ཤར་ཕྱོགས་ཁུག་རྟ།
༡ ད་རང་སྲེག་གི་གྲངས་ཚད་ཉིན་རེར་འཕར་གྱི་འདུག ང་ཚོས་ག་རེ་བྱེད་དགོས་པ་རེད་དམ།
ལན། གྲངས་ཀའི་ངོ་བོར་འགྲོ་བཞིན་པའི་ཉེན་འཚབ་རང་བཞིན་དང་པོ་དམངས་ཁྲོད་ནས་གླེང་ཞིང། རྗེས་སུ་དབུ་ཁྲིད་ཀྱི་སྡེ་ནས་ཚིག་དེ་ག་རང་བེད་སྤྱོད་བཏང་སོང། ཧང་སངས་པ་ཞིག་ལ་ཡང་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་གསལ་བསྒྲགས་ནང་ “ང་ཚོས་གཞིས་ལུས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཇི་ཙམ་ཞུས་ཀྱང་བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད། ”ཟེར། འདི་དྲང་པོ་རེད་དམ། རྒྱལ་ཁབ་ཆགས་འཇིགས་དང་སྤྱི་ཚོགས་འཁྲུགས་རྐྱེན་གྱི་གནད་འགག་གི་སྐབས་སུ་དབུ་ཁྲིད་ཀྱིས་སྐད་ཆ་དྲང་པོ་གསུང་དགོས་པ་དེ་གལ་ཆེན་རེད། རང་སྲེག་གི་མདུན་ལམ་གང་དུ་འགྲོ་རྒྱུ་རེད། འདི་ང་ཚོ་ནག་ཁུངས་ཡིན་ནམ། རེ་བ་དང་གདེང་ཚོད་གཞན་ཞིག་ཡོད་དམ། དེ་གསལ་བོ་བཟོས་པའི་ཐོག་ནས་སྲིད་དབང་རྩིས་སྤྲོད་ཟིན་རྗེས་ཀྱི་རང་སྲེག་ལས་འགུལ་ལ་ལྟ་སྟངས་རང་མགོ་རང་ཐོན་ཞིག་ཡོང་གི་ཡོད་མེད་དང། ཡོང་སྲིད་མིན་ངེས་པར་དུ་གསལ་བཟོ་གནང་དགོས་པ་ཞིག་ལས། རི་བོང་རྡོ་བརྫི་དང་མ་ཡིན་ཡིན་མདོག་བྱས་ན་གྱོང་བོད་མི་མང་ལ་རེག་གི་རེད་འདོད།
༢ རང་སྲེག་གྲུབ་འབྲས་ཐད་༧གོང་ས་མཆོག་གིས་གང་ཡང་མི་གསུངས་པ་སྲིད་འགན་རྩིས་སྤྲོད་ཟིན་པས་ཡིན་པ་ཕྱི་གསལ་ནང་གསལ་བཟོས་ཚར་བ་རེད། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་མོལ་མ་འདྲ་བ་ཞིག་གསུངས་འདུག དེའི་དོན་ག་རེ་ཡིན་ནམ།
ལན། དེང་སང་མི་ཚང་མས་རིན་པོ་ཆེ་མཆོག་གི་བཀའ་སློབ་དེའི་སྙིང་དོན་ལ་བསམ་བློ་ཡང་ནས་ཡང་དུ་གཏོང་བཞིན་པ་རེད། རིན་པོ་ཆེ་མཆོག་གིས་”རང་ལུས་ཞུགས་འབུལ་གྱི་བློས་གཏོང་ལ་གྲུབ་འབྲས་ཐོན་ངེས་ཀྱི་རེ་བ་དང་གདེང་ཚོད་ཡོད་དགོས་པ་མ་ཟད། མེད་ཀྱང་ཡོད་ཐབས་བྱེད་དགོས་”ཞེས་བཀའ་ཕེབས་པ་རེད། བཀའ་འདི་གནང་ས་ཤེས་རབ་དགའ་ཚལ་སློབ་གླིང་རེད། སྐབས་དེའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་ང་ཡིན་མོད་ངས་དོན་དག་འདི་རེད་ཅེས་ལབ་རྩལ་ཡེ་ནས་མེད། ཡིན་ནའང། རིན་པོ་ཆེ་ཆབ་སྲིད་དབུ་ཁྲིད་གནང་སྐབས ༢༠༠༨ ལོར་བོད་ནང་དུ་འབོད་སྐུལ་གྱི་ལམ་ནས་ཞི་རྒོལ་ཆེན་མོའི་གྲུབ་འབྲས་ཐད་དབུ་ཁྲིད་ཀྱི་ཐུགས་འགན་ཆ་ཚང་བསྣམས་ཡོད་པ་རེད། དེ་བས་ཀྱང་ཁ་གསལ་བོའི་ཐོག་ནས་”རང་སྲོག་བཏང་བའི་ལས་འགུལ་ལ་དེ་ཙམ་གྱི་གྲུབ་འབྲས་ཐོབ་རྒྱུར་ད་ལྟའི་ཆར་མེད་པ་ཡིན་ཙང། གཞིས་ལུས་བོད་མི་ཚོས་སྲོག་གི་འགྲོ་གྲོན་ཡོད་པའི་ལས་འགུལ་མི་སྤེལ་རྒྱུ”གལ་ཆེ་ཡིན་ཚུལ་བཀའ་གནང་བ་རེད། དེ་བཞིན་སྐབས་དེར་༧གོང་ས་མཆོག་གིས་ཀྱང་རྒྱ་བོད་མི་མང་གཉིས་ལ་གསུང་འཕྲིན་ཐེངས་མང་སྩལ་བ་རེད། སྐབས་དེར་ང་ཚོའི་འཐབ་རྩོད་མགོ་ལུས་གཉིས་འཛོམས་རེད། ཁྱེད་ནས་ ༢༠༠༨ ལོའི་ཞི་རྒོལ་དང་སྐབས་དེའི་བཙན་བྱོལ་བོད་གཞུང་ནས་གང་གནང་ལ་གཟིགས་འདོད་ཡོད་ན་གནས་ཚུལ་ཚང་མ་མཉམ་སྡེབས་དེབ་སྔོན་ཞིག་པར་བསྐྲུན་གནང་ཡོད་སྟབས། དཔྱད་ཡིག་འཚོལ་དགོས་པའི་དཀའ་ངལ་གང་ཡང་ཡོད་པ་མ་རེད།
༣ བོད་ནང་གི་བོད་མི་ཚོའི་རེ་བ་དེར་ལན་ཅི་ཞིག་རྒྱག་དགོས་པ་རེད་དམ།
ལན། ངའི་གྲོགས་པོ་རྒན་རབས་པ་གཞོན་ནུའི་ཚོགས་ཟུར་སྒོ་དྲུག་ལགས་ནས་ཉེ་ཆར་བགྲོ་གླེང་སྐབས། ཁོས་ནན་ཏན་གྱིས་”ད་བར་རང་སྲེག་ལ་བྱུང་བའི་རྩ་དོན་གྲུབ་འབྲས་ཐད་ཞིབ་འཇུག་སྙན་ཐོ་འདོན་དགོས་པ་དང། སྙན་ཐོ་དེ་བོད་མི་ཚོར་དམིགས་བསལ་ཤེས་རྟོགས་བྱེད་འཇུག་དགོས་”ཞེས་གསུངས་པ་རེད། ང་བཀའ་མོལ་དེ་ལ་རྒྱབ་སྐྱོང་ཡོད། གང་ཡིན་ཞེ་ན། བཙན་བྱོལ་ལས་སྣེ་ཚོ་རྒྱལ་སྤྱིའི་ཁྲིམས་དང་ཆབ་སྲིད་སྐོར་ཤེས་རྟོགས་བྱ་རྒྱུའི་མཐུན་རྐྱེན་འདང་ངེས་ཡོད་པ་མ་ཟད། དེའི་ཐད་ཆེད་མཁས་ཡིན་པའི་ཕྱག་ཁྱེར་ཡོད་མཁན་རྐྱང་རེད། བྱས་ཙང། ང་ཚོ་བོད་མི་ཚོར་རང་སྲེག་གི་གནས་བབ་རྒྱལ་སྤྱིའི་ཁྲིམས་དང་ཆབ་སྲིད་ཀྱི་སྡིངས་ཆའི་ནང་ཚད་གཞི་ག་འདྲ་ཞིག་ཏུ་སླེབས་ཡོད་མེད། རྒྱལ་སྤྱིའི་རྒྱབ་སྐྱོར་ག་ཚོད་ཅིག་ཐོབ་ཡོད་མེད། མ་འོངས་པར་ག་ཚོད་ཐོབ་རྒྱུ་ཡིན་མིན། བོད་མི་རང་ལ་ནུས་པ་དང་བསམ་བློ་གསར་པ། ཐབས་ཤེས་གསར་པ་ག་རེ་བསྐྲུན་ཡོད་མེད་བཅས་གསལ་བཟོ་གནང་སྟེ། གཅེས་ཤིང་ཕངས་པའི་ཚེ་སྲོག་དེ་དག་ལ་བདག་གཅེས་བྱེད་དགོས་པ་ནི་ཉུང་མཐར་བཟང་སྤྱོད་ཅིག་ཡིན་པར་འདོད་པས། མིག་ཅེར་ཞིང་རྣ་བ་ལག་པས་སྐྱོར་བཞིན་བོད་ཕྱི་ཕྱོགས་སུ་རེ་བ་བཅོལ་བའི་གཞིས་ལུས་བོད་མི་ཚོར་ད་ལྟ་བར་རང་སྲེག་ལ་གྲུབ་འབྲས་ག་རེ་ཐོན་ཡོད་མེད་སྙན་གསེང་ཞུ་དགོས་པར་འདོད་ལ། ཉུང་མཐར་རང་སྲེག་ཐད་དཀྲོགས་གཏམ་ཁྱབ་པ་རྣམས་བདེན་པ་མིན་ཚུལ་གསལ་བཤད་བྱ་དགོས་པར་འདོད།།
༤ བོད་ཕྱི་ཕྱོགས་ནས་སྙན་གསེང་ཞུ་དགོས་དོན་ག་རེ་ཡིན་ནམ།
ལན། དེ་ལ་ང་སྒྲུང་ཞིག་ཡོད། ཉེ་ཆར་ངའི་རང་སྲེག་གཏོང་མཁན་གྱི་ཤུལ་དུ་ལྷག་པའི་ཕ་རྒན་ཞིག་དང་ཁ་བརྡ་བྱས་པ་ཡིན། ཕ་རྒན་གྱིས་སྐྱོ་སྣང་གཡུག་སྟེ་རང་གི་བུ་མོའི་རྒྱུན་གྱི་གཤིས་ཀ་དང། སྤུན་ཆེ་ཆུང་གཉིས་ལ་བཤད་པའི་ཁ་ཆེམས་སོགས་ཞིབ་ཏུ་བཤད་རྗེས། དེ་སྔ་ཕ་རྒན་དང་མཉམ་ཏུ་རང་སྲེག་གཏོང་མཁན་གྱི་བུ་མོས་དྲི་བ་དྲིས་པ་ཞིག་ངེད་ལ་བཤད་སྐབས་ངའི་དབང་རྩ་སྦྲིད་སོང། ཉིན་ཞིག་བརྙན་འཕྲིན་ལ་ལྟ་སྐབས་བུ་མོས་ཨ་ཕར་དྲི་བ་འདི་འདྲ་ཞིག་བཏང་འདུག རང་སྲེག་གཏོང་མཁན་ཁ་ཤས་ཀྱིས་དགོན་པའི་ནང་དང་རྩ་ཐང། ཞིང་ཁ་སོགས་སུ་རང་སྲེག་བཏང་འདུག་པ་དེ་ཕྱི་ཕྱོགས་ནས་ཤེས་ཀྱི་ཡོད་དམ། ཨ་ཕས། ལྷོད་ལྷོད་ངང། ལོས་ཤེས། དེ་ད་ཤེས་གདའ་ཤེས་ཞེས་ལན་བཏབས་འདུག ཁྱེད་ནས་བསམ་བློ་ཐོངས་དང། ཕྱི་ཕྱོགས་ཟེར་བ་དེ་ང་ཚོ་བཙན་བྱོལ་བོད་མི་ཚོ་རེད། རྒྱལ་སྤྱི་རེད། མཉམ་འབྲེལ་རྒྱལ་ཚོགས་ཟེར་བའི་སྐད་གྲགས་ཅན་པོ་རྣམས་རེད། ངས་ཡུད་ཙམ་ཅི་ཞིག་བཤད་དགོས་མ་ཤེས་པར་ལུས་འཕྲལ་ཁ་པར་ཡང་བཅད་འདུག ཁྱེད་ནས་བསམ་བློ་ཐོངས་དང། ཁོང་ཚོའི་རེ་བ་ང་ཚོར་བཀལ་ནས་ཚེ་སྲོག་མེ་ལ་བསྒྲོན་ན། ཁྱེད་ནས་རེ་བ་དེར་འགན་ག་ཚོད་ཅིག་འཁྱེར་གྱི་ཡིན་ནམ།།
༥ དེ་མིན་ཁྱེད་ནས་མི་གཞན་ལ་ཁ་བརྡ་བྱས་སམ།
