རྫོགས་ཆེན་དོན་གྲུབ་རྡོ་རྗེ།
འདས་པའི་ལོ་ཡི་འཁོར་ལོ་བང་མྱུར་
འདས་དོན་དགའ་སྡུག་རི་མོ་ཁོག་ན་
གནམ་ཆེན་རྒྱལ་མོའི་མཁའ་རྒྱན་མི་
ས་ཆེན་ཁ་བའི་ལྗོངས་ཀྱི་ཉི་ཟླ་ཡི
སྙན་པ་སྙན་པའི་རྗེས་སུ་མ་ཉུལ་
བདེན་པ་བདེན་པའི་བྱ་བས་ཡིད་དཔྱོ
ཤེས་པའི་ཤེས་པ་གཞན་དུ་མི་ལྷུང་
ལམ་ལ་ལམ་གྱི་སྟོན་པ་ཤེས་པར་དགོ
ཆོས་ལ་དད་འདུན་ཡོད་མིན་མི་ཡི་
རུས་ལ་ལྷག་བསམ་ཡོད་མིན་སེམས་ཀྱི
བླ་མ་བླ་མའི་མཛད་པ་ཙམ་མིན་པའི།།
ཉི་ཟླའི་འཁོར་ལོ་བཟུང་ནས་སུ་ཞི
དེ་ཡི་དགའ་བ་རིན་ཆེན་གསེར་བཟང་
དག་པའི་རང་བཞིན་གསེར་ལ་སླད་མེད་
ཕོ་བྲང་དཀར་དམར་མ་གཟིམས་ལམ་མེ་
ནང་ན་རྒྱལ་པཎ་ཉི་ཟླའི་ཟུང་ཁྲག་
དེ་ནི་སྒང་པ་བོད་ཀྱི་ཟུང་ཁྲག་ཡི
དེ་ནི་མི་རིགས་ཤིག་གི་དར་ཆ་ཡིན།
དེ་ནི་ལོ་རྒྱུས་ཤིག་གི་རྒྱབ་རྟེ
དེ་ནི་རུས་ལས་སྐྱེས་པའི་སྙིང་སྟ
སུ་ཡི་མིག་ཆུ་དམར་པོ་ཕྱག་གིས་ཕྱ
སུ་ཡི་ཚེ་སྲོག་སྐྱ་མོ་སེམས་པས་
སུ་ཡི་ནམ་མཁའི་སྐར་མ་ལག་གིས་བཟུ
སུ་ཡི་བདེན་རྫུན་རི་མོ་མིག་གིས་
དེ་ནི་དཔའ་ཆེན་ཕྱག་གི་རལ་གྲི་
དེ་ནི་ཆེན་པོ་བོད་ཀྱི་རྒོད་འཕྲུ
དེ་ནི་བྲེལ་བ་ཨ་མའི་ལག་རྟེན་དང་
དེ་ནི་རྡོ་རྗེ་བྲག་གི་རི་མོ་ཡི
སུ་ཡིས་ཞེ་འདང་ལྷག་མ་ས་ལ་གཡུག།
སུ་ཡིས་སྲོག་གི་རིན་ཐང་ཆུ་ལ་སྐྱ
སུ་ཡིས་ཁ་ཕོ་མ་ཤེས་རླུང་ལ་བསྐུ
སུ་ཡིས་ཞེ་འཁོན་མ་ཤེས་ནང་ལ་འཁོ
དེ་ནི་འདས་པོའི་མིག་གི་མཆི་མ་ཡི
དེ་ནི་ཕ་མའི་སེམས་ཀྱི་ན་ཟུག་ཡི
དེ་ནི་བྱུང་འདས་འཁོར་བའི་སྡུག་
དེ་ནི་རང་བྱས་རང་གི་སྐྱོ་གར་ཡི
དེ་ལ་སྙིང་སྡུག་དགའ་མའི་སྐྱོ་གླ
དེ་ལ་དྲིན་ཆེན་ཕ་མའི་ཐུཊ་ཁུར་ཡོ
དེ་ལ་མེས་པོ་དམ་པའི་མིག་ཆུ་ཡོད།
དེ་ལ་ང་དང་ཁྱོད་ཀྱིས་འདམ་ཀ་ཡོད།
ཡིན་ཡང་ཉི་ཟླ་ཟུང་གི་དཀྱིལ་འཁོ
གནམ་གྱི་ཀ་བ་སྲོག་ཏུ་བརྟན་ནས་
ས་ཡི་རྒྱ་མཚོ་སེམས་ལ་བཟུང་ནས་
གནམ་སའི་བར་ནས་ཉི་ཟླའི་རྣམ་དཔྱོ
རི་བོ་ཧི་མ་ལ་ཡའི་རུས་རྐང་རྙེད།
ཆུ་ཆེན་ཡར་ཀླུང་གཙང་པོའི་རྒྱང་
པོ་ཏ་ལ་ཡི་སྒོ་ཚོམས་རྟག་བརྟན་བྲ
