གྲིབ་གཟུགས།
ཉི་འོད་ངོགས་ཀྱི་རྩྭ་ལོའི་སྟེང་
ཁྲོམ་ཁྲོམ་བཞད་པའི་ཟིལ་པ་དེ།།
གཅེས་ལང་ཤོར་བའི་བྱིས་པ་ཡིས།།
ཕ་མར་བཏོན་པའི་མིག་ཆུར་མཚུངས།།
ཉི་འོད་ཐོད་ལ་བསུས་ནས་ནི།།
སྨུག་སྤྲིན་ཕྲེད་ལ་གཤགས་ནས་ནི།།
ལྡེམ་ལྡེམ་གོམ་པའི་འགྲོས་ཁ་དེ།།
རྨི་ལམ་ཞིང་ལ་བསྒྱུར་བ་བཞིན།།
རྩྭ་ལོའི་སྟེང་གི་སྐྱ་ཐིག་དང་།།
ལོ་མའི་ངོས་ཀྱི་སེར་ཐིག་གིས།།
ལྐོག་གྱུར་དུས་ཀྱི་ན་ཆུང་གི།
ཟོལ་བཅོས་འཛུམ་ལ་ཅོ་འདྲི་བྱེད།།
བསེར་བུས་བཞར་བའི་སྟོན་ལོ་དག།
ལྡོམ་བུའི་རྟུལ་ཞུགས་བཟུང་བ་ན།།
གོམ་ཟུང་འོག་གི་ཅབ་སྒྲ་དེས།།
སེམས་ལ་སྐྱོ་བའི་རི་མོ་བྲིས།།
ཞོགས་པའི་ཉི་མ་དམར་པོ་འདི།།
དགའ་མ་སྐྱེངས་པའི་བཞིན་རས་བཞིན།
སྨུག་སྤྲིན་བརྟོལ་བའི་ཉི་འོད་དེ
དྲོད་ཁོལ་མེད་པའི་འཛུམ་དང་འདྲ།།
ཉིན་གུང་ཉི་མའི་ཚ་བའི་ཟེར།།
སྡོང་ལོ་རིད་པའི་སྟེང་དུ་བྱོ།།
ལྷོ་ཡི་རླུང་གི་བསིལ་བ་དེ།།
ལྡོམ་བུའི་དགའ་བའི་སྐྱེས་གཅིག་
དྲི་གཞོན་རྒྱུ་བ་ཅིས་མ་ལེགས།།
ནམ་མཁའ་དྭངས་པའང་ཅིས་མ་ལེགས།།
ཧྲལ་ཧྲུལ་སེར་ལོའི་གར་སྟབས་དེས།
ཕ་མའི་འདུར་རྒྱུག་དྲན་དུ་བཅུག།
ཉི་འོད་ནུབ་རིར་འབྱར་བ་ན།།
རྒྱ་ཕིབས་ངོས་ལ་ཁྲག་མདོག་འཚེར།།
སེར་མདོག་འབར་བའི་སྟོན་ལྗོངས་ནི
དྲན་གདུང་མོད་པའི་དུས་ཚིགས་ཤིག།
ལྗང་ལོའི་གསོན་མདོག་ཡལ་གྱུར་ཅི
མེ་ཏོག་དག་ནི་རྙིད་པ་ན།།
ནགས་ལྗོངས་ཉུལ་བའི་འདབས་ཆགས་ཁྱུ
ངལ་དུབ་གཤོག་རྩལ་ལང་མ་ལིང་།།
ཉི་མ་དམར་པོའི་ཁེར་བཞུད་དེ།།
ཟླ་བའི་སེམས་སུ་འཚོས་ཡོད་དམ།།
རྒྱང་རིང་ཕ་མའི་རེ་བའི་ཕྲིན།།
སེམས་ཀྱི་ཁོང་ནས་བོར་ཟིན་འདུག།
འདབས་ཆགས་འུར་གྱིས་འདྲོགས་པ་དང་
སེར་ལོ་ཤག་ཤག་འགུལ་བ་དང་།།
དུད་སྤྲིན་དལ་གྱིས་རྒྱུ་བ་རྣམས།
སྟོན་གྱི་དགོང་ཁའི་མཛེས་དཔལ་ཉི