ལན། བོད་ནང་དུ་ཕ་མ་སྤུན་མཆེད་ཡོད་མཁན་ཚོས་གཞིས་ལུས་བོད་མི་ཚོའི་སྡུག་བསྔལ་དམིགས་བསལ་ཤེས་ཀྱི་རེད། ཁོང་ཚོས་བོད་ཀྱི་སྡུག་བསྔལ་རང་གི་མྱོང་ཚོར་དང་བཅས་ཏེ་རྟོགས་ཐུབ་ཀྱི་ཡོད་པ་རེད། ངས་མི་ཁ་ཤས་ལ་སྐད་ཆ་བཤད་སྐབས། ཁོང་ཚོས་མགྲིན་གཅིག་དབྱངས་གཅིག་གིས་རང་སྲེག་བཏང་དོན་ནི་༧རྒྱལ་བ་པཎ་ཆེན་གཉིས་གདན་སར་འབྱོར་ཆེད་དང། བོད་ལ་སྐྱིད་པའི་ཉི་མ་ཤར་ཆེད་ཡིན་སྟབས་བྱང་ཆུབ་སེམས་དཔའ་དངོས་གནས་རེད་ཅེས་ངོས་འཛིན་གནང་གི་འདུག་ཟེར། ད་དུང། ད་རྒྱལ་ཁ་ཞིག་ཐོབ་ས་རེད་དམ་ཟེར་བ་སོགས་ཧ་ཅང་རེ་བ་ཆེན་པོ་དང་། རེ་བ་དེའང་དུས་ཚོད་ཐུང་ཐུང་ནང་འགྲུབ་ངེས་པ་ཞིག་ཏུ་བསམ་བློ་གཏོང་མཁན་འདུག དེས་མ་ཚད། ངའི་གྲོང་སྡེ་དེ་ག་རང་དུ་རང་སྲེག་ལས་འགུལ་གྱི་གནས་ཚུལ་གོ་ནས་རྒན་རྒོན་མང་པོའི་ནད་གཞི་རྙིང་པ་བསླངས་པ་དང། གཞོན་རབས་ཚོའི་སྙིང་ཁམས་མི་བདེ་བ་དང། སེམས་མ་སྐྱིད་པ་ཆགས་པ་གང་མང་བྱུང་འདུག དེ་བཞིན། ཁོང་ཚོས་སྲིད་སྐྱོང་མཆོག་གི་དམ་འབུལ་གཏམ་བཤད་ནང་གི་དམ་བཅའ་”༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན། ཁྱེད་ཚོའི་བློས་གཏོང་ཆུད་ཟོས་གཏོང་གི་མིན་”ཅེས་པ་འདི་གཉིས་ལ་རེ་བ་ཤུགས་ཆེན་གནང་གི་ཡོད་ས་རེད།
༦ ཁྱེད་ཀྱི་ཕ་ཡུལ་རེབ་གོང་ནས་ཉེ་ཆར་ཡི་གེ་ཞིག་བཀྲམས་འདུག དེའི་སྐོར་ཅིག་གསུངས་རོགས།
ལན། ཡི་གེ་དེ་ཁ་བརྡ་དྲ་བའི་ནང་པར་བཏབས་ཏེ་བཀོད་འདུག དེ་བཀླགས་ན་གནས་ཚུལ་ཤེས་རྟོགས་ཡོང་གི་རེད། དེ་བཞིན་རེབ་གོང་༧ཤར་སྐྱབས་མགོན་བརྒྱད་པ་ཆེན་པོ་མཆོག་དང་ཨ་ལགས་བསེ་ཚང་སོགས་ནས་ཀྱང་བསླབ་བྱ་གནང་གི་ཡོད་ས་རེད། འདི་རྣམས་རང་འགུལ་མ་གཏོགས་བཀའ་བཏང་བ་དང་རྒྱུད་སྐུལ་བྱས་པ་དེ་འདྲ་མ་རེད། ངས་བསམས་ན་ཁོང་རྣམས་པས་འདི་ལ་སྔ་མོ་ནས་ལམ་སྟོན་ཞིག་ཡོང་གི་རེད་དགོངས་ཡོད་སྲིད་པ་རེད། ཡིན་ནའང། ད་ལྟ་ཁོང་རྣམས་པས་བཀའ་སློབ་བཀའ་དྲིན་ཆེ་བ་དེ་དག་དུས་ལ་བབས་འདུག་བསམས་སོང། །
༧ རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག་ཟེར་མཁན་དེ་ཁྱེད་རང་རེད། ཞི་རྒོལ་སྡེབས་ལངས་ག་འདྲ་ཞིག་བྱེད་དགོས་པ་རེད་དམ།
ལན། ངས་བོད་ཀྱི་དབུ་ཁྲིད་རྣམས་ལ་ཞུས་ཟིན། རང་སྐྱོང་གི་༼ བསམ་འཆར་༽ལྟར་རྩ་ཁྲིམས་དང་བཅའ་སྒྲིག་ཁག་གི་འབྲུ་དོན་བཞིན་འཐབ་རྩོད་བྱ་རྒྱུར་བོད་ནང་འབོད་སྐུལ་བྱ་རོགས་ཞེས་མང་པོ་ཞུས་ཟིན། བཀའ་ཤག་གསར་རྙིང་གཉིས་ཀྱི་མཐུད་མཚམས་འདི་ངས་ད་དུང་སྙོམས་སྒྲིག་བྱ་མ་ཤེས་པར་བསྡད་ཡོད། སྐད་ཆ་གསལ་བོ་དང་དྲང་པོར་ཞུས་ན། བཀའ་ཤག་གསར་པས་རྒྱ་ནག་གཞུང་ལ་སྤྲད་པའི་རང་སྐྱོང་བསམ་འཆར་ལ་མཇུག་སྣོན་གནང་གི་རེད་དམ། ངས་ལན་ཞིག་ཁྱོན་ནས་རྙེད་ཀྱི་མི་འདུག ང་ཚོར་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་དམིགས་བསལ་སྐུ་ཚབ་སོགས་ཟླ་རྗེས་མར་གསལ་བོ་ཆགས་ཡོང་གི་རེད། སྤྱི་ཟླ ༡༢ པའི་ནང་དེ་དག་ཐད་ལས་རིམ་ལག་བསྟར་བྱ་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་དམ་བཅའ་ཕུལ་གྲུབ་པ་སོང། སྐབས་དེར། འབྲེལ་མོལ་སླར་གསོ་དང་ཞི་རྒོལ་སྡེབས་ལངས་ཀྱི་གཤོག་པ་གཉིས་ཀས། རྒྱ་ནག་གཞུང་ལ་དོན་དམ་གྱི་འབྲེལ་མོལ་གནང་དགོས་པའི་གནས་བབ་ཅིག་བསྐྲུན་ངེས་པ་རེད་ལ། གལ་སྲིད་བོད་དོན་ཐག་གཅོད་བྱ་རྒྱུའི་ཆོད་སེམས་མེད་པ་དངོས་ར་གསལ་འཕྲོད་བྱུང་བ་ཡིན་ན། དེ་ནི་སྲིད་སྐྱོང་མཆོག་གིས་བོད་རིགས་མང་ཚོགས་ཁྲོད་ཁ་གསལ་གཏིང་གསལ་བཟོ་དགོས་པ་རེད་འདོད། སྐུ་ཉིད་དོ་སྣང་བྱུང་ཡོད་ན། ཉེ་ཆར་༼ བོད་ནང་རང་སྐྱོང་རྩོད་ཐབས་ཀྱི་བསམ་འཆར་༽ཞེས་པ་ཞིག་མཐོང་བྱུང། དེ་ནི་ངས་ཞི་རྒོལ་སྡེབས་ལངས་ཀྱི་རྩ་འཛིན་ཡིག་ཆར་ངོས་འཛིན་ཞུས་ན་མི་འགྲིག་པ་མི་འདུག་བསམས།
༨ ད་འོ་ན་ཟམ་གདོང་རིན་པོ་ཆེས་བཀའ་ཕེབས་པ་ལྟར་”ཁོང་རྣམས་པའི་བློས་གཏོང་ཆུད་ཟོས་མི་འགྲོ་ཐབས་”རྣམ་དཔྱོད་ཅི་ལྟར་དཀྲུག་དགོས་པ་རེད།
ལན། ངེད་གཉིས་ཀྱི་དེ་རིང་གི་ཁ་བརྡའི་ནང་སྙིང་འདི་ཡིན་མོད། ནང་དོན་གླེང་སྐབས་གོང་དུ་བཤད་པ་བཞིན་ཆུད་ཟོས་མི་འགྲོ་ཐབས་ཀྱི་མཁས་མཛངས་ལམ་སྟོན་ཞིག་ད་བར་མ་ཐོན་པ་ནི་རང་སྲེག་ལས་འགུལ་གྱིས་ང་རང་གླེན་ནག་འོན་ལྐུགས་བཟོས་སོང་ཟེར་དགོས་དོན་གཙོ་བོ་དེ་ཡིན། སོང་ཙང། སྐབས་འདིར། རྒྱ་ཤེས་མ་ཤེས་པ་དེ་གཙོ་བོ་ཡིན་དགོས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དེའི་ཁར། བོད་ནང་གི་གནས་སྟངས་ཀྱང་དངོས་གནས་པ་ཞིག་མ་ཤེས་ཚེ་བོད་འདི་བསྐྱལ་ས་ཅིག་ལ་བསྐྱལ་གྱི་རེད་ཟེར་བ་དེ་དངོས་གནས་ཡོང་མདོག་ཁ་བོ་རེད་གདའ།། དེ་རྗེས་སུ་ཁ་བརྡ་བྱེད།།
༼ རང་སྲེག་གི་གྲངས་ཚད་ཉིན་རེར་འཕར་གྱིན་འདུག ང་ཚོས་ག་རེ་བྱེད་དགོས་པ་རེད་དམ། ༽
རེད། རང་སྲེག་གི་གྲངས་ཚད་ཟླ་བ་རེ་རེ་དང་བདུན་ཕྲག་རེ་རེ། དེ་བཞིན་ཉིན་མ་རེ་རེར་འཕར་བཞིན་པའི་ཛ་དྲག་གི་གནས་ཚུལ་ཆེ་ནས་ཆེ་རུ་འགྲོ་གི་ཡོད་པ་འདིས་རྒྱ་གཞུང་ལ་ཞེ་སྣང་ཚ་རུ་ཚ་རུ་འགྲོ་བ་ཅིག་དང་། བོད་གཞུང་ལ་ལས་འགན་ལྕི་རུ་ལྕི་རུ་འགྲོ་གི་ཡོད་པ་རེད།
རང་སྲེག་གི་གྲངས་ཀ་ག་ཚད་འཕར་ན་རྒྱ་གཞུང་གི་དངངས་སྐྲག་ག་ཚད་ཆེ་རུ་འགྲོ་གི་ཡོད་ལ། བོད་གཞུང་གི་འོས་འགན་ཡང་དེ་བས་ཆེ་རུ་འགྲོ་གི་ཡོད་པའི་གནས་ལུགས་དེ་རྒྱ་བོད་གཞུང་ཕྱོགས་གཉིས་ཀས་སྔ་ས་ནས་ཧ་གོ་བ་བྱས་ན་ཡག་གི་རེད།
འདི་ལྟར་རང་སྲེག་གི་གྲངས་ཚད་ཚད་ངེས་ཅན་ཅིག་ལ་བསླེབས་དུས་སྔར་མུས་བཞིན་མུ་མཐུད་ཐབས་མེད་པའི་སྐབས་ལ་བསླེབས་ཡོང་གི་རེད། དེ་དུས་ཀྱི་གནས་སྟངས་ནི་ད་ལྟ་ལས་ལྡབ་རྒྱ་འགྱུར་གྱིས་ཚབས་ཆེན་འཇིགས་རུང་གི་དོན་རྐྱེན་ཞིག་འབྱུང་ངེས་ཡིན་ཙང་གུང་ཁྲན་ཏང་གིས་ཨ་ལེན་བརྡ་ལེན་མི་སྟེར་ག་མེད་ལ་ཐུག་གི་རེད། དེ་མཚུངས་བོད་སྒྲིག་འཛུགས་གཞུང་ནས་ཀྱང་ག་རེ་བྱེད་དགོས་མིན་གྱི་འཆར་གཞི་མ་ནོར་བ་ཞིག་ད་ལྟ་ནས་གྲ་སྒྲིག་ཨང་སར་དགོས་གི་རེད།
རྒྱ་གཞུང་སྐྲག་ཐུབ་པ་ཞིས་ནམ་ཡང་བཟོ་མིན་འདུག་་་་་ཡིན་ཡང་རྡ་ས་སྒྲིགས་འཛུག་གི་གཟབ་ཟབ་མ་བྱས་ན་་་བོད་མི་ཡོངས་རྫོགས་མ་དགའ་ས་ཆས་འགྲོ་གི་རེད་ད་་་་་གཟབ་ཟབ་བྱེད་རིན་་་་་
ད་གང་དྲག
གླེང་མོལ་འདི་རིགས་ཀྱི་སྒང་ནས་དྲ་གྲོགས་ཚོས་ཐུགས་ལྷོད་ལྷོད་བྱས་ནས་བཀའ་མོལ་གནང་རྒྱུ། ཐོག་མའི་རེ་བ་ཡིན།
