བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་བཞུགས་སྒར་རྡ་རམ་ས་ལར་སྐོང་འཚོགས་གནང་བ་བཞིན། ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་ཁག་གི་དགོངས་དོན་ཕྱག་ལེན་མཇུག་སྐྱོང་གནང་ཕྱོགས་སྐོར་བཀའ་སྤྱི་ཐུན་མོང་གི་ཐག་གཅོད་གསལ་བསྒྲགས་བསྐྱངས་འདུག་པ་གཤམ་གྱི་སྦྲེལ་ཐག་ན་ཡོད།
གལ་ཆེའི་དྲ་ཐག
བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཉེར་བདུན་པ།
མི་བརྟན་པའི་བཅའ་ཁྲིམས་ལ་ལྷན་པ་མང་།
མི་དཔའ་བའི་མི་ངན་ལ་མིག་ཆུ་མང་།
རྒྱ་ནག་གི་བཅའ་ཁྲིམས་དེར་ལྷན་པ་བརྒྱབ་བརྒྱབ་ནས་ད་ལྟ་རྒྱལ་ཁབ་མ་རྩ་རིང་ལུགས་ཀྱི་བཅའ་ཁྲིམས་ཤིག་ཏུ་གྱུར་བ་དང་།འོ་སྐོལ་གྱི་བཅའ་ཁྲིམས་འདིར་དབུ་ལུགས་ཀྱི་ལྷན་པ་བརྒྱབ་དྲག་ནས་གནང་ཞུ་ཡི་གེ་ཞིག་དང་འདྲ།
ངས་ནམ་ཡང་འདི་འདྲ་བསམ་ནས་བསྡད་ཡོད་། བོད་མི་ཡོངས་དང་ལྷག་པར་བྱེས་འབྱོར་བོད་མིས་ཕྱོགས་ཡོངས་མཐོང་བའོ་སྒོ་ནས་རྒྱའི་སྲིད་གཞུང་དུས་རྒྱུན་དུ་སུན་པོ་བཟོ་འུ་ཐུབ་དང་རྒྱ་ནག་མི་མང་ལ་བོད་ནང་གི་བོད་མའི་གནས་སྟངས་སྐྱོ་བོ་དེ་ལ་རྟེན་བོད་མི་ཚོས་རང་ལུས་མེར་སྲོག་གི་ཡོད་པ་ངོ་སྤྲོད་གསལ་བོ་ཐུབ་དགོས་བ་མ་ཟད་གཙན་བྱོལ་སྲིད་གཞུང་གི་ལངས་ཕྱོགས་ཀྱང་གསལ་བཤད་བྱ་འུ་ཐུབ་ལྟ་དགོས་། གལ་སྲིད་ང་ཚོས་རྒྱའི་སྲིད་གཞུང་ཕྱོགས་ཡོངས་ནས་སུན་པོ་མ་བྱས་པར་མཐུན་ཐབས་བྱས་ན་མཐའ་མ་འུ་ཚོར་གང་ཡང་མི་ཐོབ་པ་ནི་ལོ་ངོ་དྲུག་ཅུ་མ་ཟིན་ཙམ་གྱི་ནང་གི་བྱུང་རིམ་ལ་ཕྱིར་ལྟོས་བྱས་ན་མཤེས་ཡོང་།
གོང་གི་འཆན་འདི་ནི་ངས་ཁ་བརྡ་ཚང་གི “རང་སྲེག་ཐད་ཅི་བྱ་ཅི་འགབ།”ཅེས་བའི་དགོངས་དོན་དང་མ་འགལ་བའི་སྒོ་ནས་ང་རང་གི་བསམ་ཚུལ་བྲིས་བ་ཡིན་མོད་ཀྱང་ཁ་བརྡས་བཀག་གི་འདུག་།