དགའ་མའི་བཞིན་གྱི་དཔལ་འཕྲོག་པའི
སྟོན་གྱི་ཟླ་བ་སྙིང་རྗེ་བོ།།
སྐར་ཚོགས་དབུས་སུ་འཛུམ་པ་ན།།
རབ་དགའི་ཆུ་གཏེར་འཕེལ་བར་བྱེད།།
ནམ་གུང་ཟླ་བའི་བསིལ་འོད་དེ།།
སྒེའུ་ཁུང་ངོས་སུ་བྱོ་བ་ན།།
དགའ་མ་དྲན་པའི་ཚོར་བ་ཞིག།
སེམས་ཀྱི་ཟུར་ནས་འབུས་མགོ་བརྩ
རླུང་བུ་མེད་ཅིང་ཉི་འོད་མེད།།
གྲོགས་པོ་མེད་ཅིང་འདུ་འཛི་མེད།།
རྡུལ་འཚུབ་མེད་པའི་ནམ་གུང་འདི།།
ཚོར་འདུ་མོད་པའི་དབེན་གནས་ཞིག།
ས་འབུས་ཅིར་ཅིར་བསྒྲགས་པ་དེ།།
ཁུ་སིམ་མཚན་གྱི་རོལ་དབྱངས་ཉིད།།
རྒྱང་རིང་འཁྱམ་ཁྱིའི་ངུ་ཟུག་དེ
སྟོན་ལྗོངས་མཚན་གྱི་རོལ་དབྱངས་
ངའི་ཁང་ཆུང་འདི་ཡང་།
རླུང་བུ་མེད་ཅིང་ཉི་འོད་མེད། །
ཉལ་རོགས་མེད་ཅིང་འདུ་འཛི་མེད། །
རྡུལ་འཚུབ་མེད་པའི་ཁང་ཆུང་འདི། །
ཆགས་སྡང་མེད་པའི་དབེན་གནས་ཞིག །
བྱབ་ཆུང་གི་སྐྱག་ཚིག་བྲིས་ནས་ཅི་ཕན། ཁ་སྟོང་པ་བཤད་ནས་སྡོད་མཁན་ཁྱོད་ཚོ་ཡིན་ན། བོད་ནང་མི་ཤི་འགྲོ་ག་འདུག
བོད་གཞུང་སྒྲིག་འཛུགས་བཟོས་ནས་རྒྱ་གར་ནས་ལྟོ་གོས་རགས་ཀྱི་ཡོད་ན། ཏ་ལའི་བླ་མ་རྒྱ་སོག་ཀོར་ལ་ཆོས་བཤད་ནས་ཉི་མ་འཁྱོལ་གྱི་ཡོད་ན། ཨ་ཙེ།་བོད་པ་ཟེར་མཁན་དེ་སྙིང་རྗེ་རེད། དཀོན་མཆོག་གིས་མཁྱེན་ནོ།
དྲ་བདག་ཚོས་འདི་ངེས་པར་བསུ་རོགས་གནོངས་། ཐུགས་རྗེས་གཟིགས།
༢༽ བྱབ་ཆུང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ གི་ཆུ་ཚོད་ ༣ སྐར་མ་ ༠༡
བྱབ་ཆུང་གི་སྐྱག་ཚིག་བྲིས་ནས་ཅི་ཕན། ཁ་སྟོང་པ་བཤད་ནས་སྡོད་མཁན་ཁྱོད་ཚོ་ཡིན་ན། བོད་ནང་མི་ཤི་འགྲོ་ག་འདུག
བོད་གཞུང་སྒྲིག་འཛུགས་བཟོས་ནས་རྒྱ་གར་ནས་ལྟོ་གོས་རགས་ཀྱི་ཡོད་ན། ཏ་ལའི་བླ་མ་རྒྱ་སོག་ཀོར་ལ་ཆོས་བཤད་ནས་ཉི་མ་འཁྱོལ་གྱི་ཡོད་ན། ཨ་ཙེ།་བོད་པ་ཟེར་མཁན་དེ་སྙིང་རྗེ་རེད། དཀོན་མཆོག་གིས་མཁྱེན་ནོ།