གདོང་དྲུག་མི་བུའི་དྲོ་བ་སྙིང་
དེ་ལ་རིན་ཆེན་སྲོག་གི་རིན་ཐང་ཡོ
དེ་ལ་ཕ་ཤུལ་བུ་ཡི་བདག་པོ་ཡོད།།
དེ་ལ་མེས་དབོན་ཆེན་པོའི་སྤྱན་
དེ་ལ་བུ་རབས་རྗེས་མའི་མདུན་ལམ་
དེ་ཡི་ཆེ་བ་གངས་ཀྱི་རི་བོ་ཡིན།།
དེ་ཡི་སྙིང་གཏམ་ཕ་མའི་སེམས་ཁ་ཡི
དེ་ཡི་ལྷག་བསམ་ཤེལ་དཀར་ལྷུན་པོ་
དེ་ཡི་བསླབ་བྱ་སྲིད་པའི་སྒྲོན་
དེ་ཡི་སྐུ་དྲིན་ནམ་མཁའི་ཉི་ཟླ་
དེ་ཡི་བརྩེ་སེམས་མི་ཡི་ཁྲག་རྒྱུ
དེ་ཡི་ལོ་རྒྱུས་བྷོད་ཊའི་རྒྱབ་
དེ་ཡི་བཀའ་དྲིན་འཇིག་རྟེན་ཁམས་
༼རྒྱལ་པཎ་ཉི་ཟླ་ཟུང་གཅིག༽
འདས་པའི་ལོ་ཡི་འཁོར་ལོ་བང་མྱུར་ཡང་།།
འདས་དོན་དགའ་སྡུག་རི་མོ་ཁོག་ན་ཉར།།
གནམ་ཆེན་རྒྱལ་མོའི་མཁའ་རྒྱན་མི་ཤོད་ཀྱང་།།
ས་ཆེན་ཁ་བའི་ལྗོངས་ཀྱི་ཉི་ཟླ་ཡིན།།
སྙན་པ་སྙན་པའི་རྗེས་སུ་མ་ཉུལ་བར།།
བདེན་པ་བདེན་པའི་བྱ་བས་ཡིད་དཔྱོད་དགོས།།
ཤེས་པའི་ཤེས་པ་གཞན་དུ་མི་ལྷུང་བར།།
ལམ་ལ་ལམ་གྱི་སྟོན་པ་ཤེས་པར་དགོས།།
ཆོས་ལ་དད་འདུན་ཡོད་མིན་མི་ཡི་དབང་།།
རུས་ལ་ལྷག་བསམ་ཡོད་མིན་སེམས་ཀྱི་དབང་།།
བླ་མ་བླ་མའི་མཛད་པ་ཙམ་མིན་པའི།།
ཉི་ཟླའི་འཁོར་ལོ་བཟུང་ནས་སུ་ཞིག་སྐྱོང་།།
དེ་ཡི་དགའ་བ་རིན་ཆེན་གསེར་བཟང་ཡིན།།
དག་པའི་རང་བཞིན་གསེར་ལ་སླད་མེད་ཡིན།།
ཕོ་བྲང་དཀར་དམར་མ་གཟིམས་ལམ་མེ་བ།།
ནང་ན་རྒྱལ་པཎ་ཉི་ཟླའི་ཟུངས་ཁྲག་ཡོད།།
དེ་ནི་སྒང་པ་བོད་ཀྱི་ཟུངས་ཁྲག་ཡིན།།
དེ་ནི་མི་རིགས་ཤིག་གི་དར་ཆ་ཡིན།།
དེ་ནི་ལོ་རྒྱུས་ཤིག་གི་རྒྱབ་རྟེན་ཡིན།།
དེ་ནི་རུས་ལས་སྐྱེས་པའི་སྙིང་སྟོབས་ཡིན།།
སུ་ཡི་མིག་ཆུ་དམར་པོ་ཕྱག་གིས་ཕྱིས།།
སུ་ཡི་ཚེ་སྲོག་སྐྱ་མོ་སེམས་པས་ཁུར།།
སུ་ཡི་ནམ་མཁའི་སྐར་མ་ལག་གིས་བཟུང་།།
སུ་ཡི་བདེན་རྫུན་རི་མོ་མིག་གིས་བསྟར།།
དེ་ནི་དཔའ་ཆེན་ཕྱག་གི་རལ་གྲི་དང་།།
དེ་ནི་ཆེན་པོ་བོད་ཀྱི་རྒོད་འཕྲུ་ཡིན།།
དེ་ནི་བྲེལ་བ་ཨ་མའི་ལག་རྟེན་དང་།།
དེ་ནི་རྡོ་རྗེ་བྲག་གི་རི་མོ་ཡིན།།
སུ་ཡིས་ཞེ་འདང་ལྷག་མ་ས་ལ་གཡུག།