ཤར་ཕྱོགས་ཁུག་རྟ་ལགས་ཀྱི་སྡེབས་ལངས་བྱེད་རོགས་རང་ལུས་མེར་བསྲེགས་མ་གཏོང་ལབ་པ་ལྟར། སུ་ལ་ཡང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་སེམས་ཚོར་འདི་འདྲ་འབྱུང་དང་བྱུང་བཞིན་པ་རེད། འོན་ཀྱང་། འབོད་སྐུལ་འདི་རིགས་ལ་སྙེགས་ཡུལ་ཞིག་དང་གདེངས་ཚོད་ཅིག་ཅིས་ཀྱང་མེད་དུ་མི་རུང་བ་ཡིན་དགོས་བ་རེད། དེ་ན་ང་ཚོས་ཟམ་གདོང་བླ་མའི་བཀའ་སློབ་དེ་གཞིར་བཟུང་གིས་བརྡ་འདེད་ཞིག་ཅིས་ཀྱང་གཏོང་དགོས་བ་འདྲ། ༼རང་ལུས་ཞུགས་འབུལ་གྱི་བློས་གཏོང་ལ་གྲུབ་འབྲས་ཐོན་ངེས་ཀྱི་རེ་བ་དང་གདེང་ཚོད་ཡོད་དགོས་པ་མ་ཟད། མེད་ཀྱང་ཡོད་ཐབས་བྱེད་དགོས༽ཞེས་བ་ལྟར། གདོང་བླ་མའི་བཀའ་སློབ་འདིས་བསྙེགས་ཡུལ་གང་ཡིན་ནམ། བྱ་ཐབས་ཟད་པའི་སྐབས་འདིར་རྒྱལ་སྤྱིའི་གནས་བབ་སྔར་ལྟར་གྲགས་མེད་འགུལ་མེད་དུ་ཁུ་སུ་མེར་གནས་བ་ཡིན་ན། ད་ལྟའི་གཞུང་སྲིད་དང་འབྲེལ་བའི་ཡུལ་གྱར་བོད་མི་ཚོས་ནུས་བ་ཅི་ཞིག་བསྐྱེད་ནས་ད་གཟོད་མེད་དུ་མི་རུང་བའི་འབྲས་བུ་དེ་འཚོལ་དགོས་བ་ཡིན་ནམ། ༼འབྲེལ་མོལ་སླར་གསོ་དང་ཞི་རྒོལ་སྡེབས་ལངས་ཀྱི་གཤོག་པ་གཉིས་ཀས། རྒྱ་ནག་གཞུང་ལ་དོན་དམ་གྱི་འབྲེལ་མོལ་གནང་དགོས་པའི་གནས་བབ་ཅིག་བསྐྲུན་ངེས་པ་རེད། ༽ཞེས་བའི་སྐད་ཆ་འདི་ཞི་རྒོལ་སྡེབས་ལངས་ཡོང་དགོས་བའི་དམིགས་ཡུལ་དང་མདོར་གཏུག་ས་དེ་ཡིན་ནམ།
སྤྱི་ལོ་༢༠༠༨ལོར་ཆ་མཚོན་ན་གཞིས་ལུས་བོད་མི་ཚོས་ཞི་རྒོལ་འཐབ་རྩོད་རིམ་པ་བྱས་ནས་ཡུལ་གྱར་བོད་མི་ཚོ་ལ་ལག་གདེངས་སྤྲེལ། རྒྱལ་སྤྱིའི་རམ་འདེགས་ཅུང་ཙག་དང་བཅས་བོད་རྒྱ་འབྲེལ་མོལ་གྱི་དགོས་འདུན་ལ་རེ་ཞིང་སྒུག་བ་རེད་དེ། པེ་ཅིན་སྲིད་གཞུང་ནི་སྣོད་ཁ་སྤུབས་ལྟར་གནས་ལུགས་བཤད་ས་མི་འགྲོ་ཚུལ། སྤྱིའི་ཆ་ནས་གསལ་བོ་ཆགས་ཚར་བ་རེད།
སྲིད་སྐྱོངས་བློ་སེང་གིས་བོད་མི་མང་གི་རེ་བ་ལྟར་༧གོང་ས་མཆོག་ཕྱིར་སླ་ས་ལ་གདན་འདྲེན་བྱེད་རྒྱུ་དེ་རྩ་བའི་དམ་བཅའ་ལྟ་བུ་རེད། དེར་བརྟེན་ཟམ་གདོང་བླ་མའི་བཀའ་སློབ་དེའི་ཡང་སྙིང་འབབ་ས་དེ། རང་ལུས་མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ། བོད་གཞུང་འབངས་གཉིས་ཀྱི་རེ་བ་དེ་འགྲུབ་ཐབས་ལ་ཐབས་ཤེས་སྣ་དགུ་བསྐྱེད་དགོས་བའི་དོན་རེད་བསམ་པ་ལྟར། ཟམ་གདོང་བླ་མས་ཀྱང་སྡེབས་ལངས་བྱེད་དགོས་བ་རེད་བསམ་པ་དྲན་ཡོད་པ་ཡིན་ནམ།
ལམ་གཉིས་གང་ཞིག་ལ་རྩོད་ཀྱང་རང་སྲེག་གི་བློས་གཏོང་འདིས་ཕན་པ་ཆེན་པོ་ཞིག་ཡོད་པ་ནི་གསལ་པོ་ཡིན། ཕན་པ་གང་དུ་འདུག ད་ལྟ་ལམ་སང་མིག་ལ་སྟོན་ཤོག་ཟེར་ན་ཕན་པ་ཆེ་ཤོས་དེ་བོད་པ་སོ་སོའི་སེམས་ལ་མིག་ལྟོས་ཟེར་བ་ཡིན། དཔའ་བོ་དཔའ་མོ་འབར་ཐེངས་རེར་བོད་པའི་རུས་ཡོད་མཁན་ཚང་མའི་སེམས་པ་ཡང་ཐེངས་རེ་འབར་བ་དང་། མེ་ལྕེ་དེ་དག་གིས་ང་ཚོའི་སེམས་པ་རུ་ནམ་ཡང་ནུབ་པ་མེད་པའི་མེ་ལྕེའི་སོན་རྩ་བཙུགས་ཡོད་པ་རེད། མེ་ལྕེའི་སོན་རྩ་དེ་དག་མི་རིགས་འཐབ་རྩོད་ཀྱི་གམ་ནག་ལམ་བུའི་ཐོག་ཧ་ཅང་མཁོ་བ་རེད། རང་ལུས་མཆོད་མེར་སྤར་མཁན་དེ་དག་གི་ངོས་ནས་བཤད་ན་རྒྱ་ནག་གི་གདུག་རྩུབ་གཉའ་མནོན་དང་ཁོང་ཚོའི་ཁྲག་ནང་དུ་བཞུར་བཞིན་པའི་བོད་བཙན་པོའི་སྤོབས་པའི་ཟུང་ཁྲག་དེ་གཉིས་མེ་ཆུ་ལྟར་འཕྲད་པའི་དབང་གིས་བློས་གཏོང་གི་ལམ་དེར་བཞུགས་པ་ཡིན་པ་ནི་ཁོང་རང་ཚོའི་ཁ་ཆེམས་ལ་གཟིགས་ན་གསལ་པོ་རེད།
གཞན་ཡང་། རང་སྲེག་གི་ནུས་པ་གཞན་པའི་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་རིགས་ཟེར་བ་འདི་རྒྱ་འོག་ཏུ་མགོ་སྒུར་འདོད་མེད་པའི་ཆོད་སེམས་མཐོང་ཐུབ་པ་དང་ལྷན་རྒྱ་ནག་གི་གདུག་རྩུབ་མཐོང་ཐུབ་ཀྱི་ཡོད་པ་དང་། བོད་མི་རིགས་ཟེར་བ་འདི་རྒྱ་ལས་ལོགས་སུ་གྱུར་པའི་མི་རིགས་ཤིག་ཡིན་པའི་ངེས་ཤེས་ཟབ་རུ་འགྲོ་བ་དང་ལྷན་རྒྱ་ནག་གིས་སྔོན་ཆད་བོད་བཙན་བཟུང་ཡིན་པར་ཡིད་ཆེས་རྣལ་མ་འཕེལ་བ། བོད་རྒྱའི་འཐབ་རྩོད་ནི་མི་རིགས་དང་མི་རིགས་བར་གྱི་གཉའ་མནོན་གྱི་འཐབ་རྩོད་ཡིན་པ་གསལ་དུ་འགྲོ་བ་དང་ལྷན་གལ་སྲིད་རྒྱ་ནག་ཨ་རི་ལྟར་གྱི་སྟོབས་ལྡན་རྒྱལ་ཁབ་གྱུར་ན་ཁྱིམ་མཚེས་རྒྱལ་ཁབ་གཙོས་འཛམ་བུ་གླིང་ལ་ཉེན་ཁ་ག་ཚད་ཡོད་པ་རྗེས་དཔག་བྱེད་ཐུབ་པ། འདི་དག་ནི་རང་སྲེག་གི་ནུས་པ་ཐར་ཐོར་རེད། རང་སྲེག་གི་བློས་གཏོང་འདི་སུས་ཀྱང་བཀག་འགོག་བྱེད་དཀའ་བ་རེད། ལྷགས་པར་དུ་ནང་པ་བ་ཞིག་གིས་བཀག་འགོག་བྱེད་དགོས་ན་དཀའ་མོ་རེད། རྒྱུ་མཚན་ནི་སེམས་ཅན་གཞན་གྱི་ཆེད་དུ་རང་ལུས་གཏོང་དགོས་པ་སྟོན་པས་སྟག་མོ་ལུས་སྦྱིན་གྱི་མཛད་པ་བཞག་ཡོད་པ་རེད་ལ། སེམས་ཅན་གྲངས་མང་བའི་ཆེད་དུ་རང་ཙམ་མ་ཚད་གཞན་གྱི་སྲོག་འཕྲོག་དགོས་ཀྱང་ལམ་དེར་བཞུགས་དགོས་པ་མི་ནག་མདུང་ཐུང་གི་རྟོགས་བརྗོད་སོགས་ལས་བསླབ་བྱ་བྱས་ཡོད་པ་རེད། ད་ལྟ་རང་སྲེག་གི་ལམ་དུ་བཞུགས་མཁན་དེ་དག་ནི་སྒེར་དོན་གྱི་ཆེད་དུ་མ་ཡིན་པར། རྒྱ་ཆེ་ས་ནས་བཤད་ན་དྲང་བདེན་དང་གནས་ལུགས་ཀྱི་ཆེད་དུ་ཡིན་པ་དང་། ཆུང་ས་ནས་བཤད་ཀྱང་བོད་པ་ཟེར་བའི་མི་རིགས་འདི་བུ་རབས་ཚ་རྒྱུད་དུ་གཉའ་མནོན་གྱི་ཟུག་རྔུ་མྱོང་མི་དགོས་པའི་ཆེད་དུ་རེད། བོད་མི་ས་ཡ་དྲུག་གི་བུ་རབས་ཚ་རྒྱུད་གྲངས་ཀྱིས་མཇལ་ན་དུང་ཕྱུར་ལ་འགྲོ་ངེས་པ་རེད། དེ་ལྟ་བུའུ་གྲངས་མང་བའི་སྤུན་ཟླ་ལ་བསམ་ནས་རང་སྲོག་བློས་གཏོང་གི་ལམ་དེར་བཞུགས་པ་གསལ་པོ་རེད། དཔའ་བོ་དཔའ་མོ་དེ་ཚོ་སྨྱོན་པ་མ་རེད། དཔའ་དང་གྲུང་གཉིས་ཀ་འཛོམས་པའི་ང་ཚོའི་མི་རིགས་འདིའི་སྲོག་ཤིང་རེད། མི་རིགས་འདི་ཤི་ལ་ཉེ་བའི་སྐབས་སུ་ཁོང་ཚོས་རང་གི་སྲོག་དེ་མི་རིགས་འདིའི་ཀ་བ་བྱེད་འདོད་པ་རེད། གཞན་ཡང་ཡུལ་ཤུལ་ན་ས་འགུལ་ཐེངས་གཅིག་ལ་བོད་པ་ཇི་ཙམ་གྱི་སྲོག་ཕྱིན་སོང་། བར་ཆད་གཅིག་གི་དབང་དུ་སྲོག་མང་པོ་དེ་འདྲ་ཕྱིན་པ་རེད། ད་ལྟ་དཔའ་བོ་དཔའ་མོ་ཁ་ཅིག་གིས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་། བོད་ཀྱི་འདས་མ་འོངས་ད་ལྟ་ལ་བསམས་ནས་རང་སྲོག་བློས་བཏང་བྱས་པ་དེར་མ་འགྲིག་དང་མ་བཟང་ཅེས་སུ་ཞིག་གིས་བརྗོད་པར་སྤོབས། དེ་བརྗོད་པར་སྤོབས་ན་སེམས་ཅན་ཐམས་ཅད་ཟེར་བ་དེ་བློས་གཏོང་དགོས་པ་མ་ཡིན་ནམ། དེ་བརྗོད་པར་སྤོབས་ན་མི་རྣམས་འཇིག་རྟེན་འདིར་འཚོ་བའི་སྙིང་པོ་ནི་རང་སྲོག་ཁོ་ན་ཅ་ག་བྱེད་རྒྱུ་དང་། རང་སྲོག་འཛིན་ཐུབ་ན་གཞན་གྱི་རྐང་པ་ལ་ཡང་ལྕེ་ཡིས་བརྡག་ཆོག་པའི་རང་གཅེས་རིང་ལུགས་ཞིག་སྤེལ་འདོད་པ་རེད་དམ། དེ་དག་ནི་རང་སྲེག་ལས་འཕྲོས་པའི་བསམ་གཞིགས་བྱེད་དགོས་པའི་དོན་རེད་སྙམ། དེར་བརྟེན་རང་སྲེག་འགོག་དགོས་ན་རྒྱ་ནག་གི་སྐྱོན་མཚང་འཛམ་བུ་གླིང་དུ་སྒྲོག་རྒྱུ་ཡིན་པ་ལས། རྡ་ས་ན་ཡོད་པའི་བོད་པ་ང་ཚོ་དང་མཚུངས་པར་རང་སྲེག་ལ་སེམས་ཁྲལ་དང་། བོད་མི་རིགས་ཀྱི་ལས་དབང་ལ་སེམས་ཁྲལ་གནང་མཁན་དག་ལ་ཆོ་མེད་མང་པོ་གཅིག་བཤད་ནས་བསྡད་ན་དུས་ཚོད་སྟོང་རོགས་ཙམ་ཡིན་པར་འདོད།
དཔའ་བོ་དཔའ་མོ་ཁག་ཅིག་ཟེར་བ་དེ་དཔའ་བོ་དཔའ་མོ་༨༩ཡིས་གཅེས་པའི་ལུས་སྲོག་བློས་བཏང་ནས་ཟེར་བར་བཅོས་རོགས། དགོངས་འགལ་མེད་པ།
