་པ་ཐོས། །ཨ་ལགས་ལས་ངན་ཁོའི་རྫོགས་གསར་འདུ་ཁང་ནང་གི་ཟིན་ཐོར་བྲིས་པ། བཤད་གྲྭ་བ་ཞིག་ལ་ཀླུ་སྨྱོན་གྱིས་དྲིས་པ། ཆབ་གསང་གཏོང་ས་གང་དུ་ཡོད་པ་རེད། འདི་རིན་པོ་ཆེ་ཚོའི་ཆབ་གསང་གནང་ས་རེད། མར་རྒྱུགས། ཞེས་པར། ངའི་མཇེ་ལ་སྟུ་མ་རག་པས་ཡིན་ན་མ་གཏོགས་རྒྱུ་མཚན་གཞན་དྲན་མ་སོང་བས་ལམ་སེང་ལགས་སོ་ཞུས་པ་ཡིན། ཞེས་བྲིས་པ་ཀླུ་སྨྱོན་གྱི་གདོང་དེབ་ཏུ་བཀོད་སོང་། ། ཧཧཧཧ།
ངས་བལྟས་ན་་ཁྱོད་ཀྱི་རྩོམ་འདིའི་བསམ་བློའི་བཀོད་པ་དེ་ནི་དེབ་ཀློག་བགས་ཆགས་ཀྱི་རྗེས་སུ་སོང་ནས་མིང་ཚིག་བརྐུས་མ་མང་ཞིང་། ས་དེའི་རང་བྱུང་ཁམས་སུ་དངོས་ནས་འཐིམས་ཐུབ་མེད་པའི་སྲོལ་གྱི་ཀློག་ཚོར་ཞིག་སྐྱེས་ཡོང་ཐལ།
རི་རྩེར་གངས་རི་དཀར་པོར་ལང་།
རི་སྐེད་ལྗོན་པ་སྔོན་པོས་བཏུམས།
རི་འདབས་ལོ་ཏོག་ཞིང་པས་སྐྱེད།
རི་ལྗོངས་ཀླུ་སྨྱོན་གནས་པ་བཟང་།།
སྙན་གི་ཡ་་ངོ་མ་ཡག་གི་
རི་རྩེ་གངས་རི་དཀར་པོས་གཡོགས། བརྒྱན་་་་་་
རི་རྩེ་གངས་དཀར་དཀར་པོས་ཁྱབ། །
རི་སྐེད་ལྗོན་པ་སྔོན་པོས་བཀབ། །
རི་འདབས་ལོ་ཏོག་ཞིང་པས་བཏབ། །
རི་ལྗོངས་ཀླུ་སྨྱོན་འཇམ་དཔལ་འཆབ། །
ཀརྡོས་མི་ལབ་འདི་ལབ་བསྟབས། །