སུ་ཡིས་སྲོག་གི་རིན་ཐང་ཆུ་ལ་སྐྱེལ།།
སུ་ཡིས་ཁ་ཕོ་མ་ཤེས་རླུང་ལ་བསྐུར།།
སུ་ཡིས་ཞེ་འཁོན་མ་ཤེས་ནང་ལ་འཁོན།།
དེ་ནི་འདས་པོའི་མིག་གི་མཆི་མ་ཡིན།།
དེ་ནི་ཕ་མའི་སེམས་ཀྱི་ན་ཟུག་ཡིན།།
དེ་ནི་བྱུང་འདས་འཁོར་བའི་སྡུག་བསྔལ་མིན།།
དེ་ནི་རང་བྱས་རང་གི་སྐྱོ་གར་ཡིན།།
དེ་ལ་སྙིང་སྡུག་དགའ་མའི་སྐྱོ་གླུ་ཡོད།།
དེ་ལ་དྲིན་ཆེན་ཕ་མའི་ཐུཊ་ཁུར་ཡོད།།
དེ་ལ་མེས་པོ་དམ་པའི་མིག་ཆུ་ཡོད།།
དེ་ལ་ང་དང་ཁྱོད་ཀྱིས་འདམ་ཀ་ཡོད།།
ཡིན་ཡང་ཉི་ཟླ་ཟུང་གི་དཀྱིལ་འཁོར་གྱིས།།
གནམ་གྱི་ཀ་བ་སྲོག་ཏུ་བརྟན་ནས་གདའ།།
ས་ཡི་རྒྱ་མཚོ་སེམས་ལ་བཟུང་ནས་གདའ།།
གནམ་སའི་བར་ནས་ཉི་ཟླའི་རྣམ་དཔྱོད་འབར།།
རི་བོ་ཧི་མ་ལ་ཡའི་རུས་རྐང་རྙེད།།
ཆུ་ཆེན་ཡར་ཀླུང་གཙང་པོའི་རྒྱང་གླུ་ཐོས།།
པོ་ཏ་ལ་ཡི་སྒོ་ཚོམས་རྟག་བརྟན་བྲག།
གདོང་དྲུག་མི་བུའི་དྲོ་བ་སྙིང་ན་གདའ།།
དེ་ལ་རིན་ཆེན་སྲོག་གི་རིན་ཐང་ཡོད།།
དེ་ལ་ཕ་ཤུལ་བུ་ཡི་བདག་པོ་ཡོད།།
དེ་ལ་མེས་དབོན་ཆེན་པོའི་སྤྱན་ཆབ་ཡོད།།
དེ་ལ་བུ་རབས་རྗེས་མའི་མདུན་ལམ་ཡོད།།
དེ་ཡི་ཆེ་བ་གངས་ཀྱི་རི་བོ་ཡིན།།
དེ་ཡི་སྙིང་གཏམ་ཕ་མའི་སེམས་ཁ་ཡིན།།
དེ་ཡི་ལྷག་བསམ་ཤེལ་དཀར་ལྷུན་པོ་ཡིན།།
དེ་ཡི་བསླབ་བྱ་སྲིད་པའི་སྒྲོན་མེ་ཡིན།།
དེ་ཡི་སྐུ་དྲིན་ནམ་མཁའི་ཉི་ཟླ་ཡིན།།
དེ་ཡི་བརྩེ་སེམས་མི་ཡི་ཁྲག་རྒྱུན་ཡིན།།
དེ་ཡི་ལོ་རྒྱུས་བྷོད་ཊའི་རྒྱབ་ན་ཡོད།།
དེ་ཡི་བཀའ་དྲིན་འཇིག་རྟེན་ཁམས་ན་ཡོད།།
་རྫོགས་ཆེན་དོན་གྲུབ་རྡོ་རྗེས།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་༸རྒྱལ་དབང་པཎ་ཆེན།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་རྒྱལ་པཎ་ཀརྡོ་གསུམ།
དེ་མིན་དཔེ་དོན་མ་མཚུངས།
ཡ། ཡང་ན།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་༸རྒྱལ་པཎ་ཀ་གསུམ།
འདིའི་ཀ་འདི་ཀརྨ་པ་ལའོ། །
བན་དེའི་ཆེད་དུ།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་༸རྒྱལ་པཎ་ཀར་གསུམ།