ད་ལྟའི་གཞིས་སྡོད་བོད་མིས་སྲོག་གི་འགྲོ་གྲོན་བཏང་ནས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་བློས་མི་བཟོད་པ་ཉིན་རེ་ལས་ཉིན་རེ་ཛ་དྲག་ཏུ་འགྲོ་བཞིན་པར། རྒྱལ་སྤྱི་ནས་དོ་སྣང་ཕར་ཟད་བཙན་བྱོལ་རང་དབང་ལུང་པར་གནས་པའི་རང་རིགས་རྣམས་ཀྱང་ལྟེ་མོ་ལྟས་ནས་སྡད་ན་འགྲིག་ཚོད་མི་འདུག སྡེབས་ལང་བྱས་ཏེ་རྒྱལ་སྤྱི་དང་རྒྱ་ནག་གི་དོ་སྣང་མ་སྤྲད་རང་སྤྲད་ཆགས་པའི་ཐབས་ཤིག་འཚོལ་དགོས་པར་སེམས། དེ་ལྟར་མ་བྱས་ཚེ་བོད་ནང་ཡོད་པའི་གཞིས་ལུས་རྣམས་ད་བར་ཕྱི་ལོག་རང་དབང་ལུང་པར་ཡོད་པ་རྣམས་ལ་རེ་བ་བྱས་ནས་བསྒུག་པ་རེད། ད་ཆ་བཙན་བྱོལ་ཡོད་མཁན་ཚོས་རང་བཙན་ཡིན། དབུ་མ་ཡིན་སོགས་ནང་ཁུལ་རྩོད་རེས་དང་། ང་བགྲེས་ཡོལ་ཁོ་བགྲེས་ཡོལ། ང་དགོངས་པ་ཁོ་དགོངས་པ་ཟེར་ནས་བོད་སྤྱི་བའི་མིང་ཐོག་ནས་སྙན་གྲགས་དང་ཁེ་བཟང་འདྲ་ཡོང་ས་རེད་བསམ་དུས་འཇོན་རྒྱུ་ཡོད་མདོག་བྱས། ད་ཡོང་ས་མ་རེད་བསམ་དུས་ཚང་མ་བགྲེས་ཡོལ་དང་དགོངས་པ་ཞུས་ཙང་། བོད་ལ་ཡོད་པ་ཚོ་འུ་ཐུག་ནས་རང་སྲོག་དོར་བཞིན་པ་རེད། ད་དུང་དེ་ལ་རྒྱབ་སྐྱོར་དང་དོ་སྣང་གྲུབ་འབྲས་མ་བྱུང་ཚེ་ལས་འགུལ་གྱི་ངོ་བོ་འགྱུར་ཏེ་གཞན་སྲོག་ལེན་པའི་ལས་འགུལ་འགྲོ་མི་སྲིད་པ་མ་རེད།
༸གོང་ས་མཆོག་གིས། “ བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེ་དག་བོད་མིས་བཟོས་པ་ཞིག་མིན། གནད་དོན་དེ་དག་ནད་ཀྱི་མཚོན་རྟཊ་ཙམ་ཡིན་པར་ངོས་རང་ནས་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་སྲིད་འཛིན་ཏིང་ཞའོ་ཕིན་གྱིས་དངོས་ཐོག་བདེན་འཚོལ་བྱེད་དགོས་སྐོར་བརྗོད་པ་དེ་གཞིར་བཞག་ཐོག བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱ་ནག་དཔོན་རིགས་ཚོས་རྒྱུ་མཚན་ཅི་ཡིན་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེང་སྐབས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་འབྱུང་བཞིན་པ་དེ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན། གནས་ཚུལ་དེ་དག་ཐོས་སྐབས་ངོས་རང་མིག་ཆུ་ཤོར་གྱི་འདུག རང་ལུས་མེར་བསྲེཊ་གཏོང་མཁན་གྱི་བོད་མི་དེ་དག་མྱོས་རྫས་ཀྱིས་བཟི་བ་དང་། བཟའ་ཚང་གི་རྙོག་གྲ་དང་དཀའ་ངལ་དེ་འདྲ་བྱུང་ནས་རང་ལུས་མེར་བསྲེགས་བཏང་བ་ཞིག་རྩ་བ་ནས་མིན། ཁོང་ཚོ་རྒྱ་གཞུང་གི་དམ་བསྒྲགས་འོག་དུས་རྟག་ཏུ་འཇིགས་སྣང་དངངས་སྐྲག་ངང་གནས་བཞིན་ཡོད།” ཅེས་གསུངས་ཡོད་པ་མ་ཟད། སྐུའི་ཡང་སྲིད་སྐོར་ལ་དེ་སྔ་རྒྱ་ནག་ཏུ་ནང་ཆོས་དར་ཏེ་ཚེ་ཕྱི་མར་ཡིད་ཆེས་དང་། ནང་ཆོས་ཀྱི་བཀའ་ཆོས་སོགས་ཞུ་སྲོལ་ཡོད་སྟབས། སྐབས་དེའི་རྒྱ་ནག་དབང་འཛིན་པ་ཚོས་ཏཱ་ལའི་བླ་མའི་སྐུ་སྐྱེའི་ཐོག་དོ་སྣང་བྱས་པར་རྒྱུ་མཚན་ཡོད་པར་བརྩིས་ཆོག་ཀྱང་། དེང་སྐབས་གུང་ཁྲན་ཏང་གིས་ཏཱ་ལའི་བླ་མའི་སྐུ་སྐྱེས་ཐོག་ཐེ་བྱུས་བྱེད་དགོས་ཚེ། ཐོག་མར་ཁོ་ཚོས་སྐྱེ་བ་ཕྱི་མ་ཁས་ལེན་དགོས། དེ་ནས་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིང་གི་ཡང་སྲིད་འཚོལ་དགོས་རྒྱུ་དེ་རྒྱུ་མཚན་ལྡན་པ་ཡིན། ཞེས་བཀའ་ལན་བསྩལ་ཡོད་འདུག
དྲང་བདེན་དང་གཟུར་གནས་ཅན་གྱི་དྲ་གྲོགས་ཡོངས་ལ་ཞུ་རྒྱུ། དངོས་ཡོད་ཀྱིས་གནས་ཚུལ་གང་ཡིན་མ་ཤེས་པར་བོད་མིའི་མེ་བསྲེགས་ལས་འགུལ་གནང་མཁན་དག་གིས་མངོན་འདོད་ལ་ལོག་འགྲེལ་དང་། བཙན་བྱོལ་དུ་ཡོད་པའི་གཞུང་དང་སྒྲིགས་འཛུག །དེ་བཞིན་བྱས་པ་ཅན་གྱི་མི་སྣ་དག་ལ་རང་སྣང་གང་ཤར་གྱི་བསྐྱོན་འཛུག་དང་ངན་སྨས་བཟོ་མཁན་དག་གིས་རྗེས་སུ་ནམ་ཡང་མི་ཕེབས་པ་ཞུ། མེ་བསྲེགས་དོན་རྐྱེན་འདིའི་བསྐོར་ལས་སླ་པོའི་སྒོ་ནས་གང་བྱུང་འབྲེལ་བཤད་འདྲ་མིན་གནང་ཚེ། དེའི་འཇུག་འབྲས་གང་འདྲ་ཡོང་མིན་བཤད་ཚོད་སུ་གང་གི་ཐིག །དེ་ལས་གཞུང་གིས་ལོངས་ཕྱོགས་དང་ལམ་སྟོན་ལ་ང་ཚོས་ངེས་པར་དུ་རྡོ་རྩ་གཅིག་སྒྲིལ་གནང་དགོས་གལ་ཆེ། སྤྱིར་ད་ལྟའི་ཛ་དྲགས་ཀྱིས་གནས་བབས་འདིའི་སྐབས་སུ་མི་སུ་གང་གིས་ཀྱང་འདི་དང་འདི་བྱོས་དང་ཁ་ལག་ཡོད་ཀྱིས་ཕན་ནུས་ཐོན་ངེས་ཡིན་པའི་ལམ་སྟོན་གནང་ཐུབ་ཁག་པོ་ཆགས་ཡོད། གཙོར་བོ༧གོང་ས་མཆོག་གིས་བཀའ་སློབ་མཆན་༨པ་ནང་དུ་བཀོད་ཡོད་པ་དེར་གལ་གནད་ཤུན་ཏུ་ཆེ་བས་བཀའ་སློབ་ཞིག་འདུག་ལགས་ན་ཚང་མའི་ངེས་པར་དུ་གཟིགས་གནང་རོགས། དེ་མིན་འུར་ཤོད་མཁན་དང་ལོག་ལྟ་མཁན་དག་ལ་ལྟ་ཡ་གང་ཡང་མེད། གཅིག་བྱས་ན་ཁོང་ཚོར་ལས་འགན་དམིགས་བསལ་ཅན་དེ་འདྲ་ཡང་ཡོད་སྲིད། གང་ལྟ་རང་ཚུགས་བབས་བརླིང་གཏན་གསུམ་གནང་གལ་ཆེ། །
གྲོགས་འཇམ་གཅེས་ལགས་༸གོང་ས་མཆོག་གི་བཀའ་སློབ་འདི་ཁུངས་གང་ནས་དྲངས་པ་ཡིན་འད་ཧ་ཅང་གི་གནད་འགག་རེད་ས་གང་ནས་དུས་ནམ་ཞིག་ཏུ་གསུངས་པ་རེད།
༸གོང་ས་མཆོག་གི་བཀའ་སློབ་འདི་གཟིགས་འདོད་ཚེ་དུས་བབ་ནང་གཟིགས་རོགས།
རེད་ད་བར་བསྒུག་པ་རེད་ད་དུང་བསམ་ཚུལ་ཙམ་བཤད་ས་མེད་ན་དམར་གཤོག་སུ་རེད། བོད་མི་མི་རེ་ངོ་རེ་ནས་འགན་འཁུར་དགོས་པ་ལས་གཞན་ཞིག་གི་བྱེད་ཡོང་བསམ་ནས་ངང་བསྒུག་བྱེད་རྒྱུ་ནི་འདས་པའི་ཉམས་མྱོང་དང་། ད་ལྟའི་གནས་བབ་ལ་གཞིག་ན་བསྒུག་པའི་དུས་མ་རེད་ལ་ཁ་གཅིག་པོས་བཤད་སྡད་པའི་དུས་ཀྱང་མ་རེད། བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་ནས་བླ་ཆེན་མི་ཆེན་ནས་བཟུང་གསང་སྤྱོད་ཁྲུས་མཁན་ཡར་རྒྱབ་སྡེབས་ལང་བྱེད་པའི་དུས་ལ་སླེབས་ཡོད། ངོ་བརྒོལ་བྱེད་པའི་དུས་ལ་བབ་ཡོད། ད་དུང་ངས་ཧ་མི་གོ་སྒང་ནས་བྱེད་ཡོང་ཟེར་མཁན་ནི་བོད་མི་རིགས་སྲོག་རྒྱུན་གཅོད་ལག་དམར་བ་མིན་ན་གང་ཡིན།
ཐུགས་རྗེས་གཟིགས། སྤྱན་རས་གཟིགས་ཀྱིས་སྤྱན་གྱིས་གཟིགས། འོད་དཔག་མེད་ཀྱིས་འོད་ཀྱིས་གཟིགས། མགྱོགས་མྱུར་བོད་ལ་སྐྱིད་པའི་ཉི་མ་ཤར་ནས། བོད་མིའི་སྡུག་བསྔལ་རྫོགས་པར་ཤོག
དྲ་དཔོན་མཁྱེན་དདཔྱོད་ཟླ་བྲལ་ཤར་ཕྱོགས་ཁུག་རྟས་བསམ་བློ་གཏོང་ཕྱོགས་ལ་བརྩི་བཀུར་ཡོད། དྲ་གྲོགས་རྣམས་པས་ཀྱང་དོན་དམ་གྱི་བགྲོ་གླེང་ཞིག་གནང་ཐུབ་ན་ག་འདྲ་ཡག་པོ་མི་འདུག
འཐབཕྱོགས་གཅིག་གྱུར་ཁང་གི་མགྲིན་ཚབ་པ་ཤར་ཁུག་ལགས།
ཅི་ཞིག་རྫོ་བཞིན་པ། མགོ་ཚོས་མ་ཐལ། ཁ་མི་གསལ། ཕྱོགས་མི་གསལ། དོན་མི་གསལ་པས། ཡག་པོ་མི་འདུག་ཞུ་ཡ་ཡིན།
ང་ཚོ་ལ་གཞན་དྲིང་མི་འཇོག་པའི་ལམ་སྟོན་གནང་མཁན་ཡོད་ལ་དེ་བཞིན་དབུ་ཁྲིད་མཁན་ཡོད། དེ་བཞིན་སྙིང་སྟོབས་དང་། ལྷག་བསམ། ལྟ་གྲུབ། ལ་རྒྱལ་ཅན་གྱི་དཔའ་བོ་དཔའ་མོ་ཡང་ཡོད། ང་ཚོས་དུས་ནམ་ཡང་ཁོང་ཚོ་ལ་ཁ་མིག་ཡར་བལྟ་དགོས་པ་ལས་ལྟ་གྲུབ་དང་སྤྱིར་སེམས་ཁ་ལ་འཁྱེར་མཁན་དག་ལ་ནམ་ཡང་མི་བལྟ། ང་ཚོ་ནི་འགན་ཁུར་མེད་པའི་འུར་ཤོད་མཁན་ཚོས་ལམ་སྟོན་ལ་ནམ་ཡང་ཡིད་མི་འགུར། ང་ཚོ་ནི་ དུག་སྦྲུལ་དང་འདྲ་བས་ལྕེ་གཉིང་པ་དང་ཌ་རི་དང་འདྲ་བས་མགོ་གཉིས་མ་དག་གི་རྗེས་སུ་ནམ་ཡང་འགྲོ་མི་རུང་། ང་ཚོ་ལ་ནི་ཁོང་ཚོ་ལས་ཁྱོད་ཚོ་ནམ་ཡང་མི་དགོས། ཁྱོད་ཚོས་ཤེས་དགོས་པ་ཞིག་ནི། ང་ཚོ་ལ་ཡོད་པའི་སྟོབས་ཤུགས་དང་ནུས་པ་ཤེས་དགོས། དེ་བཞིན་བྱས་པ་ཅན་གྱི་རྒན་པོ་དང་། ཧུར་བརྩོན་ཅན་གྱི་གཞོན་སྐྱེས་ཡོད། ང་ཚོ་ལ་མི་དགོས་པ་ནི་དཀྲུགས་ཤིང་མཁན་པོ་ཁྱོད་ཚོ་ཡིན། །