དེ་རིང་ང་ལ་ཀླད་ལྡིབ་བྱུང་མེད་ན། བཀླགས་པའི་བྲིས་རྩོམ་མང་ཆེ་བ་གོ་ཡ་ཚོར་ཡ་མེད་པའི་བཀའ་འགྱུར་འདྲ་འདྲ། བསྟན་འགྱུར་འདྲ་འདྲ་རྐྱང་རྐྱང་རེད།
ཡག་པོ་འདུག་ངོ་མ་ཁ་ཐུག་ཁོ་རང་གོ་རྒྱུ་འདུག་ཐུགས་རྗེ་ཆེ།
བྱབ་ཆུང་ལགས།
བྱབ་ཆུབ་ཞ་ར་ལིང་ཏོག་ཅན། །
བྱབ་ཆུང་ངོ་མི་ཚ་བ་ཁྱོད། །
བྱབ་ཆུང་ཏྰ་ལར་ཕྱྭ་དམོད་པ། །
བྱབ་ཆུང་མིང་དོན་མཚུངས་པ་ལགས། །
བྱབ་ཆུང་ལགས་ཀྱིས་གསུངས་པ་བདེན་ངོ་མ་བོད་མི་མེར་སྲེག་གཏོང་བཞིན་པའི་སྒོང་འདིར་
སྐད་ཆ་འདྲ་མི་འདྲ་བཤད་དགའ་བོ་དང་བརྩེ་གདུང་དྲན་བསྡད་ན་ག་ནས་འགྲིག་ངོ་མ་བྱབ་
ཆུང་ལགས་བདེན་པ་ཆེན་པོ་འདུག
ཏ་ལ་ཏ་ལ་ཟེར་ན་ག་རེ་རེད་ཀརྡོ་ལགས། ཁྱོད་ཀྱིས་མཁྱེན་གྱི་ཡོད་དམ། རྒྱ་ལ་གཏམ་ཞིག་ཡོག་རེད། ཉིན་སྟོང་གསོས་པའ་དམག་མི་དེ།་བེད་སྤྱོད་ཉིན་མ་གཅིག་རང་རེད། ཟེར་བ་དེ་རེད། ཏ་ལའི་བླ་མ་ཟེར་བ་དེ་བོད་མི་དམངས་ཀྱི་རིང་ནས་གསགས་པའི་རྒྱུ་ནོར་ལྟ་བུ་རེད། དེས་ན་དེ་ནི་མི་སྒེར་པ་སུ་གཅིག་ལའང་བདག་གི་མེད་ལ། རང་རིགས་ཀྱི་ཆོས་སྲིད་ལ་སྨན་ན་དེ་ག་དུས་ཡིན་ནའང་བེད་སྤྱོད་བྱས་ཆོག་པ་ཞིག་རེད། མདོར་ན་བོད་མི་དམངས་འདི་བཞིན་ཇི་སྲིད་དུ་གནས་པ་ཏ་ལའི་བླ་མའང་དེ་སྲིད་དུ་བོད་མིའི་བསམ་བློའི་སྐྱབས་བཅོལ་ས་དང་རེ་འདོད་དག་མཚོན་པའི་བདག་ཉིད་ཅན་དུ་འགྱུར་བར་ཐེ་ཚོམ་ཅི། བྱས་ཙང་ང་ལྟ་བུས་ཏ་ལའི་བླ་མ་ཞེས་སྨྲ་བ་དང་ཡང་ན་བོད་གཞུང་ཞེས་ཟེར་སྐབས་། ཁྱེད་ནས་དེ་དག་མི་སྒེར་པ་ཞིག་དང་གཞུང་ལས་ཁང་ཞིག་ཏུ་གོ་བ་མ་ལེན་རོགས། མཁྱེན་སོང་ངམ། ཐུགས་རྗེ་ཆེ།
ང་ཡི་སློབ་གྲྭ་འདི་ན།
ཉི་འོད་མེད་ཅིང་བདེ་དྲོད་མེད།།
འཛིན་གྲྭ་མེད་ཅིང་རང་སྦྱོང་མེད།།
དགའ་མོ་མེད་ཅིང་མཛའ་མོ་མེད།།
ཅི་ཡང་མེད་ལ་གང་ཡང་མེད།།