ད་མཚུངས་སོང་ངེ་། ལགས།
འོ་ཀརྡོ་ལགས་ཁྱེད་ཀྱི་མཆན་བུ་དང་པོ་དེར།
གནམ་ལ་ཉི་ཟླ་སྐར་གསུམ
ས་ལ་༧རྒྱལ་དབང་པཎ་ཆེན།
གསུང་འདུག་བྱས་ཙང་ང་ཡི་བསམ་པར་དཔེ་རུ་གསུམ་བཀོད་ཅིང་དོན་ལ་གཉིས་མ་གཏོགས་མི་འདུག་དེ་ཡིན་དུས་ང་ཡི་བསམ་པར་དཔེ་སྐར་མའི་དོན་མཁས་དབང་ཀརྡོ་ཾཁྱེད་རང་མིན་ནམ་བསམ་བྱུང།
ཡག་པོ་རེད་
གནམ་ལ་ཉི་ཟླ་སྐར་གསུམ།
ས་ན་རྒྱལ་པན་ཀར་གསུམ། །
རྒྱལ་པན་ཀར་གསུམ་ཁོང་ཚོས་པས།
བོད་་འདི་བསྐྱལ་ནས་སླེབས་སོང་།
བདུད་འདུལ་གྱི་ཁ་ བིན་ལ་དིན་གྱི་ཀྱག་པས་ཆོད།
གནམ་ལ་ཉི་ཟླ་སྐར་གསུམ་ཤར།
ས་ལ་རྒྱལ་པན་སེང་གསུམ་བྱོན། །
བར་ལ་ཆོས་དཔལ་རིག་གསུམ་དར། །
བོད་ལ་རྟེན་འབྲེལ་བཟང་གསུམ་འགྲིགས།
གནམ་ལ་ཉི་ཟླ་སྐར་གསུམ། །
ས་ན་རྒྱལ་པན་ཀར་གསུམ། །
རྒྱལ་པན་ཀར་གསུམ་ཁོང་ཚོར། །
སྐྱབས་འཇུག་མ་ཞུ་རང་ཞུ། །
༧གོང་ས་༧ སྐྱབས་མགོན་འཛམ་གླིང་ཉི་མ་རེད།
པན་ཆེན་བླ་མ་གངས་ཅན་ཟླ་བ་ཡིན།
ཀརྨའི་འཕྲིན་ལས་སྐར་ཚོགས་གྲངས་ལ་འགྲན།
སྲིད་སྐྱོང་བློ་སེང་བོད་ཀྱི་གངས་སེང་རེད།
སྤེན་པ་ཚེ་རིང་གངས་རིས་རྒྱན་ཆ་ཡིན།
བཀའ་བློན་སྤྱི་འཐུས་གངས་པའི་མགྲིན་ཚབ་ལགས།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་འཇམ་ཚེ་ལྷ་གསུམ།
འཇམ་དབྱངས་ནོར་བུ་དྲངས་པོ་མདའ་དང་འདྲ།
ཚེ་དབང་རིག་འཛིན་དཔའ་རྒོད་སྟག་ལ་འགྲན།
ལྷ་སངས་ཚེ་རིག་ལྷག་བསམ་དྲི་མ་མེད།
གངས་ཅན་པ་ལ་མཁོ་བའི་མི་གསུམ་རེད།
འཇམ་དབྱངས་ནོར་བུ་དྲངས་པོ་མདའ་དང་འདྲ།
ཚེ་དབང་རིག་འཛིན་དཔའ་རྒོད་སྟག་ལ་འགྲན།
ལྷ་སངས་ཚེ་རིག་ལྷག་བསམ་དྲི་མ་མེད།
གངས་ཅན་པ་ལ་མཁོ་བའི་མི་གསུམ་རེད།
ལན་དུ།
འཇམ་དབྱངས་ནོར་བུ་དད་མེད་མདའ་དང་འདྲ། །
ཚེ་དབང་རིག་འཛིན་དཔའ་རྒོད་༸གོང་སར་འགྲན། །
ལྷ་སངས་ཚེ་རིག་ལྷག་བསམ་དྲི་མས་རུལ། །
གངས་ཅན་པ་ལ་མཁོ་བའི་མི་གསུམ་ཨེ། །
མདོར་ན་གུ་རུ་རིན་པོ་ཆེ་བཀའ་དྲིན་མ་བརྗེད་པ་དགོས། རྒྱལ་པན་རྣམ་གཉིས་སྐུ་ཚེ་ཞབས་པད་བརྟན་པར་ཤོག