་་་་་ ང་ཚོ་ལ་མི་དགོས་པ་ནི་དཀྲུགས་ཤིང་མཁན་པོ་ཁྱོད་ཚོ་ཡིན། ། ཟེར།
རང་སྲེག་ཐད་བགྲོ་གླེང་གནང་མཁན་མེད་པ་ནི་ཇེ་གསལ་ཇེ་གསལ་རེད། འཇམ་གཅེས་སོགས་དྲ་འབུ་ཁག་ཅིག་གིས་བརྗོད་དོན་གཡུག་ནས་དྲན་ཚད་འབྲི་བཞིན་པ་འདི་ཐབས་སྐྱོ་བོ་ཞིག་རེད།
རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ། ༼ ༢ ༽ འདི་གནས་ཚུལ་གསར་པ་ཅང་མི་འདུག བཅར་འབྲི་ཞུ་བ་པོའི་མིང་ཡང་མི་འདུག གང་ཡིན་གང་མིན་ཧ་གོ་དཀའ་ཙམ་མི་འདུག་གམ།
རང་ལུས་མེར་སྲེག་ཐད་ཁ་བརྡ་ཞུས་པ། ༼ ༢ ༽
ཤར་ཕྱོགས་ཁུག་རྟ།
༡ ད་རང་སྲེག་གི་གྲངས་ཚད་ཉིན་རེར་འཕར་གྱི་འདུག ང་ཚོས་ག་རེ་བྱེད་དགོས་པ་རེད་དམ།
ལན། གྲངས་ཀའི་ངོ་བོར་འགྲོ་བཞིན་པའི་ཉེན་འཚབ་རང་བཞིན་དང་པོ་དམངས་ཁྲོད་ནས་གླེང་ཞིང། ་་་་་་་་་་་་་་་་་་་་་་་
དྲང་མོ་བཤད་ན་བོད་མི་ཉུང་ཤོས་མིའི་གཤིས་ཀ་མེད་ནི་རེད་། སྤུན་ཟླའི་ཚེ་སྲོག་ལ་དོ་སྣང་སྤུ་ཙམ་ཡང་མེད་གི་། ཤར་ཕྱོགས་ཁུག་རྟ་རྩོམ་པའི་གནས་ཚུལ་ཁ་བརྡ་བྱེད་ན་ངོ་མ་ཧྲ་གི་། ཁོང་ནི་བོད་རིགས་ཀྱི་དཔའ་བོ་ངེས་ཡིན་།
ང་ཤར་ཕྱོགས་པ་ལ་དྲི་བ་ཁ་ཤས་ཤིག་ཡོད།
༡ རང་སྲེག་ཐད་ཅི་ཞིག་གསུང་རྒྱུའི་ཐོབ་ཐང་མེད་ཟེར་བ་དེ་བདེན་པ་རེད་དམ། དེའི་དམིགས་ཡུལ་ག་རེ་རེད་དམ།
༢ རྒྱའི་རྒྱབ་སྐྱོར་སྙན་ཞུའི་ནང་རང་སྲེག་ནི་”མི་ཆོས་རིང་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་”གསུངས་པ་དེའི་ནང་དོན་ཅི་ཞིག་རེད་དམ།
3 ད་བར་བོད་ཀྱི་འཐབ་རྩོད་བྱ་ཕྱོགས་ལ་མི་ཆོས་རིང་ལུགས་དང་འབྲེལ་བའི་ལྟ་སྟངས་ཡག་དག་ཅིག་ཡོད་པ་རེད་དམ་མེད་པ་རེད།
ད་སྐད་རྒྱབ་ནས་མ་བསྡད་པར་ཁྱུག་རྟ་རང་ཡང་དེ་འདྲའི་ལམ་ལ་བསྡོམས་རྩིས་རྒྱོབ།
འདི་སུ་དང་སུའི་ཁ་བརྡ་རེད།
ཤར་ཕྱོགས་ཁུག་རྟ་དང་ཤར་ཁུག་གཉིས་ཀྱི་ཁ་བརྡ་རེད་དམ།
ཡང་ན་ཤར་ཁུག་གི་ཆིག་ལབ་རེད
རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་གླེང་བར་ཐོག་མར་རང་ཉིད་ཀྱི་སེམས་ཚོར་དེ་ངོས་འཛིན་ཐུབ་རྒྱུ་གལ་ཆེན་རེད། ཉིན་རེ་བཞིན་་་བལྟ་མི་བཟོད་པའི་མེ་བསྲེགས་ཀྱི་གཟུགས་ཕུང་རེ་རེ་ཡུལ་གྱར་བོད་མི་ཚོའི་མིག་མདུན་ལ་བཤམས་ཡོང་དུས། སྙེ་རྗེ་བསམ་པའི་ཀུན་སློང་དེས་མ་ཎི་གསོ་སྒྲུབ་ཀྱི་ཆོས་ལུགས་བྱེད་སྒོ་རྒྱ་ཆེན་པོ་རེ་སྤེལ་དགོས་བ་རེད་བསམ་ཀྱིན་འདུག་གམ། ཡང་ན་འདས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་དགོས་འདུན་ཐད། ཁ་བཤད་གཉིས་མེད་ཀྱི་འཐབ་རྩོད་ཅིག་བྱེད་དགོས་བ་རེད་དྲན་གྱི་འདུག་གམ། ཕྲན་གྱི་བསམ་སྣང་ལ་་་ གདུང་སེམས་མཉམ་བསྐྱེད་ཅེས་བ་ནི་འདས་པོ་དཔའ་བོ་དཔའ་མོ་རྣམས་ཀྱི་དགོས་འདུན་ཁོ་ནའི་ཆེད་དུ་འབད་པ་ལྷུར་ལེན་བྱེད་དགོས་བ་ཞིག་རེད་སྙམ། དེ་ན་ཆོས་ལུགས་བྱེད་སྒོ་འདི་ལྟ་ཚུལ་ཡན་གར་བ་ཞིག་དང་གོ་རིམ་གཉིས་བ་ཞིག་རེད་མ་གཏོགས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཐབས་གོ་རིམ་དང་པོ་དེ་མ་རེད།
རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནས་བབ་ངོ་སྤྲོད་པའམ་རྒྱ་ནག་གི་བྱ་སྤྱོད་སུན་འབྱིན་བྱེད་ཐབས་གང་ལ་ཧུར་ཐག་བྱས་རུང་། འཛམ་གླིང་མི་མང་གིས་བོད་ཀྱི་བདེ་སྡུག་མ་རྟོགས་པའམ་པེ་ཅིན་སྲིད་གཞུང་གི་མཁྲེགས་འཛིན་སྲིད་ཇུས་མ་ཐོས་བའི་སྐད་ཆ་མ་རེད། དེ་ན་ང་ཚོས་རྒྱལ་སྤྱིའི་རམ་འདེམས་དེ་བོད་སྤྱི་བའི་རྩ་དོན་བསྒྲུབ་བྱེད་ཀྱི་མཐུན་རྐྱེན་ཞིག་དང་། བོད་སྤྱི་བའི་བདེན་མཐའ་བོད་མི་རང་ཉིད་ནས་སེལ་དགོས་བའི་ངོས་འཛིན་ཡང་དག་པ་ཞིག་ཐོབ་དགོས་བ་རེད། འདི་ལྟར་བསམ་ཡོང་དུས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་ནུས་སྟོབས་ཆེར་འབྱུང་ཐུབ་ཀྱིན་མེད་པའི་གནད་འགག་དེ། ཡུལ་གྱར་གཞུང་འབངས་ཚོས་གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་བྱ་བྱེད་འདི་རིགས་གྱིས་གཞེས་ལུས་མི་མང་གི་བློས་གཏོང་ལ་ལག་གདེངས་སྦྲེལ་ཐུབ་ཀྱིན་མེད་པ་གསལ་བོ་རེད།
དེར་བརྟེན་ཡུལ་གྱར་བོད་གཞུང་འབངས་ཚོས་ཐབས་ལམ་གསར་བ་ཅི་ཞིག་ལ་བརྟེན་ནས་གཞེས་ལུས་མི་མང་ལ་ལག་གདེངས་སྦྲེལ་རྒྱུ་ཡིན་ནམ། ཐབས་ཤེས་གསར་བ་གང་ཡོད་བ་རེད། ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བར་ཐབས་ལམ་ཅི་ཞིག་ཡོད་བ་རེད། ཕྲན་གྱི་བསམ་སྣང་ལ་བདེན་པའི་ཨུ་ཚུགས་མ་གཏོགས་གང་ཡང་ཡོད་བ་མ་རེད།
གསལ་བོ་རང་ཀློག་ཁོམ་མ་བྱུང། བཀའ་ཤག་གིས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་གྱི་ཡོད་པའང་ཧ་གོ་མེད། བྱས་ཙང། བསམ་ཚུལ་ག་ལེར་འབྲི་ཡི་ཡིན།།
ངོ་ལུག་ལགས་ནས་བསམ་ཚུལ་གནད་ལ་ཁེལ་བ་ཞིག་བཤད་འདུག དེ་དེ་བཞིན་ནོ་ཟེར་རྒྱུ་ཡིན།
ཁུག་རྟའི་ནམ་ཞིག་ཡིན་ན་ཟམ་གདོང་ལ་བསྟོད་ཁུལ་དང་སྲིང་སྐྱོང་ལ་སྨད་ཚིག་འདྲ་ལས་གཞན་་་་་་་
“བསྟོད་རན་མེད་སར་བསྟོད་པ།། ༧གོང་ས་མཆོག་གིས་བསྟད་སོང།། འདོགས་རན་མེད་སར་བཏགས་པ།། ཟམ་གདོང་བླ་མས་བཏགས་སོང།། “ཞེས་སྤྱི་འཐུས་གྲོས་ཚོགས་ནང་སྲིད་སྐྱོང་གི་དྲུང་ཡིག་སྤྱི་འཐུས་འཇམ་དབྱངས་བཟོད་པས་གྱེར་འདོན་གནང་བ་རེད། འདིའི་དོན་དག་ག་་རེ་ཡིན་ནམ།
འཇམ་གཅེས་ཟེར་བའི་དཔའ་རྒོད་དེས་ཞལ་ཆེམ། ང་ཚོ་ལ་གཞན་དྲིང་མི་འཇོག་པའི་ལམ་སྟོན་གནང་མཁན་བློ་མཐུན་ཅང་ཙེ་མིན་དང་། ཧུ་ཅིན་ཐའོ་སོགས་ཡོད་ལ་དེ་བཞིན་དབུ་ཁྲིད་མཁན་ཞི་ཅིང་ཕིང་སོགས་ཡོད། དེ་བཞིན་སྙིང་སྟོབས་དང་། དམར་གཞུང་ལ་ལྷག་བསམ། དམར་པོའི་ལྟ་གྲུབ། དར་དམར་ལ་ལ་རྒྱ་ཅན་གྱི་སྐམ་མཚོ་གནམ་གསུམ་གྱི་དཔའ་བོ་དཔའ་མོ་ཡང་ཡོད། ང་ཚོས་དུས་ནམ་ཡང་ཁོང་ཚོ་ལ་ཁ་མིག་ཡར་བལྟ་དགོས་པ་ལས། བོད་རང་བཙན་ལྟ་གྲུབ་དང་། བོད་སྤྱི་བའི་ཐོག་སེམས་འཁུར་བྱེད་མཁན་དག་ལ་ནམ་ཡང་མི་བལྟ། ང་ཚོ་ནི་འགན་ཁུར་མེད་པའི་འུར་ཤོད་མཁན་རྒྱ་ནག་དམར་པོའི་གཞུང་གི་ལམ་སྟོན་ལ་ནམ་ཡང་འདའ་མི་རུང་། ང་ཚོ་ནི་དུག་སྦྲུལ་དང་འདྲ་བས་ལྕེ་གཉིང་པ་དང་ཌ་རུ་དང་འདྲ་བས་མགོ་གཉིས་མ་དག་གི་རྗེས་སུ་འགྲོ་རྒྱུ་ནི་དཔལ་འབྱོར་འཕེལ་སྐྱེད་ཀྱི་རྩ་བ་ཡིན། ང་ཚོ་ལ་ནི་ཁོང་ཚོ་ལས་བོད་རང་བཙན་རྩོད་མཁན་ཁྱོད་ཚོ་ནམ་ཡང་མི་དགོས། ཁྱོད་ཚོས་ཤེས་དགོས་པ་ཞིག་ནི། ང་ཚོ་དམར་པོའི་གཞུང་ལ་ཡོད་པའི་སྟོབས་ཤུགས་དང་ནུས་པ་ཤེས་དགོས། དེ་བཞིན་བྱས་པ་ཅན་གྱི་རྒན་པོ་མ་འོ་རྩེ་ཏུང་དང་། ཧུར་བརྩོན་ཅན་གྱི་གཞོན་སྐྱེས་ཞི་ཆིང་ཕིང་སོགས་ཡོད། ང་ཚོལ་མི་དགོས་པ་ནི་བོད་དོན་ལས་ཀ་བྱེད་མཁན་ཁྱོད་ཚོ་ཡིན། ཞེས་གསུང་རང་ལུས་མེ་རུ་སྒྲོན་གནང་མཛད་འདུག
འོ་རེད་ད་དུང་ཁ་སྣོན་མང་པོ་ཡོད། ང་ཚོས་དམིག་ཡུལ་ནི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ལྷན་དུ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁྱེར་ཐོག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་བདེ་སྐྱིད་ཀྱི་ཚོར་བ་མཉམ་དུ་རོལ་ཏེ་འདུག་དགོས་པ་ལས། མི་རིགས་ཁ་བྲལ་དང་རྒྱལ་ཁབ་གྱི་བརྟན་བརླིང་ལ་བར་ཆད་ནམ་ཡང་བཟོ་མི་རུང་། ང་ཚོས་ལོ་རྒྱུས་ལ་ཕྱི་མིག་རེ་གཟིགས་དང་། ཀྲུང་གོ་དང་ང་ཚོའི་བར་ལོ་རྒྱུས་རང་བཞིན་ལྡན་པའི་མཛའ་འབྲེལ་གྱི་གསེར་ཡིག་མཇལ་ཐུབ་ལ། དེ་བཞིན་དེང་གིས་དུས་འདིར་སྲིད་འབྱོར་རིགས་གསུམ་གང་གི་ཕྱོགས་ནས་བསམ་ན་ཡང་བོད་རྒྱ་གཉིས་པོ་ནི་ནམ་ཡང་འབྲལ་མི་རུང་བས་འཛམ་གླིང་འདིར་དགོས་མཁོ་ཤིན་ཏུ་ཆེ། རྒྱུ་མཚན་དེའི་ཕྱིར་ང་ཚོས་འདྲེན་མཆོག་བླ་ན་མ་འཆིས་པ་འཕགས་མཆོག་མིག་མི་འཛིན་པ་མཆོག་གིས་ཀྱང་གཉིས་སྨན་དབུ་མའི་ལམ་གྱིས་ལྟ་གྲུབ་འཛིན་དགོས་པའི་རྒྱ་མཚན་ཡང་དེ་ཁོ་ན་ཉིད་དུ་ངེས། འོན་ཀྱང་ང་ཚོ་ལ་དགོས་པ་ནི། གོང་གསལ་མཉམ་གནས་དེའི་ནང་ནས་མི་རིགས་རང་གི་ཐུན་མིན་ཆད་ཆོས་དང་། རིག་གནས། ཐོབ་ཐང་།རང་དབང་སོགས་ཡིན་པར་ཤེས་དགོས། ཆབས་སྲིད་ལ་དགའ་ཤིང་ཆབ་སྲིད་མི་ཤེས་མཁན་གྱི་བོང་རྒན་མངའ་རིས་ཕྲིན་ལས་ཕྱོགས་གཏོགས་དང་བཅས་པ་ཉོན་ཤིག །དུས་ཚོད་འདི་ལྟ་བུའི་སྐབས་སུ་སེམས་ནས་གང་དྲན་ཁ་ནས་བཤད་པ་འདི་བོང་རྒན་ཁྱོད་ཚོས་གང་ཡང་མི་ཤེས་ཅི་ཡང་འཇོན་པའི་རང་རྟགས་ལས། གཞིས་བྱེས་བོད་མིའི་ནང་དུ་ཁྱོད་ཚོ་ལས་དཔག་ཚད་འབུམ་ཕྲག་དུ་མའི་མདུན་བསྐྱོད་འམ་སྔོན་ཐོན་ཅན་གྱི་སྐྱེས་བུ་བགྲང་ལས་འདས། འོ་ན་ཅིའི་ཕྱིར་ཁོང་ཚོས་མི་སྨ་བས་ངང་ཚུལ་འཛིན་པ་ཡིན་ནམ། ཁྱོད་ཚོས་འགྲེལ་བཤད་ཞིག་རྒྱོབ་དང་། འོ་ན་ཁྱོད་ཚོ་ནང་བཞིན་ཁོང་ཚོ་ལ་བློ་ཁོག་མེད་པ་ཡིན་ནམ། ཁྱོད་ཚོ་ནང་བཞིན་སེམས་ཤུགས་མེད་པ་ཡིན་ནམ། ཁྱོད་ཚོ་ནང་བཞིན་སྡུག་བསྔལ་མེད་པ་ཡིན་ནམ། ཁྱོད་ཚོས་མ་གཏོགས་ཁོང་ཚོས་བོད་མིའི་དཀའ་སྡུག་མ་གཟིགས་པ་ཡིན་ནམ། ཁྱོད་ཚོ་མ་གཏོགས་ཁོང་ཚོ་ལ་འགན་མེད་པ་ཡིན་ནམ། ཁྱོད་ཚོས་མ་གཏོགས་ཁོང་ཚོས་འགན་ཁུར་མ་འདོད་པ་ཡིན་ནམ། རྒྱུ་མཚན་འདི་དག་ལ་ཞིབ་དཔྱོད་ཐོག་ཁྱོད་ཚོས་འགན་ཁུར་ཡོད་པའི་བཀའ་མོ་རེ་གནང་དང་ཁྱོད་ཚོ་བུ་ཡིན། གལ་སྲིད་དེ་ལྟར་དཔྱོད་བྱེད་ཀྱིས་བློ་མིག་དང་མི་ལྡན་ན་སྨ་བ་ཉུང་ཙམ་བྱོས་དང་སུ་གང་གིས་བཙན་བཤད་ཐོག་ཤོད་ཤོག་ཟེར་གྱི་མ་རེད། ཤེས་སོང་ངམ་དྲ་བའི་འབུ་སྲིན་ཚོ། ད་དུང་ཞིབ་ཙམ་ཤེས་འདོད་ན་༧གོང་ས་ཡིད་བཞིན་ནོར་བུའི་མེ་བསྲེག་དང་འབྲེལ་བས་བཀའ་སློབ་སྔ་ཕྱི་དག་ལ་མིག་ཟུང་ཆེ་ཙམ་བགྲད་ནས་གཟིགས་དང་གསལ་པོ་ཤེས་ལས་ཆེ། དེ་ནས་ཀྱང་མ་ཤེས་ན་མི་ཚེར་ཆོལ་ངེ་འདོན་ནས་འདུག་ཤིག །
ད་དུང་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་དག་གིས་ཞལ་ཆེན་ལ་ཡང་མི་ངན་རེ་ཟུང་གིས་སོ་སོས་འདོད་ཕྱོགས་སུ་ལོག་འགྲེལ་བཟོས་ཚེ་ལོ་རྒྱུས་ཀྱིས་ནག་ཐིག་བསུབ་ཏུ་མེད་པ་ཞིག་ཁྱོད་ཚོས་མགོ་ཐོག་ཏུ་འབབས་ངེས་ཡིན་པ་ཡང་ཁྱོད་ཚོས་ཤེས་དགོས། ཉེན་བརྡ་འདི་དྲ་བའི་འབུ་སྲིན་ཡོངས་རྫོགས་ཀྱིས་དག་སྣང་བྱོས་ཨ་་་་་་་་་་་་
ཤེས་འཇོན་ལྡན་པའི་ཤར་ཕྱོགས་ལགས། སེམས་འཁྲལ་མ་གནང་། མུ་ཐུད་ནས་ནང་དཀྲིགས་་གནང་རོགས།།
ཟམ་གདོང་བླ་མ་ཟེར་བ་ལས་ཟམ་གདོང་རིན་བོ་ཆེ་ཞེས་བྲིས་ན་བརྩི་བཀུར་ཆེ་བར་འདོད་དོ།
དྲི་བ་རང་གིས་དྲིས་ལན་རང་གིས་བཏབས། ཤར་ཁུག་གིས་དམིགས་བསལ་ཁྱད་ཆོས་ལྡན་པའི་བགྲོ་གླེང་ཞིག་རེད།
འོ་ན་དྲི་བ་བདུན་པའི་ལན་ནང་གསལ་ལྟར་ན། རང་སྐྱོང་གི་(བསམ་འཆར་)ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་གཞིར་བཟུངས་ཞི་རྒོལ་སྡེབས་ལངས་བྱེད་དགོས་པ་བོད་ནང་དུ་འབོད་བསྐུལ་བྱ་རོགས་ཟེར་ན་དགོད་སྤྱད་ཅིག་མ་རེད་པས། ད་བར་གཞུང་དམངས་གཉིས་ཀས་དེའི་ཐད་ཨུ་ཚུགས་བརྒྱབས་ནས་དོན་འབྲས་ཅི་ཡང་མ་སྨིན་པར་མགོ་ན་ནས་བསྡད་ཡོད་པ་རེད། འོ་ན་ག་རེ་བྱས་པ་རེད་ཟེར་ན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་གསལ་རྒྱུའི་འདུན་པ་ནམ་ཡང་མེད་པ་རེད་ལ། ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་འདིར་འཐུག་ཡོད་པ་རེད། དེས་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དཀྱིལ་འཁོར་ནང་གི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ལ་རང་སྐྱོང་འཐོབ་ཐང་ཟེར་བ་དེ། ངོ་བོ་ཉིད་ཀྱི་སྟོང་བའི་གྲངས་ཉུང་མི་རིགས་ཁག་གི་མི་རིགས་དཀའ་རྙོག་མེད་པ་བཟོ་རྒྱུའི་ཆེད་དུ་རྣམ་འགྱུར་ཙམ་བསྟན་པའི་མགོ་བསྐོར་གཏོང་ཆེད་ཞིག་ཡིན་པ་རེད། རྒྱུ་མཚན་ཀྲུང་གོས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ནང་གསལ་གསལ་ཐིང་ཐིང་བཤད་འདུག་ལ་པེ་ཅིང་དང་རྡ་ས་བར་གྱི་ཕར་ཕྱིན་ཚུར་ལོག་གི་བརྒྱུད་རིམ་ནང་ནས་ཀྱང་གསལ་པོ་འགྲེལ་བརྗོད་བྱས་ཟིན་པ་རེད། འོན་ཀྱང་བཀའ་ཤག་རྙིང་པས་ཞིམ་པོ་མ་བྱུང་བའི་འཐུག་ལྷག་དེ་བཀའ་ཤག་གསར་པར་ཡིན་ཅིག་འཐུངས་དགོས་པར་བཤད་པ་རེད། བྱས་ཙང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་མགོ་གཏད་ཞུས་པ་འདིས་ཕྱི་ཕྱོགས་ནས་ཐེ་ཇུས་འགྲོ་ས་མེད་པ་རེད་ལ་ནང་ཁུངས་ཀྱི་གནད་དོན་ཞིག་ལ་རྩིས་པ་མ་གཏོག་གལ་ཆེ་དོན་ཆེར་བརྩིས་ནས་རྣོ་ངར་ལྡན་པའི་འཐབ་རྩོད་ཞིག་ལ་བརྩིས་མཁན་ཡང་མེད་པ་རེད། གལ་ཏེ་ཕྱི་ཕྱོགས་ནས་ཐེ་ཇུས་ཏོག་ཙམ་བྱས་ན་ནང་སྲིད་ལ་ཐེ་ཇུས་བྱས་མི་ཆོག་པའི་ཁ་བརྡུང་དྲག་པོ་གཏོང་གི་ཡོད་པ་རེད། ད་དུང་ཨུ་ཚུགས་གཅིག་རྒྱགས་དགོས་པ་ཨེ་རེད། ཨུ་ཚུགས་བརྒྱབ་ན་ཨ་མས་ཉན་བྱས་པ་རེད་འོན་ཀྱང་ཏང་ཀྲུང་དབྱང་སྲིད་གཞུང་ཨུ་ཚུགས་བརྒྱབ་ནས་ཉན་མཁན་ཞིག་མ་རེད།
དེས་ན་ཞི་རྒོལ་སྡེབས་ལངས་རྒྱགས་དགོས་ན་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་སྒང་ནས་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་སྒོ་ནས་མགོ་ལུས་མེད་པར་སྡེབས་ལངས་རྒྱགས་དགོས་པ་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་གྱི་ཁྱབ་ཁོངས་ནང་ལ་ཡོད་པ་རེད་ལ་གཡས་ཕྱོགས་གཡོན་ཕྱོགས་སུ་གཅིག་ལ་ཡང་ཡ་ལ་དཀྲི་ས་མེད་པ་རེད།
བོད་ཀྱི་གནད་དོན་གསལ་རྒྱུའི་ཞེས་པར། བསེལ་རྒྱུའི་ཞེས་བཅོས་རོགས།
དྲ་གྲོགས་མངའ་འཕྲིན་ལགས། ཁྱོད་སྐྱག་པར་ལག་པ་འཆངས་ནས་ག་རེ་གནང་ག། སྐྱག་པར་ལག་པ་འཆངས་ན་དྲི་ངན་ཁ་གི་མི་འདུག་གས། ཧ་ཧ་ཧ་ཧ། ཕུའུ་ཡེ་ཕུའུ་ཡེ་ཕུའུ་ཡེ།
ཁུག་རྟའི་ནམ་ཞིག་ཡིན་ན་ཟམ་གདོང་ལ་བསྟོད་ཁུལ་དང་སྲིང་སྐྱོང་ལ་སྨད་ཚིག་འདྲ་ལས་གཞན་་་་་་་ ཟེར།
རྒྱུ་མཚན་དེའི་ཕྱིར་ང་ཚོས་འདྲེན་མཆོག་བླ་ན་མ་འཆིས་པ་འཕགས་མཆོག་མིག་མི་འཛིན་པ་མཆོག་གིས་ཀྱང་གཉིས་སྨན་དབུ་མའི་ལམ་གྱིས་ལྟ་གྲུབ་འཛིན་དགོས་པའི་རྒྱ་མཚན་ཡང་དེ་ཁོ་ན་ཉིད་དུ་ངེས། གཟིགས་དང་གོང་གསལ་འཇམ་གཅེས་ཟེར་བའི་དྲ་འབུ་དེས་ཅི་འདྲ་ཟེར། འཕགས་མཆོག་མིག་མི་འཛིན་པ་ཟེར་དུས་སུ་ལ་བསྟོད་པ་རེད་དམ། བསྟོད་མི་ཤེས་པས་བསྟོད་པ་བས། སྨད་མི་ཤེས་པས་སྨད་པ་དགའ་ཟེར་བ་འདི་རེད། སྙིང་རྗེ་བོང་རྒན་རང་རེད་རྒྱུག་པ་མེད་ན་བོང་བུ་ག་བ་འགྲོ མགོ་རིས་མི་བུ་བོང་ཤེས་ཅན་གཅིག་ཡིན་པ་ཤེས་སོང་།
འཕགས་མཆོག་མིག་མི་འཛིན་པ་ཟེར་དུས་སུ་ལ་བསྟོད་པ་རེད་ཟེར། ཁྱོད་སྙིང་ན་གྱི་འདུག་ན་རང་ཤི་རྒྱོབས་ཤིག །ངས་ནི་དུས་ཡང་དེ་བཞིན་བསྐུར་ངེས་ཡིན། །རྒྱ་ནག་དམར་གཞུང་གིས་འཁྲེག་འཛིན་ཅན་ཚོ་དང་ཁྱོད་ཀྱིས་རྣ་བར་མ་སོང་ཡང་ང་མི་འགྱོད། སྙིང་རྗེ་ལོག་སྤྱོད་པ་གསེར་འབྲུག་ཅན་ཁྱོད་ཁ་ཁར་འདུག་ཤིག །
འཇམ་གཅེས་འདི་དངོས་གནས་ལངས་ཕྱོགས་གསལ་བོ། བློ་ཐག་ཆོད་པོ། མགོ་གཉིས་མ་མིན་མཁན་མི་མ་འདྲ་ཞིག་འདུག མཆན་བུ་འདེབས་མཁན་ཚོས་ཁོའི་དོ་ཟླ་མི་ཡོང་བ་ནི་ཐག་ཆོད། རྒྱུ་མཚན་ཤེས་པའི་བུ་ཞིག་རེད། ཚོར་བས་བསླུ་བྲིད་མ་ཐེབས་པའི་བུ་ཞིག་རེད། ཤུགས་རྒྱོབ།
གསེར་འབྲུག་སྡེ་ལྔ་འདིའི་སྐད་ཆ་བཤད་སྟངས་ལ་ཅིག་བལྟས་དང། དངོས་གནས་ཐའེ་ཝན་ཨ་རིའི་དངུལ་དངོས་འོག་ཕྱིན་པའི་ཁ་གཏད་ཚོགས་པའི་ཚོགས་མི་ཞིག་དང་འདྲ་བོ་མི་འདུག རྒྱུ་མཚན་སྤུ་ཙམ་མེད་པར་ཅིག་བཤད་འདུག་རྒྱུར་ངོ་ཚ་གི་ཡོད་ས་མ་རེད། ཧཧཧཧཧཧཧ
ཁུག་ཟེར་བ་དེས་ནམ་ཡང་ཅི་ཡང་མི་གྱོང་པར་གཉིད་ཁོ་ན་རྒྱག་གྱིན་འདུག
ཁོས༼རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག༽དེ་ཁྱོད་བོད་ནང་ལ་ཆེས་ཆ་རྒྱུས་མེད་པའི་ཁྱི་ལབ་ཅིག་སྟེ་གལ་ཏེ་ང་ཚོས་ཞི་རྒོལ་ལ་སྡེབས་ལངས་ཀྱི་གོ་སྐབས་ཡོད་རྒྱུ་ན་ཁྱོད་མ་སྐྱེས་གོང་ནས་བྱས་ཟིན་ལ་རྒྱ་ནག་ནང་ཁུལ་ནི་ཁྱོད་ཀྱི་ཁྱི་ཚང་དེ་ལྟ་བུ་མ་ཡིན་པས་ཞི་རྒོལ་སྡེབས་ལངས་ཀྱི་མཇུག་འབྲས་ནི་རང་བསྲེག་ལྡབས་འགྱུར་གྱིས་ཚབས་ཆེན་དང་གྱོང་གུད་བསམ་ཡུལ་ལས་འདས་བ་རག་གི་ཡིན་པ་ཉེ་ལམ་བྲག་མགོ་སོཊ་སུ་ཞི་རྒོལ་སྐབས་མེ་མདས་གང་བྱུང་རྒྱབ་སྟེ་མི་མང་པོར་ཤི་རྨས་ཚབས་ཆེན་བྱུང་བ་དེ་ཡིན་པས་ཁྱོད་ཀྱི་བསམ་ཚུལ་དེ་ནི་བོད་ཁུལ་ཡོངས་རྫོཊ་རང་བསྲེག་ལས་ཀྱང་སྐྱི་གཡའ་བ་དང་འདུག་མི་བཟོད་པ་ཞིག་བཟོ་འདོད་པ་དེ་རེད།
ཁྱོད་ལྟ་བུའི་ཁྱི་ལབ་དང་གཉིད་ལབ་རྒྱག་མཁན་ཕྱི་ནང་གཉི་ཀ་ན་མང་པོ་འདུག་ཀྱང་དེ་ཚོས་ལྟ་མོར་ལྟ་རྒྱུ་དང་དེར་སྐྱོན་བརྗོད་བྱེད་རྒྱུ་ལས་ཅི་ཅང་ནུས་གི་མ་རེད། དེ་འདྲའི་སེམས་ཤུཊ་ཤིག་དང་སྙིང་སྟོབས་ཤིག་ཡོད་ན་ད་ལྟ་མྱུར་དུ་བོད་ནང་ལ་ལོག་ཤོག་དང་རྒྱ་དམར་གྱིས་ཁྱོད་ཀྱི་སྡེབས་ལངས་ལ་སྒུག་འདུག
ཁུག་རྟབཟེར་བ་དེས་ནམ་ཡང་ཅི་ཡང་མི་གྱོང་པར་གཉིད་ལབ ཁོ་ན་རྒྱག་གྱིན་འདུག་སྟེ
ཁོས༼རང་སྲེག་མ་གཏོང་། ཞི་རྒོལ་སྡེབས་ཀྱིས་ལོངས་ཤོག༽དེ་ཁྱོད་བོད་ནང་ལ་ཆེས་ཆ་རྒྱུས་མེད་པའི་ཁྱི་ལབ་ཅིག་སྟེ་གལ་ཏེ་ང་ཚོས་ཞི་རྒོལ་ལ་སྡེབས་ལངས་ཀྱི་གོ་སྐབས་ཡོད་རྒྱུ་ན་ཁྱོད་མ་སྐྱེས་གོང་ནས་བྱས་ཟིན་ལ་རྒྱ་ནག་ནང་ཁུལ་ནི་ཁྱོད་ཀྱི་ཁྱི་ཚང་དེ་ལྟ་བུ་མ་ཡིན་པས་ཞི་རྒོལ་སྡེབས་ལངས་ཀྱི་མཇུག་འབྲས་ནི་རང་བསྲེག་ལྡབས་འགྱུར་གྱིས་ཚབས་ཆེན་དང་གྱོང་གུད་བསམ་ཡུལ་ལས་འདས་བ་རག་གི་ཡིན་པ་ཉེ་ལམ་བྲག་མགོ་སོཊ་སུ་ཞི་རྒོལ་སྐབས་མེ་མདས་གང་བྱུང་རྒྱབ་སྟེ་མི་མང་པོར་ཤི་རྨས་ཚབས་ཆེན་བྱུང་བ་དེ་ཡིན་པས་ཁྱོད་ཀྱི་བསམ་ཚུལ་དེ་ནི་བོད་ཁུལ་ཡོངས་རྫོཊ་རང་བསྲེག་ལས་ཀྱང་སྐྱི་གཡའ་བ་དང་འདུག་མི་བཟོད་པ་ཞིག་བཟོ་འདོད་པ་དེ་རེད།
ཁྱོད་ལྟ་བུའི་ཁྱི་ལབ་དང་གཉིད་ལབ་རྒྱག་མཁན་ཕྱི་ནང་གཉི་ཀ་ན་མང་པོ་འདུག་ཀྱང་དེ་ཚོས་ལྟ་མོར་ལྟ་རྒྱུ་དང་དེར་སྐྱོན་བརྗོད་བྱེད་རྒྱུ་ལས་ཅི་ཅང་ནུས་གི་མ་རེད། དེ་འདྲའི་སེམས་ཤུཊ་ཤིག་དང་སྙིང་སྟོབས་ཤིག་ཡོད་ན་ད་ལྟ་མྱུར་དུ་བོད་ནང་ལ་ལོག་ཤོག་དང་རྒྱ་དམར་གྱིས་ཁྱོད་ཀྱི་སྡེབས་ལངས་ལ་སྒུག་འདུག
ཁུག་རྟ་་་་་་བཅོས།
དྲ་གྲོགས་རྡོ་རྗེ་ལགས་ཀྱིས་ང་ལ་ཆེད་བསྟོད་ཡིན་དང་ཟུར་ཟ་གང་ཡིན་མི་ཤེས་མོད། གང་ལྟ་ཁྱེད་ཀྱིས་གསུངས་པ་བཞིན་ཆབ་སྲིད་ཀྱིས་གཡོ་ཁུག་འོག་ཏུ་མགོ་བོ་མི་སྒུར་ལ་ཚོར་བ་ཙམ་གྱིས་རྗེས་སུ་བསྙེད་ཏེ་རང་ལུགས་དང་རང་གཞུང་གིས་ལོངས་ཕྱོགས་ནམ་ཡང་འདོར་མི་འདོད་པ་ནི་ང་ཡི་རང་གཤིས་ངོ་མ་ཡིན། ཡང་འདི་ལྟར་པ་བཤད་མཐོང་དུས་དྲ་འབུ་ལོག་སྤྱོད་རི་ཁག་གིས་ཚོགས་མིའི་སྙིང་གས་ལ་ཉེར་ཏེ་ངུ་ཟུག་བཟོ་ངེས་རེད། ཡི་ཡང་ དྲ་བ་འདིར་ང་མི་སྒེར་ཞིག་གིས་ཁ་ཕོར་ཆེད་དུ་ཚིག་གཅིག་སྔར་བཤད་མེད་ལ་ཕྱིས་སུ་ཡང་བཤད་མི་འདོད། །
རྡོར་རྗེ་ཁྱོད་ཀྱི་ཁ་ལ་རྡོ་རྗེ་རྒྱ་གྲམ་ཞིག་རྒྱག་དགོས་འདུག་གས། འཇམ་གཅེས་ཟེར་བའི་ཏང་གི་དྲ་འབུ་འདིས་ག་དུས་ཡིན་ན་ཡང་དྲ་བའི་དཔྱད་གཞིའི་བགྲོ་གླེང་ཞིག་ཡོད་ན་ཁ་ོ་པས་གནད་དོན་ལ་མི་འཇུས་པར་འོལ་ཚོད་དང་ཧམ་བཤད་ཀྱིས་སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་ལ་གནོད་རབས་ལ་ཁ་གཡར་ཏེས་དོན་དངོས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྒོལ་བརྡུང་གཏོང་གི་ཡོད་པ་རེད་ལ། གཅིག་བསྡུས་རིང་ལུགས་རྒྱ་བསྐྱེད་གཏོང་རྒྱུའི་རེ་ངན་བཅངས་ཡོད་པ་རེད། དེས་ན་རྡོར་རྗེ་ཁྱོད་ཀྱང་ཁོ་པའི་ཤོག་ཁག་རེད་འདུག་ན་ངས་སྔ་ས་ས་ནས་ཏང་དར་དམར་པོ་མགོ་ལ་བཙུགས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་འགྲོ་རོགས་ཡིན་ཅིག་ཡུལ་བགྱར་བྱེད་དགོས་དོན་མེད་ཞེས་བཤད་ཡོད། གལ་ཏེ་ང་ཐེའེ་ཝན་དང་ཨ་རིའི་དངུལ་དངོས་འོག་ལ་ཕྱིན་ཡོད་ན་འགྲོ་སྟངས་འགྲིགས་པ་རེད། ཁྱོད་ཚོ་ནང་བཞིན་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གཡོ་ཇུས་དང་དངུལ་དངོས་འོག་མ་ཕྱིན་ན་ཡག་པོ་མ་རེད་པས། ཧ་ཧ་ཧ། གལ་ཏེ་ཐེའེ་ཝན་དང་ཨ་རིའི་དངུལ་དངོས་འོག་ཕྱིན་པ་ཞིག་ཡིན་ན་ཁ་གཏད་ཚོགས་པའི་ཁོངས་མི་ལ་ངོས་འཛིན་ཡོད་ན་ཆེ་ས་སྐུ་སྒེར་ནས་རྒྱ་བལ་ནང་གི་དགོན་སྡེ་ཕལ་ཆེ་བ་དེའི་ཁོངས་སུ་ཡོད་པ་རེད། བཙན་བྱོལ་བོད་གཞུང་ཡང་ཨ་རིའི་དངུལ་དངོས་ཀྱི་རོགས་སྐྱོར་འོག་ཡོད་པ་མ་རེད་པས། བྱས་ཙང་སྐད་ཆ་སོམས་ནས་བཤོད། རྩམ་པ་ལྡད་ནས་མིད་བྱས་པ་རེད་དོ།
སོང་ཙང། ཁྱེད་ཆོལ་གསུམ་ཆིག་གཏོར་ཕྱོགས་ཁག་ཡིན་པ་ད་བར་དྲ་བ་འདིའི་ངོས་ནས་ཀྱང་གསལ་བོ་ཆགས་ཟིན་པ་ཞིག་རེད། རྒྱ་ནག་དང་རྒྱལ་སྤྱི་མི་ཤེས་པའི་རང་ཤེད་ཚ་བོ་ལུང་པ་གང་ཁྱེར་ནས་བོད་དོན་སྒྲུབ་རྒྱུ་ནི་དེང་སང་ཡོང་ཐུབ་བྲལ་བ་འཇིག་རྟེན་ཀུན་གསལ་ཡིན་སྟབས། གསེར་འབྲུག་སྡེ་ལྔས་དང་པོར་སློབ་སྦྱོང་བྱོས། གཉིས་པ་རང་དང་སྤྱི་བ་བརྗེ་བོ་མི་རྒྱག་རྒྱུར་དམ་བཅའ་ཞོག གསུམ་པ་ཆིག་གཏོར་ཕྱོགས་ཁག་གི་བཀའ་གསུང་ཅི་བཞིན་མི་སྒྲུབ་རྒྱུར་ཁས་བླངས་ན། ཁྱེད་ཉིད་ཕྱིས་འབྱུང་མིའི་ལམ་ཁར་ཆས་ཐུབ་པའི་རེ་བ་འདུག་གོ་ཅེས་ཐལ་སོང།།།
ཧི་ཧི་ཧི་རང་ཤི་ཁྱོད་རང་རྒྱོབ། མིག་མི་ཟུམ་པ་ཟེར་ན་སྤྱན་རས་གཟིགས་ལ་གོ་བས་༧གོང་ས་མཆོག་ལ་དེ་ལྟར་ཞུ་བཞིན་མཆིས། ཁྱོད་ཀྱི་མིག་མི་འཛིན་པ་ཟེར་དུས་ཤི་ཚར་བ་དང་། མིག་མེད་པའི་ཞར་ར་ལ་གོ་བས་དེ་འདྲའི་འཕགས་མཆོག་དེ་སུ་ལ་ཟེར་བ་ཡིན་དེ་འགྲེལ་བཤད་རྒྱབ་ན་ཡག་ཡོང་། དེ་མིན་་་་་་་ཁྱོད་་་་་་་་་ཕོར་བ་གང་སྤྲད་དགོས།
ཧེ་ཧེ་ཧེ་་་་་་་སྙིང་རྗེ་་་་་དང་པོ་མངོན་བརྗོད་ཡག་པོ་སྦྱོངས་དང་མི་སྔོན་ནས་རང་མདོག་ངན་པ་དེ་བསྟན་མ་དགོས་ཙམ་ཞིག་ཡོང་གི་རེད་འབུ་ཕྲིན་ལས་ལ་ཟེར་གྱི་ཡོད། ལོག་སྤྱོད་པ་གསེར་འབྲུག་ཁྱོད་ཀྱིས་ང་ལ་འཁོན་པར་ཁག་མེད། ཁྱོད་ཀྱིས་ལོག་བཤད་དེ་དག་ག་དུས་ཡིན་ཡང་ངས་ལོག་ལམ་དུ་འགྲོ་མ་བཅུག་པ་དེར་སྙིང་ན་གི་ཡོད་པ་རེད། ཡིན་ཡང་ངས་དུས་ནམ་ཡང་དགོངས་སེལ་མེད་ཁར་ད་དུང་ཁ་ནང་ཐལ་བ་ཐོག་ཞེས་སེམས་གཏིང་ནས་ཟེར་གྱི་ཡོད་་་་་་་་་་དེ་ཡིན་་་་་དེ་རིང་ནས་བཟུང་མི་ཁྱོད་ལ་གནས་ལུགས་མི་བཤད་ངོ་མ་ཡིན་་་་གང་ཡིན་ཞེ་ན་བོང་བུ་མཆོག་ནང་དུ་གསེར་བླུག་པར་ཕན་ཐོག་གང་ཡང་མི་འདུག་་་་་་་་་་ཡིན་ཡང་ལོག་བཤད་གང་དུ་འདུག་ན་ང་དེར་ཡོང་ངེས་ཡིན།
ཐལ་བ་ཐོབ་་་་་་་་་་་་་ཞེས་བཅོས་དགོས
ཧ་ཧ། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་མ་བརྡུངས་རྐུན་པོས་བརྡུང་། ཟེར་བ་དེ་འདི་འདྲ་ལ་ལོས་ཟེར། འོ་ན་ང་ཆོལ་གསུམ་ཆིག་གཏོར་ཕྱོགས་ཁག་ཡིན་ན་ཁྱོད་དང་འཇམ་གཅེས་ཤོག་ཁག་འདིའི་ཚོགས་གཙོ་ཚོགས་གཞོན་ཡིན་པ་སྔར་ནས་དྲ་ངོས་འདིར་གསལ་པོ་གསལ་རྐྱང་ཆགས་ཟིན་པ་མ་རེད་པས། མ་གཞི་རྟ་ཕོ་གྲལ་ལ་བཞག་ན་གོང་ཐང་མིས་བརྒྱབ་ཡོང་གི་རེད། བདག་པོས་གོང་ཐང་བརྒྱག་ཡོང་ན་ཡག་རྟགས་ཅིག་ཁྱོན་ནས་མ་རེད།
རྒྱ་ནག་དང་རྒྱལ་སྤྱིའི་གནས་བབས་ཤེས་དགོས་ན་གློག་ཀླད་དྲ་རྒྱའི་དུས་རབས་དང་གསར་འགྱུར་བརྙན་འཕྲིན་དུས་རབས་འདིར་གོ་ལ་ཧྲིལ་པོ་སྦར་མཐིལ་ནང་བླུགས་པ་ནང་བཞིན་མིག་ཡུག་ཙམ་གྱིས་ཤེས་ངེས་པ་རེད། བྱས་ཙང་རྒྱལ་སྤྱིའི་གནས་བབས་ནིི་དཔལ་འབྱོར་ཉམས་རྒུད་གྱི་དོང་ནང་ལྷུངས་ནས་དེ་ནས་འཐོན་ཐབས་ཀྱིས་མགོ་སྦོས་ནས་བསྡད་ཡོད་པ་རེད་ལ་གཞན་གྱི་དཀའ་ངལ་ལ་བལྟ་ལོང་བྱེད་ལོང་མེད་པ་བསྡད་ཡོད་པ་རེད། རྒྱ་ནག་གི་གནས་བབས་ནི་འགོ་འཁྲིད་མང་དག་ཅིག་འཕོ་འགྱུར་འགྲོ་དང་འགྲོ་བཞིན་པའི་ངང་ནས་ཏང་གི་སྲིད་ཇུས་ནི་མཱ་ཁེ་སི་དང་ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཧྥིང་གི་རིག་པའི་གཞུང་ལུགས། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་གྱི་དགོངས་དོན། ཧུའུ་ཅིན་ཐའོ་ཡིས་བརྟན་བརླིང་བསྲུང་སྐྱོབས་དང་དཔལ་འབྱོར་རྒྱ་བསྐྱེད་སོགས་ཀྱིས་ཁ་གཡང་ཆེན་པོ་བསྒྲོགས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་དང་ཏཱ་ལའི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་བརྡུང་བརྡེག་ཚ་ནན་གཏོང་དགོས་པའི་བཀའ་རྒྱ་དང་། འཆར་གཞི་དང་ལག་བསྟར་འགྲོ་དང་འགྲོ་བཞིན་པ་རེད་ལགས། ད་དུང་ཞི་ཅཱིང་ཧྥིང་གིས་ཁ་བསྣོན་ག་རེ་ཡོད་དམ།
བོད་ཀྱི་གནས་བབས་ནི་ཉིན་རེ་ནས་ཉིན་རེ་ཛ་དྲག་རང་བཞིན་དང་མྱུར་སྐྱོབས་མེད་པའི་དཀའ་ངལ་རང་བཞིན་གྱིས་གནས་བབས་འོག་གཞིས་ལུས་མི་དམངས་ནི་ཤས་རྭའི་ནང་གི་འབྲི་གཡག་དང་ར་ལུག་བཞིན་སང་གསོད་གནང་གསོད་ཀྱི་གནས་སྟངས་ཡ་ང་བའི་འོག། བོད་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་བློས་གཏོང་ཆེན་པོས་མེར་མཆོད་ཕུལ་དང་འབུལ་གྱིན་བལྟ་མི་བཟོད་པའི་གནས་སྟངས་ཡ་ང་བའི་ལམ་དུ་འཆས་དང་འཆས་བཞིན་པ་རེད།
བཙན་བྱོལ་གྱི་གནས་བབས་ནི་ཡོད་ཚད་གཞན་ལ་རེ་བའི་སློང་མོ་བརྒྱག་བཞིན་པའི་ལམ་ལུགས་འོག། རྒྱ་ནག་གི་གནས་བབས་དང་རྒྱལ་སྤྱིའི་གནས་བབས་ཟེར་ནས་འགུལ་བསྐྱོད་ཅི་ཡང་མེད་པར་ངང་སྒུག་བྱེད་བཞིན་པ་རེད། མ་གཞི་རྒྱ་ནག་གི་རྩ་ཁྲིམས་ལ་མགོ་གཏད་དེ་སློང་མོ་བརྒྱག་པ་དེ་བསྟེར་མཁན་དེས་བསྟེར་འདོད་ཡོད་མེད་དང་བྱམས་དང་སྙིང་རྗེ་ཡོད་མེད་ལ་རགས་ལུས་པ་ཞིག་ལས་སློང་མོ་བའི་རྣམ་འགྱུར་ལ་ཕལ་ཆེར་རགས་ལུས་མེད་པ་རེད། མ་གཞི་བཙན་བྱོལ་གྱི་གནས་བབས་མི་ཤེས་མཁན་ཅང་ཡོད་བཟོ་མེད།
གལ་ཏེ་ངས་སློབ་སྦྱོང་ཞིག་བྱེད་དགོས་ན། ཀླད་རྙིང་མཁྲེགས་འཛིན་དང་རྙིང་ཞེན་བག་ཁུམས་དང་བསམ་བློ་གུ་དོགས་པའི་ལྟ་བ་ཁེར་རྒྱུགས་པ་དེ་ཚོ་བསྒྱུར་བཅོས་ཞིག་གཏོང་ཐུབ་པའི་སློབ་སྦྱོང་ཞིག་བྱེད་ན་འདོད།
རྣ་བར་བླུགས་རྒྱུའི་གསེར་ཞིག་ཡོད་ན་ཁྱོོད་རང་གི་རྣ་བར་གཅིག་བླུགས་དང་དེ་ནས་ལྷག་མ་འདུག་ན་ང་ལ་སྤྲད་ན་འགྲིགས་འདུག། ངའི་ལྷམ་འཇུར་ཏ་དེར་གསེར་ཞིག་སྦྱར་འདོད་སྐྱེས་སོང་། ད་དུང་ངའི་ཁ་ནང་ལ་ཐལ་བ་བཏབས་མ་བཏབས་མེད་པ་རེད། ངའི་ཁ་ནང་ལ་ཞིམ་ཞིམ་ཟས་དང་མངར་མངར་སྦྲང་རྩི་བླུགས་བླུགས་ཡིན། ཧ་ཧ། གནད་ལུགས་རྒྱུ་མཚན་རྫོགས་པའི་ཟིན་པའི་སྐད་ཆ་དེ་སྐྱེས་དམན་མཐའ་མ་དང་རྩོད་པ་ནང་བཞིན་སྨོད་ངན་བོར་རྒྱུ་མ་གཏོགས་ལྷག་ཡོད་པ་མ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ།
མི་ལ་སེམས་དགོས། རྟ་ལ་བང་དགོས།
འགྲན་མེད་བྱད་བཞིན་ཚོགས་བསགས་ལས་ཀྱིས་གྲུབ།།
མཐོང་ན་མི་མཐུན་བྲལ་བ་རྒྱལ་སྲས་བཞིན།།
ཤེས་འཇོན་ལྷག་བསམ་གསུམ་གྱིས་དུད་པ་ཡི།།
ཤར་ཕྱོགས་པ་ཡི་མཁྱེན་པར་གུས་བས་འདུད།།
བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེ་བསྲེགས་ཕུལ་མཁན་ཚོའི་ཆེད་དུ་བསྔོ་སྨོན་ཙམ་མིན་པར་དོན་ངོ་མ་ཁོང་ཚོའི་ཐུགས་བཞེད་ཀྱི་རེ་བ་དེ་ང་ཚོ་ཤུལ་ལུས་བོད་མིས་ཚོས་བྱེད་དགོས།